སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ།
བོད་དུ་རང་ལུས་མེར་སྲེག་༸གོང་ས་མཆོག་ནས་བསྐུལ་བར་རྒྱ་གཞུང་གིས་དོན་དངོས་ཇི་འདྲ་ཞིག་ནས་ར་སྤྲོད་བྱ་རྒྱུར་གཟུར་གནས་ཡོངས་ཀྱིས་སྒུག་ནས་ཡོད། ཀྲུའུ་ཝེ་ཆོན་སོགས་ནས་སྔ་ཕྱིར་མེར་སྲེག་ནི་བོད་ཁུལ་ཡོངས་སུ་དགོན་སྡེ་ ༣༥༤༢ ནང་དགོན་སྡེ་བཞི་ཙམ་དང་། དགེ་འདུན་པ་ཁྲི་ ༡༤ ནས་ཆེས་ཉུང་ཤས་ནང་གི་ཉུང་ཤས་ཤིག་རེད་ཅེས་ངར་སྐད་དང་བཅས་ཏེ་རྒྱལ་ཕྱི་ནང་ཡོངས་སུ་བསྒྲགས་པ་ནི་དེ་བས་མང་བའི་བོད་ཀྱི་གཞོན་སྐྱེས་རྣམས་ཆེད་དུ་མེ་དོང་ནང་མཆོང་དགོས་པའི་ངར་སློང་བ་མ་ཡིན་ནམ། དོན་དངོས་སུ་ཞིག་ནས་མེར་སྲེག་ལ་བསྐུལ་བཞིན་པ་ང་ཚོས་ལྟ་དགོས་ཏེ། སུ་ཡིན་རུང་རང་ཉིད་ཀྱིས་རང་ཉིད་མེད་པར་བཟོ་མི་སྲིད་པས་སོ།།
ཀྲུང་དབྱང་གིས་ཐག་གཅོད་མི་ཐུབ་པའི་ནང་སྲིད་ཡོད་དམ།
ལར་ནས་བོད་ནང་གི་གནད་དོན་ཡོད་ཚད་ཀྲུང་དབྱང་ནས་ཐག་གཅོད་ལེགས་པོ་བྱེད་བཞིན་ཡོད་པས་མེར་སྲེག་གི་གནད་དོན་ཐད་༸གོང་ས་མཆོག་གི་རྣམ་འགྱུར་ལ་ལྟ་བ་དེ་ཤིན་ཏུ་ནས་ཡ་མཚན་ཆེ། འོ་ན་ཀྲུང་དབྱང་གིས་ཐག་གཅོད་མི་ཐུབ་པའི་བོད་ཀྱི་གནད་དོན་ད་དུང་ལྷག་ཡོད་དམ། མ་ཟད་༸གོང་ས་མཆོག་གི་བཀའ་སློབ་ཡོད་ཚད་ཀྲུང་གོར་ཁ་བྲལ་གྱི་དྲིལ་བསྒྲགས་ཡིན་པས་ཀྲུང་གོའི་ས་ཁོངས་གང་ཞིག་ཏུ་མཁོ་གལ་ཡོད་དམ། བྱམས་སེམས་ཅན་གྱི་དབུ་ཁྲིད་ཅིག་ཡིན་ཚེ་ཅིའི་ཕྱི་རང་ལུས་མེར་སྲེག་བྱེད་པའི་རྒྱུ་རྐྱེན་ཡོངས་ལ་ཞིབ་འཇུག་ཚད་ལྡན་བྱ་འོས་པ་ལས། བརྒྱུད་བསྐུལ་འོག་བྱུང་བ་རེད་ཅེས་འགྲེལ་བཤད་སྟབས་བདེ་པོ་འདི་གཅིག་པུས་འབྱུང་ཉེས་པའི་དོན་རྐྱེན་ཁག་ལ་འགན་འཁུར་ཐུབ་བམ། སྟངས་འཛིན་མ་ཐུབ་པ་ན་ངན་ཁག་ཡོངས་རྫོགས་མི་གཞན་ཞིག་ལ་དཀྲི་བ་འདི་སྔར་ནས་ད་བར་དུ་ས་གནས་ཀྱི་དཔོན་རིགས་ཚོས་དབུས་གཞུང་གི་མདུན་དུ་རང་ཉིད་དཀར་གཙང་ཏུ་འགྱུར་ཐབས་ཤིག་རེད།
འཚེ་བ་ཡིན་ནམ།
འཚེ་བ་དང་འཚེ་བ་མེད་པ་ནི་ཀུན་སློང་ཁོ་ནའི་སྒོ་ནས་བཞག་དགོས་པ་ལས་བྱ་སྤྱོད་རང་གི་ངོ་བོའི་ཐོག་ནས་བཤད་དུ་མེད་དེ། སྲོག་གཅོད་པའི་བྱ་བ་གཅིག་མཚུངས་ལ་ཉེས་ཅན་སྲོག་ཐོག་གཏོང་བ་ཁྲིམས་མཐུན་དང་། ཉེས་མེད་བསད་པ་ཁྲིམས་འགལ་དང་། མཆིལ་ལྷམ་ཞིག་སྟོན་པའི་དབུར་བཞག་པ་དང་བསལ་བ་གཉིས་བྱ་བའི་ངོས་ནས་འགལ་རུང་བསམ་པ་བཟང་པོས་བྱས་པས་གཉིས་ཀ་དགེ་ལས་སུ་འགྱུར་བས་སོ། །བོད་ཀྱི་མེར་བསྲེགས་པ་དག་གིས་གཞན་སུ་ལའང་གནོད་པ་ཅུང་ཟད་ཀྱང་བྱས་མེད་པ་དེ་ནས་ཅི་ཞིག་མཚོན་ཡོད།
གཞན་ཡང་མེར་བསྲེགས་ཙམ་གྱིས་འཚེ་བར་འགྱུར་ན་ནང་པ་ཞིག་གིས་ངེས་པར་ངོས་ལེན་བྱེད་དགོས་པའི་རང་གི་སྟོན་པའི་གསུང་མཛངས་བླུན་དང་། པད་དཀར། ཕལ་ཆེན། དཀོན་བརྩེགས་སོགས་ལུང་བརྒྱ་ཕྲག་དང་འགལ་ཡོད། བསྟན་པའི་རྩ་བ་དགེ་འདུན་གྱི་སྡེ་ཡིན་ཀྱང་རྒྱ་གཞུང་གིས་རང་རང་གི་འདོད་མོས་ལ་མི་ལྟ་བར་བཙན་གྱིས་གྲྭ་བཙུན་ལ་གྲངས་ཚད་བཟོ་བ་དེ་དེ་བས་སྟོན་པའི་དགོངས་པ་རྡོག་རོལ་དུ་བཏང་བ་མ་ཡིན་ནམ། དགོན་པར་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བ་འཛམ་གླིང་ནང་རྒྱ་ནག་ལ་མ་གཏོགས་མེད་པ་ཅི་ཡིན་ནམ།
ད་བར་མེར་སྲེག་བྱེད་མཁན་གཅེས་པར་འོས་པའི་བོད་རིགས་སྤུན་ཟླ་བརྒྱ་ལས་བརྒལ་ཡང་་་་་གོང་ས་མཆོག་ནས་དེ་འདྲ་མི་རུང་བའི་ལམ་སྟོན་བཀའ་སློབ་གཅིག་ཀྱང་མེད་པ་ག་རེ་ཡིན་ནམ?
ཁྱེད་ལ་ཁོ་པའི་བཀའ་སློབ་དེ་ལ་རྒྱ་ནག་གིས་ཀྱང་ངང་སྒུག་བྱས་ཡོད་་་་་་་་་་
ཁྱོད་ཞ་ར་སོང་ཙང་མ་མཐོང་བ་རེད། དུས་བབ་ཚགས་ཤོག་སྟེང་ཡོད་པའི་༧གོང་ས་མཆོག་ཟེར་བ་དེར་ལྟོས།
ཨ་རྡུ། ༸གོང་ས་མཆོག་གིས་བོད་མི་མང་ལ་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་མ་བཏང་ཞེས་བཀའ་སློབ་ཕེབས་ན་རང་ལུས་མེར་སྲེག་མཚམས་འཇོག་ཐུབ་བམ། ཡང་དེ་ལས་ལྡོག་སྟེ་གོང་ས་མཆོག་གིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་བཏང་བ་དེ་ལས་གཞན་བྱེད་ཐབས་མི་འདུག་ཅེས་བཀའ་ཕེབས་ན། ལོ་འདི་ནང་མེར་སྲེག་བཏང་མཁན་བོད་མི་བརྒྱ་ལས་མི་བརྒལ་བའི་གདེང་ཚོད་ཁྱེད་དང་རྒྱ་ནག་གི་དཔོན་རིགས་ཁག་ལ་ཡོད་དམ། ངས་བལྟས་ན་གོང་ས་མཆོག་གིས་བརྒྱུད་བསྐུལ་གནང་བ་ཡིན་ན་ད་ཚོད་བོད་ཕྱི་ནང་གཉིས་སུ་ཁྱོད་དང་ཁྱོད་ལྟ་བུ་ཁ་ཤས་མ་གཏོགས་ལྷག་ཡོད་ཀྱི་མ་རེད་བསམ་གྱི་འདུག་
ཡག་པོ་འདུག
རང་དབང་ཨ་རྡུ་མན་ཁྱོད་མིག་ཞ་ར་ཆགས་མེད་ན་་་ཤེས་པ་རང་བཞིན་དུ་་གནས་ན་་གང་བྱུང་ལོག་བཤད་བཟོ་མ་འོང་ཨ་་་་་་
བོད་ནང་གི་རང་ལུས་མེར་སྲེག་མཚམས་འཇོག་པར་དཔའ་བོ་དཔའ་མོ་དག་གི་དགོས་འདུན་བསྒྲུབ་དགོས་པ་ལས། ཁ་བདེ་ལྕེ་བདེས་རྐང་རྗེས་ལག་བསུབ་བཏང་བ་ཡིན་ན་དཔའ་བོ་དག་གིས་དུར་ཁུང་ནས་གཟིགས་ཤིང་ཡོད་པ་ངེས་པར་མཁྱེན་དགོས།
གཞིས་བྱེས་མཉམ་འཛོམས་མ་བྱུང་བར། །
མེ་སྲེག་ལས་འགུལ་མཚམས་ཞོག་ཅེས། །
འཇམ་དང་དྲག་པོས་སྒྲོག་པའི་དབང་། །
སུ་ལ་མེད་པར་ཤེས་ན་ལེགས། །
རང་དབང་ཨ་རྡུ་མན་ཟེར་བ་ཁྱེད་ཀྲུའུ་ཝེ་ཁྱོན་ཡིན་ནམ། ཧའོ་ཅིན་ཐོ་ཡིན།
༸གོང་ས་མཆོག་གིས་རང་ལུས་མེར་བསྲེགས་མ་གཏོང་གསུངས་རྗེས་ཚེ་སྲོག་བརྒྱ་ཕྲག་བརྒལ་བར་ཅི་ཞིག་སྟེར་དགོས་པ་རེད། རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་༸གོང་ས་མཆོག་གིས་བཀག་ཆོག་ཆོག་དང་བསྒྱུར་ཆོག་ཆོག་ཡོད་དམ། དེའི་དབང་ཚད་ཁྱེད་ཀྱིས་སྟེར་རྒྱུ་ཡིན་ནམ། དཔའ་བོ་དེ་དག་གི་མངོན་མདོད་༸གོང་ས་མཆོག་གིས་སྒྲུབ་དགོས་པ་རེད་དམ་རྒྱ་གཞུང་གིས་སྒྲུབ་དགོས་པ་རེད། མནར་གཅོད་དེ་སུས་བཏང་བ་རེད། མཚམས་འཇོག་དེ་སུས་བྱེད་དགོས་པ་རེད། མེ་ཡི་ཐོག་ལ་སྣུམ་ལྡུག་མཁན་རྒྱ་གཞུང་ཡིན་པས། མེ་དེ་འཇགས་ཐབས་ཡོད་དམ། དཔའ་བོ་དཔའ་མོ་བརྒྱ་ཕྲག་བརྒལ་བའི་གཅེས་པའི་ཚེ་སྲོག་རེ་རེའི་རིན་ཐང་ནི་ཞི་བདེ་དང་། རང་དབང་། གཞན་ཕན་དང་ལྷག་བསམ་གྱིས་ཀུན་ནས་བསླངས་བས་བོད་སྐྱོབ་ཀྱི་རེ་འབོད་དྲག་པོ་དེའོ།། ༸གོང་ས་མཆོག་གིས་མེ་གསོད་ཀྱི་གསུང་ཞིག་ཅི་ལྟར་སྐྱོན་དགོས་སམ། ༸གོང་ས་མཆོག་གིས་དེ་ལྟར་ཁོང་རྣམ་པའི་ཚེ་སྲོག་གི་རིན་ཐང་རྩིས་མེད་དུ་གཏོང་ཐུབ་བམ། ཡང་ན་རང་ལུས་མེར་བསྲེགས་མ་བཏང་རང་གཏོང་གི་བཀའ་ཞིག་འབབ་དགོས་སམ། དེ་ལྟར་ན་བོད་རང་དབང་། རང་སྐྱོང་ཙམ་མ་ཟད་རང་བཙན་ཡང་རག་ངེས་ཅན་ཡིན། འོན་ཀྱང་ས་ལེ་དབར་ཁྲི་ཉིས་བརྒྱ་ལྷག་གི་གཞི་ཁྱོན་སྟོང་པར་མི་འགྱུར་རམ། རྒྱུགས་ཁྱི་ཚོ་ཕུད་བོད་མགོ་ནག་ལག་ཕྲེང་བཟུང་ཚང་མ་བདུན་ཕྲག་གཅིག་ཀྱང་མི་དགོས་པར་འབར་ཚང་ངེས། ཁྱེད་ལ་དགོས་པ་དེ་ཡིན་ནམ། རྒྱ་དམར་གཞུང་ལ་དགོས་པའང་དེ་ཡིན་ནམ། སྐྱག་པ་གཏོང་ན་སྐུབ་ནས་གཏོང་རོགས་གནང་།
ཡང་སྟེང་སྤྲུལ་སྐུ་ནས་རྒྱུ་མཚན་དང་ལྡན་པ་ཡག་པོ་གསུངས་འདུག་ཀྱང་དྲ་འབུ་ཨ་རྡུ་མིང་ཅན་འདིས་བརྗོད་བྱའི་ཁ་ཕྱོགས་ལོགས་ལམ་དུ་འཁྲིད་ཚར་སོང་།
ངས་དྲི་བ་དེའི་ལན་གསལ་པོ་ཞིག་ཡང་སྟེང་སྤྲུལ་སྐུས་གནང་རྒྱུའི་རེ་སྒུགས་བྱས་ནས་ཡོད།
གངས་ཅན་ལྗོངས་སུ་མེ་འབར་བཞིན་པ་དེར་་་་་་སླར་ཡང་འབར་དགོས་པའི་ཀུན་སློང་དང་་་་་མཚམས་འཇོག་བྱེད་དགོས་པའི་་་་ཐོབ་ཐང་ང་ཚོ་གཙན་བྱོལ་ལ་ཡོད་པའི་་བོད་མི་གཅིག་ལ་ཡང་མེད་པ་དེ་ངེས་པར་ཤེས་དགོས་པ་ཞིག་རེད་་་་་་་་དེའི་ཐོག་ང་ཚོ་འདི་ནས་སྐད་ཆ་ཉ་ཉོག་མང་པོ་ཞིག་བཤད་ནས་ཕན་གྱི་ཡོད་དང་གནོད་གྱི་ཡོད་སེམས་དགོས་པ་གལ་ཆེ་
ཁོང་རྣམས་པའི་བློས་གཏོང་གི་བྱ་བ་དེ་ཁོང་ཚོའི་རེ་བདུན་ལྟར་འཛམ་གླིང་གི་དྲང་བདེན་ལ་དགའ་བའི་མི་དམངས་ཚོས་གོ་ཐུབ་པ་བྱེད་རྒྱུ་དང་རྒྱལ་བཅེས་པ་ཁོང་རྣམས་པའི་བྱ་བ་དངོས་དེ་ལེགས་ཉེས་གང་ཡིན་ལ་རྟོག་ཞིབ་མ་བྱས་པར་ཁོང་རྣམས་པའི་ཀུན་སློང་དང་སེམས་ཤུགས་ལ་རྒྱ་ཤ་ཞེན་དེ་ཚོར་སེམས་ཏེ་མཆོད་འབུལ་བསྔོ་སྨོན་བྱེད་རྒྱུ་ང་ཚོ་ཤ་དང་ཁྲག་གཅིག་པའི་གངས་ཅན་པ་ཡོངས་ཀྱི་གཡོལ་དུ་མེད་པའི་ང་ཚོའི་ལས་རྒན་རེད་་་་་་་དེ་མིན་ང་ཚོ་གཙན་བྱོལ་ལ་ཡོད་པའི་བོད་མི་ཚོས་དེར་བྱེད་ཐུབ་པའི་བྱ་བ་ཞིག་གང་ཡང་ལྷག་མེད་་་་་་་་
རང་དབངཁྱེད་༧རྒྱལ་བ་རེན་པོ་ཆེའི་བཀའ་སློབ་ཡག་ཉན་ནས་དྲི་བ་གཏང་ན་ཡག་པོ་འདུག།
རང་དབངཁྱེད་༧རྒྱལ་བ་རེན་པོ་ཆེའི་བཀའ་སློབ་ཡག་པོ་་ཉན་ནས་དྲི་བ་གཏང་ན་ཡག་པོ་འདུག། མ་གཞི་དྲི་བ་དེ་སྐུ་སྒེར་ཡིག་ཚང་ལ་གཏང་ན་བཀའ་ལེན་གསལ་པོ་གསུང་ངེས་རེད་ཡ། རྒྱ་རོས་རྐྱོན་དེ་ཀ་རང་གཏང་ཡོག་གི། ཚང་མ་ལོ་གི་གཟབ་གཟབ་བྱེད་ན་བཟང་ཀི། ཁྱོད་རང་གི་མིང་དངོས་གནས་བཀོད་ན་ཡག་གི། ངས་ཁྱོད་རྒྱ་རོ་ཁྱི་རྒན་ཞིག་རང་དབང་ཨ་རྡུའི་མིང་འོག་ལ་ཡེབ་ནས་འདུག་བསམ་གི་
སྤྱིར་མི་སུ་ཞིག་ཡིན་ཀྱང་རང་གིི་ཕ་མེས་ལ་རྒྱབ་སྟོད་དང་རང་མི་རིགས་ལ་རྒྱབ་སྟོད་བྱ་བསམ་མཁན་ཞིག་མེད་ཀྱང་། དགྲ་བོས་དཔལ་འབྱོར་གྱིས་བསླུ་ཁྲིད་དང་འཇིགས་བསྐུལ་འོག་ཏུ་ཚུད་དེ་ལས་ནག་དེ་འདྲ་མི་བྱེད་དཀའ་མེད་དུ་གྱུར་བ་འགའ་རེ་ཡོད་པ་ནི་དོན་དངོས་ལགས་པས་དེ་དག་ལ་ང་ཚོས་མགོ་དཀོན་སློབ་གསོ་སྤྲད་ནས་རང་ཕྱོགས་སུ་འཁྲིད་ཐབས་བྱས་ཏེ་མུ་འཐུད་ལས་ངན་མི་་སྤེལ་བའི་ཐབས་ལ་འབད་དགོས་པ་ལས་དེ་དག་ལ་དགྲ་དང་གཅིག་མཚུངས་བལྟ་བའི་འདུལ་ཤེས་དེ་དོར་དགོས་ཏེ་དེ་དག་ཀྱང་གདོང་དམར་བོད་རིགས་ཡིན་པས་སོ།
ང་ཚོས་ཐུགས་སྣང་དགོས་པ་ཞིག་ལ། རང་ལུས་མེར་སྲེག་འཚམས་འཇོག་ཡོང་བའི་འགན་འཁུར་གཙོ་བོ་དེ་རང་ལུས་མེར་སྲེག་གཏོང་བཅུག་མཁན་དེས་ཁུར་དགོས་པ་སྨྲོས་མེད་རེད། ངའི་བསམ་ཚུལ་ལ་རང་ལུས་མེར་སྲེག་འཚམས་བྱེད་མི་བཅུག་མཁན་དེ་རྒྱ་གཞུང་རང་རེད་གསམ་གྱིན་ཡོད། རྒྱ་གཞུང་གིས་བོད་མི་བརྒྱ་ལྷག་མེར་སྲེག་གནང་ཀྱང་གོ་མེད་ཚོར་མེད་བྱེད་པ་འདི་རུང་ངམ་སྙམ། ༸གོང་ས་མཆོག་གི་བཞེངས་ཕྱོགས་དཔའ་བོ་ཐུབ་དངོས་སྐབས་གསལ་པོར་གསུངས་ཟིན་པས་དེ་ལས་ལྷག་ཅིག་དགོས་མཁོ་མེད། རང་ལུས་མེར་སྲེག་འཚམས་འཇོག་དགོས་པའི་འབོད་བསྐུལ་བོད་གཞུང་ནས་ཡང་ནས་ཡང་དུ་བྱེད་བཞིན་པ་དང་། རྒྱལ་བ་ཀརྨ་པ་དང་བོད་ཀྱི་མཁས་དབང་སྐོར་ཞིག་ནས་ཀྱང་གནང་ཡོད། གསོན་ནས་བོད་ཀྱི་ཆེད་དུ་ཕྱག་ལས་གནང་བ་སྐུ་གྲོངས་ནས་བོད་ཀྱི་ཆེད་དུ་གནང་བ་གཉིས་ངེས་པར་དགོངས་པ་ཟབ་བཞེས་དགོས་པ་སྨྲོས་མེད་རེད། ཡིན་ནའང་རང་ལུས་མེར་སྲེག་གནང་མཁན་དག་གིས་རང་ལུས་མེར་སྲེག་གནང་བའི་རྒྱུ་མཚན་གཙོ་བོ་བོད་རང་དབང་གི་ཆེད་དུ་ཡིན་པས་བོད་རང་དབང་གི་འཐབ་རྩོད་འདི་ཇི་སྲིད་གནས་པ་དེ་སྲིད་དུ་ངོ་རྒོལ་རྒྱུན་ཆད་ཨེ་ཐུབ་སྙམ།
ཆད་ནོར། ༼འཚམས་འཇོག་བྱེད་མི་བཅུག་མཁན་དེ ༽ཞེས་དང་ ༼གསོན་ནས་བོད་ཀྱི་ཆེད་དུ་ཕྱག་ལས་གནང་བ་དང་སྐུ་གྲོངས་ནས་བོད་ཀྱི་ཆེད་དུ་གནང་བ་གཉིས་ངེས་པར་དགོངས་པ་ཟབ་བཞེས་དགོས་པ་སྨྲོས་མེད་རེད། ༽ཞེས་པར་བཅོས་རོགས།
ལྷ་རམས་པ་ཡང་སྟེང་སྤྲུལ་སྐུས་ཐུགས་མཉམ་པར་མ་བཞག་པར་མཚམས་འཇོག་གི་མཚམས་ལ་བདེ་འཚམས་ཀྱི་འཚམས་བྲིས་པར་རྗེས་མར་གཟོབས་འདི་རིགས་ལ་དོན་སྟེང་ནས་ཀྱང་གོ་ནོར་ཐེབས་ཉེན་འདུག་ཅེས་འབོད་སྐུལ་དང་བཅས་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ནང་དོན་གྱི་ཆ་ནས་ལྷ་རམས་པ་ཟེར་བ་མི་འདྲ་བ་ཞིག་འདུག་བསམ་པ་བྱུང་། གཞུང་ཆེན་བཀའ་པོད་ལྔ་ནས་འཆའ་འཆའ་བྱེད་མཁན་ཞིག་འདི་འདྲ་ལ་དཀའ་ངལ་འཕྲད་མི་སྲིད་པས་རྗེས་མར་མིང་དོན་མཚུངས་པའི་དགེ་བཤེས་ལྷ་རམས་པ་རྣམ་པས་ཀྱང་འདི་རིགས་ཀྱི་ཆ་ཤས་ལེན་རྒྱུ་གལ་ཆེན་དོན་ཆེན་དུ་མཐོང་གི་ཡོད། གུས་འདུད་དང་བཅས་འབོད་སྐུལ་དུ།
ད་ལྟའི་དུས་འདིར་༧གོང་ས་མཆོག་ལ་མེར་སྲེག་མི་བྱེད་རྒྱུའི་བཀའ་སློབ་གནང་ཡག་གི་དབང་ཚད་དང་ཐོབ་ཐང་གང་ཡང་ཡོད་མ་རེད་་བྱས་ཙང་མ་གནང་བ་ཡིན་པ་དེ་་་་ཨ་རྡུ་མིང་ཅན་ཁྱོད་དང་རྒྱ་གུང་ཁྲན་གྱི་མ་ཤེས་པའམ་ཡང་ན་མི་ཤེས་པའི་ཚུལ་ཡིན་ནམ་ཅི་་་་་་
ད་ལྟའི་དུས་འདིར་སྤྱི་རྒེར་ཚང་མས་སེམས་དགོས་པ་ནི་་་་་་་མེར་སྲེག་པ་དེ་ཆོས་དང་མཐུན་མིན་དང་ཤི་ནས་དམྱལ་བར་སྐྱེ་དང་ལྷ་ལ་སྐྱེ་མིན་ཟེར་བ་སོགས་འགྲོ་གླེང་བྱེད་པའི་དུས་མ་རེད་་་་་་་་
ཁོང་ཚོ་ཤི་ཁར་ཡར་ལྷ་ལ་སྐྱེ་བའི་རེ་བ་ཞིག་དང་་་མར་དམྱལ་བར་ལྷུང་བའི་དོགས་པ་ཞིག་ཡོད་པ་དེ་འདྲ་རྩ་བ་ནས་མིན་པ་ཁོང་ཚོས་མེ་ཡི་དཀྱིལ་ནས་སྐད་ག་རེ་རྒྱབ་ཀྱི་འདུག་ཉན་དང་དེས་ཤེས་ཡོང་
ཆོས་དང་མཐུན་མིན་ཟེར་བ་སོགས་ནི་་་་་་་མཐུན་པའི་ཕྱོགས་ལ་ཡང་ལུང་རིགས་བརྒྱ་ཕྲག་ཡོད་པ་རེད་ལ་མི་མཐུན་པའི་ཕྱོགས་ལ་ཡང་ལུང་རིགས་བརྒྱ་ཕྲག་ཡོད་པ་ཞིག་རེད་་་་་་་་་་་་དེ་ཚོ་གང་ཟག་རྒེར་སོ་སོས་ཐག་བཅོད་བྱེད་རྒྱུ་ཞིག་རེད་ལ་ང་ཚོ་ལ་བྱུས་ཏོག་ཡོད་པ་ཞིག་མ་རེད་་་་
ང་ཚོས་གང་བྱེད་དགོས་པ་ནི་ཁོང་ཚོའི་འབོད་སྒྲ་གང་ཡིན་དེར་བསམས་བློ་གཏོང་དགོས་པ་རེད་་་་་་
ད་ཡིན་ན་ཁྱེད་ཚོ་ཚང་མ་ཚ་བས་བཟི་་བ་རེད་པས་ཡང་ན་ག་རེ་བྱེད་སོང་། ངས་དངོས་ཡོད་ཀྱི་གནས་སྟངས་གལ་ཆེན་པོ་ཞིག་ཤེས་པར་འདོད་ནས་་་་་་དྲི་བ་བཏང་པ་དེ་ཁྲིམས་འགལ་རེད་པས། བོད་པ་ཚང་ཟེར་ཡག་དེ་དངོས་གནས་ཡ་ང་ལ་ཨ། མིའི་དྲི་བ་ལ་ལན་མ་བརྒྱབ་པ་བྱས་ནས་ཁྱོད་ཅིག་ཅིག་མག་མག་ཀོ་ཀོ་རེད་ཟེར་ན་ཕན་ཐོག་ག་རེ་ཡོ་རེད། དོན་དངོས་ཐོག་ལ་དྲི་བ་དེར་ལན་མ་ཐེབས་པ་གསལ་པོ་རེད་ཤག
སོང་ཙང་དེང་གི་སྤྱི་ཚོགས་ནང་ལོགས་ལ་ཡར་ཐོན་ཅན་གྱི་མི་རིགས་མང་པོས་དོགས་པ་ཟ་དགོས་ཡག་ཞིག་ལ་་་
བོད་ནང་རང་ལུས་མེར་སྲེག་གཏོང་ཡག་དེ་ཉིན་རེ་ནས་ཉིན་རེར་ཇི་མང་དུ་འགྲོ་ཡི་ཡོད་པར་བརྟེན་གོང་ས་མཆོག་ནས་གོ་མེད་འཚོས་མེད་དུ་བཞུགས་པ་དེ་རེད། ངས་ཀྱང་ག་དུས་ཡིན་ནའང་གོང་ས་མཆོག་གིས་རང་ལུས་མེར་སྲེག་བྱ་ཡག་དེ་མཚམས་འཇོག་དགོས་པའི་ལམ་སྟོན་བཀའ་སློབ་ཞིག་གནང་རོགས་བྱེད་ན་བསམ་གྱིན་ཡོད་་་་་་ད་འོ་ན་དེ་ཡང་ཁྲིམས་འགལ་དང་ངོ་ལོག་པ་རེད་པས།
མ་གཞི་ནས་གོང་ས་མཆོག་གིས་གནས་ཚུལ་དེ་མཁྱེན་གྱི་ཡོ་མ་རེད་པས། ཡང་སྟེང་སྤྲུལ་སྐུ་ཁྱེད་རང་ནས་་་་ཆབ་སྲིད་གོ་རྟོགས་མཐོ་པོ་ཡོད་མདོག་ཁག་པོ་བྱས་ནས་་་་བོད་གངས་ཅན་གྱི་ལྗོངས་སུ་གནས་པའི་བོད་རིགས་སྤུན་ཟླ་ཚོར་ད་དུང་མེར་སྲེག་གཏོང་དགོས་པའི་བསྐུལ་ཚིག་ཞིག་ཀྱང་འདུག་དེ་ནི་ཡག་པོ་རྩ་བ་ནས་མ་རེད། གལ་ཏེ་ཁྱེད་ཀྱི་བསྐུལ་ཚིག་དེ་ལ་བརྟེན་ནས་བོད་ཕྲུག་ཞིག་ནས་མེར་སྲེག་གཏང་ན་་་་་རང་དགེ་སློང་ཞིག་ཡིན་ན་ཕམ་པ་འབྱུང་ངེས་་་་་དགེ་ཚུལ་ཞིག་ཡིན་ནའང་ཕམ་འདྲའི་ཉེས་བྱས་འབྱུང་བར་ངེས་་་་་་བསོད་ཕམ་ལ་བཅོལ་རྫོགས་ཡོད་པ་དེ་མ་བརྗེད་པ་གནང་རོགས། གལ་ཏེ་རབ་བྱུང་ཞིག་མིན་ནའང་སྤྲུལ་པའི་སྐུའི་མིང་ཞིག་འཁུར་ནས་རྩོམ་ཡིག་འདི་འདྲ་ཞིག་སྤེལ་བ་ནི་ཆེས་མ་རུང་བ་ཡིན་པས་དེ་དོན་དགོངས་མངགས་འཚལ།
ཉིད་ཀྱིས་བྲིས་པའི་བསྐུལ་ཚིག་དེ་ནི་འདི་ལྟར
༼དེ་བས་མང་བའི་བོད་ཀྱི་གཞོན་སྐྱེས་རྣམས་ཆེད་དུ་མེ་དོང་ནང་མཆོང་དགོས་པའི་ངར་སློང་བ་མ་ཡིན་ནམ། ༽
ཚིག་འདི་ཁྱེད་རང་གིས་རྒྱ་མིར་སྐྱོན་བརྗོད་བྱེད་ཁུལ་བྱས་ནས་དོན་དངོས་ཐོག་བོད་རིགས་ཚོར་མེར་སྲེག་གི་ལས་ཞུགས་དགོས་པའི་བསྐུལ་ཚིག་རང་དུ་མངོན།།
དགེ་བའི་བཤེས་གཉེན་ཡང་སྟེང་མཆོག་སྤྲུལ་རིན་པོ་ཆེའི་གསུང་རྩོམ་ལ་མངོན་པར་མངོན་པར་བསྟོད་དོ། །
ཨ་རྡུ་མན་ཟེར་བའི་ལྟས་ཕྲུག་ངན་རྒུ་ཚང་བ་ཁྱོད་ཉོན་ཅིག ཁྱོད་ཁྱི་རྒན་གཟའ་རྒྱག་རྒྱུ། ༸གོང་ས་དོན་གྱི་བདག་པོ་མཆོག་གོ་མེད་དུ་བཞུགས་པ་རེད་ཟེར་བ་ད་ག་རང་གི་ཐོག་ནས་ཁྱེད་རང་རྒྱ་ཡི་རྒྱུག་འདྲེ་ཞིག་ཡིན་ཁོ་ཐག་རེད། གོ་མེད་ཚོར་མེད་དུ་བསྡད་མཁན་དེ་རྒྱ་གུང་ཁྲན་རེད། རང་གི་མི་དམངས་ཡིན་ཟེར་བཞིན་དུ་མེར་སྲེག་ནའང་སྲེག། ཆུར་འཆོངས་ནའང་འཆོང་བཅུག་སྟེ་བསྡད་པ་རེད། སྡུག་རོ་ཁྱོད་ཀྱིས་སྡུག་མིག་དེས་ཞར་ནས་མ་མཐོང་བ་ཡིན་ན་མ་གཏོགས། ༸གོང་ས་དོན་གྱི་བདག་པོས་གསུང་དགོས་པ་ཡོད་ཚད་གསུང་ཚར་བ་རེད། གདོན་ཕྲུག་ཁྱེད་ལྟ་བུ་ཞིག་ནས་མགོ་རུལ་བ་སྣ་ཡིས་མི་ཚོར་བར་ཁ་གྲག་འདོད་བྱེད་པ་ཁྱེད་ལས་ངན་ཙང་རེད། ཁྱེད་ནས་ཕམ་པ་འབྱུང་མིན་གཅིག་བཤད་ཤེས་མདོག་བྱེད་ན། གདོན་ཕྲུག་ཁྱེད་ཀྱིས་ཕམ་པ་འབྱུང་བ་ལ་ལྟུང་བ་སྤྱིའི་ཡན་ལག་དང་ཐུན་མིན་གྱི་ཡན་ལག་ལ་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཅས་ནས་སྲོག་ཕམ་འབྱུང་ཚུལ་ཁྱེད་ལ་སྨྲ་བའི་ལྕེ་ཡོད་ན་ད་བསྐྱོད་ཅིག
ཨ་རྡུ་མན།
སྐོར་ལོག་རྐྱང་རྐྱང་མ་གཏོགས་དྲན་རྒྱུ་དང་འབྲི་རྒྱུ་མེད་ནོ་ཅི་རེད། ཁྱོད་སུ་ཞིག་གི་རྒྱལ་ཁབ་ཀྱི་དོན་དུ་ཤི་བཞིན་ཡོད། བོད་རྒྱལ་ཁབ་དགོས་དགོས་གཉིས་ཀས་ག་རེ་བྱས་ནས་རྩོད་ན་ཡང་རང་ལག་རེད། བོད་མི་རིགས་ཤིག་ཡིན་ཕྱིན་བོད་ཀྱི་ལོ་རྒྱུས་དང་ཤེས་རྒྱུད་མ་ཉམ་བར་དུ། དེ་ལ་སྐུལ་མ་བྱེད་མཁན་་ཞིག་གང་ནས་དགོས་པ་རེད། འདི་ནི་བོད་ལྟེ་ཐག་ཡོད་ཚད་ཀྱི་མགོ་ཐོག་ལ་བབ་པའི་སྐྱེ་སྐལ་རེད།
ཆབ་སྲིད་ལ་དུས་དང་རྣམ་པ་འགྱུར་བའི་རྩོད་པ་འདྲ་མིན་རེད། དཔེར་ན་སྔོན་མ་ཡིན་ན། བོད་མི་རིགས་གི་རྒྱལ་ཁབ་རྒྱ་ལག་ནས་རྩོད་འདོད་ཡོད་མཁན་ཚང་མ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ནས་ཤུགས་རྒྱག་འདོད་སྐྱེས་ནས་ཡོང་བ་རེད། དེ་ལ་ནུས་བ་ཆེན་པོ་སྟོན་རྒྱུ་མེད་དུས་ད་ལྟ་བོད་ནང་ན་སེམས་ཐག་བཅད་ནས་རང་ལུས་ཚུན་ཆད་དགྲ་ལག་དང་མེ་ནང་ལ་བཞག་ནས་རྩོད་བཞིན་པ་རེད། དེ་ལ་ནུས་པ་མེད་ན། ལམ་ཁ་གཞན་ཞིག་དུ་འགྱུར་འགྲོ་འི་རེད།
༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་གི་མི་འདུག་ཟེར་ན་ག་རེ་རེད། གོང་ས་ཆོག་གིས་རྒྱ་བོད་གཉིས་ལ་འཚེ་བ་མེད་པའི་དབུ་མའི་ལམ་བསྟན་ཚར་བ་རེད། དེ་ལས་ལྷག་པ་ཞིག་ག་རེ་དགོས་ཡོད། དེ་ན་རང་བཙན་གྱི་དོན་དུ་མེ་ལ་མ་སྲེག། རང་བཙན་གྱི་དོན་དུ་རྒྱ་གར་ལ་མ་ཡོང་། རང་བཙན་གྱི་དོན་དུ་རྒྱ་ཁྲིམས་ལ་མ་འགྲོ། མི་རིགས་བདེ་སྡུག་གི་ཆེད་དུ་བྱ་བ་འདི་དང་གན་མ་བྱེད་གསུངས་དགོས་འི་ཡོད་པེ། བོད་རྒྱལ་ཁབ་དེ་༧གོང་ས་མཆོག་གཅིག་པོ་ལ་བདག་པའི་གནད་དོན་ཞིག་མིན་པས་དེ་འདྲ་ཞིག་ནམ་ཡང་གསུངས་ཚུལ་མེད་པ་རེད།
ཁྱོད་ལྐུག་ཕྲུག་ཞིག་མིན་ན་རྒྱ་ཕྲུག་ཞིག་ཡིན་རྒྱུ་རེད། མེ་ལ་བསྲེགས་དང་ནོ་ལ་སེམས་ཁུར་ཆེ་མདོག་འདྲ་ཞིག་བསྟན་ནས། དེ་ན་དགྲ་རྒན་ཚང་གིས་བཙན་པོར་བསད་དང་ནོ་ཚོ་ལ་ཁྱོད་ཅི་ཞིག་གི་ལྟ་ཚུལ་དང་སེམས་ཁྲུལ་ཡོད། ཐབས་ཇུས་ཅི་ཞིག་ཡོད། མི་ནག་བཙོན་དོང་ཡོད་པ་ཚོ་ལ་ཁྱོད་སེམས་ཁུར་འདྲ་མེད་དམ། དྲི་བ་འདི་ཚོ་ལ་ལན་ཤོག། དེ་ནས་སྐད་ཆ་ཇེ་མང་ལ་འགྲོ།
ཡང་སྟེང་ནས་ཕམ་པ་ཤོར་གྲབ་འདུག་གོ།། ད་ལྟུང་ཡོང་།།གཟབ་གཟབ་བྱོས།།
ངས་བལྟས་ན་གོང་ས་མཆོག་གིས་རང་སྲེག་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཤེས་ཐབས་མེད་པ་རེད། གང་ལགས་ཤེ་ན། རང་སྲེག་ལས་འགུལ་འདི་ནི་བོད་མི་ས་ཡ་དྲུག་གི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པ་མ་ཟད། བོད་མི་རིགས་རིག་གཞུང་དང་བཅས་པ་འཇིག་ཉེན་ལ་ཐུག་པའི་འཕག་ཚག་ཅིག་ཀྱང་རེད། དེས་ན་བོད་མི་ས་ཡ་དྲུག་ལ་རང་དབང་གི་བདེ་སྐྱིད་སྤྲོད་ཐུབ་པ་དང་། བོད་མི་རིགས་རིག་གཞུང་དང་བཅས་པ་འཇིག་ཉེན་ལས་སྐྱོབ་ཐུབ་མཁན་ཞིག་ཡིན་ན་མ་གཏོགས་རང་སྲེག་མཚམས་འཇོག་དགོས་པའི་འབོད་སྐུལ་སུས་ཀྱང་ཞུ་ཤེས་ཐབས་མེད་པ་རེད། ལྷག་ཏུ་རང་སྲེག་ལས་འགུལ་འདིའི་འབྱུང་རྩའམ་རྒྱུ་རྐྱེན་ནི་རྒྱ་གཞུང་གིས་བོད་ཀྱི་ཡོད་ཚད་རྩ་མེད་བཟོ་བའི་དྲག་གནོན་སྲིད་ཇུས་ལ་ཐུག་ཡོད་ཅིང་། འབྲས་བུ་མེད་པར་བཟོ་དགོས་ན་སྔོན་ལ་རྒྱུ་མེད་པར་བཟོ་དགོས་པའི་གནས་ལུགས་འདི་གོང་ས་མཆོག་གིས་མཁྱེན་པ་བཤད་མ་དགོས་པ་རེད་ལ། དྲག་གནོད་སྲིད་ཇུས་འདི་མེད་པར་བཟོ་བའི་ནུས་པ་རྒྱ་གཞུང་ལ་ཡོད་པ་ལས་གོང་ས་མཆོག་ལ་མེད་པའི་རྒྱུ་མཚན་གྱིས་ད་བར་རང་སྲེག་མཚམས་འཇོག་དགོས་པར་མ་གསུངས་པ་རེད།
རྒྱུག་ཁྱི་ཨ་རྡི་མན་སྐྱག་པ་སྐུབ་ནས་གཏོང་རོགས་གནང་།
ང་ཚོའི་ལན་འདི་དག་གིས་ཀྱེད་ལ་སྒོར་རྡོག་འགའ་རག་སོང་ངམ།
དྲྭ་ཐོག་གི་མཁས་པ་རྣམས་ལ་དྲི་བ་ཞིག་ཡོད། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བོད་དབུ་ནག་མིའུ་འདྲ་ཆགས།ཅེས་བྲིས་པ་ཞིག་མཐོང་། དཔེ་འདི་ངས་ནི་གནའ་རབས་ལོ་རྒྱུས་རྙིང་པ་ཞིག་ཡིན་པ་ལས། སུས་མཛད་མ་ཤེས་པས་དཔེ་རྙིང་གང་དུ་བཞུགས་སོགས་ལོ་རྒྱུས་ཁ་གསལ་ཞིག་གསུང་བར་ཞུ།
གྲོས་ཚོཊ་ནང་༸གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུཊ་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་གཉིས་ཁོང་གི་མཛད་ཆེན་གཉིས་ཡིན་སྐོར་དང་། བོད་ནང་རང་ལུས་མེར་བསྲེཊ་གཏོང་བཞིན་པའི་གནད་དོན་ཐོག་ཐུཊ་འཚབ་ཆེན་པོ་ཡོིད་སྐོར་ངོ་སྤྲོད་དང་འབྲེལ། བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་བོད་ནང་རང་ལུས་མེར་བསྲེགས་དོན་རྐྱེན་བསྟུད་མར་འབྱུང་བཞིན་པའི་ས་ཁུལ་ཁག་ཏུ། ཉི་ཧོང་གྲོས་ཚོཊ་འཐུས་མི་རྣམ་པ་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་གསར་འགོད་པ་ཚོ་ཆེད་ཕེབས་གནང་སྟེ། ས་གནས་ས་ཐོག་གི་དངོས་ཡོད་གནས་ཚུལ་ཐོག་རྟོག་ཞིབ་དང་རྒྱུས་ལོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གྲོས་ཚོཊ་འཐུས་མི་རྣམ་པས་བོད་ནང་གི་གནས་ཚུལ་ངོ་མ་ག་རེ་ཡིན་མིན་གསལ་སྟོན་བྱ་ཐུབ་ན། བོད་མིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་རྒྱ་གཞུང་གིས་གཞི་ནས་ཤེས་རྟོཊ་ཐུབ་རྒྱུ་ཡིན་ཚུལ་དང་། བོད་ཀྱི་ས་ཁུལ་ཁག་གི་མཐོང་རྒྱ་ཆུང་བའི་དམར་ཤོག་ལས་བྱེད་ཚོས་བོད་ཀྱི་ནང་པའི་ཆོས་ལ་ཞེད་སྣང་བྱེད་པ་དང་། དབུས་གཞུང་ལ་ས་གནས་ཀྱི་གནས་ཚུལ་སྙན་སེང་མ་ཞུས་པའི་སྟབས་ཀྱིས། རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་ཚོས་བོད་མིའི་གནད་དོན་ཅི་ཙམ་ཛ་དྲག་ཆགས་ཡོད་པ་ཤེས་ཀྱི་མེད་སྐོར་གསུངས་ཡོད་འདུག
དེ་བཞིན། ཕྱི་ཚེས་༡༢ ཉིན་༸གོང་ས་མཆོག་གིས་ཨོ་ཀེ་ཎ་ཝར་གསར་འགོད་ལྷན་ཚོཊ་ཤིག་གི་སྐབས་སུའང་། གསར་འགོད་པ་ཚོར་བོད་ནང་གི་མེར་བསྲེཊ་གནས་སྟངས་ཐད་བཀའ་ལན་བསྩལ་ཏེ། ༢༠༡༡ ལོ་ནས་ཁོང་བོད་མིའི་ཆབ་སྲིད་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་ཞུས་ཡོད་ཀྱང་། བོད་ནང་གི་རང་ལུས་མེར་བསྲེཊ་གནད་དོན་ཐོག་རྒྱ་གཞུང་གིས་བོད་མི་ཚོས་རང་ལུས་མེར་བསྲེཊ་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ཤེས་རྟོཊ་ཆེད་ཞིབ་འཇུག་མཐིལ་ཕྱིན་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། རང་ལུས་མེར་བསྲེཊ་ཀྱི་དོན་རྐྱེན་དེ་ནད་ཀྱི་མཚོན་རྟཊ་ཙམ་ལས་དེའི་རྒྱབ་ཏུ་དེ་ལས་ཚབས་ཆེ་བའི་གནས་སྟངས་དང་དཀའ་ངལ་ཞིག་ཡོད་པ་གསལ་པོ་མཚོན་གྱི་ཡོད་ཚུལ། རྒྱ་གཞུང་གིས་གོ་སྐབས་ནམ་བྱུང་ལ་རང་ལུས་མེར་བསྲེཊ་དོན་རྐྱེན་དེའི་རྒྱུ་རྐྱེན་གཙོ་བོ། ༸ཁོང་དང་བོད་མིའི་སྒྲིག་འཛུཊ་ཡིན་པར་ལོག་འགྲེལ་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གི་ད་ལྟའི་བྱེད་ཕྱོགས་དེས་རང་ལུས་མེར་བསྲེཊ་ཀྱི་དཀའ་ངལ་སེལ་ཐུབ་ཚེ་དེ་ལྟར་བྱས་ཆོག་ཀྱང་། དངོས་ཡོད་གནས་སྟངས་ཐོག་བྱེད་སྟངས་དེའི་ཐོག་ནས་དཀའ་ངལ་རྩ་བ་ནས་སེལ་ཐུབ་ཀྱི་མེད་སྐོར། ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་སྐབས་རྒྱ་ནག་སྲིད་བློན་ཝུན་ཅཱ་པོ་ཡིས་རྙོག་གྲ་དེ་ནི་རྒྱ་གར་ནས་སྐུལ་སློང་བྱས་ཏེ་བཟོས་པ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་ལུཊ་དང་། ཉེ་ལམ་བོད་མིའི་སྒྲིག་འཛུཊ་ཀྱིས་རྒྱ་གཞུང་གི་སྐུ་ཚབ་ངྷ་སར་ཡོང་སྟེ་ཡིག་ཆ་ཁག་ལ་ཞིབ་འཇུག་བྱ་ཆོག་པའི་འབོད་སྐུལ་སྐུལ་བཅས་ཞུས་ཡོད་པའི་སྐོར་གསལ་བཤད་གནང་ཡོད་འདུག
འོ་རེད་ད་རེས་་་་ངས་གསལ་པོ་ཞིག་ནས་ཞུ་དགོས་ཡག་གཅིག་ཡོད་་་་དེ་ནི་ངའི་བོད་པ་ཚང་གི་གོམས་གཤིས་དང་འབྲེལ་ཡོད།
རབ་ཏུ་བྱུང་བ་ཞིག་ཡིན་ཕྱིན་ཆད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་ཡིན་དགོས་པ་རེད། དེ་ལྟ་བུའི་རབ་བྱུང་དེའི་ལས་འགན་ག་རེ་རེད་ཟེར་ན་་་་་་ལམ་བསླབ་པ་གསུམ་པོ་དེ་ཉམས་སུ་ལེན་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པའི་ཐོག་གཞན་དོན་སྒྲུབ་ཡག་དེ་རེད་མ་གཏོགས་་་་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་ཁུལ་བྱས་ནས་རང་དོན་འབའ་ཞིག་ལ་གཞོལ་བ་དང་། རྒྱ་ནག་ལ་དགྲ་ཁ་གཏད་བྱེད་ཡག་དང་། བོད་ནང་ཁུལ་དུ་ཕྱོགས་རེས་སུ་བཅད་དེ་མི་དམངས་ཉམས་ཆུང་ཚོར་མཐོང་ཆུང་ཁྱད་གསོད་བྱ་ཡག་དང་། འགྲོ་བ་ཀུན་ཀྱི་མཆོད་པའི་ཞིང་མཆོག་བླ་ན་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ན་གཟའ་དམར་སེར་དེ་གྱོན་ནས་རང་རྒྱལ་གཞན་ཕམ་གྱི་ལྟ་བ་སྲིད་ལམ་ནག་པོ་དེར་འཚང་ཀ་ཤིག་ཤིག་བྱ་ཡག་དེ་མ་རེད་སེ་སྐད་སང་མཐོན་པོའི་ངང་ནས་ཞུ་ཡི་ཡིན། དྲ་གྲོགས་ཁག་གཅིག་ནས་རང་སྲེག་ལས་འགུལ་འདི་གོང་ས་མཆོག་གིས་མཚམས་འཇོག་བྱ་ཡག་གི་འབོད་བསྐུལ་ཞུ་ཤེས་ཀྱི་མ་རེད་གང་ལགས་ཞེ་ན་་་་་་འདི་ནི་བོད་མི་ས་ཡ་དྲུག་གི་རང་དབང་གི་བདེ་སྐྱིད་ཆེད་དུ་རེད་ལབ་འདུག དེ་འདྲ་ཡིན་ན་་་བོད་རང་བཙན་དེ་ཡང་བོད་མི་ས་ཡ་དྲུག་གི་རང་དབང་གི་བདེ་སྐྱིད་ཆེད་དུ་ཡིན་པ་ནི་སྨྲ་ག་ལ་དགོས་དེ་ལ་གོང་ས་མཆོག་གིས་ཚིག་ཐག་ཆོད་པོའི་ངང་ནས་་་་རང་བཙན་མི་དགོས་ཟེར་ནས་འཛམ་གླིང་གང་སར་ཁྱབ་སྒྲགས་གནང་དང་གནང་བཞིན་པ་མ་ཙམ་དུ་མ་ཟད་་་ས་ཡིག་ཀྱང་བརྒྱབ་ཟིན་པ་མ་རེད་པས། དེ་འདྲའི་གལ་གནད་ཆེ་བའི་རིགས་ལ་བློ་སྤོ་ཆེན་པོའི་ངང་ནས་འཇུག་ནུས་ན་་་་་་བརྩེ་བའི་བོད་རིགས་སྤུན་ཟླ་ཚོར་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་དགོས་པ་དང་་་་་་རང་ཤི་བརྒྱབ་ན་སྡེ་པ་ཆེན་པོ་ཡིན་པ་དང་། ཤི་པ་ལས་གསོན་ན་དགེ་མཚན་ཆེ་བ་ཡོད་པ་དེ་ཚོ་བརྗོད་མི་ནུས་པ་ནི་དངོས་གནས་ཡ་མཚན་རེད།
རོང་པོ་ཇོ་ན་ཟེར་བ་ཁྱོད་ད་སྡུག་ཁ་མ་བཙུམ་ན་ངས་ཁྱོད་ཚོའི་བླ་ཆུང་ཟི་ཟེར་བ་དེའི་ངན་སྤྱོད་རེ་རེ་ནས་བགྲང་ཆོག
ཨ་རྡུ་མན་སྡུག་ཤི་རྒྱག་དགོས་རྒྱུ། ཁྱོད་ལ་ཆབ་སྲིད་ཀྱི་གོ་རྟོགས་ཙི་སྐྱག་ཙམ་ཡང་མེད་རུང་ད་དུང་ཁ་གྲག་མདོག་ངོ་ཚ་མི་ཤེས་པ་རང་རེད། ལྟས་ངན་ཁྱོད་ཀྱིས་རང་བཙན་རྩོད་དགོས་མདོག ཡང་རྒྱ་གུང་ཁྲན་དགྲ་ལ་བཟུང་ན་སངས་རྒྱས་ཀྱི་ན་གཟའ་གོན་པ་དང་འགལ་ལུགས་སོགས་སྨྱོ་ལབ་འབའ་ཞིག་ལས་མེད་པ་དེ་ལ་བརྟེན་ནས་ཁྱོད་ལྐུགས་རྒན་ཞིག་ཡིན་པ་གསལ་པོ་རེད། ༸གོང་ས་མཆོག་གིས་གང་གསུང་དགོས་པ་སྡུག་རོ་ཁྱེད་ལྟ་བུ་ཞིག་གིས་དྲན་བསྐུལ་གཏོང་དགོས་ཡོད་མ་རེད། ཁྱོད་ལྟ་བུ་བོད་མི་ནང་ཡོད་པ་ད་ག་རང་ང་ཚོ་བོད་ཀྱི་དཀའ་ངལ་རེད། ལྟས་ངན་སྡུག་སྣ་དགུ་ཡི་འོག་ཤི་དགོས་ལེ།
སངས་རྒྱས་བཅོམ་ལྡན་འདས་ཀྱི་ན་བཟའ་དམར་སེར་གྱོན་ནས་རང་རྒྱལ་གཞན་ཕམ་གྱི་སྲིད་ལམ་ནག་པོར་འཚང་ཁ་ཤིག་ཤིག་བྱེད་མཁན་དེ་སུ་རེད་དམ༽ མིང་སྨྲོས་ཤིག
བོད་མི་རིགས་ཀྱི་རྩ་དོན་སྒྲུབ་ཁུལ་བྱས་ནས་རང་དོན་འབའ་ཞིག་ལ་གཞོལ་བ་དང་། རྒྱ་ནག་ལ་དགྲ་ཁ་གཏད་བྱེད་ཡག་དང་། བོད་ནང་ཁུལ་དུ་ཕྱོགས་རེས་སུ་བཅད་དེ་མི་དམངས་ཉམས་ཆུང་ཚོར་མཐོང་ཆུང་ཁྱད་གསོད་བྱ་མཁན་སུ་རེད།
༧གོང་ས་མཆོག་ནས་རང་བཙན་མི་དགོས་ཟེར་ནས་འཛམ་གླིང་གང་སར་ཁྱབ་བསྒྲགས་ག་དུས་གནང་འདུག ?
ས་ཡིག་ག་པར་བརྒྱབ་འདུག ? དཔང་རྟགས་ཞོག་དང་། ཁུངས་མེད་ཀྱི་སྐྱག་རྫུན་དེ་འདྲ་མ་ཤོད།
ཁྱོད་ཀྱི་རྫུན་ཤོད་སྟངས་དང་གཅིག གུང་ཁྲན་སྲིད་གཞུང་གི་རྫུན་ཤོད་སྟངས་དང་གཉིས། དོལ་རྒྱལ་ཚོགས་པས་རྫུན་ཤོད་སྟངས་དང་གསུམ་གཅིག་རང་རེད་འདུག་པས་འདི་ནི་དགྲ་དང་རང་ཕྱོགས་བར་གྱི་འགལ་བ་དེ་ཡིན་པས་རང་གི་ཁེ་ཕན་ཆེད་དུ་ག་རེ་ཡིན་ནའི་བཤད་སྲིད་པ་རེད།
འགན་འཁྲི་མེད་པའི་སྐད་ཆ་སྟོང་པ་དེས་བོད་མི་རིགས་ཀྱི་བློ་ཁ་བསྒྱུར་མི་ཐུབ་པས་དེ་ལས་ཨ་རྡུ་རང་ཐད་བཀར་དཔལ་ལྡན་སྐུ་སྒེར་ཡིག་ཚང་ལ་བཅར་ནས་གནས་ལུགས་གསལ་བཤད་བྱས་ན་ཡག་གི་རེད། ང་ནི་རྒྱ་མིའི་སྐད་ཆ་དེ་འདྲ་ཉན་འདོད་མི་འདུག
བདག་པོ་ནས་ཡག་པོ་གསུངས་སོང་། ༸གོང་ས་མཆོག་ནས་རང་བཙན་མི་དགོས་ཞེས་དུས་ནམ་ཡང་གསུངས་མེད་ཀྱང་ཕྱོགས་རིས་ཕྲག་དོག་དང་ལྐུགས་པ་རོ་འདྲ་བ་དག་ལ་ནི་དཀར་པོ་ཡོད་ཚད་ནག་པོ་དང་ནག་པོ་ཡོད་ཚད་དཀར་པོ་ཡིན་པས་བྱར་ཐབས་མེད་དོ། །རང་བཙན་རྩོད་གི་མིན་གསུངས་ཡོད་པ་འདི་གཅིག་བུ་ལ་དཔྱད་ཀྱང་སྐྱབས་སུ་འཆི་ཤིན་ཏུ་ནས་ངོ་མཚར་ཆེ་རུང་ད་ལྐུགས་རྒན་འབུ་རྒྱག་རྒྱུ་ཚོས་གོ་མི་ཤེས།
རང་སྲེག་མ་གཏོང་ཞེས་རྒྱལ་དབང་ཀརྨ་པ་ཨོ་རྒྱན་རྡོ་རྗེས་འབོད་སྐུལ་གནང་ཟིན་པ་རེད། དེས་ཆོག་རེད། རྒྱལ་བ་རིན་པོ་ཆེ་གསུངས་པ་དང་གཅིག་པར་རེད། བོད་པ་ཚང་མའི་སྐྱབས་མགོན་རེད།
ཨ་རྡུ་མན་ཞེས་པ་ཁྱེད་རང་རྒྱ་དངུལ་དམར་པོ་དང་། སྡུག་འདྲེ་ལྕགས་ཞྭ་ཅན་ལ་སྐྱབས་སུ་འཛིན་མཁན་ཞིག་ལས་ཆོས་ལ་བློ་ཁ་ཕྱོགས་མཁན་ཞིག་ཡིན་ཚོད་མ་རེད། གལ་ཏེ་རྟག་པ་མཐའ་བཟུང་གིས་ཡིན་པའི་དབང་དུ་བཏང་ན། ཁྱོད་རང་གི་བཤད་སྟངས་འདི་ནི་ཆོས་མི་ཤེས་མཁན་དང་ཆོས་ལ་གནོད་སྐྱེལ་བའི་སྐད་ཆ་ཞིག་ལས་ཕན་པའི་སྐད་ཆ་ཞིག་མ་རེད། རྒྱུ་མཚན། ཁྱོད་ཀྱིས་དགེ་འདུན་པ་ཞེས་པ་དེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པའི་ལས་དོན་སྒྲུབ་མཁན་ཞིག་ཡིན་དགོས་པར་བཤད་འདུག དེ་འདྲ་ཡིན་ན་དགེ་འདུན་པས་བོད་མི་རིགས་ཀྱི་བདེ་དོན་ཅིའི་ཕྱིར་སྒྲུབ་མི་ཆོག་པ་རེད། བོད་མི་ས་ཡ་དྲུག་སེམས་ཅན་ཐམས་ཅད་ཀྱི་ནང་དུ་མེད་པ་ཨེ་རེད། གོང་ས་མཆོག་གིས་སྟོན་གནང་བའི་དབུ་མའི་ལམ་ནས་བོད་ཀྱི་རང་དབང་འཐབ་རྩོད་བྱེད་བཞིན་པ་འདི་ནི་བོད་མི་རིགས་ཀྱི་བདེ་སྐྱིད་ཆེད་དུ་ཡིན་པ་ལས་རྒྱ་མི་རིགས་ལ་གནོད་པའི་ཆེད་དུ་མིན་པ་འཇིག་རྟེན་ཀུན་གསལ་རེད། ལམ་འདི་ལ་གཉིས་སྨན་ཞེས་བཏག་དགོས་པའི་རྒྱུ་མཚན་ཡང་དེ་རེད།
གཉིས་ནས་དེང་སང་བོད་ནང་གི་ན་གཞོན་ཤེས་ཡོན་པ་མང་པོས་ནང་ཆོས་ཀྱིས་བོད་རྒྱལ་ཁབ་ཕུང་སོང་ཞེས་ནང་ཆོས་ལ་དགག་པ་བྱེད་བཞིན་པ་འདི་ཡང་། ཆོས་ཀྱི་སྐྱོན་མ་ཡིན་པར་ཁྱོད་ལྟ་བུའི་ཤེས་མེད་འགའ་རེས་རང་དོན་ཁབ་ཙམ་བློས་གཏོང་མི་ནུས་པར། སྤྱི་དོན་ལ་ཐུག་དུས་ཆོས་སྐད་རྫིགས་པོ་རེ་བཤད་ནས་མི་རིགས་དང་རྒྱལ་ཁབ་བློས་གཏོང་རྐྱང་བྱས་པའི་ངན་འབྲས་རེད།
གཞན་ཡང་གོང་ས་མཆོག་ལ་རྒྱ་གཞུང་གིས་དུས་རྟག་ཏུ་བཏོན་པའི་དགོས་འདུན་ཅིག་ནི། བོད་དེ་ལོ་རྒྱུས་ཀྱི་སྟེངས་ནས་རང་བཙན་མ་ཡིན་པར་ཁས་ལེན་དགོས་ཞེས་པ་དེ་རེད། འོན་ཀྱང་གོང་ས་མཆོག་གིས་ལོ་རྒྱུས་ལ་སུ་གང་གིས་འགྱུར་བ་གཏོང་རྒྱུའི་ཐོབ་ཐང་ཡོད་མ་རེད་ཅེས་ནམ་ཡང་ཁས་ལེན་གནང་མྱོང་མེད་པ་ཚང་མས་ཤེས་གསལ་རེད། དེས་ན་ཁྱེད་རང་གིས་གང་བྱུང་བཤད་ནས་བླུན་པོ་བ་གླང་རྫི་བོ་འདྲ་མགོ་སྐོར་གཏོང་ཐུབ་ན་མ་གཏོགས་གཞན་སུ་ཡང་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད།
མེ་སྲེག་གི་ལས་འགུལ་འདི་ང་ཚོའི་ལོ་རྒྱུས་ཐོག་གི་རླབས་ ཆེ་ཤོས་དང་ཚད་མཐོ་ཤོས་ཀྱི་ལས་འགུལ་རེད།འདི་འཚམས་འཇོག་བྱོས་ཟེར་ན་རྒྱ་མིའི་འདོད་ཐོག་ཏུ་རྟ་རྒྱུགས་པ་རེད་ལ་འཚམས་ཆད་པའི་ཉིན་མོ་ནས་ང་ཚོའི་རེ་བ་ཆུང་ནས་ཆུང་དུ་སོང་བ་རེད་ནམ་རྒྱུན་ཕྱི་ལོག་ནས་ཆོ་ཀ་ཕྱག་ལེན་ལྟ་བུའི་གཞུང་སྒེར་གྱི་ལས་འགུལ་ཁག་ནི་འདིའི་བརྒྱའི་ཆར་ཡང་་མི་དོ་ལ་སྟོང་གི་ཆར་ཡང་མི་དོ་བ་འདི་ཀུན་གྱིས་ངེས་པར་བྱོས།
ཡང་སྟེང་རིན་པོ་ཆེ་ཡི་རྩོམ་ཡིག་མཇལ་བས་དགའ་བ་ཤིན་ཏུ་ཆེ། རང་ལུས་མེར་སྲེག་གནང་མཁན་ཚོའི་རླབས་ཆེན་གྱི་བློས་གཏོང་ཟིན་པ་དེ་ང་ཚོས་ཆུད་ཟོས་སུ་གཏོང་མི་རུང་། ཁོ་རྣམ་ཚོའི་རེ་བ་ང་ཚོས་འགྲུབ་ཐབས་བྱ་རྒྱུ་དེ་ང་ཚོའི་འགན་ཁུར་རེད། ༸གོང་ས་མཆོག་གིས་གལ་སྲིད་མེར་སྲེག་མཚམས་འཇོག་དགོས་པའི་འབོད་བསྐུལ་ཤུགས་ཆེ་གནང་ཚེ་ད་ལྟའི་བར་དུ་རང་ལུས་མེར་སྲེག་གནང་བ་དེ་དོན་མེད་དང་ཕམ་ཉེས་བྱུང་བ་ངོས་ལེན་བྱས་པ་དང་གཅིག་པ་མ་ཡིན་ནམ། སྤྱིར་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་དོན་དུ་མིའི་ཚེ་སྲོག་གི་བློས་གཏོང་མེད་ན་ཡོང་ཐུབ་བམ། ངས་དྲན་བསྐུལ་ཞུ་རྒྱུ་ལ། གནམ་བདེ་སྒོ་མོར་དྲུག་བཞིའི་ལས་འགུལ་བྱུང་སྐབས་སྐབས་དེའི་ཏང་གི་འགོ་ཁྲིད་གཅིག་ནས་གུང་ཁྲན་ཏང་མི་ས་ཡ་གཅིག་གི་ཚེ་སྲོག་ལས་བྱུང་ཡོད་པས་གལ་སྲིད་གུང་ཁྲན་ཏང་འགོ་རྟིང་སློག་དགོས་ན་མི་ས་ཡ་གཅིག་གི་མགོ་ཁུར་ཤོག་ཅེས་མང་གཙོ་དོན་གཉེར་བའི་རྒྱབ་སྐྱོར་བྱེད་མཁན་ཧུའུ་ཡ་པང་ལ་ལབ་ཡོད། དེ་བཞིན་ཏིང་ནས་ཀྱང་དམག་རྒྱག་ནས་མི་མི་ཤི་བ་ཡོང་མི་སྲིད་ཅེས་དང་། དྲུག་བཞིའི་ལས་འགུལ་སྐབས་རྒྱལ་ནང་གི་གད་སྙིགས་གཙང་སེལ་བྱེད་དགོས་ཞེས་པའི་ལས་གཞིའི་འོག་སློབ་ཕྲུག་ཉིས་སྟོང་ལྷག་ཉིན་གཅིག་ནང་དམར་བསད་བཏང་ཡོད།
ཨན་རྡུ་མན་གྱི་དྲན་པ་གསོས་ཤིག སྟག་མོ་ལུས་སྦྱིན་མ་བྱེད་ཅེས་དགེ་སློང་ཐེབ་ཆག་ཞིག་གིས་ཀྱང་བརྗོད་མི་ཤེས་པས་༧གོང་ས་མཆོག་གིས་ལྐུགས་རྟགས་དེ་འདྲ་ག་ལ་སྟོན་ཏེ། སྐྱེས་རབས་དང་སྤྱོད་འཇུག་ལ་ཤེས་ནས་དད་པ་ཐོབ་ཅིང་མི་ལ་ཡང་འཆད་དགོས་པས་སོ། འོ་ན་ཤེས་པ་རང་བཞིན་དུ་མི་གནས་པ་འམ་བློ་ནོར་བས་ལུས་སྦྱིན་པ་མི་སྲིད་དམ་ཤེ་ན། དེ་ཡང་སྲིད་དེ་དེའི་ཕྱིར་༧གོང་ས་མཆོག་གིས་༼བྱ་སྤྱོད་འདི་རིགས་ཁོང་ཁྲོ་དང་ཞེ་སྡང་རྐྱང་པའི་ཐོག་བྱས་པ་ཞིག་ཡིན་ཚེ་དེ་ནི་ནོར་བ་རེད༽ཅེས་ཁྱབ་པར་སྐད་ཀྱིས་བསྒྲགས་སོ། དེས་ན་ཨན་རྡུ་མན་ནས་སོམ་དང་ཡང་གཅིག་བཤད་ན། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་བདེ་སྐྱིདཅན་དུ་ངོམས་པར་རློམས་པའི་མི་དེ་གློ་བུར་དུ་མེར་བསྲེགས་ན་ཞལ་ཆེམས་ཅི་ཞིག་བཞག་འདུག་བལྟ་དགོས་པ་ལས། ཞི་མིའི་རྟུག་པ་དགབ་དགབ་ཇི་ལྟར་བྱས། འདི་ནི་ཡང་དག་པའི་སྲིད་གཞུང་ཞིག་ལ་འོས་སམ། སོམ་དང་། ཁྱིམ་ཚང་ཞིག་གི་ནང་དུའང་འདས་པོའི་ཞལ་ཆེམས་སྦས་མཁན་ཞིག་ཡོད་ན་ད་དུང་ད་དུང་ཁྱིམ་ཚང་དེར་མི་ཤི་འབྱུང་རྒྱུ་རེད།
བརྗོད་གཞི་རང་གི་ཐོག་ལ་རིགས་ལམ་གྱི་འགྲོ་གླེང་ཇི་ཙམ་མང་དེ་ཙམ་གྱི་ལེགས་པ་རེད་
དེ་མིན་ཚིག་ངན་རི་ངན་ཚད་བེད་སྤྱོད་ཀྱི་བརྗོད་བྱས་སྟོང་པའི་ཚིག་ངན་ཁོ་ནས་ཁེང་པའི་ཡིག་ཚོགས་མང་པོ་བྲིས་ཏེ་ཞབས་འདྲེན་ཞུ་རོག་ཞིག་མ་གཏོག་བསྟན་པ་ཆབ་སྲིད་ལ་ཕན་པ་ཞིག་གང་ཡང་མེད་པ་དེ་ངེས་པར་མཁྱེན་དགོས་་་་་
བདག་པོ་ལགས་་་་་ཁྱེད་ཀྱི་དྲི་བ་དེ་ཚོའི་ལན་ནི་་་་་ལྐུགས་པ་དང་འོན་པ་མིན་པའི་བོད་མི་ཡོད་དོ་ཅོག་ནས་བརྒྱབ་ཆོག་ཆོག་རེད་སོང་ཙང་ཁྱེད་རང་གི་ད་དུང་ཤེས་ཀྱི་མེད་ན་ཕམ་བ་ལ་ཨ་་་་་འོན་ཀྱང་ངས་ཁྱེད་ལ་ལམ་སྟོན་ཞིག་བྱེད་ཆོག་་་་
ཁྱེད་རང་བརྡ་རམ་ས་ལར་ཐེངས་གཅིག་ཕེབས་དང་དེ་ནས་རིམ་པ་བཞིན་དུ་བྱས་ནས་ཧ་གོ་ཡོང་གི་རེད་ལོ།།
འདིའི་ཐད་ཆོས་དང་། འཇིག་རྟེན་གཉིས་ནས་ལྟ་སྟངས་མི་འདྲ་བ་གཉིས་ཡོད།
དང་པོ་ལྟར་ན་འདས་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་ནས་འབོང་ཅིང་དེ་ལྟར་འདོད་མི་ཐུབ། ལུས་སྲོག་གཏོང་བའི་ཕྱིར་ནའང་མ་ཁྱབ་ལ་གཞན་དོན་ཕྱིར་ནའང་མ་ངེས་ཏེ། ཨིས་ལམ་པ་ཁག་ཅིག་ཨིས་ལམ་མིཀ་ཆེད་རང་སྲོག་བཏང་བལའང་མཚུངས་སོ།། བོད་དོན་ཆེད་ཟེར་ནའང་མི་འགྲིག་སྟེ། ཆོས་ལ་ཉེ་རིང་མེད་པའི་ཕྱིར་རོ།། ལར་ནས་རང་སྲོག་གཏོང་བ་འདི་ས་ཐོབ་སེམས་དཔའ་ལས་གཞན་ལ་བཀག་སྟེ། སྤྱོད་འཇུག་ལས། ལུས་འདི་གཏོང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དུ་ན།། དོན་ཆེན་འགྲུབ་པའི་རྒྱུར་གཏོང་ངོ་།། ཞེས་པ་ལས་ཚིག་སྔ་མ་དེ་མ་དྲན་མ་གཏོགས་བདེན་པ་མཐོང་བ་མ་གཏོགས་ལུས་གཏོང་མི་རུང་བར་གསུངས་པ་ཡོད་དྲན།
གཉིས་པ་འཇིག་རྟེན་ཕྱོགས་ནས་བསམ་ན་བླ་ན་མེད་པའི་བློས་གཏོང་ཆེན་པོ་སྟེ། དཔའ་བོ་དང་རྒྱལ་གཅེས་ཞེས་འབོད་པར་འོས་སོ།།
རང་དབང་མི་ཅན་ཁྱོད་ཀྱིས་མེར་སྲེག་ལས་འགུལ་འདི་འགྲིག་གི་མིན་འདུག་ཟེར་བ་འདི་ཆོས་ཕྱོགས་ནས་ཟེར་ན་འདས་པོ་དེ་ཚོར་རང་དང་ཤ་ཁྲག་གཅིག་པར་གྱུར་པའི་མི་རིགས་ཡིན་པས་ཁྲེལ་མི་འདའ་བར་སྙིང་རྗེ་དང་འབྲེལ་བས་བསྔོ་སྨོན་གསུངས་ན་ལེགས།
འཇིག་རྟེན་ཕྱོགས་ནས་བསམ་ན་ཕོ་སྐྱེས་པའི་སྐྱེ་གོ་ཆོད། མི་རིགས་ཀྱི་གཟི་བརྗིད་བསྐྱེད། དགྲ་བོའི་གཅིན་པ་འཆོར། ལོ་རྒྱུས་གསེར་གྱིས་འབྲི་འོས་པ་འདུག་པས་ཁྱོད་ཀྱི་སེམས་ཁྲལ་དེ་དོན་མེད་པའི་སེམས་ཁྲལ་དུ་མཐོང་།
མེ་ཏོག་དཀར་པོའི་དྲན་པ་ཆེར་གསོས་ན་ལེགས། བདེན་པ་མཐོང་མ་མཐོང་ཟེར་བ་དེ་དང་། བྱང་ཆུབ་སེམས་དཔའ་ཡིན་དང་མིན་ཞེས་པ་དེ་མི་གཞན་གྱི་སྟེང་ནས་ཧ་ཅང་བརྗོད་དཀའ་བ་ཞིག་རེད། དེའི་སྐོར་དེ་ལས་ལྷག་མ་གསུངས་ན་བཟང་། འདི་ནི་མིའི་རིགས་ཀྱི་སྨྲ་བརྗོད་ལ་ཚོད་གཟུང་བ་ཞིག་མིན། གནད་དོན་འདི་ལས་མཚམས་བཞག་དང་མ་འཇོགས་ཅེས་པའི་སྐོར་ཡང་ཨན་རྡུ་མན་གྱིས་དྲན་དགོས་ངེས་རེད།
མཆན་མཁན་༣༠དང༣༡ གཉིས་ནས་སུ་ཋ་སི་སྦག་་དང་ཨ་རིས་ལ་དོན་ཚན་ལྔ་བཟོ་སྐབས་ས་ཡིག་གར་རྒྱབ་མིན་ད་དུང་ཤེས་མེད་པ་འདྲ་ཧཧཧཧཧཧ་ད་དུང་་མིག་ཤེལ་ནག་པོ་གྱོན་གྱོན་པ་རེད་འདུག་ག་་་
འབྲུག་སྐད་ནས་གཅིག་བཤད་ཡ་ཡོད་མདོག་མདོག་རེད་འདུག་ངས་བལྟས་ནས་ཡོད་དོ།། དགེ་རྒན་ཅི་འདྲ་དགེ་ཕྲུག་གྲྭ་ས་ནས་མར་དོན་སྡ་སར་ཡར་ཕེབས་དང་ཚེ་རིང་མའི་ཞབས་ཞུ་ཆགས་ངེས་རེད།།
རེད། བདེན་པ་མཐོང་མ་མཐོང་ཟེར་བ་དེ་དཀའ་ལས་རེད། ལྷག་པ་གང་ཟག་གི་ཚོད་གང་ཟག་གིས་བཟུང་བར་སྟོན་པས་བཀག་པས་ཐ་གཅོག་ཏུ་འདི་དང་འདིའོ་བརྗོད་དཀའ་མོད། མཐོང་ཚོད་ལ་འདས་པོ་དེ་རྣམས་ཐེག་ཆེན་ལམ་ཞུགས་དང་ས་འཐོབ་དེ་འདྲ་ཨ་ཡིན་བསམ། དཀོན་བརྩེགས་ལ་སོགས་པའི་ལུང་བརྒྱ་ཕྲག་གིས་བོད་པ་དེ་རྣམས་བྱང་འཕགས་སུ་བསྒྲུབ་ཐབས་ག་ལ་ཡོད། སྟག་མོ་ལུས་སྦྱིན་སོགས་དང་དཔེ་དཔེ་ཅན་དུ་རུང་བར་དཀའ། ངས་ཞུ་སྟངས་ནོར་ཡོད་ན་ གསན་མཁན་རྣམ་པས་གསན་སྟངས་མ་ནོར་བར་གནང་གྲོགས།
ད་དུང་ཞུ་རྒྱུ། གནད་དོན་དེ་༧གོང་ས་མཆོག་གི་ཆེད་རེད་ཟེར་བ་ལྟར་བུ་ཆུང་དུ་གཏོང་བ་དང་། ནང་པའི་ཆེད་རེད་ཟེར་བ་ལྟ་བུ་ཆེ་རུ་གཏོང་སྟེ་ཡར་འཐེན་མ་འཐེན་བྱ་མི་རུང་། རང་བཙན་དང་རང་སྐྱོང་ཇི་ལྟར་ཡང་ས་ཡ་དྲུག་གི་བདེ་དོན་དང་དེ་དང་འབྲེལ་བའི་རྒྱ་དཀར་ནག་གི་ཕུགས་ཀྱི་ཁེ་ཕན་ཆེད་ཡིན་པ་ལྟར་དེ་ལྟར་འབྲེལ་དགོས་སྙམ།
རང་སྲེག་དེ་ནང་བསྟན་གྱི་རཙ་བའི་དགོངས་པ་དང་འགལ་མིན། འཚེ་བའི་རང་བཞིན་ནམ་འཚེ་བ་དངོས་སམ་རྗེས་སུ་མཐུན་པ་ཡིན་མིན་སོགས་ཞིབ་ཚགས་པོར་མིན་པར་རྡོག་བདེ་པོ་ཞིག་གུང་བྲན་གྱི་༼ཁྲིམས་ཡིག་གསར་པ༽ ཞེས་པར་ལན་ཕུལ་ཟིན།
༼ལུང་དང་རིགས་པས་མི་ཕམ་མི་ཕམ། རྡོག་དང་དབྱུག་པས་མི་ཕམ་ཕམ།༽ཟེར་བ་བཞིན། ༧གོང་ས་མཆོག་ལ་རྒྱབ་བཤད་མཚན་སྨད་ཞུ་ཡས་མ་གཏོགས་གུང་བྲན་དངོས་སུ་གྲོས་མོལ་སུ་མ་འོང་བའི་རྒྱུ་མཚན་ཡང་དེ་རང་རེད། གུང་བྲན་དངོས་གནས་འཇོན་ཐང་ནུས་པ་ཡོད་ན། རང་བཙན་རང་དབང་རང་སྐྱོང་གང་ཡང་སྐད་ཆ་མེད་པར། མི་རིགས་དང་ཆོས་དད་རང་དབང་སྐོར་གྱི་སྐད་ཆ་གྲོས་བསྡུར་ཐོག་གླེང་མོལ་བྱས་དང་། རྒྱ་དམར་ནས་རང་སྲེག་ངན་སྐུལ་བ་ཏཱ་ལའི་བླ་མར་སྐྱོན་འཛུགས་ཁུངས་ལྡན་ར་འཕྲོད་འཕེར་ངེས་ཤིག་ཁྱོན་ནས་མིན་འདུག ཏཱ་ལའི་བླ་མ་ནི། རྒྱལ་སྤྱིར་བཀུར་འོས་རྩིས་སྲུང་ཞུ་བའི་རླབས་ཆེན་གྱི་མི་སྣ་གལ་ཆེན་ཞིག࿒ཡིན། གུན་བྲན་པ་ཚོས་ཁོང་གི་འཁྲིས་ནས་སློབ་སྟོན་ཞུ་ཡས་ཡོད་ངེས་ལ། ང་ཚོར་གུང་བྲན་གྱི་སློབ་གསོ་དགོས་ངེས་ཤིག་ཆགས་ཀྱི་མིན་འདུག ཁྱེད་ཚོའི་སྐད་ཆ་དང་ང་ཚོའི་རྨང་གཞི་དང་འགལ་ནས་ཡོད་པས་བོད་པའི་རྣ་བར་སློབ་གསོ་དེ་ཁྱོན་ནས་འབབ་ཀྱི་མ་རེད། མི་ལོ་བཅུ་ཕྲག་མང་པོའི་མཇུག་འབྲས་ངན་པ་ཐོན་པའི་རེ་སྟོང་མ་འཆང་ན་ཡག་གི་རེད། འདི་འདྲའི་ངན་ལམ་འོག་བསྡད་པ་ལས་མི་སྡོད་པའི་འདམས་ག་བཙལ་ནས་རང་སྲེག་བྱ་དགོས་ཐུག་ཡོད། ༼རྐུན་མ་རྐུ་བ་ལས་ཤི་བ་དགའ༽ ཟེར་བའི་དཔེ་ལྟར་རེད། ཁུངས་སྐྱེལ་དག་འཕྲོད་མེད་པའི་སྐད་ཆ་རྐྱང་བཤད་ནས་ཕན་འབྲས་མི་སོན། ཡོད་ན་གསལ་གསལ་ཐིང་ཐིང་བཤམས་དང་། དེ་མིན་ཏཱ་ལའི་བླ་མ་ཡུལ་གྱར་དུ་ཕྱིན་ནས་བོད་འདི་རྩར་མེད་བཟོ་མ་ཐུབ་པ་དེ་དཀའ་ངལ་རྩ་བར་ངོས་འཛིན་བྱས་ན། བོད་ཀྱི་དཀའ་རྙོག་དང་ལྷག་པར་དུ་ཡང་རང་སྲེག་གི་རྙོག་གཞི་དེ་བཙན་འཛུལ་ཉག་གཅིག་ལ་བརྟེན་པ་གསལ་པོ་རེད། ཡང་བོད་སྐྱོབ་པའི་ཆེད་ཏཱ་ལའི་བླ་མས་སྐུ་ལས་བསྐྱོན་པ་རེད། དེས་ང་ཚོའི་རེ་འདུན་གྱི་འགག་རྡོ་བྱས་བསམ་ན། ཇ་འཁོལ་ཆེད་མེ་བཏང་ནས་ཤིང་འཚིག་ན་བྱ་ཐབས་བྲལ།
མེ་དཀར་ལགས་ཀྱིས་་་་དེ་རིང་མི་སྐད་གསོན་པོ་ཞིག་ཤོད་འདུག་ག་་་་་་་
ད་དུང་ཞུ་རྒྱུ། གནད་དོན་དེ་༧གོང་ས་མཆོག་གི་ཆེད་རེད་ཟེར་བ་ལྟར་བུ་ཆུང་དུ་གཏོང་བ་དང་། ནང་པའི་ཆེད་རེད་ཟེར་བ་ལྟ་བུ་ཆེ་རུ་གཏོང་སྟེ་ཡར་འཐེན་མ་འཐེན་བྱ་མི་རུང་། རང་བཙན་དང་རང་སྐྱོང་ཇི་ལྟར་ཡང་ས་ཡ་དྲུག་གི་བདེ་དོན་དང་དེ་དང་འབྲེལ་བའི་རྒྱ་དཀར་ནག་གི་ཕུགས་ཀྱི་ཁེ་ཕན་ཆེད་ཡིན་པ་ལྟར་དེ་ལྟར་འབྲེལ་དགོས་སྙམ།
ལག་པ་སྡོད་ཚུགས་མེད་པའི་གོམས་གཤིས་ཅན། །
ཁ་ནས་གང་ཡོང་གང་དྲན་ཤོད་བྱས་ནས།།
༧རྒྱལ་བ་ཀརྨ་པ་ཡི་རྣ་འབྱོག་ཟུང་།།
ཚ་བའི་སྡུག་ལ་མ་གཏོད་དྲིན་ཆེན་ཚོ།།
ཁ་བརྡའི་དྲྭ་བདག་ལགས། རང་གཞན་སུ་ལའང་ཕན་ཐོགས་མེད་པའི་མི་སྒེར་གྱི་སྐྱོན་འཚང་འབྲུ་རེས་བྱས་པར་རྒྱུ་མཚན་གང་ཡང་མ་མཐོང་བས་ཚོད་འཛིན་གནང་རོགས། མི་གཞན་སུ་ཞིག་གིས་ངའི་བྱ་སྤྱོད་ལ་སྐྱོན་དུ་མཐོང་མིན་ནི་མི་ཁོ་རང་ལ་རག་ལས་པས་སེམས་འཛིན་བྱེད་དགོས་པ་ཞིག་མིན། ངའི་བྱ་སྤྱོད་ཀྱི་རྐྱེན་པས་མི་སུ་ཞིག་ལ་གཟིགས་ཕྱོགས་མི་བདེ་བ་བྱུང་བ་མཐའ་དག་ལ་སྙིང་ནས་དགོངས་དག་ཞུ་རྒྱུ་ཡིན།
བོད་དོན་དང་འབྲེལ་བའི་བཀའ་མོལ་གནང་རོགས་གནང་་་་སྒེར་དོན་རྩོད་ས་འདི་ནང་མ་རེད་དགོངས་དག་
ཡང་སྟེང་སྤྲུལ་སྐུ་ཁོང་ནི་བོད་མི་རིགས་ལ་བརྩེ་སེམས་དང་ལྷག་པར་དུ་༧གོང་ས་མཆོག་གི་གཅིག་གསུང་བཀའ་སྒྲུབ་གནང་མཁན་ཡིན་པ་དོག་པ་ནམ་ཡང་མི་དགོས་་གང་ལགས་ཞུ་ན་་་་་་ཤུགས་ལྡན་པ་ཚོའི་མཉམ་དུ་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་མཆོག་གསུལ་ལ་དམ་བཅའ་འཕུལ་ཟིན་པ་མ་ཟད་་་་་ཁོང་གི་ཕ་ཡུལ་གི་དགོན་པ་དེ་ཡང་ཤུགས་ལྡན་བསྟེན་མཁན་ཡིན་པས་་་་་དགོན་པ་དེ་དང་་་ལུང་པ་དེའི་ནང་མི་དམངས་ཚོ་ལ་དེང་སང་འབྲེལ་བ་གནང་གི་མེད་པ་རེད་་་་མ་ཟད་ཁོང་གི་འཁྲུངས་ཡུལ་དེའི་ནང་བོད་དོན་དང་འབྲེལ་བའི་ཕྱགས་ལས་ག་ཚོད་གནང་ཡོད་མེད་ཤེས་པ་གནང་དགོས་་་་་་ཁོང་གི་རྣམ་མཐར་ཤེས་པའི་ཐོབ་ནས་བཀའ་མོལ་གསུང་རོགས་་་་་་་ཁོང་ནང་བཞིན་སྤྲུལ་པའི་སྐུ་ཡོད་ན་ག་ཚོད་ཡོད་ནའང་དགོས་ངེས་ཡིན་་་་་
གསན་ནའོ། ཡང་སྟེང་སྤྲུལ་སྐུའི་འོ། སྐུ་མདུན་གྱི་སྐུ་ཚེའི་རྒྱུན་བསྲིང་བའི་ཆོ་ག་རྣལ་མ་དག་ལ་ཧུར་ཐག་བྱ་བ་ལས་གཞན་པའི་དོན་མཆོག་སྐྲ་ཅན་རྣམས་ལ་མ་མཆིས་སོ། དེའི་ཕྱིར་བཅའ་བ་འམ་བཏུང་བ་འམ་སྲན་ཚོད་དམ་བཟའ་བ་དག་ལ་དྲན་པ་ཉེ་བར་བཞག་ནས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། ནོར་ལས་བྱུང་བའི་ལོག་པར་རྟོག་པ་དག་བཟློག་པའི་དོན་དུ་ཆོས་མངོན་པར་མཁས་པས་འབད་པར་མི་བྱའོ། དེ་ནི་འཚང་འབྲུ་བ་ལ་མཁས་པ་དང་ནོར་བདག་རྣམས་ཀྱིས་སོ། གོམས་ལོབས་སུ་གྱུར་པའི་ཡི་གེའི་སྦྱོར་བ་དག་ཉིན་ཐོར་བཞག་གོ དེ་ནི་ལོ་བརྒྱ་སྟོང་གི་འོག་ཏུ་ཡང་སྐྱེ་བོ་ཁྲི་ཕྲག་གིས་འདོན་པར་འགྱུར་བ་དོགས་པར་མི་བྱའོ། སྐྲ་ཅན་རྣམས་ཀྱི་རེ་བ་མདོ་བྱས་པའོ། བོད་ཀྱི་ཡང་ངོ་།