༄༅ སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་འཐུས་མིའི་དམིགས་བསལ་ཚོགས་འདུ་གཉིས་པའི་ནངདགུ་བཅུ་གསུམ་གྱི་ཚོགས་མི་དྲུག་པོ་ཐད་མང་མོས་གྲོས་ཐག་ཆོད་པའི་གནད་དོན་ཁག་ནི
༡ དེ་སྔ་དགུ་བཅུ་གསུམ་གྱི་ཚོགས་མི་དྲུག་པོ་དག་ལ་བདུན་ཕྲག་གཅིག་རིང་བསམ་ཤེས་ཐོངས་བའི་དུས་ཚོད་ཕུལ་བབཞིན་ཚོགས་མི་གཅིག་སྟེ་བློ་བཟང་མཁས་གྲུབ་ལགས་ནས་དགོངས་པ་བཞེས་ཏེ་ཕྱིར་རྒྱ་གར་དུ་ལོག་གཏན་འཁེལ་བར་བརྟེནབསྔགས་བརྗོད་ཀྱིས་ཁོང་ཉིད་དུས་ཡུན་རིང་པོ་མ་ཐོགས་པར་ཕྱིར་རང་གནས་སུ་འབྱོར་ཐབས་བྱ་རྒྱུ་སྤྱི་མོས་ཐག་ཆོད་གནང་
༢ འཐུས་མིའི་ཁྱབ་བརྡ་དང་པོའི་དུས་ཡུན་ནང་ཚོགས་མི་གཞན་དག་ལྔ་པོ་ནས་བཟང་ཕྱོགས་ཀྱི་ཡ་ལན་རྩ་ནས་མ་བྱུང་ཡང་ འཐུས་མི་མང་ནས་ཚོགས་མི་ལྔ་པོ་དག་ལ་བསྐྱར་དུ་ཐུགས་བསམ་ནན་པོ་བཞེས་རྒྱུའི་དུས་ཡུན་ཕྱི་ཚེས་ ༡༩ བར་དུ་འབུལ་རྒྱུ་བྱས དུས་བཀག་དེའི་མཚམས་ནས་ཐོག་མའི་ཐག་ཆོད་ཟིན་པ་བཞིན་འཕྲལ་དུ་རྩིས་སྤྲོད་བྱ་རྒྱུ་མ་ཟད དུས་ཡུན་དེའི་རིང་རྩིས་སྤྲོས་བྱེད་ཕྱོགས་སྐོར་ལའང་འབྲེལ་ཡོད་ལས་བྱེད་མཉམ་དུ་སློབ་སྟོན་ཕུལ་ཕྱིན་ཞུ་རྒྱུ་བྱས
༣ འཐུས་མིའི་ཁྱབ་བརྡ་དང་པོའི་དོན་ཚན་བཞི་པ་སྟེ་ ༼ མི་ཚང་དང་གྲོགས་པོ་སོགས་སུས་སྐུལ་སློང་ངམ་རོགས་སྐྱོར་བྱསསྟེ་ཉར་སྡོད་བྱས་པའི་གནས་ཚུལ་སོགས་ཉེན་རྟོགས་པས་ར་སྤྲོད་བྱུང་ན་ཁྲིམས་ཐོག་ནས་ལོ་གཅིག་རིང་བཙོན་བཅུག་དང་དཔལ་འབྱོར་གྱི་ཉེས་ཆས་ལྗིད་པོ་ཕོགས་རྒྱུར་བརྟེན ང་ཚོ་བོད་རིགས་མི་མང་ནས་འགན་ལེན་གང་ཡང་མེད ༽ ཅེས་པའི་ནང་ཉས་ཆས་བཙོན་བཅུག་ལོ་གཅིག་རིང་འཁོད་ཡོད་ཀྱང་ ད་ཆ་ཤེས་རྟོགས་བྱུང་བར་གཞིགས་ན་ལོ་ཚད་གཅིག་མ་ཡིན་པར་ལོ་འཁོར་ལྔའི་བར་དུ་བཙོན་བཅུག་གི་ཉས་ཆས་ཕོགས་རྒྱུ་ཡིན་པར་ཐུགས་འཇགས་ཡོང་བ་ཞུ
ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡༢ ལ
༄༅ སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་འཐུས་མིའི་དམིགས་བསལ་ཛ་དྲག་ཚོགས་འདུ་འོག་ནས་ཡོངས་ཁྱབ་བརྡ་ཐོར
དགུ་བཅུ་གསུམ་གྱི་གཏམ་བརྗོད་འཁྲབ་སྟོན་གནང་མཁན་ཚོགས་མི་ ༡༥ ཡོད་པའི་ནང་ནས་ཚོགས་མི་ ༩ ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༤ཉིན་ཛུ་རིག་གནམ་ཐང་ནས་ལྡི་ལིར་ཕྱིར་ལོག་ཕེབས་ཡོད་ཀྱང་ ད་ལྟའང་ཚོགས་མི་གཞན་ ༦ སྤུན་ཉེ་གྲོགསསོགས་ཀྱི་ཐུག་འཕྲད་ལ་ཕྱིན་ནསདུས་ཐོག་ཏུ་མ་འབྱོར་བ་མ་ཟད ད་ལྟ་གང་དུ་ཡོད་མེད་གསལ་ཁ་མེད་པར་བརྟེན་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཛ་དྲག་ཚོགས་འདུ་ནས་མི་མང་ལ་གལ་ཆེའི་འབོད་སྐུལ་ནན་ཏན་ཞུ་རྒྱུར་
༡༽ དགུ་བཅུ་གསུམ་གྱི་ཚོགས་མི་དྲུག་པོ་བདུན་ཕྲག་གཅིག་གི་ནང་ཚུད་དེ་ཕྱི་ཚེས་ ༡༡ བར་ས་གནས་གང་དུ་ཡོད་མེདཤེསརྟོགས་བྱུང་ན་ས་གནས་འཐུས་མིའམ མི་མང་གི་ཚོགས་གཞོན་སུ་བྱུང་ལ་འབྲེལ་བའམ་རྩིས་སྤྲོད་གནང་དགོས
༢༽ བདུན་ཕྲག་གཅིག་གི་ནང་ཚུད་འབྲེལ་བ་བྱས་ན་རྒྱ་གར་དུ་ཕྱིར་ལོག་བྱ་རྒྱུའི་གནམ་གྲུའི་ལག་འཁྱེར་འབུལ་རྒྱུ
༣༽ གལ་ཏེ་བདུན་ཕྲག་གཅིག་གི་ནང་ཚུད་འབྲེལ་བ་མ་བྱས་ཚེ་སུད་སི་གཞུང་གི་ཉེན་རྟོགས་ལས་ཁུངས་ལ་སྙན་སེངཞུསསྟེ་དོ་བདག་སོ་སོའི་ཡིག་ཆ་གང་ཡོད་རྩིས་སྤྲོད་མི་བྱ་ཀ་མེད་ཡིན
༤༽ མི་ཚང་དང་གྲོགས་པོ་སོགས་སུས་སྐུལ་སློང་ངམ་རོགས་སྐྱོར་བྱས་སྟེ་ཉར་སྡོད་བྱས་པའི་གནས་ཚུལ་སོགས་ཉེན་རྟོགསཔས་ར་སྤྲོད་བྱུང་ན་ཁྲིམས་ཐོག་ནས་ལོ་གཅིག་རིང་བཙོན་བཅུག་དང་དཔལ་འབྱོར་གྱི་ཉེས་ཆས་ལྗིད་པོ་ཕོགས་རྒྱུར་བརྟེན ང་ཚོ་བོད་རིགས་མི་མང་ནས་འགན་ལེན་གང་ཡང་མེད
༥༽ ང་ཚོས་སུད་སི་རྒྱལ་ནང་ཙམ་མ་ཡིན་པར་ཡུ་རོབ་ནང་ཡོད་པའི་འབྲེལ་ཡོད་སྐྱབས་བཅོལ་ལས་ཁུངས་དང་ས་གནས་ཉེན་རྟོགས་པ་ལའང་འབྲེལ་བ་བྱ་བརྩི་ཡིན
༦༽ མ་ཟད་ས་གནས་ཡུ་རོབ་སྐུ་ཚབ་དོན་གཅོད་ཁང་དང་བོད་རིགས་ཚོགས་པ་ཚང་མར་ཁྱབ་བསྒྲགས་བྱ་རྒྱུ་ཡིན
མཐའ་དོན་ཚོགས་མི་དྲུག་པོ་དེ་དག་དང་འབྲེལ་ཡོད་ཚང་མས་གོང་གསལ་གནས་དོན་རྣམས་ལ་ངེས་པར་དུ་བསམ་ཤེས་ཀྱི་རངགཞན་གཉིསཕུངས་མ་བྱུང་སྔོན་སུད་སི་བོད་རིགས་མི་མང་གི་ཚོགས་པར་འབྲེལ་བ་བྱ་རྒྱུའི་བདུན་ཕྲག་གཅིག་གི་གོ་སྐབས་གནང་རྒྱུ་སྤྱི་མོས་ཐག་ཆོད་བྱུང་
སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་ ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༤ ལ
༼གོང་གསལ་ཡི་གེ་གཉིས་ཀྱི་ངོ་བཤུས་གཤམ་གྱི་འབྲེལ་ཐག་ན་ཡོད།༽
tgsl1
tgsl2
སྙིང་རྗེ།བོད་མི་ཆོ༹་གནས་གང་ཞིག་ལ་སོང་ནའང་འདི་ལྟར་རེད།
སུད་སུ་དོན་གཅོད་ཀྱིས་ཁོང་ཆོ༹་ལ་རོགས་པ་འདྲ་བྱེད་ཐུབ་ཀྱི་མེད་ནི་རེད།སྤྱིར་མི་གཞན་ཞིག་དང་རང་གཞུང་གི་ལས་ཁུངས་ག་གེ་མོ་ཞིག་ལ་རེ་བ་རྒྱག་དགོས་ན་འུ་ཐུགས་ཐབས་ཟད་ཀྱི་ལས་་རེད།ཕྱི་ལོགས་ཀྱི་རང་གཞུང་གི་དོན་གཅོད་འདི་ཆོ༹འི་དོན་དག་འདི་ལྟ་བུ་ལ་ཞིག་ལའང་རོགས་པ་བྱེད་མི་ཐུབ་ན་ཁོང་ཆོ༹ས་བོད་མི་དམངས་ལ་ཕན་པའི་ལས་དཀའ་ག་རེ་ཞིག་གི་ཆེད་མ་ཁོམ་མ་འགྲུབ་ལ་སྡད་ཡོད་ནི་རེད།བཅོ༹ན་ཟུར་ཆོ༹་དབང་ཆ་སྒེར་གཅོད་བྱེད་པའི་རང་གཞུང་གི་ལས་བྱེད་དག་གིས་ཁྱེད་ཆོ༹་ཡང་བསྐྱར་བཅོ༹ན་ཁང་ཞིག་ལ་བསྐྱེལ་རྕི༹ས་ཡོད་པ་འདྲ།འུ་ཆུ༹གས་ཀྱིས་མཐའ་བསྐྱེལ་དགོས།བཅོ༹ན་ཁང་དང་སྲང་ལམ་སོགས་ནས་ཉལ་དགོས་ནའང་རང་ཉིད་ཀྱི་གང་སྒྲུབ་འདོད་པ་དེ་ཨེ་འགྲུབ་ལྟ་དགོས།
གཞན་ཕྱོ་ལོགས་ཀྱི་བོད་མི་འདི་ཆོ༹འང་དེ་བཞིན་ཡིན།ཁོང་ཆོ༹་ལ་ལས་དཀའ་ཞིག་རེག་ཡིག་ཆ་དག་འགྲྱབ་ན་ཁྱེད་ཅག་གི་མདུན་ནས་སྐྱག་གླེབ་དང་ཁྱེད་ཅག་གི་སེམས་ཤུགས་ཕམ་ཉེས་གཏོང་རྕི༹་མ་གཏོགས་ཕན་གང་ཡང་མི་ཐོགས།
འུ་ཆུ༹གས་ཀྱི་མཐའ་བསྐྱེལ་དགོས།
“བོད་མིའི་ཞབས་འདྲེན་ཆགས་གི་རེད། ང་ཚོའི་སྤྱི་ཚོགས་ལ་མིང་ཅན་བཟོ་གི་རེད།” ཅེས་པའི་སེམས་ཁྲལ་དང་དྭོགས་ཟོན་འདི་དག་གིས་མཚམས་རེར་ང་ཚོ་ལ་འདི་འདྲའི་གནད་དོན་བསླངས་ཡོང་གི་འདུག འདི་སུད་སི་ཙམ་ཞིག་མ་རེད། ང་ཚོའི་གཞུང་དང་ཚོགས་པ་ཁག་གི་མི་སྣ་ལ་ཡ་རབས་ཀྱི་བོད་མི་ཁོ་ན་དགོས་པ་འདི་གང་ཡིན་ནམ། མཚན་དང་སྙན་གྲགས་ལ་ཐུག་དུས་བོད་རིགས་སྤུན་ཟླ་བློས་གཏོང་བ་འདི་ནི་བོད་བཙད་པོའི་གདུང་རྒྱུད་ཀྱི་བྱེད་སྟངས་ཤིག་མ་རེད་དྲན།
དྲ་གྲོགས་ཚོ། སྤྱིར་བོད་མི་དྲུག་པོ་དེ་དག་གིས་དགུ་བཅུ་གསུམ་ལྟ་བུའི་ཡིད་ཆེས་ཡོད་པའི་ཚོགས་པ་ཞིག་བེད་སྤྱད་ནས་རང་གི་སྐྱབས་བཅོལ་ལམ་བུ་འཚོལ་བ་འདི། ཚོགས་པ་འདི་དང་ཚོགས་པ་འདིས་མགོ་འདྲེན་བྱེད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་བདེ་སྡུག་ལ་བསམ་ཤེས་མེད་པ་འདི་ཐབས་སྐྱོ་བོ་རེད། ངས་ཀྱང་ཁོང་ཚོར་ཞུ་བ་འཐེན་ནས། མ་འོངས་པའི་ཚོགས་པ་འདིའི་བྱ་གཞག་དང་ཆབ་སྲིད་བཙོན་པ་རྣམས་ཀྱི་བདེ་སྡུག་གི་ཆེད། མགྱོགས་མྱུར་ལོག་ཕེབས་རོགས་ཞུ་རྒྱུ་ཡིན།
རྒྱལ་སྤྱིའི་ནང་ཁས་ལེན་བྱེད་པའི་བོད་དང་འབྲེལ་ཡོད་ཀྱི་ཆབ་སྲིད་ཚོགས་པ་དགུ་བཅུ་གསུམ་ནི་ངོ་མ་མི་མང་པོ་ཞིག་དང་བོད་ཀྱི་སྤྱི་དོན་ལ་ཞབས་འདེགས་ལེགས་པོ་སྒྲུབ་བཞིན་ཡོད།
ཡིན་ནའང་། སུད་སིའི་བོད་རིགས་ཚོགས་པའི་འཇིགས་སྐུལ་རིང་ལུགས་པ་ལྟ་བུའི་བཙོན་འཇུག་གི་ལོ་ཚད་དང་འཇིགས་སྐུལ་ཁོ་ནས་ཁོང་ཚོ་འབུད་ཐབས་བྱེད་པ་ཡང་ཐབས་ཡག་པོ་མ་རེད་སྙམ།
སུད་སི་བོད་རིགས་རྣམས་ཀྱིས་རྒྱ་གར་དང་བོད་ནས་གསར་འབྱོར་བ་ཡོང་ན་ཁྱོན་ནས་དགའ་པོ་མེད་པའི་རྣམ་འགྱུར་འདོན་གྱི་འདུག རོགས་པ་ལྟ་ཞོག གནོད་པ་མ་སྐྱེལ་ན་ཡག་པོ་རེད་ཅེས་བོད་ནས་གསར་འབྱོར་བ་ཞིག་གིས་གསུངས་བྱུང་།
གནས་ཚུལ་འདི་ལ་ཕྱོགས་གཉིས་ནས་བལྟ་དགོས་ཀྱི་འདུག གཅིག་ནི་ང་ཚོའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ངོས་ནས་གཞུང་དོན་ཐོག་ཕྱི་བསྐྱོད་བྱེད་སྐབས་འགྲོ་མི་སུ་ཡིན་ནའང་འགན་ཞིག་འཁྱེར་ནས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་འགྲུལ་བཞུད་ཀྱི་འགྲོ་གྲོན་དང་ཡིག་ཆ་བཀོད་སྒྲིག་ཚང་མ་ལས་ཁུངས་རང་ནས་གྲ་སྒྲིག་བྱེད་བཞིན་ཡོད་པ་ཡོད་རེད། དེ་ན་མགོ་བཀའ་བློན་ནས་མཇུག་ལས་ཁུང་ཁག་གི་རླངས་འཁོར་ཁ་ལོ་བ་ཚུན་ཆད་ཕྱིར་རྒྱལ་ལ་ཐར་རྗེས་ཕྱིར་མ་ལོག་ན་མཇུག་གི་ལས་དོན་དང་ལས་ཀ་སུས་བྱེད་དགོས་བ་རེད། ང་ཚོའི་ཆབ་སྲིད་ཀྱི་ལས་ཁུང་དང་ཚོགས་པ་འདི་ཚོ་ཡང་བོད་པ་མང་ཙམ་ཕྱིར་རྒྱལ་ལ་ཐར་བའི་ཆེད་བཙུགས་པ་ག་ལ་ཡིན། གཉིས་བ་ཡོ་རོབ་ཁག་གི་མགྲོན་ཤོག་གཏོང་སྟངས་དང་སྐྱབས་བཅོལ་ཞུ་སྟངས་ཀྱི་སྒྲིག་འཛུགས་ཨ་རི་དང་ཁ་ན་ཊར་ལྟོས་ན་ཧ་ཅང་དམ་དྲག་དང་རྙོག་འཛིང་ཞིག་རེད། གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་གིས་ཕྱི་མིར༼གུང་གསེང་དང་ལས་དོན་ཆེད་གདན་ཞུ༽མགྲོན་ཤོག་བཏང་ནས་རྗེས་སུ་དེའི་འགན་མ་ཐེག་ན་ཚོགས་པ་དེར་ཁྲིམས་ཐོག་ནས་སྒོ་རྒྱག་དགོས་བ་དང་ཁེ་ལས་ཀྱི་ཚོགས་པ་ཡིན་ན་དཔལ་འབྱོར་གྱི་ཉེ་ཆད་གཅོད་པའི་ཁྲིམས་ཡོད་པ་རེད། གནས་ཚུལ་གཞན་ཞིག་ནི་སུད་སུའི་བོད་པའི་ནང་ཁུལ་དུ་ཉེན་རྟོགས་པར་རྩིས་སྤྲོད་བྱེད་པའི་ལུགས་སྲོལ་དང་བོད་རིགས་ནང་ཁུལ་གྱི་མཐུན་ལམ་ཡག་པོ་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་ནི་ཐོག་དང་པོ་ཆོལ་ཁ་དང་ལུང་ཚན་བྱེ་བྲག་པའི་སྐྱིད་སྡུག་ཚོགས་པ་མང་པོ་ཞིག་བཙུགས་རྗེས་རྙོག་དྲ་འདིའི་མགོ་བརྩམས་འདུག དུས་དེ་ནས་བོད་པའི་ལོ་གསར་སོགས་སྤྲོ་སྐྱིད་ཅི་ཞིག་གཏོང་ནའང་ཚང་མ་མཉམ་འཛོམས་དང་གཅིག་སྒྲིལ་གྱི་ནུས་བ་མི་འདོན་པར་ལུང་ཚན་དང་ཚོགས་པ་སོ་སོས་འགྲན་བསྡུར་ལྟ་བུ་བྱས་ཏེ་ཕྲག་དོག་གི་མེ་ཁ་གསོས་བ་རེད། སྐབས་དེ་དུས་ཞིག་ལ་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་བོད་པ་གཉིས་༼གཅིག་བོད་ནས་དགེ་རྒན་དང་གཅིག་ཏེ་གཞས་བ་ཞིག དེང་སང་སུད་སུར་གཞས་གཏོང་མཁན་དེ༽འབྱོར་བ་སྡེ་དགེ་བ་གཞན་འགས༼འཇིག་རྟེན་རྙིང་བ་ཕན་ཚུན་བར་ཤ་འཁོན་ཡོད༽སུད་སུ་ནས་ཕུད་ཐབས་བྱས་ཏེ་མི་འདི་གཉིས་གནམ་ཐང་ལ་བབས་པའི་ཉིན་གྱི་ཚེས་གྲངས་ཉེན་རྟོགས་པར་སྤྲད་དེ་ཁོ་གཉིས་ལ་ཆབ་སྲིད་ཀྱི་གནད་དོན་ཅི་ཡང་མེད་ལུགས་དང་སྐྱབས་བཅོལ་ཞུ་བཞིན་པའི་སྒྲུང་རྫུན་མ་ཡིན་ལུགས། བོད་ནང་དུ་ཁོ་གཉིས་འགྲོ་འདུག་རང་དབང་ཡིན་པའི་བདེན་དཔང་ལ་གཞས་བ་དེའི་བོད་ནས་བཏངས་བའི་འོད་སྡེར་གཅིག་བཅས་རྩིས་སྤྲད་པ་རེད་ཟེར། རྗེས་སུ་རང་མི་རང་གིས་བཙོངས་བའི་ངན་ལུགས་འདི་རྒྱུན་འཇགས་སུ་ཕྱིན་ཏེ། དེང་སངས་གཟབ་གཟབ་མ་བྱས་ན་ངོ་ཤེས་མིན་གཉིས་ཀས་ཉེན་རྟོགས་པར་རྩིས་བྱེད་རྒྱུ་ཡིན་པའི་ཉེན་བརྡའམ་འཇིགས་སྐུལ་ལུགས་ཞིག་དར་བ་རེད། དེར་བརྟེན་དྲ་གྲོགས་ཁྱེད་ཚོ་ཕྱིའི་རྒྱལ་ཁབ་གང་དུ་ཡོད་ཀྱང་སོ་སོའི་ས་གནས་སུ་ཕན་མི་ཐོགས་པའི་ཕ་ཡུལ་དང་ལུང་ཚན་གཅིག་པ་ཞེས་བའི་འདུ་འཛོམས་དང་སྤྲོ་སྐྱིད་གཏོང་བའི་ལམ་ལུགས་སྲོལ་འདི་མ་བཏོད་རོགས། འདིས་རྗེས་སུ་ཕན་ཚུན་བར་ཁ་མི་འཆམ་ཞིང་གྲོས་མི་འགྲིག་པའི་སྣེ་ཞིག་མ་གཏོགས་བོད་པའི་སྤྱིའི་སྒྲིག་འཛུགས་ལ་ཕན་ཐོགས་ཅི་ཡང་མི་འདུག ང་ཚོར་དགོས་བ་ནི་མཐུན་སྒྲིལ་དང་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུ་དེ་རེད།
ཁྱེད་ཚོས་སྐྱག་པ་སྐམ་པོའི་མང་མོས་གྲོས་ཆོད། ཁྱེད་ཚོའི་བརྡ་ཁྱབ་དེར་བལྟས་ན་བོད་རིགས་མཐུན་ཚོགས་ཤིག་ཡིན་པའི་བཟོ་མི་འདུག ཁྱེད་ཚོ་ཉེན་རྟོག་གི་ཡན་ལག་ལས་ཁུངས་ཤིག་ཡིན་པ་འདྲ་བོ་འདུག
ཁོང་ཚོར་རོགས་བྱེད་མ་ཐུབ་ན་ཡང་ཉེན་རྟོག་ལ་རྩིས་སྤྲད་དགོས་པའི་འགན་སུས་བསྐུར་བ་རེད། གལ་སྲིད་ཁོང་ཚོ་དེར་མགྲོན་འབོད་བྱེད་པར་ཁྱེད་ཚོར་འབྲེལ་བ་ཡོད་སྲིད་ནའང་ཟློས་གར་པ་ཚོའི་ནང་ནས་མི་སྒེར་བ་འགའ་ཤས་གསང་བྲོས་བྱས་ཕྱིན་པ་ཡིན་ན་དེ་ལ་ཁྱེད་ཚོར་ཁྲིམས་ཐོག་གི་འགན་ག་རེ་ཡོད་པ་རེད། ཁྱེད་ཚོས་དང་པོ་ནས་ཁག་ཐག་བྱས་ཁྲིམས་ཐོག་ནས་འགན་བླངས་ཡོད་པ་ཡིན་ན་དེ་ཁྱེད་རང་ཚོའི་ནོར་འཁྲུལ་རེད།
དངོས་ནས་གོ་ན་སེམས་སྐྱོ་བའི་སྒྲུང་རེད། བོད་པས་བོད་པ་བཙོང་ལུགས་དུས་རབས་གསར་བ་འདིའི་ནང་གི་ཡིག་རྨོངས་དང་དུས་རབས་གསར་བའི་མི་སྣར་གྱུར་བར་རློམ་མཁན་བོད་པ་ཕྱི་རྒྱལ་དུ་བཞུགས་མཁན་དེ་དག་གིས་དེ་འདྲ་བྱེད་ཀྱི་འདུག་ཟེར་ན་དངོས་ནས་སེམས་སྐྱོ་བ་ལ་མཐའ་ཞིག་མི་འདུག ད་དེ་འདྲ་ཡིན་དུས་རྒྱ་ནག་གིས་བོད་པ་ལ་སྡང་གདུག་བྱེད་པ་ལ་ཁག་ག་ལ་ཡོད། ཁོང་ཚོ་ས་ཆ་དང་གཏེར་ཁ། ཡུལ་ལྗོངས་དང་ཐོན་རྫས་ཁྱད་དུ་འཕགས་པ་མང་བོ་ཞིག་ཐོབ་རྒྱུ་ཡོད་པ་རེད། འོ་ན་ཕྱི་རྒྱལ་དུ་འབོད་པའི་ཡུལ་གྲུ་དེའི་སྐྱབས་བཅོལ་དུ་བསྡོད་མཁན་བོད་པ་དེ་དག་གིས་རང་མི་དེ་དག་བཙོན་འཇུག་བྱེད་པར་སྐུལ་ལོངས་སོགས་བྱས་དེ་ཁོང་ཚོ་ལ་དོན་དངོས་ཐོག་གང་ཞིག་ཐོབ་ཀྱི་རེད་དམ། ཁོང་ཚོ་མི་དྲུག་དེ་ཡང་བསམ་ཤེས་ཤིག་བྱེད་མ་ཐུབ་ཀྱང་། དེ་འདྲ་དངོས་ནས་བྱེད་སྲོལ་ཞིག་ག་ལ་ཡོད། ད་ནི་སྐྱུག་བྲོ་བའི་ལོ་རྒྱུས་འདི་དག་རྒྱ་ནག་གི་རྣ་ལམ་དུ་སོང་བ་ཡིན་ན། དགའ་ཐག་ཆོད་ནས་བཙོན་དུ་འཚུད་པའི་ཆབ་སྲིད་བཙོན་པ་དེ་དག་གི་འགྲམ་དུ་སོང་དེ། ད་བལྟས་དང་ཁྱེད་ཅག་གིས་བོད་དོན་ཡིན་ན་གཅིག་གི་ཆེད་དུ་རང་སྲོག་མི་དགོས་པར་སྐད་བརྒྱབ་ཀྱང་། ཕྱི་རྒྱལ་ན་ཁྱེད་ཚོ་འདྲ་བའི་ཆབ་སྲིད་བཙོན་པ་དེ་དག་སླར་ཡང་བོད་པ་རང་གིས་མིས་ཁྲིམས་ལ་སྤྱར་རྒྱུ་འདུག་ཟེར་མི་སྲིད་པ་མིན། དཀོན་མཆོག་མཁྱེན།
རེད་ཡ། ཕྱོགས་ངོས་གཞན་ནས་གླེང་ན་དགུ་བཅུ་གསུམ་གྱིས་ཚོགས་མི་དྲུག་པོ་དེའི་རང་གི་ཚོགས་པའི་སྐྱིད་སྡུག་དང་རྗེས་ཕྱོགས་ཀྱི་ཆབ་སྲིད་བཙོན་པ་དེ་དག་གི་འགྲོ་འོང་སྟབས་བདེ་ཡིན་མིན་ལ་བསམ་གཞིགས་གནང་མ་ཐུབ་པར་ཚོགས་པ་ལ་དགོངས་པ་མ་ཞུས་པར་དེ་ལྟར་གནང་བ་ནི་དངོས་ནས་མ་འགྲིག་པ་ཞིག་ཡིན་པ་སྔ་ས་ནས་ཤེས་ཡོད་ན་ཅི་མ་རུང་སྙམ་ཞོར་དུ། ཁོང་ཚོས་རོལ་བཞིན་པའི་རྡ་སའི་གྲོང་གི་འཚོ་བ་དེ་ལ་ཡང་བསམ་བློ་རེ་བཏང་ན་ཁོང་ཚོ་ལ་ཡང་འཚོ་བ་ལེགས་པོ་ཞིག་རོལ་བའི་གོ་སྐབས་ཤིག་བྱུང་ན་མ་འགྲིག་པ་ག་ལ་ཡོད་སྙམ་ཞོར། བོད་པ་ཚང་གི་ལ་རྒྱ་མེད་པའི་སུད་སིར་གནས་བསྡོད་ཀྱི་བོད་མིང་འཛིན་མཁན་བོད་པའི་ནང་ཁུལ་དུ་དཀྲུགས་ཤིང་བཟོ་མཁན་དེ་དག་གི་བྱེད་སྟངས་ལ་དངོས་ནས་སྐྱུག་མེར་བླངས་པ་མ་ཟད། ཞོར་དུ་ཚོགས་མི་དེ་དག་འབྱུང་འགྱུར་གྱི་ལས་དབང་ལ་ཡང་སེམས་འཁྲལ་ཞིག་སྐྱེ།
འདི་ལ་བོད་སྐད་རྣལ་མའི་ཐ་སྙད་ལ་ཕེར་མོ་ཟེར་ཞིང་། རིག་གནས་གསར་བརྗེའི་སྐབས་ཀྱི་ཐ་སྙད་ལྟར་ན་ཧུར་བརྩོན་ཅན་ཟེར་བ་དེ་རེད། མི་འདི་དག་རིག་གནས་གསར་བརྗེའི་སྐབས་སུ་བོད་ན་ཡོད་པ་ཡིན་ན་སྐུ་གསུང་ཐུགས་རྟེན་གཏོར་བཅོམ་བྱེད་མཁན་གྱི་སྣ་འདྲེན་གྱི་གྲས་ཡིན་པ་ལ་ཕལ་ཆེར་ཐེ་ཚོམ་ཡོད་པ་མ་རེད།
ངའི་གོང་གི་ཡི་གེ་ཐིག་འཕྲེང་དང་པོ་ཀློག་མ་ཚར་གོང་། སྙིང་ལང་ནས་མུ་འཐུད་ཀློག་ཐུབ་མ་སོང་། མ་གཞི་སྟོད་པ་དང་དབུས་པ་འདི་ཚོ། ཁྲག་དོག་དང་གནོད་སེམས་ཁོ་ན་ལས། མི་རིགས་དང་ལ་རྒྱ།་ ངོ་ཚ་བསམ་མཁན་ཉུང་ཉུང་རེད་། དྲུག་ཅུ་རེ་གྲངས་ནས་ཕྱི་རྒྱལ་ལ་འཆོ་བ་བསྐྱེད་འགོ་ཚུགས་ན་ཡང་། འདིས་ནང་ལ་ཁྲིམས་རྩོད་པ་དང་སྨན་པ།་ ཐ་ན་ལག་རྩལ་པ་ཞིག་ཀྱང་མེད་ཁུ། བལྟས་དང་བཙོན་ཟུར་པ་འདི་ཚོའི་སྟེང་བྱེད་སྟངས་ལ།དེ་ནས་དགུ་བཅུ་གསུམ་འདི་ཡང་། བཙོན་པ་རོགས་བྱེད་མཁན་རེད་དང་ ། བཙོན་པ་སྡིག་གཏོང་མཁན་རེད་།ཁོང་ཚོས་བྱེད་སྟང་ལ་བལྟས་ན། རྒྱ་གུང་ཁྲན་རྒྱབ་ན་མེད་དམ་བསམ་ཀི ཁྱི་རྒན་འདི་ཚོ། ངོ་མ་ཡག་མོ་བསྡད་བཅུག་ས་མ་རེད་།
ཆབ་སྲིད་བཙོན་ཟུར་དེ་ཚོས་ཀྱང་མི་ཚེ་སྟོད་ལ་མི་རིགས་ཟེར་ནས་བྱས་རྗེས་བཞག་པ་རེད། ད་ཕྱི་རྒྱལ་ནས་སྐྱབ་བཅོལ་གྱི་ཅེད་དེ་འདྲའི་རང་གཟིགས་སྟོན་དགོས་པ་མ་རེད། དགུ་བཅུ་གསུམ་ནས་རེ་རེ་བཞིན་ག་ལེར་ག་ལེར་ཕྱི་རྒྱལ་ལ་གཏོང་གི་ཡོད་པ་མ་རེད་དམ། ཚོགས་པའི་འགན་ཁྱེར་ནས་དེར་སོང་ན་ཕྱིར་མི་ཡོང་བའི་བྱ་ཞི་གཡོད་དམ།
དེ་ནས་སུད་སི་བོད་རིགས་ཚོགས་པ་ཡིན་ཡང་བོད་པ་ནང་ཁུལ་ནས་ཕན་ཚུན་སྐད་ཆ་བཤད་ནས་འགྲིག་མཐུན་དང་ཐག་གཅོད་བྱེད་ན་བཟང་བ་ལས། ཉེན་རྟོག་པ་སོགས་ལ་རྩིས་སྤྲད་དེ་དེ་འདྲ་བྱེད་དོན་མེད། ང་ཚོས་ནམ་རགྱུན་རྒྱ་ནག་ལ་ཡང་སྐད་ཆ་བཤད་ནས་དཀའ་རྙོག་སེལ་ཐབས་བྱ་དགོས་ཟེར་གྱིན་ཡོད་པ་རེད།་བོད་པ་ནང་ཁུལ་ལ་སྐད་ཆ་མ་བཤད་པར་དེ་འདྲའི་རྫིག་ཉམས་སྟོན་ན་དགྲ་ཕར་ཞོག་གྲོགས་ཡིན་ཡང་ཡིད་ཐང་ཆད་བྱེད་རེད།
མ་གཞི་བོད་པ་འདི་ཚོར་བྱ་བ་ཆུང་ཚགས་ཐོག་ནས་ཞབས་འདྲེན་ཞུ་ཡ་ལ་ཐེ་ཚོམ་ཞིག་མི་འདུག
གཏམ་བརྗོད་འཁྲབ་མཁན་རྣམས་རྒྱ་གར་ལ་མ་ལོག་པ་དེ་སྐྱབས་བཅོལ་བ་སྤྱི་མཚུངས་ལྟར་ཡིན་པས་ཡག་ཉེས་ཀྱི་སྐད་ཆ་བཤད་ཁག་པོ་རེད། འོན་ཀྱང་། བོད་རིགས་མཐུན་ཚོགས་ཀྱི་ཡི་གེ་འདིར་བལྟ་དུས་ཁོ་ཚོ་ངེས་པར་དུ་རྒྱ་གར་ལ་ལོག་དགོས་ཀྱི་ཡོད་པ་དང་ཁོ་ཚོ་རྒྱ་གར་ལ་ལོག་དགོས་པ་དེ་བོད་རིགས་མཐུན་ཚོགས་ཀྱི་འགན་ཡིན་པ་གསལ་བོ་རེད། དེ་མ་གཏོགས་དམིགས་བསལ་ཚོགས་འདུ་ཚོགས་ནས་གཏན་འབེབས་བྱེད་དོན་ཡོད་མ་རེད།
སོ་སོ་གབ་སའི་གནས་ཚང་ནས་སིད་སིར་སྐྱབས་བཅོལ་ཞུ་རོགས་བྱེད་ཐུབ་ན་ལྷ་རབ་རེད།
གཞན་གཏམ་བརྗོད་འཁྲབ་སྟོན་པ་རྣམས་བོད་རིགས་མཐུན་ཚོགས་ཀྱི་མིང་ཐོག་ནས་གནས་དེར་ཕེབས་ཡོད་པ་ཡིན་ན་བོད་རིགས་མཐུན་ཚོགས་ཀྱི་ཕྱག་ལས་གནང་མཁན་ཚོར་ཡང་དཀའ་ངལ་སྤྲད་པ་རེད། ཕྱོགས་གཉིས་ཀར་དཀའ་ངལ་ཡོད་དུས་ང་ཚོས་འདིར་ཁ་ཚོན་བཅད་ནས་འདི་འགྲིག་དང་འདི་མ་འགྲིག་སོང་ཟེར་ཁག་པོ་རེད། སྨྱུག་གྲོགས་ཞིག་ནི་རླུངས་ལངས་ནས་བརྒྱལ་གྲབས་བྱས་འདུག་པར་ཡང་སོ་སོའི་རྒྱུ་མཚན་ལོས་ཡོད། སིད་སིའི་བོད་རིགས་མཐུན་ཚོགས་འདི་བཞིན་ཕྱི་རྒྱར་ཡོད་པའི་བོད་རིགས་ཚོགས་ཁག་ནས་ཚགས་ཆུད་ཤོས་དང་གྲ་འགྲིག་ཤོས་ཅིག་ཡིན་པས་གོང་གསལ་སྨྱུག་གྲོགས་ཁ་ཤས་ནས་ཚོད་མེད་ཀྱི་སྐྱོན་བརྗོད་བྱས་པ་དེ་འདྲ་ཞིག་ཡིན་ནམ། མདོ་དོན་ཕན་ཚུན་ཕྱོགས་གཉིས་ནས་བསམ་ཤེས་བྱེད་རྒྱུ་དང་དཀའ་ངལ་འཕར་མ་ཞིག་མི་ཡོང་བའི་ཐབས་ཤེས་བྱེད་རྒྱུ་དེ་རེད།
བོད་དང་བལ་ཡུལ་ས་འཚམས་ཀྱི་སྤྲང་རྒན་འདི་ཚོ ། གོ་སྐབས་གང་ཡོད་ལ་སྐྱག་འབུ་ནང་བཞིན་འཚང་།ད་ལྟ་གྲོད་ཁོག་རྒྱག་ཙམ་ཆགས་དུས ། ཕྱིས་རྒྱལ་ཁབ་ཀྱི་ཁྲིམས་ཤེས་ཀྱི་ཡོད་མདོག་མདོག གློ་ཕྱི་གཏད་ །གྲོད་པ་ནང་གཏད་། ཁྱོ་ཚོ་ཁ་བཙུམ་ནས་སུ་སིས་རྒན་རྒོན་ཙོས་རྐུབ་ཕྱིས་བསྡད་ན་ཡག་ཤོས་རེད་། སུ་སིས་ཁྲིམས་དང་འགལ་གྱི་རེད་། སྣང་བ་མི་འགྲོ་པ སྐྱག་པ་ཚ་པོ་ཟ།
བློ་བཟང་ལུང་རྟོགས ། མཁས་ཉམས་མ་སྟོན ། དབུས་པ་ལབ་དུས་ཁྱོད་ལ་ཕོག་པ་འདྲ། ཁོང་ཁྲོ་མ་ལང་།ང་ཁྱེད་རང་གི་སློབ་གྲོགས་ཞིག་ཡིན། བདེ་མོ ཨོ་སི་ཀྲོ་ལི་ཡ་སྐྱིད་པོ་འདུག་པས།
སྤྱིར་བཏང་ཁྲབ་སྟོན་པ་དྲུག་གིས་བཟང་སྤྱོད་དང་ཅུང་ཟད་འགལ་ཡོད། འོན་ཀྱང་ཁོང་རྣམས་ཀྱང་ཕ་མ་དང་སྤུན་ཉེ་ཡོངས་སུ་དོར་ནས་ང་ཚོ་དང་འདྲ་བར་སྐྱབས་བཅོལ་བ་ཞིག་ཡིན། དེས་ན་སུད་སི་བོད་རིགས་མཐུན་ཚོགས་ཞེས་པ་ནས་འདི་འདྲའི་སྡིགས་དམོད་དང༌། ཉེན་བརྡ་གཏོང་ཚུལ་ལ་བལྟས་ན་བོད་རིགས་ནང་ཁུལ་གྱི་ལ་རྒྱ་དང་བརྩེ་སེམས་ཞེས་པ་རྩ་བ་ནས་མེད་པ་འདྲ། གང་ཡས་གཏད་སོ་མེད་པའི་བོད་རིགས་ཉམ་ཆུང་བ་དེ་དག་ལ་དེ་འདྲའི་ཉེན་བརྡ་གཏོང་དགོས་དོན་ཡོད་དམ། འོ་ན་སུད་སིའི་ས་ཆ་འདི་དག་ཁོང་ཚོར་བདག་པ་རེད་དམ། སུད་སིར་གཏན་སྡོད་ཚོས་རང་ཉིད་ཀྱི་སྤུན་ཉེ་ཁྲིམས་ལུགས་དང་མཐུན་མིན་ཇི་ལྟར་ཡང་སྲུང་སྐྱོབ་ཀྱིས་བསྡད་ཆོག་པ་དང༌། དེ་ཚོར་ཁྲིམས་ལུགས་ཐོག་ཉེས་པ་མེད་དོན་ཅི། མ་གཞི་སུད་སིར་གཏན་སྡོད་བོད་རིགས་ཚོས་སུད་སི་ས་ཆ་འདིར་ཁོང་ཚོ་མ་གཏོགས་གཞན་བོད་པ་ཡོང་མི་ཆོག་པ་ལྟ་བུ་བརྩི་གི་ཡོད་པ་འདྲ། ངོ་མ་གནད་ལ་ཐུག་དུས་འདི་འདྲ་རེད། ཕྱུག་པོ་ཡིན་ན་དུས་ནམ་ཡང་ཕྱུག་པོར་གནས་དགོས་པ་དང༌། སྤྲང་པོ་དེ་དུས་ནམ་ཡང་སྤྲང་པོར་འདུག་དགོས་པའི་ལྟ་ཚུལ་འདི་ཚོར་སེམས་གཏིང་ནས་ཞེ་མེར་ལོག་ཡོད།
གོང་དུ་དྲ་གྲོགས་ཚོས་བརྗོད་པ་ཡིད་འཐད་རང་བྱུང་མ་སོང༌། གང་ཡིན་ཟེར་ན། ཆབ་སྲིད་བཙོན་པ་ཚོ་རྒྱ་གར་དུ་འབྱོར་མཚམས་དགུ་བཅུ་གསུམ་དང་བོད་གཞུང་བདེ་སྲུང་ལས་ཁུངས་གཉིས་ནས་གང་ནུས་ཅི་འཇོན་གྱིས་རོགས་རམ་བྱེད་བཞིན་པ་རེད། རིམ་པས་རྒྱན་བརྒྱབ་སྟེ་བཙོན་པ་བརྒྱ་རེ་(ནང་མི་དང་བཅས་ན་ལྔ་བརྒྱ་ནས་དྲུག་བརྒྱ་ཡོད་) Australia ལ་གཞིས་ཆགས་སུ་གཏོང་གི་ཡོད་པའང་དོ་སྣང་ཅན་ཚོས་མཁྱེན་གསལ་རེད། ཕྱི་རྒྱལ་དུ་གོང་སེང་ངམ་ལས་ཀའི་ཆེད་དུ་གདན་ཞུ་བྱེད་དགོས་ན་ངེས་པར་དུ་དགན་ཞུ་བྱེད་མཁན་གྱི་མགྲོན་ཤོག་དང་ལྷན་དུ་མི་དེའི་ཕྱོགས་གང་ཐད་ལ་ཁག་ཐག་བྱེད་དགོས་པ་བཤད་མ་དགོས་པ་རེད། འདི་ཁྲིམས་ཀྱི་འགྲོ་སྟངས་ཤིག་རེད། ས་ཆ་གང་དུ་བསྡད་ན་དེའི་ཁྲིམས་ལུགས་ལྟར་ཁུར་དགོས་པ་རེད། འདི་མ་ཁུར་རང་ཁུར་རེད། གཞན་གྱི་ཁྲིམས་འོག་རེད། བོད་རིགས་མཐུན་ཚོགས་དེས་བྱེད་སྟངས་ཀྱང་ཐབས་མེད་པའི་ལས་ཀ་རང་རེད། བསམ་གཟས་ནས་བྱས་པ་གཏན་ནས་མ་རེད། ད་དུང་ཁོ་ཚོར་དུས་ཡུན་བདུན་ཕྲག་གཅིས་ནས་གཉིས་པར་གྱི་དུས་ཚོད་སྤྲད་འདུག ཕྱིར་ལོག་གནམ་གྲུའི་འཛིན་བྱང་ཉོ་གི་ཡིན་ཟེར། འདི་ཚོ་སི་སུད་གཞུང་དང་བོད་རིགས་མཐུན་ཚོགས་ཀྱིས་དགོངས་པ་རྒྱ་ཆེན་པོ་བཞེས་པ་རེད་དོད་ཀི་ རང་དོན་ཕྲ་མོ་ཙམ་གྱི་ཆེད་དུ་རང་དང་གྲོགས་པོ། ཐ་ན་བོད་པ་ཟེར་བའི་མིང་དེ་བྱུང་རྒྱལ་དུ་བརྫད་བཏང་ན་མི་བཟང་གི་ ལྷག་པར་དུ་རབ་གསལ་ཟེར་བས་” ང་ཚོའི་གཞུང་དང་ཚོགས་པ་ཁག་གི་མི་སྣ་ལ་ཡ་རབས་ཀྱི་བོད་མི་ཁོ་ན་དགོས་པ་འདི་གང་ཡིན་ནམ། “ཟེར་བ་འདི་ཚོ་ཅི་ཞིག་ཡིན་ནམ། ཤེས་ཡོན་ཏོག་ཙམ་ཡོད་མཁན་གྱི་སྐད་ཆའང་མ་རེད། བོད་པ་ཚོ་ཨ་རི་སོགས་ལ་འགྲོ་བ་ནི་མགྲོན་ཤོག་རྫུས་མའི་ཐོག་ནས་འགྲོ་གི་ཡོད་པ་རེད། མགྲོན་ཤོག་རྫུས་མ་དེར་ཕར་ཕྱོགས་ཀྱི་རྒྱལ་ཁབ་གང་ཡིན་དེ་ན་ཡིག་ཆ་ཡོད་པ་མ་རེད། ས་གནས་གང་དེར་སླེབས་མཚམས། ཕལ་ཆེར་འགྲོ་འདུག་ཆགས་གསུམ་ལ་རང་དབང་ཅུང་ཙམ་ཡོད་པའི་ཁུལ་རེད། འོན་ཀྱང་དེ་ཡང་ཉེན་རྟོགས་པས་བརྟག་དཔྱད་བྱེད་སྐབས་སུ་ཧ་ཅང་གཟབ་དགོས་པའང་དོན་དངོས་རེད། འདི་ཚོའི་སྐོར་མ་རྨོངས་ཚོད་ཀྱིས་གང་བྱུང་བཤད་དགོས་པ་མི་འདུག རྡོ་དོན་སྙིང་པོ་དེ་གང་ལྟར་འཁྲབ་སྟོན་པའི་མིང་ཐོག་ནས་གདན་འདྲེན་བྱས། དེ་ལྟར་དུ་ཕར་ལ་སོང༌། ཕར་ཕྱོགས་ནས་གསང་བའི་ངང་བྲོས་བྱོལ་དུ་ཕྱིན་ན། འདི་ཡག་པོ་ཞིག་མ་རེད། མིའི་མི་ལ་བརྩི་མཐོང་སྤྲོད་སྟངས་དང༌། ལྷག་པར་དུ་འདི་འདྲ་མང་པོ་བྱུང་ན་བོད་མིའི་མཚན་མཐོང་སྟེ་བོདམིར་ཡིད་ཆེས་བརླག་གི་རེད་ཟེར་བ་ཡིན། མ་གཞི་ངས་བསམ་ན་ཆབ་སྲིད་བཙོན་པ་ཚོ་རྒྱ་གར་དུ་སླེབས་པ་ནས་ཕྱི་རྒྱལ་གང་ཞིག་ཏུ་འགྲོ་འདོད་ལངས་གྱིན་པ་འདི་དངོས་གནས་ཡག་པོ་མི་འདུག་སྙམ། བོད་ཡུལ་ན་ཡོདདུས་དཔའ་རྟགས་སྒང་བ་བོད་ལ་བཞག འདི་ག་རྒྱ་གར་དུ་སླེབས་མཚམས་ཐ་ན་མར་མེ་ཁྲོམ་སྐོར་དང་སྐད་འབོད་སོགས་ནའང་ཆེས་ཉུངཉུང་ལས་མི་འདུག བོད་མིའི་སེམས་ཤུགས་ཟེར་ན་ཆག་ཆོག་ཆོག་ཅིག་གིས་ཅི་ཡང་མི་ཕན། ངས་བལྟས་ན་གོང་གི་ཚོགསམི་དེ་ཚོའི་བྱེད་སྟངས་དེ་ཐབས་རྡིགས་རེད། ཡག་པོ་མི་འདུག མི་འགའ་ཤོས་ཀྱིས་ནམ་ཡིན་ཀྱང་གཞུང་དང་ཚོགས་སྡེ་ཁག་ལ་ཁ་གཏོང་བ་རྐྱང་བྱེད་ཀི་ འདི་ཡག་པོ་རང་མ་རེད། བསམ་བློ་ཞིབ་ཚགས་མ་བྱས་པར་བོད་མིས་བོད་མི་བཙོན་ཁང་དུ་བསྐྱལ་བ་ལྟ་བུ་ཟེར་གི་ འདིའི་དོན་ཅི་རེད། འོ་ན་ཁོ་ཚོ་རྒྱལ་ཁབ་དེའི་ཁྲིམས་ལ་འགལ་མེད་དམ། རྒྱལ་ཁབ་ཀྱི་ཁྲིམས་ཐོག་གི་ཡིག་ཆ་མེད་པར་ཉི་མ་གཅིག་ལའང་སྡོད་མི་ཆོག་པ་འཛམ་གླིང་གི་དངོས་ཡོད་ཁྲིམས་ཀྱི་འགྲོ་སྟངས་རེད། འདིའི་ཕྱོགས་ནས་མཐུན་ཚོགས་དེ་ལན་མི་འདུག་སྙམ། བསམ་བློ་ཞིབ་ཚགས་ཀྱིས་དང་ཡང་གིས་བརྗེ་རེས་བྱ་ཆོག
འཚེར་མ་ལགས་ངའི་རེ་བར་ཁྱེད་རང་གིས་རྒྱ་ནག་སྲིད་གཞུང་ལ་དེ་ལྟར་ཁྲིམས་ཀྱི་འགྲོ་སྟངས་ཡང་དག་པ་ཞིག་འགྲེལ་བཤད་བྱ་ཨེ་ཐུབ། མི་ཐུབ་ན་ཁྱི་ཁ་ཚུམ། ང་ཚོས་བརྗོད་དོན་ནི་བོད་པ་ཞིག་ལམ་ནོར་དུ་སོང་བ་ཡིན་ན་བོད་པ་གཞན་ཞིག་གིས་སྐྱོབས་དགོས་པ་ལས་ཐ་གཅིག་ཏུ་སྐྱོན་དུ་འཛིན་མི་རུང༌། མ་གཞི་ཁག་མེད། བསོད་དམན་ཅོལ་ཆུང་གདོང་དམར་བོད་པོ་ཚོར་ངོ་ཚ་ཁྲེལ་གཞུང་མེད་པ་གསལ་པོ་རེད།
སེམས་ཚོར་དེ་འདྲའི་ཤུགས་ཆེ་བ་ལ། ཆབ་སྲིད་བཙོན་པ་ལྔ་པོས་སུད་སིར་བསྡད་རྗེས་སུད་སིའི་ཉེན་རྟོག་པའི་ངོས་ནས་སུད་སི་བོད་རིགས་ཚོགས་པར་སྐད་ཆ་འདྲིས་ཡོད་པ་རེད་དམ། ་དེ་འདྲ་མེད་ཚེ་ཁོང་ཚོའི་དེ་ལྟའི་འགན་འཁུར་བྱ་དགོས་དོན་ཡོད་དམ། ད་ལྟ་མི་ལྔ་པོ་དེ་དག་རྦད་དེ་ནག་བསུབ་བཏང་སོང་བ་མ་ཟད། ཁོང་ ཚོའི་བྱེད་སྟངས་ལ་བལྟས་ནས་བོད་ཀྱི་ལོ་རྒྱུས་ཐོག་བྱས་རྗེས་ངེས་ཅན་ཡོད་པའི་ཆབ་སྲིད་བཙོན་པ་ཚོའི་མཚན་མཐོང་ལའང་གང་བྱུང་ལག་རྩེད་བྱ་གི་འདུག དེ་འདྲ་བྱས་ན་ཡོང་གི་རེད་དམ། གང་ལྟར་ངེས་པར་ལག་རྩེད་མཚམས་འཇོག་བྱ་དགོས་ཀྱི་འདུག སུད་སིའི་ནང་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དང་འཆམ་མཐུན་བྱས་ཏེ་རང་དོན་ཁོ་ན་གྲུབ་སྟེ་བོད་ནང་རྟག་ཏུ་འགྲོ་བ་དང་། ཐ་ན་ཁོང་ཚོ་སྤྲོ་་སྐྱིད་སོགས་ལ་སྐད་བཏང་སྟེ་ཁོང་ ཚོའི་བྱུས་ངན་སུད་སི་བོད་རིགས་སྤྱི་ཚོགས་ནང་བཀྲམས་པའི་རྐྱེན་གྱིས་ད་ལྟ་སུད་སི་བོད་རིགས་ཚོགས་པས་དགྲ་དང་གཉེན་ངོ་མི་ཤེས་པའི་གཏམ་རྙོག་དེ་དག་བྱུང་་བ་རེད། སུད་སིའི་ནང་ཁྲིམས་འགལ་ཐོག་བསྡད་དེ་སུད་སི་བོད་རིགས་ཚོགས་པས་ལུགས་མཐུན་ཡིན་མདོག་རོགས་རམ་བྱས་པའི་མི་ཡོད་པ་མ་རེད་དམ། ཆབ་སྲིད་བཙོན་པའི་མཚན་མཐོང་ལ་དེ་ལྟའི་ཕྲག་མདོག་བྱ་དགོས་དོན་འདུག་གམ། འགྲམ་འགག་སྒོ་ཕྱེ་ནས་བཞག་འདུག་པས་འགག་སྒོ་རྒྱལ་ཏེ་རྒྱལ་ས་ལྷ་སའི་བར་བསྐོར་ཆིག་ལབ་གཅིག་ཀྱང་བརྒྱབ་ནུས་ས་རེད་དམ། བློ་ཁོག་དེ་ལས་མེད་པར་ད་དུང་རྫིག་མདོག་་ཁ་པོ་མ་བྱེད་ལོ། ངའི་རེ་བ་མི་དྲུག་པོ་དེ་དག་རྦད་དེ་ནག་པོ་་ཆགས་ཟིན་སོང་བས་རྒྱ་གར་དུ་ལོག་ཡོང་ཀྱང་མིང་ཆད་འཁུར་དགོས་རྒྱུ་ལས་མེད་པས་ས་་ཆ་གུ་ཡངས་སུ་ཕྱིན་ཏེ་གནམ་ས་གཉིས་ནས་བྲོས་མ་ཐུབ་ན་མཚོ་ཐོག་ནས་བྲོས་ཏེ་ཐོག་མ་ནས་བདམས་ཚར་བའི་ལམ་བུར་འགྱུར་བ་མ་བཏང་བར་ནུབ་ཕྱོགས་སུ་ཞེན་ཆགས་ཟིན་པའི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་ན་ཡག་ཤོས་རེད། ཚུར་ལོག་མ་ཡོང་རོགས།
འབའ་ལུ་གུ་ཟེར་བ་དེས་ནི་མི་ཚང་མར་སྐྱག་པ་ཟོ་ཟེར་བ་དང། ཚེར་མ་ཟེར་བ་དེས་ནི་མེ་མདའི་ཁ་བཙོན་ཟུར་ཚོར་གཏོད་ཀྱི་འདུག གང་ལྟར་གཉིས་ཆ་བསམ་བློ་བཏང་ནས་སྐད་ཆ་བཤད་མཁན་དང།མདུན་རྒྱབ་ལ་བསམ་བློ་གཏོང་གི་མེད་པ་དེས་རང་ཉིད་ཀྱི་འཚོ་བའི་ཁྲོད་ཡོད་ཚད་དཀར་པོ་དང་ནག་པོར་མཐོང་བས་སྐྱོན་ཡིན། མི་ཚེའི་འཚོ་བ་ཟེར་བ་དེ་ཀྱག་ཀྱོག་དང་ཁ་དོག་ལྔ་ལྡན་ཞིག་ཡིན་པས་ཀྱང་ཁོང་གཉིས་ལ་མཚོན་ན་ཁ་དོག་ཡིན་ན་དཀར་པོ་དང་ནག་པོ་གཉིས་ཡིན་པས་ཁྱབ་པར་ཐལ་ལ།
ངས་མཁས་ཉམས་བསྟན་ཡོད་པ་དེ་འདྲ་མཐོང་ན་ཁྱེད་ཀྱི་མིག་ཤེས་ལ་ཁྱེད་ཀྱིས་ཡིད་ཆེས་བྱས་པ་ཙམ་རེད་མ་གཏོགས་ངས་ཚིག་ཕྲེང་ཁ་ཤས་ཅིག་གིས་ཁྱེད་ཀྱི་སྙིང་རླུང་ལངས་དོན་མེད། ཁྲིམས་ཀྱིས་དབང་བསྒྱུར་ཞེས་པ་དེ་ཚིག་ཙམ་མ་ཡིན་པར་ང་ཚོའི་མི་ཚེའི་འཚོ་བའི་ནང་མེད་དུ་མི་རུང་པ་ཞིག་རེད། ཁྲིམས་ཀྱི་དབང་སྒྱུར་མེད་རྐྱེན་ང་ཚོ་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་གི་འོག་ལྷུང་ཡོད་པ་དང། ཁྲིམས་ཀྱི་དབང་སྒྱུར་མེད་པར་བརྟེན་རྒྱ་གཞུང་གིས་འཛམ་གླིང་མི་མང་མདུན་ངོ་ཚ་ཉོ་གི་ཡོད་པ་རེད། ད་དུང་བཤད་ན་ཁྲིམས་ལ་སྐྱག་པ་ཟོ་ཟེར་མཁན་དེ་ཚོ་མང་ཆེ་བ་ཁྲིམས་ཀྱི་མདུན་ཕམ་གྱི་རེད། ཤ་ཚ་ཚིག་ལབ་པ་དེས་ཁྱེད་ཅག་ལ་ཕོག་ན་དགོངས་དག་ཞུ་རྒྱུ་དང། གྲོགས་པོ་འབའ་ལུ་གུ་ལགས་ལ། ང་རང་སློབ་གྲོགས་ཞིག་ཡིན་པར་དགའ་ཚོར་ཡོད་ཀྱང་ང་རང་གསང་མིང་ཅན་ཚོར་དེ་འདྲ་དགའ་བོ་མེད་པས་རང་དབང་གི་ལུང་པར་བཤད་འདོད་ཡོད་པའི་སྐད་ཆ་ཡོད་ན་ཡོལ་བའི་རྒྱབ་ནས་སྡོད་མི་འདོད་བར་སོ་སོས་དངོས་མིང་བེད་སྤྱོད་བཏང་ན་ཡག་པོ་རེད།
དེ་མིན་སྨྱུག་ཐོགས་མང་ཆེ་བ་ནི་ཕོ་མོ།་རྒྱ་བོད།་ཁྱི་ཕག་གང་ཡིན་ཤཻས་རྒྱུ་ཁག་པོ་རེད། ཁྱི་ཕག་ཟེར་བ་དེ་ཀུ་རེ་ཡིན།་་ཨོ་སི་ཀྲི་ལི་ཡ་སྐྱིད་པོ་འདུག་ཀྱང་། རང་ཡུལ་ཁ་བ་ཅན་དེ་མི་ཡུལ་གྱི་དམྱལ་བར་ལྷུང་ཡོད་བསམ་ན་ཉིན་མཚན་འཁྱོལ་ཐུབ་མི་འདུག་ལབ་ཀྱང་རྫུན་དུ་མི་འགྲོ་བའི་ཚོད་རེད།་
ས྄ྐུ་མཁྱེན་ཁྱི་ལབ་རང་མ་ར྄ྒྱག་ འབའ་འབའ་ལུ་གུས་ཅི་ཟེར་ངས་མི་ཤེས། གོང་གི་ཚིག་དུམ་རེ་ཁྱོད་ལ་ཕོག་ཡོད་སྲོལ་ལ་བལ྄ྟས་ན་ཁྱོད་ཀྱང་དཔའ་བོ་ཡིན་མདིག་གི་བཙོན་ཟུར་ཐེབས་ཆག་ཅིག་ཡིན་འདྲ། ང་ནི་བཙོན་པ་དང་བཙོན་ཟུར་གང་ཡང་མིན། འོན་ཀྱང་བོད་ཞེན་ཁྱོད་ལས་ཆེ་ཙམ་ཡོད་པ་ར྄ྡ་སའི་མི་ཚོར་ས྄ྐད་ཆ་དྲིས་དང་ཤེས་ཐུབ། ད་དུང་ཐལ་བ་འདྲ་ཞིག་ཀྱང་འཕེན་ཁུལ་བྱས་འདུག་ འདི་ལ་ངས་ཁྱོད་ས྄ྙིང་ར྄ྗེ་ཟེར་བ་ལས་ལན་ཅི་ཡང་མི་འདེབས། ངས་བཤད་པའི་ས྄ྐད་ཆ་དེ་ཚོ་ཁྱོད་རང་བཙོན་པ་ཞིག་གི་ངོས་ནས་བལ྄ྟས་ན་”མེ་མདའ”ལ྄ྟ་བུར་མཐོང་གི་རེད། ཡང་གཅིག་བཤད་ན་ས྄ྐད་ཆ་བདེན་དོན་ཡིན་མིན་དེ། དངོས་མིང་དང་གསང་ལ་འབྲེལ་བ་ཡོད་པ་མ་རེད། ས྄ྐད་ཆ་བདེན་པ་ཡིན་ཚེ་གསང་མིང་མ་དགོས་མིང་ཅི་ཡང་མེད་ཀྱང་འགྲིག་གིརེད། གང་ལ྄ྟར་བཙོན་པ་དྲུག་པོ་དེས་ཁོ་ཚོ་དང་ཁོ་ཚོའི་གྲོགས་ས྄ྤུན་ཉེ། ཐ་ན་བོད་པའི་ཆེ་མཐོང་ལའང་གནོད་བས྄ྐྱལ་སོང་ཟེར་འདོད་བྱུང༌། ཁྱོད་རང་མི་དགའ་ནའང་དེ་ག་རང་ཡིན།
སྨྱུག་གྲོགས་ཚོར་ཞུ་རྒྱུར།
ང་ཚོ་ཨོ་སི་ཀྲི་ལི་ཡར་གནས་སྡོད་བོད་རིགས་ཁ་ཤས་ནས་བོད་ཡིག་དང་དབྱིན་ཡིག་གི་དུས་དེབ་ཅིག་འདོན་སྤེལ་བྱེད་མུས་ཡིན་པས་གང་ཉིད་ཀྱི་རྩོམ་ཡིག་གཤམ་གྱི་དྲ་རྒྱ་བརྒྱུད་ནས་གཏོང་བར་དགའ་བསུ་ཡོད།
http://www.tibetanvoice.wordpress.com
ཚེར་མ་ལགས་ལ་བོད་ཞེན་ཡོད་ན་དེ་རྗེས་སུ་ཡི་རངས་ཡོད། མུ་མཐུད་བོད་ཞེན་ཡོད་པ་གནང་རོགས། འོན་ཀྱང། ངའི་རེ་བ་ནི་ཁྱེད་ཀྱི་སྨྱུག་རྩེའི་ཁ་ཕྱོགས་དེ་གཏོད་དགོས་ས་ཞིག་ལ་གཏད་ན་ཡག་པོ་ཡོད་པར་བསམ། བཙོན་ཟུར་ཚོ་ནི་བོད་ནང་དཀའ་ལས་རྒྱབ། སྐྱབས་བཅོལ་ལ་སླེབས་ན་ཚེར་མ་འདྲ་བོ་ཁ་ཤས་ཀྱི་རྩེད་མོ་རྩེ་ཡ་བྱས་ན་དངོས་ནས་ཐབས་སྐྱོ་བོ་རེད། རྡ་རམ་ས་ལ་སྐད་གྲགས་ཡོད་པ་དེ་རིང་མ་གཏོགས་ཤེས་མ་སོང། དགོངས་དག་ཞུ་རྒྱུ་ཡིན། ང་རང་སེམས་ཤུགས་ཆེ་ཙམ་ཡིན་ཟེར་བ་དེ་ནི་ང་ལ་མཚོན་གད་མོ་ཤོར་དགོས་པ་ཞིག་ཡིན་ཀྱང་། ཁྱེད་ཀྱི་ཨུ་ཚུགས་རྒྱག་གི་ཡིན་ན་ངས་ཀྱང་ཁྱེད་རང་སེམས་ཤུགས་ཡོད་པའི་ཆོ་ལོ་ཞིག་སྤྲོད་ཆོག
སེམས་ཤུགས་ཡོད་ན་བཙོན་ཟུར་མིག་གི་ཚེར་མར་འགྱུར།།
སེམས་ཤུགས་ཡོད་ན་རྡ་སའི་ཁོར་ཡུག་རླུང་ལ་སྤུར།།
སེམས་ཤུགས་ཡོད་ན་རང་མིང་གསང་ནས་དཔའ་སྐད་འཐེན།།
སེམས་ཤུགས་ཡོད་ན་བོད་པའི་ཆེ་མཐོང་སྲུང་སྐྱོབ་བྱེད་མཁན་ཚེར་མ་ཙམ།།
གོང་གི་བཙུན་ཟུར་བྲོས་བྱོལ་པ་ཚོར་ཞུ་རྒྱུར། གུས་པའི་ངོ་ཤེས་པ་རྒྱ་མི་ཞིག་གིས། སུད་སིར། རྒྱའི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཡོད་པ་དང་དང་། ཁོང་ཚོས་སྔོན་མ་མི་འགའ་ཤས་ལ་ཆབ་སྲིད་སྐྱབས་བཅོལ་ཞུ་བར་རོགས་པ་བྱས་འདུག བྱས་ཙང་ཁྱེད་རྣམས་ཀྱི་རྒྱའི་ཚོགས་པ་འདིར་རེ་བ་ཞུས་ན། ཁོང་ཚོ་ནི་མ་མཐར་ཡང་ཨེ་ཤ་ཡའི་མི་རིགས་གཅིག་གི་ལ་རྒྱར་བརྟེན་ནས། རོགས་པ་ངེས་པར་བྱེད་ངེས། ཁྱེད་རྣམས་ཀྱིས་ཚོགས་པ་འདི་སུད་སིའི་ཁ་པར་དེབ་ནང་ནས་ཤེས་ཐུབ་ཟེར།
བོད་པའི་ཚོགས་པ་འདི་ཚོའི་སྡུག་རྩུབ་ལ་བརྟེན་ནས་བཙོན་ལ་བསྡོད་པ་ལས། རྒྱ་མི་རིགས་རྣམས་ལ་སྐྱབས་འཇུག་ཞུས་ནས་རོགས་པ་ཞིག་ལེན་ན་མི་བཟང་ངམ།
སུད་སིའི་བོད་པ་འདི་ཚོ་ངོ་མ་ཞབས་འདྲེན་རེད། བོད་ནང་རྒྱ་གཞུང་གིས་སྡུག་པོ་འདི་འདྲ་ཞིག་གཏོང་གི་ཡོད་རུང་། བསམ་ཤེས་དང་སྙིང་རྗེ་མེད་པ་འདི་ངོ་མ་ཀླ་ཀློའི་བྱེད་སྟངས་རེད།
མང་མོས་ཟེར་བའི་ཚིག་དེར་བལྟས་ན་ཐག་གཅོད་དེར་མོས་མཐུན་མེད་མཁན་ཡང་ཡོད་པ་གསལ་པོ་རེད། མང་མོས་ཟེར་བ་དེར་ཧ་ལས་རྒྱུ་གང་ཡང་ཡོད་མ་རེད། གོང་དུ་རབ་འབྱོར་ལགས་ཀྱིས་གསུངས་པ་ལྟར། མི་ཕེར་མོ་ཁ་ཤས་ཀྱིས་ཁ་བདེ་བོ་བཤད་ནས། ང་ཚོར་འགན་ཡོད་པ་རེད། ང་ཚོའི་ཚོགས་པ་ཡང་སྒོ་རྒྱག་སྲིད་གི་རེད། བོད་མི་མང་ལ་མིང་ཆད་ངན་པ་ཡོང་གི་རེད། རྗེས་མ་བོད་མི་སུ་གང་ཡང་འདིར་ཡོང་མ་ཐུབ་པ་ཆགས་གི་རེད་ཟེར་ནས་སྙན་སྙན་འདྲ་ཆགས་པོ་བཤད་ཡོང་ན་མི་མང་ཕལ་བ་དེ་ཚོ་བླུན་པོ་ཆུ་སྣ་གར་ཁྲིད་རེད། མང་མོས་ཟེར་བ་དེ་ཡང་གོ་བདེ་བོ་བྱས་ན་དེ་འདྲ་ཞིག་རེད།
མི་རེ་ཟུང་གིས་འདིར་བསམ་ཤེས་ཀྱི་སྐད་ཆ་དང་ཁྲིམས་ཀྱི་སྐད་ཆ་བཤད་ཁ་བྱེད། དེས་ན་རང་ལ་ཕ་ཡུལ་མེད། ཕྱིར་རྒྱ་གར་ལ་ཕྱིན་ན་འགྲོ་ས་འདུག་ས་མེད། ཕ་མ་སྤུན་མཆེད་མེད་པའི་བཙོན་པ་སྐྱབས་བཅོལ་བ་འདི་ཚོར་ཡང་ཁྲིམས་ཐོག་ནས་སྐྱབས་བཅོལ་ཞུ་བའི་ལམ་ཁ་ཞིག་མེད་པ་རེད་དམ། དེ་མེད་པ་ཡིན་ན་སིད་སི་ཟེར་བའི་སྐད་གྲགས་ཆེ་བའི་རྒྱལ་ཁབ་འདིའི་སྐྱབས་བཅོལ་གྱི་ཁྲིམས་དེ་ཆོ་མེད་རེད།
གལ་སྲིད་ཁྱེད་ཚོ་བོད་མིའི་མཐུན་ཚོགས་ངོས་ནས་འགན་བླངས་ཏེ་འཁྲབ་སྟོན་པ་དེ་དག་དེར་མགྲོན་འབོད་བྱས་ཡོད་པ་ཡིན་ན་ཡང་འཁྲབ་སྟོན་པ་དག་ཕར་ལོག་ཕྱིན་ཡོད་པས་ངས་བལྟས་ན་ཁྱེད་ཚོའི་འགན་ཆོག་འདུག དེ་མིན་མི་ཉུང་ཤས་ཤིག་དེར་གབ་ཡིབ་ཀྱིས་སྐྱབས་བཅོལ་ཞུ་འདོད་ཡོད་ན་དེར་ཁྱེད་ཚོས་ཕེར་མོ་བྱེད་དགོས་དོན་མི་འདུག བཙོན་ཁང་ནང་འགྲོ་དགོས་ན་ཡང་ཁོ་རང་ཚོ་འགྲོ་གི་རེད་མ་གཏོགས་ཁྱེད་ཚོ་འགྲོ་དགོས་གི་ཡོད་རྒྱུ་མ་རེད།
ཁྱེད་ཚོའི་ཚོགས་པ་དེར་ཁ་སྟབས་འདི་འདྲ་ཞིག་ལས་མེད་ན་ཚོགས་པ་དེ་སྒོ་བརྒྱབ་པ་ཡིན་ན་ཡང་མ་འགྲིགས་པ་མི་འདུག ཚོགས་པ་གསར་པ་ཡང་སྐྱར་འཛུགས་ཆོག་གི་རེད།
ཁྲིམས་ཡག་པོ་ཞིག་ཡིན་ན་ང་ཚོས་བརྩི་དགོས་གི་རེད། ཁྲིམས་ཚུལ་མཐུན་ཞིག་མིན་ན་ང་ཚོས་གཏོར་དགོས་གི་རེད། ཚོགས་གཙོས་དབུ་ཁྲིད་དེ་བོད་མི་ཚང་མ་ཕྱིན་ལ་ཟས་བཅད་ངོ་རྒོལ་གྱིས།
འདིར་སུད་སིའི་བོད་རིགས་ཚོགས་པའི་ལས་བྱེད་མི་སྣའི་འབྲེལ་གཏུགས་ཀྱི་ཁ་བྱང་ཚང་མ་ཡོད། ཁོང་ཚོར་ཡི་གེ་བཏང་ནས་སློབ་གསོ་རྒྱག་རོགས། བོད་བཙན་པོའི་གདུང་རྒྱུད་གཅིག་པ་ཡིན་པ་གཅིག་གི་ལ་རྒྱ་ལ་བརྟེན་ནས། སྐུ་མཁྱེན་བོད་པ་འདི་ཚོ་ཕྱི་རྒྱལ་གྱི་མིའི་བཙོན་ལ་མ་སྐྱེལ་རོགས་གསུངས་རོགས། ཁོང་ཚོས་འདི་ལྟར་བྱེད་དགོས་པ་ནི་རང་ཡུལ་གཞན་ལ་ཤོར། རྒྱ་གར་ནང་ཁྲིམས་ཐོག་གི་ཐོབ་ཐང་མེད་པའི་ཐོག མདུན་ལམ་མེད་པས་རེད།
སུད་སིའི་བོད་མིའི་ཀླ་ཀློ་ལྟ་བུའི་བྱ་སྤྱོད་འདི་རིགས་ཀྱིས་ངེད་ཚོའི་སྙིང་ལ་ན་ཟུག་ཅི་ཡང་བྱིན་བར་བྱེད།
http://www.tibetswiss.com/tibweb/importantlinks/kontakt13.html
གྲོགས་རབ་གསལ་ལགས། ཉིད་ནས་ང་ཚོའི་གཞུང་དང་ཚོགས་པ་ཁག་གི་མི་སྣ་ལ་ཡ་རབས་ཀྱི་བོད་མི་ཁོ་ན་དགོས་པ་འདི་གང་ཡིན་ནམ། གསུངས་པ་དེར་ཕྲན་ཧ་ཅང་ཡ་མཚར་བྱུང་། སྐུ་ཉིད་ཐེ་བའི་མི་སུ་འདྲ་ཞིག་ཡིན་ཀྱང་རང་ལ་འགན་ཡོད་པའི་འཁོར་ཡུག་ཅིག་གི་ནང་ཡ་རབ་ལས་མ་རབ་མི་འདོད་པ་དང་། ལེགས་པ་ལས་ཉེས་པ་མི་འདོད་པ་ནི་ཆོས་ཉིད་མ་རེད་དམ། ཡང་མཚན་དང་སྙན་གྲགས་ལ་ཐུག་དུས་བོད་རིགས་སྤུན་ཟླ་བློས་གཏོང་བ་འདི་ནི་བོད་བཙད་པོའི་གདུང་རྒྱུད་ཀྱི་བྱེད་སྟངས་ཤིག་མ་རེད་དྲན། ཞེས་གསུངས་འདུག་མོད། རང་ཉིད་ཕྱི་རྒྱལ་ནས་སྡོད་རྒྱུའི་ཆེད་དུ་མི་སྟོང་ཕྲག་མང་པོའི་ཁེ་ཕན་དང་འབྲེལ་པའི་ཚོགས་པ་སོགས་བློས་གཏོང་བ་འདི་ཡང་བོད་བཙད་པོའི་གདུང་རྒྱུད་ཚོས་བྱེད་སྟངས་ཤིག་གང་ནས་ཡིན།
གྲོགས་བློ་གྲོས་ལགས།
ཉིད་ཀྱིས་ཕྲན་་གྱི་ཚིག་འགྲོས་ལས་ཕྲན་ལ་སྐྱོན་འདོན་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞུ། ངའི་སྒེར་གྱི་མི་ཚེའི་སྐོར་ལ་ལན་འདེབས་དང་གསལ་བཤད་ཞུ་འོས་མ་མཆིས་ཀྱང་། ཉིད་ཀྱིས་གསུངས་པ་བཞིན་ངེད་ཀྱིས་ཚིག་འདེམས་ཕྱོགས་དེ་ཅུང་ཐལ་དྲགས་པའི་ཚོར་བ་ཞིག་བྱུང་། གཉིས་ནས་ང་ཚོ་སུ་ཡིན་ཡང་བོད་གཞུང་དང་ཚོགས་པ་ཁག་ལ་གྲུབ་འབྲས་དང་ཡར་རྒྱས་བླ་ལྷག་ཏུ་འཕེལ་ན་ཅི་མ་རུང་སྙམ་པ་ཞིག་རྒྱུན་དུ་ཡོད་པ་དེས་དྲངས་ཏེ་སྐབས་མང་པོར་ཤ་ཚ་བའི་ཁ་ན་གཏམ་སྙན་པོ་མེད་པའི་དཔེ་མང་དུ་བྱུང་མོད། གཏམ་མི་སྙན་པ་དེ་ལ་ཡང་ཏན་ཏན་ཚོད་འཛིན་བྱེད་ངེས་ཡིན་ཞེས་ཞུ་ལགས། སྐབས་དོན་ཐད། ང་ཚོགས་པ་ཞིག་ནས་དགོངས་པ་ཞུས་ཏེ་ཕྱི་རྒྱལ་ལ་ཡོང་བ་དང་། བོད་མིའི་ཚོགས་པ་ཞིག་གིས་བོད་མི་བཙོན་ཁང་ལ་རྩིས་སྤྲོད་པ་གཉིས་ལ་བར་ཁྱད་ཆེན་པོ་འདུག་ཅེས་ད་དུང་ཡང་དྲན་གི་འདུག
ཐུགས་རྗེ་ཆེ་ཞུ།
ཨ་རོི་འབའ་ལུ་གུ། ཁ་གདངས་བ་དང་སྐྱག་པ་ཟོ་དང་། སྤྲང་རྒན་དང་ཁྱི་རྒན་མ་ཟེར། གནས་ལུགས་དང་རྒྱུ་མཚན་ཤོད་ཤེས་ན་ཨ་མའི་བུ་རེད། དོན་མེད་བོད་རིགས་ནང་ཁུལ་ལ་དཀྲུག་ཤིང་མ་རྒྱག སྟོད་པ་དང་དབུས་པ། བལ་བོད་ས་མཚམས་ཀྱི་སྤྲང་རྒན་ཚོ་ཟེར་དུས་ཚིགས་དེ་དག་གིས་ཁྱབ་ཚད་ལ་བསམ་བློ་ཡག་པོ་ཐོང་། ཁྱོད་ཀྱིས་མི་འདི་ཚོར་མི་རིགས་ཀྱི་ལ་རྒྱ་མི་འདུག་ཟེར་མོད། སྐད་ཆ་ཤོད་སྟངས་འདི་འདྲ་ཡིན་ན་ཁྱོད་ཉིད་ཀྱང་ལ་རྒྱ་ཅན་ཞིག་མ་རེད་འདོད་གི དགོངས་དག དེ་ངས་དངོས་གནས་དྲན་སོང་། ད་དུང་༼རྒྱ་གུང་ཁྲན་རྒྱབ་ན་མེད་དམ་བསམ་ཀི ཁྱི་རྒན་འདི་ཚོ།༽ ཟེར་པ་ལྟ་བུ་དངོས་གནས་བྱབ་ཆུང་གི་སྐད་ཆ་རེད། ཤེས་ཡོད་ཕྲན་ཙམ་ཡོད་མཁན་ཞིག་གི་སྐད་ཆ་འདི་འདྲ་ཤོད་མི་སྲིད། མ་གཞི་རིག་པས་བགྲོ་གླེང་བྱེད་ས་ཞིག་ན་༼སྣང་བ་མི་འགྲོ་པ སྐྱག་པ་ཚ་པོ་ཟ།༽ ཟེར་སྟངས་ལ་བལྟས་དུས་སྐུ་ཞབས་ལུ་གུ་ལགས་ཧ་མི་གོ་རྒྱུ་ཆེར་མི་འདུག
གྲོགས་རབ་གསལ་ལགས།
སྐུ་ཉིད་ནས་ལན་གནང་པར་ཐུགས་རྗེ་ཆེ། འོན་ཀྱང་ངེད་གཉིས་ཀྱི་པར་ལ་གོ་ནོར་ཕྲན་བུ་ཐེབས་འདུག གཅིག་བྱས་ན་ངས་འབྲི་སྟངས་མ་འགྲིགས་པ་ཡིན་གྱི་རེད། དགོངས་དག་ཞུ་གི་ཡིན། ངས་རང་ཉིད་ཕྱི་རྒྱལ་ནས་སྡོད་རྒྱུའི་ཆེད་དུ་མི་སྟོང་ཕྲག་མང་པོའི་ཁེ་ཕན་དང་འབྲེལ་པའི་ཚོགས་པ་སོགས་བློས་གཏོང་བ་འདི་ཡང་བོད་བཙད་པོའི་གདུང་རྒྱུད་ཚོས་བྱེད་སྟངས་ཤིག་གང་ནས་ཡིན། ཞེས་པ་དེ་སྐབས་བབ་ཀྱི་ཆབ་སྲིད་བཙོན་ཟུར་དེ་དག་ལ་བརྗོད་པ་ལས་སྐུ་ཉིད་ལ་ཞུས་པ་རྩ་ནས་མིན། ངས་དུས་རྒྱུན་ཁྱེད་ཀྱི་མཁྱེན་ཡོན་དང་། ལྷག་བསམ། འཇོན་ཐང་། མི་གཤིས་སོགས་ལ་གདེངས་འཇོག་དང་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། དཀའ་ལས་རྒྱག་མཁན་ཞིག་ཡིན་ན་གང་ཏུ་བཞུགས་ཀྱང་ཁྱད་མི་འདུག་དྲན་གྱི་ཡོད། ངས་ཞུ་ཡ་དེ་ཆབ་སྲིད་བཙོན་ཟུར་འདི་དག་གིས་རྐང་རྗེས་ལག་བསུབས་བྱས་ཏེ་རང་གི་ཚོགས་པ་དང་གདན་འདྲེན་ཞུ་མཁན་གྱི་ཚོགས་པ་གཉིས་རྙོག་དྲའི་ནང་གཡུགས་བཞག་པ་དེ་མ་འགྲིགས་པ་རེད་ཞུ་གི་ཡོད།
ང་ཚོས་ཧ་གོ་གསལ་ལ། གཏམ་བརྗོད་འཁྲབ་པར་འགྲོ་མཁན་མི་དེ་དག་ཁྲོད་ནས་མི་གཅིག་ད་ལྟ་རྒྱ་གར་དུ་ལོག་ཚར་ཡོད་འདུག ཡིན་ནའི་ཁོང་ཚོར་མིང་ཆད་ཡོད་བཞིན་པ་རེད། གཞན་རྣམས་་ལོག་ཡོད་ས་མ་རེད། ད་ལྟ་བོད་རིགས་ཚོགས་པས་གང་ཞིག་གསལ་པོ་བཟོ་དགོས་ཀྱི་འདུག་གམ་ཞེས་ན། སུད་སི་བོད་རིགས་ཚོགས་པས་སུད་སི་གཞུང་ལ་ཁས་ལེན་གང་འདྲ་བྱས་པ་དང་ཁོང་་ཚོ་བསྡད་པའི་རྐྱེན་གྱིས་དཀའ་ངལ་གང་ཞིག་འཕྲད་ཡོད་པ་ཁ་བརྡ་དྲ་རྒྱ་བརྒྱུད་་ནས་གསལ་་བཤད་བྱ་དགོས་ཀྱི་འདུག དེ་འདྲ་བྱས་ན་དེ་ལྟ་བུའི་འཇིགས་སྣང་་བྱེད་དགོས་པའི་རྒྱུ་མཚན་ཚང་མས་གསལ་པོ་ཤེས་ཀྱི་རེད། དེ་མིན་མ་དྲང་དྲང་མདོག་གིས་ཆབ་སྲིད་བཙོན་པ་ཚོར་དམིགས་སུ་བཀར་ནས་དེ་ལྟ་བུའི་དྲང་པོ་ཡོད་མདོག་བྱས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ལ་ཕན་གྱི་མི་འདུག སུད་སི་བོད་རིགས་ཚོགས་པས་མགྲོན་ཤོག་བཏང་བ་དང་རོགས་པ་བྱས་པའི་ཁོངས་ཡུལ་ཁྲིམས་དང་འགལ་ནས་བསྡད་མཁན་དང་ཡོང་མཁན་གཅིག་ཀྱང་མེད་པ་ཁས་ལེན་བྱ་ཐུབ་ཀྱི་རེད་དམ། གལ་སྲིད་ཁྱེད་ཚོས་དེ་ལྟར་ཡོད་པའི་ཁས་ལེན་བྱས་ན་ང་ཚོས་ཡུལ་ཁྲིམས་དང་འགལ་བ་དང་སུད་སི་བོད་རིགས་ཚོགས་པའི་རྒྱབ་གཉེར་བྱས་ཏེ་ཁྲིམས་འགལ་ཐོག་སུད་སིའི་ནང་གཏན་སྡོད་བྱ་མཁན་བོད་མི་མི་གྲངས་་ ༩༦ ཡིའི་མིང་གཞུང་དང་ལོ་རྒྱུས་རྒྱབ་ལྗོངས་ཁ་གསལ་བཏོན་རྒྱུ་ཡིན་པས་དེས་ཕན་ཆེར་ང་ཚོའི་སྤྱི་དོན་ཕན་གྱི་ཡོད་ས་འདུག་པས་ང་ཚོས་ད་ལྟ་རང་མེད་མི་མེད་བཟོ་རྒྱུ་དེ་གལ་ཆེ་བ་བརྩི་གི་འདུག དེ་དག་ཁོངས་སུ་སོ་སོའི་ཕྲུ་གུ་མིན་བཞིན་དུ་ཡིན་ཟེར་བ་དང། བཟའ་ཟླ་མིན་བཞིན་དུ་ཡིན་ཟེར་བ། རྒྱ་གར་ནས་སྒོར་མོ་ལེན་ཏེ་ཆང་ས་རྫུན་མ་བརྒྱབ་པ། མགྲོན་ཤོག་རྫུན་མ་བཟོས་པ། ཆོས་ལུགས་ཀྱི་བྱེད་སྒོ་ཡོད་མདོག་བྱ་མཁན་སོགས་སྣེ་མང་ཚུད་ཡོད་པས་ང་ཚོས་དེ་དག་བོད་རིགས་ཚོགས་པས་བོད་མིའི་ཡ་རབས་སྤྱོད་བཟང་དང་ཡུལ་ཁྲིམས་ལ་སྲུང་བརྩི་ཞུ་རྒྱུའི་ལྷག་བསམ་རྣམ་དག་དེ་གང་འདྲ་ཞིག་མཚོན་གྱི་འདུག་གམ་བལྟ་རྒྱུ་ཡིན།།
དྲ་གྲོགས་ཚོ་མནོ་བསམ་ཞིག་བཞེས་དང༌།་སུད་སི་ནང་དེ་འདྲ་བྱས་པ་དེ་ང་ཚོ་བོད་རིགས་དག་མོས་ཅིག་དགོས་ཐ་ན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་བ་ཚོ་ལའང་དེ་བས་ཀྱང་ཡིད་མུག་་དང་བློ་ཡུལ་ལས་འགོངས་པའི་སྣང་བ་ཞིག་སྦྱིན་པ་ནི་ར་འཕྲོད་མི་ཐུབ་བམ༌།དེ་བས་ང་ཚོས་ནང་ནང་དམེ་ཆེ་ན།་ཕྱི་དོན་མི་འགྲུབ་ཟེར་བའི་འུ་ཅག་ཚང་གི་བཞལ་དཔེ་ལ་མནོ་བསམ་ཇེ་ཡག་ཅིག་བཞེས་དགོས༌།དེ་ཡང་དེ་ལྟར་བརྗོད་དོན་ནི་སུད་སི་ནང་གི་བོད་མི་གཞིས་ཆགས་རྣམས་ཀྱིས་དེའི་ཐོག་ལ་བསམ་གཞིགས་གཏན་བཞེས་མེད་ཚོད་ཡོད་པ་ནི་ད་ལྟའི་གནས་ཚུལ་ལས་རྗེས་སུ་དཔག་ཐུབ་མོད་དོ།།
དྲ་གྲོགས་ཚོ། ཁྱོད་ཚོ་ཚང་མས་རང་གི་ཤ་རུས་ཁྲག་རྒྱུན་གཅིག་པའི་བོད་པ་འདི་ཚོའི་གནས་སྟངས་ལ་དགོངས་འཆར་བཏོན་པར་ཐུགས་རྗེ་ཆེ། ངས་ཤེས་གསལ་ལ་༢༠༠༧་བོད་པ་མི་བཅོ་ལྔ་མཉམ་གཅིག་ཏུ་འཇར་མན་ནེ་བརྒྱུད་ཏེ་སུད་སུ་ལ་སྐྱབས་བཅོལ་ཏུ་འབྱོར་བ་རེད། འོན་ཀྱང་རྗེས་སུ་ཁོ་ཚོའི་མི་གཅིག་གི་ལག་ནས་RCངོས་བཤུས་ཅིག་བཏོན་ཉེན་རྟོགས་པའི་ལག་ཏུ་ཚུད་ནས་མོ་རྒྱ་གར་ནས་ཡོང་བ་ལྷང་ལ་བུད་པ་རེད། དེའི་ཁུང་དེད་དེ་མི་བཅོ་ལྔ་དེ་མཉམ་གཅིག་ཏུ་ཀ་ལི་ཀ་ཏ་ནས་འཇར་མན་ལ་་ཕྱིར་བསྐྱོད་ཐོངས་མཆན་ཞུ་ཤེས་རྗེས་ཁོ་ཚོ་ཚང་མ་ཕྱིར་འཇར་མན་ལ་བསྐྱལ་འདུག ཡོ་རུབ་ཀྱི་རྒྱབ་ཁབ་ཁ་ཤས་སུ་ང་ཚོས་རྒྱ་གར་སྐྱབས་བཅོལ་ཞུས་ཚར་བ་ཤེས་ན་ཡང་བསྐྱར་ཞུ་ཆོག་གི་མི་འདུག དེར་བརྟེན་ཚང་མས་བོད་ནས་ཐད་གར་ཡོང་བ་ཡིན་ཅེས་རྫུན་བཤད་དགོས་ཀྱི་ཡོད་པ་རེད། དཀའ་ངལ་ཐུག་ས་གཙོ་བོ་འདི་རེད། སྒེར་ངོས་ནས་གུང་གསེང་ལྟ་བུ་ལ་སོང་ན་འཇམ་ཏིག་ཏིག་གིས་སྐྱབས་བཅོལ་ཁང་དུ་འཛུལ་ཐབས་བྱེད་བཞིན་ཡོད་པ་རེད། འོན་ཀྱང་རིག་གཞུང་འཁྲབ་སྟོན་ལྟ་བུ་གསར་ལམ་ཚགས་པར་དང་བརྙན་འཕྲིན་སོགས་སུ་ཐོན་པ་ཡིན་ན་ཅུང་ཉེན་ཁ་ཚ་བོ་རེད། གཞུང་གིས་མ་ཤེས་ན་ཁེ་བཟང་རེད། འོན་ཀྱང་ཤེས་བ་ཡིན་ན་ཕྱིར་སློགས་ཀྱིན་འདུག དེ་ནས་ཁོ་ཚོས་མགྲོན་ཤོག་གཏོང་མཁན་དེ་གཅིག་བཙུར་གྱི་རེད། དེ་ནས་གཞུང་ཚབ་ལ་འབྲེལ་བ་བྱས་ཏེ་ཡིག་ཆ་བསྔོགས་རྗེས་ཁོ་ལ་རྒྱབ་གཉེར་ཡི་གེ་གཞུང་འབྲེལ་ཅན་ཡིན་ན་ལས་ཁུང་དེ་འདེད་གི་རེད། དེ་ནས་རྗེས་ཕྱོགས་ལས་ཁུངས་དེ་འདྲའི་རིགས་ཀྱི་རྒྱབ་གཉེར་རྩིས་མེད་ལ་གཏོང་གི་ཡོད་པ་རེད། ང་རང་གིས་མིག་གི་མཐོང་ས་ནས་བོད་པ་གཅིག་རྒྱ་གར་ལ་སློགས་སོང་། ད་དུང་འདིར་སང་ཉིན་སློག་གི་ཡིན། གནང་ཉིན་སློག་གི་ཡིན་ཅེས་འདུག་མཁན་མང་པོ་འདུག
དྲང་བདེན་སུ་ལ་ཡོད་ན་དེ་ལ་རྒྱབ་སྐྱོར་མ་བྱས་ན་གྱོང་དེ་བོད་མི་སྤྱི་ལ་ཡོང་ངེས། སུས་ཡིན་ན་མགོ་བདེ་དྲན་འཕྲུལ་རྐྱང་རྐྱང་གི་ལས་ལ་གོམས་སྡད་ན་ང་ཚོར་ནམ་ཡང་ཕམ་ཁ་མ་གཏོགས་རྒྱལ་ཁ་ཞིག་གང་ནས
གང་ལྟར་ཡང་མི་དེ་ཚོས་བྱ་སྤྱོད་མི་ཡག་གི བོད་དོན་སྒྲུབ་པར་ཁ་གཡར་ནས་རང་དོན་བསྒྲུབས་ཏེ་གཞན་མགོ་གཡོག་བྱས་ན་རྗེས་སུ་ཚོགས་པ་དེ་ལ་ཡིད་མི་ཆེས་པའི་སྐྱོན་འབྱུང་རྒྱུ་རེད།
ཅིའི་ཕྱིར
སྐྱོན་ཆེ་བ་རང་མི་འདུག ད་དེར་བཞག་དོ་མ་རེད་པས།
སུད་སི་བོད་རིགས་ཚོགས་པའི་ལས་བྱེད་རེ་ཟུང་རྒྱ་ནག་གཞུང་ཚབ་པ་དང་འབྲེལ་བ་ཡག་པོ་ཡོད་ཚུལ་སྔར་ནས་ཐོས་མྱོང་། ཐེངས་འདིར་ཆབ་སྲིད་བཙོན་ཟུར་རྣམས་ལ་དམིགས་བསལ་གྱི་སྡིང་བ་འདི་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་ངེས།
ད་ཆབ་བཙོན་ཚོར་སྐྱོན་བརྗོད་བྱ་རྒྱུའི་གྲོས་གཞི་དེ རབ་གསལ་དང་ལུང་རིགས་ཀས། དེར་བཞག་ན་ཏག་ཏག་མ་རེད་པས། གཞིས་ཡུལ་བོད་དུ་དབུགས་ཆེ་བ་གཅིག་་ཀྱང་གཏོང་མི་ནུས་པར། ད་རང་དབང་ལུང་པར་སླེབས་དུས་གཅིག་ལས་གཅིག་ངར་ཤ་ཆེ་མདོག་ཁ་པོ། ཕོ་རྒོད་པོ་དགྲ་འགོ་ལ་་བརྒྱབ་མ་ཐུབ་པར། ནང་ཚགས་དང་ལྷག་པར་དཀའ་་ལས་་རྒྱག་མཁན་ཚོར་བྱུས་ཉེས་ཤིག་ཡོང་སྐབས་ཁ་གདངས་རྐུབ་གདངས་བྱས་ཏེ་མཐའ་ཚིག་དེ་འདྲ་གཏོང་དགོས་་དོན་མི་འདུག རབ་གསལ་དང་ལུང་རིགས། ད་གཡུག་གཞོགས་ལོ སྒོ་བརྒྱབ་དང་། འགྲིག་ས་་མ་རེད་པས།
ཐེངས་འདིར་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་།བོད་མི་ཉམས་ཐག་ཁག་ཅིག་ཕྱིར་རྒྱ་གར་དུ་ལོག་མ་ཐུབ་པར་བཙན་བྱོལ་སྤྱི་ཚོགས་ནང་དགོས་མིན་གྱི་གཏམ་རིགས་འདྲ་མིན་ཡོང་བཞིན་པར་གུས་པས་གནས་ལུགས་དང་རྒྱུ་མཚན་ཡང་དག་པ་ཞིག་མཐོང་མ་བྱུང།་་གསར་འགྱུར་དེ་རིགས་བཙན་བྱོལ་སྤྱི་ཚོགས་ནང་ཐེངས་དང་པོ་བྱུང་བ་མ་ཡིན་ལ།་གཞུང་འབྲེལ་གྱིས་ཕྱི་྆྆རྒྱལ་ཁག་ཏུ་སློབ་སྦྱོང་ལ་བཏང་བའི་འབྱོར་ལྡན་ཅན་གྱི་བུ་ཕྲུག་གང་མང་ཞིག་ཕྱིར་རྒྱ་གར་ནང་་ལོག་འདོད་མ་བྱུང་པ་དང།་འགྲོ་གྲོན་ཁག་ལ་གུན་གསབ་ཙམ་ཡང་མ་སྤྲད་པའི་གནས་ཚུལ་ཁག་ལ་ནུབ་ཕྱོགས་སུ་བཅར་བཞུགས་་བོད་རིགས་མཐུན་ཚོགས་རྣམས་དང་སྐུ་ཚབ་དོན་གཅོད་ཁག་བཅས་ནས་ཞིབ་གཤེར་གྱི་ལས་འགུལ་འདི་ལྟར་སྤེལ་བ་གོ་ཐོས་མ་བྱུང་རུང།་་ཐེངས་འདིར་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་འཐུས་མིའི་དམིགས་བསལ་ཚོགས་འདུ་ཛ་དྲག་ངང་ཚོགས་པའི་གནས་ཚུལ་ལ་བལྟས་ན།་་་བཙན་བྱོལ་སྤྱི་ཚོགས་འདི་ཡང་ད་དུང་གཞན་དབང་གི་བསླུ་བྲིད་ཁོ་ན་ལས་གང་ཡང་མཐོང་གི་མི་འདུག་་་དེ་བས་སུད་སི་ནང་བཅར་སྡོད་གཙོ་བྱས་པའི་བོད་རིགས་རྣམས་ཀྱིས་ཁོ་ཚོར་རོགས་སྐྱོར་མ་ཐུབ་རུང།་་་དགོས་མེད་ཀྱི་་ལས་འགུལ་དེ་རིགས་གང་མྱུར་མཚམས་བཞག་ན་བཟང་སྙམ།
དྲ་དཔོན་རབ་གསལ་ལགས། ངས་གོང་གི་མཆན་བུ་འདི་བལ྄ྟས་ར྄ྗེ་ས྄ྐྱ་ྱོ་ར྄ྒྱུ་ཞིག་ལངས་ཡོང་གི་ ཁྱེད་ཀྱིས་ངའི་མཆན་བུ་བསུབས་ཚར་བ་དེའི་ནང་དུ་གོང་གི་དྲ་གྲོགས་ཚིག་ངན་འདི་འདྲ་ཞིག་གཏན་ནས་མེད་བསམ་ཡོད། འོན་ཀྱང་ང་ཐུགས་ས་དེ་བ྄ློ་བཟང་ལུང་ར྄ྟོགས་ཡིན་པས་ཨེ་རེད། ང་ལ་ད་དུང་བ྄ློ་ཕམ་ཡོང་གི་ ཡང་ཁྱོད་ཀྱིས་རང་ལ་ཚིག་ངན་ཅུང་ཟད་རེ་བཤད་ཡོད་པར་བདེན་དཔང་ལ྄ྟ་བུ་བྱེད་ཅི་ཐུབ་ཡིད་ཀི་ ངས་མཆན་བུ་བཏབས་མི་ཆོག་པ་ཅི་ཡིན་ནམ། ཉེ་ས྄ྔོན་གྱི་མཆན་བུ་དེ་བསུབས་པ་མ་ཟད། ང་དྲ་ངོས་སུ་བདུན་གཅིག་ལ྄ྷག་པ་ཡོང་མ་བཅུག་པ་དེ་ངས་ད་དུང་བཟོད་ཐུབ་ཀྱི་མི་འདུག་ བ྄ློ་བཟང་ལུང་ར྄ྟོགས་ཀྱིས་ངའི་མེ་མདའི་ཁ་བཙོན་ཟུར་ཚོར་ས྄ྐོར་འདུག་ཟེར་བར་ཁྱེད་ཀྱིས་བདེན་དཔང་བྱེད་དགོས། མ་གཞི་ངས་ས྄ྔོན་ཆེད་ཁྱོད་དང་ཀ྄ླུ་ས྄ྨྱོན། ལུང་རིགས་ར྄ྒྱལ། ར྄ྡོར་དབང༌། ཚངས་དབྱངས་སོགས་ཅིག་བཤད་མྱོང་དེའི་ནད་ར྄ྙིང་ལུས་ཡོད་ན། ཁྱོད་ཀྱིས་ཤོད་དང་ང་ཚོས་མུ་མཐུད་ནས་དེའི་ས྄ྐོར་ག྄ླེང་ཆོག་ མ་གཞི་ང་ལ་གསལ་བཤད་ཅིག་གནང་རོགས།
ད་ཡིན་ལ྄ྟད་མོ་འདུག་