གླང་དར་ཚ་བོ།
སྒེར་སེམས་ཁོག་ཏུ་སྦས་ནས།།
སྤྱི་སེམས་ཁ་རུ་འཁྱེར་བའི།།
ཁ་ཁོག་ཐ་དད་གྱུར་རྣམས།།
མཐའ་ལམ་གྱེན་འགྲོ་མེད་ཤོག།
ཚེ་སྲོག་གཏའ་མར་ཕུལ་བའི།།
རྒྱལ་གཅེས་དཔའ་རྒོད་ཕོ་མོ།།
སྒེར་དོན་ལག་ཆར་བཀོལ་མི།།
དམྱལ་བའི་གཏིང་དུ་ལྷུང་ཤོག།
ཆོལ་ཞེན་ངར་སེམས་དྲག་པོས།།
སྤྱི་བར་རྡོག་བརྫིས་བཏང་སྟེ།།
དགྲ་བོ་དགའ་དགོས་བཟོ་མཁན།།
ཚེ་ཐག་འཇའ་ཚོན་ལྟར་ཤོག།
ཕྱོགས་ཁག་དཔུང་སྒྲིག་ཆེན་མོས།།
མང་གཙོའི་ཐོབ་དབང་འཕྲོག་པའི།།
སྒེར་གཅོད་བསྐྱར་གསོ་འབོད་མི།།
ཁྲག་དང་རྣག་གིས་ཟིན་ཤོག།
བོད་མིའི་སྐྱིད་སྡུག་མཉམ་མྱོང།
དཔའ་བོ་དཔའ་མོ་དག་ལ་མྱ་ངན་ཡང་ཡང་ཞུ།
སྙན་ངག་ཡག་བྱུང་།
སྙན་ངག་ཡག་མོ་བྲིས་འདུག་།
ཁོང་ཁྲོ་ཆེ་སོའི་འདུག་།
དེ་འདྲའི་ང་རྒྱལ་དགོས་སམ་།