རྔ་བ་ཀུན་བཟང་ནས།
མི་རིགས་ཟེར་ནི་ཁ་ལོག་འགྱུར་ཐལ།
ལ་རྒྱ་ཟེར་ནི་གཞན་སེམས་དཀྲུག་ཐལ།
ང་ཚོ་ཟེར་ནི་ཁ་ཁར་བཏང་ཐལ།
སུས་ཆེད་དུ། སུས་ལ་རྡུང་།
རང་མགོ་ཐོན་སོང་ངམ།
རང་ངོ་ཤེས་སོང་ངམ།
རིན་ཐང་རྙེད་སོང་ངམ།
སུས་ཆེད་དུ། སུས་ལ་བཤད།
ད་རུང་། རང་མགོ་རང་གིས་གཡོག་དགོས་སམ།
ད་རུང་། རང་སྡུག་རང་གིས་མྱོང་དགོས་སམ།
ད་རུང་། རང་གནས་རང་གིས་འཚོལ་ན་མི་ཆོག་གམ།
སུས་ཆེད་དུ། སུས་ལ་སྒུག།