ཡོང་ཁུངས། བོད་ཀྱི་དུས་བབ།
ཟླ་འདིའི་ཚེས་༡༨ ཉིན་སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་རང་བཙན་བྱེད་མིན་མང་མོས་འོས་བསྡུ་བྱ་རྒྱུ་ཡིན་འདུག
ཉིན་འདི་འགར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཚ་ཚ་འུར་འུར་གྱིས་གླེང་བཞིན་པ་ཞིག་ནི། ཟླ་འདིའི་ཚེས་༡༨ ཉིན་དབྱིན་ཇིའི་གཞུང་གིས་སེ་ཀོ་ལན་ཌི་(Scotland) མི་མང་ཚོར་དབྱིན་ཇིའི་མངའ་འོག་ནས་ལོགས་སུ་རང་བཙན་བྱེད་མིན་མང་མོས་འོས་བསྡུ་བྱ་རྒྱུ་ཡིན་ཞིང་། དེ་ནི་༢༠༡༡ ལོར་རྒྱལ་ཡོངས་འོས་བསྡུའི་སྐབས་སེ་ཀོ་ལན་ཌིའི་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་(Scottish National Party) ཞེས་པར་རྒྱལ་ཁ་ཐོབ་ཡོད་པར་བརྟེན། གཞུང་འཛིན་ཚོགས་པ་འདི་བརྒྱུད་དེ་སེ་ཀོ་ལན་ཌིའི་མི་མང་ལ་དབྱིན་ཇིའི་མངའ་འོག་ནས་ལོགས་སུ་རང་བཙན་བྱེད་མིན་གྱི་མང་མོས་འོས་བསྡུའི་ཐོབ་ཐང་རག་པ་ཞིག་ཡིན་འདུག གནས་ཚུལ་འདིར་རྒྱ་ནག་གཙོས་རྒྱལ་ཁབ་ཁག་ཅིག་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག
འདིའི་ཐད་སེ་ཀོ་ལན་ཌིའི་བློན་ཆེན་དང་པོ་སཱལ་མོན་(Alex Salmond) མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བརྗོད་པར། “ད་བར་སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་ལོ་༣༠༠ ཙམ་རིང་བསྡད་ཡོད་པར་བརྟེན། ད་ཆ་མུ་མཐུད་དབྱིན་ཇིའི་མངའ་འོག་ཏུ་སྡོད་དགོས་པ་ཆགས་ཀྱི་མེད་སྟབས། གལ་ཏེ་སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་ལོགས་སུ་རང་བཙན་རྒྱལ་ཁབ་ཅིག་ཏུ་འགྱུར་བ་ཡིན་ན། མངའ་ཁུལ་ནང་རྡོ་སྣུམ་ཐོན་ཁུངས་ཡག་པོ་ཡོད་སྟབས། མང་ཚོགས་ལ་ཁེ་ཕན་ཆེན་པོ་འཐོབ་རྒྱུ་ཙམ་མ་ཟད། མ་འོངས་པར་སེ་ཀོ་ལན་ཌི་འཛམ་གླིང་ཐོག་སྟོབས་འབྱོར་ཆེ་ཤོས་གྲས་ཆགས་ངེས་ཡིན” ཞེས་བརྗོད་འདུག
དབྱིན་ཇིའི་སྲིད་བློན་ཌ་ཝུ་ཌི་ཁེམ་རོན་(David Cameron)གྱིས། “འདས་པའི་ལོ་རྒྱུས་ནང་དབྱིན་ཇི་དང་སེ་ཀོ་ལན་ཌི་མཉམ་འབྲེལ་བྱས་ཏེ་གཞུང་བསྐྱངས་པར་བརྟེན། འཛམ་གླིང་ཐོག་དབྱིན་ཇིའི་རྒྱལ་ཁབ་དེ་སྲིད་འབྱོར་རིག་གསུམ་དང་། སྤྱི་ཚོགས་གནས་སྟངས་གང་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོན་ཡོད་སྟབས། སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་མུ་མཐུད་གནས་རྒྱུ་གལ་ཆེན་པོ་ཆགས་ཡོད” ཅེས་བརྗོད་འདུག
སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་རང་བཙན་བྱེད་མིན་གྱི་གནད་དོན་གཙོ་བོ་ནི། སེ་ཀོ་ལན་ཌིའི་མངའ་ཁུལ་གྱི་རྡོ་སྣུམ་དང་། ད་ལྟ་སེ་ཀོ་ལན་ཌིའི་ནང་བེད་སྤྱོད་བྱེད་བཞིན་པའི་དབྱིན་སྒོར་(Pound) དེ་མུ་མཐུད་སེ་ཀོ་ལན་ཌིའི་ནང་བཀོལ་སྤྱོད་བྱེད་མིན་ལ་ཐུག་ཡོད་ཅིང་། ད་བར་དབྱིན་ཇིའི་གཞུང་གིས་སེ་ཀོ་ལན་ཌིའི་མངའ་ཁུལ་ནས་རྡོ་སྣུམ་(barrel) ཐེར་འབུམ་༢༤ ལྷག་བཏོན་ཡོད་པ་དང་། ད་དུང་ལོ་༣༠ ལྷག་གི་ཐོན་ཁུངས་ཡོད་པ་མ་ཟད། ༢༠༡༨ བར་རྡོ་སྣུམ་གྱི་ཁྲལ་འབབ་ཡོང་འབབ་དབྱིན་སྐོར་ཐེར་འབུམ་༥༧ ཙམ་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་སྟབས། གལ་ཏེ་དབྱིན་གཞུང་ལ་སེ་ཀོ་ལན་ཌིའི་རྡོ་སྣུམ་ཡོང་འབབ་མེད་པ་ཆགས་ན། ༢༠༡༧ དང་༢༠༡༨ བར་དབྱིན་ཇིའི་ཁྲལ་འབབ་ཡོང་འབབ་བརྒྱ་ཆ་༣༨ ཙམ་ཉམས་རྒུད་འགྲོ་རྒྱུ་ཡིན་འདུག
འདས་པའི་ལོ་རྒྱུས་ནང་སེ་ཀོ་ལན་ཌིས་དབྱིན་ཇིར་དམག་འཐབ་བྱས་ཏེ་དབྱིན་ཡུལ་བཙན་བཟུང་དང་། དབྱིན་ཇིས་སེ་ཀོ་ལན་ཌི་བཙན་བཟུང་བྱས་པ་སོགས་བྱུང་ཡོད་པ་མ་ཟད། ༡༨༤༣ ལོར་སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཐོབ་ཡོད་ཀྱང་། ༡༩༠༧ ལོར་སེ་ཀོ་ལན་ཌི་དབྱིན་ཇི་དང་ཟླ་སྒྲིལ་བཏང་ཡོད་འདུག
ད་རེབ་ཀྱི་མང་མོས་འོས་བསྡུའི་ཁྲོད་སེ་ཀོ་ལན་ཌིའི་ནང་གནས་སྡོད་རང་ལོ་༡༦ ཡན་གྱི་མང་ཚོགས་ཚང་མ་འོས་བསྡུའི་ནང་ཞུགས་ཆོག་ཅིང་། ཆ་རྐྱེན་གཞན་ཞིག་ནི་འོས་ལྡུག་མཁན་ཚང་མ་དབྱིན་ཇིའི་མི་སེར་རམ་ཡུ་རོབ་སྤྱི་མཐུན་གྱི་མི་སེར་ཡིན་པ་གང་ཞིག་ལ་དབྱིན་ཡུལ་ནང་སྡོད་ཆོག་པའི་ལག་འཁྱེར་ཡོད་པ་ཞིག་དགོས་ཀྱི་ཡོད་སྟབས། དབྱིན་ཡུལ་གྱི་ས་ཁུལ་འདྲ་མིན་ནང་གནས་སྡོད་སེ་ཀོ་ལན་ཌིའི་མི་རིགས་འབུམ་༨ ཙམ་གྱིས་འོས་ལྡུག་ཆོག་གི་མེད་པ་དང་། ཡང་སེ་ཀོ་ལན་ཌིའི་ནང་གནས་སྡོད་བྱེད་བཞིན་པའི་དབྱིན་ཇིའི་མི་རིགས་འབུམ་༤ ཙམ་གྱིས་འོས་ལྡུག་ཆོག་པ་ཆགས་ཡོད་འདུག
ཟླ་འདིའི་ཚེས་༡༤ ཉིན་དབྱིན་ཡུལ་ཚགས་ཤོག་(The Observer) ཅེས་པས་སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་རང་བཙན་བྱེད་མིན་ཐད་དྲ་ཐོག་བསམ་ཤོག་ཅིག་བསྡུས་པ་བརྒྱུད་སེ་ཀོ་ལན་ཌི་རང་བཙན་མི་འདོད་མཁན་བརྒྱ་ཆ་ ༤༧།༧ དང་། རང་བཙན་འདོད་མཁན་བརྒྱ་ཆ་ ༤༢།༣། འོས་བསྡུར་ཆ་ཤས་ལེན་གྱི་མིན་ཟེར་མཁན་བརྒྱ་ཆ་༡༠ ཙམ་བྱུང་ཡོད་པ་མ་ཟད། ཡང་གཟའ་ཉི་མའི་དུས་བབ་(Sunday Times) ཀྱིས་བསམ་ཤོག་བསྡུས་པའི་ནང་ལའང་སེ་ཀོ་ལན་ཌི་རང་བཙན་འདོད་མཁན་བརྒྱ་ཆ་ ༥༠།༦ དང་། རང་བཙན་མི་འདོད་མཁན་བརྒྱ་ཆ་ ༤༩།༤ བྱུང་ཡོད་འདུག
ཁ་སང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་ཚགས་ཤོག་རེས་གཟའ་ཉི་མའི་དུས་བབ་དང་། རེས་གཟའ་ཉི་མའི་ཆ་འཕྲིན། རེས་གཟའ་ཉི་མའི་བྱ་མ་རྟ་(Sunday Mail)། རེས་གཟའ་ཉི་མའི་བང་ཆེན་སོགས་ཀྱི་རྩོམ་སྒྲིག་པའི་གཏམ་ནང་། སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་ཚེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཐོག་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་སྐོར་འཁོད་ཡོད་པ་དང་། དེ་ཡང་རེས་གཟའ་ཉི་མའི་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་ནང་། “དབྱིན་ཡུལ་ཁ་བྲལ་གཏོང་བ་དེ་ནི་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའི་སེ་ཀོ་ལན་ཌིའི་མི་རིགས་ཤིག་ཡིན་ཚེ། སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་སྡོད་རྒྱུའི་བསམ་ཤོག་འཕེན་དགོས། གལ་ཏེ་སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་ལོགས་སུ་རང་བཙན་ཐོབ་པ་ཡིན་ན། དབྱིན་ཡུལ་གྱི་ད་ཡོད་དབང་ཐང་འཛམ་གླིང་འདི་ནས་ཉམས་དམས་སུ་འགྲོ་ངེས་ཡིན” ཞེས་དང་། དེ་བཞིན། རེས་གཟའ་ཉི་མའི་ཆ་འཕྲིན་གྱི་རྩོམ་སྒྲིག་པའི་གཏམ་ནང་། “སེ་ཀོ་ལན་ཌིའི་མི་རིགས་ཚོས་སེ་ཀོ་ལན་ཌི་དབྱིན་ཇི་ནས་ལོགས་སུ་ཁ་བྲལ་འདོད་ཀྱི་ངོ་དགའ་སྤྲེལ་ལད་ཐབས་ཇུས་ལ་འགོག་རྒོལ་བྱས་ཏེ། རྒྱལ་ཁབ་གཅིག་གི་འཛིན་སྐྱོང་འོག་ཤར་སྐྱོད་ཐུབ་རྒྱུར་འོས་ཤོག་འཕེན་དགོས” ཞེས་བརྗོད་འདུག
ཟླ་འདིའི་ཚེས་༡༠ ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གོ་ལའི་དུས་བབ་(Global Times) ཀྱི་རྩོམ་སྒྲིག་པའི་གཏམ་ནང་། “གལ་ཏེ་དབྱིན་ཇི་དང་སེ་ཀོ་ལན་ཌི་རྒྱལ་ཁབ་ཁ་ཁ་ཆགས་ཚེ། ད་ལྟ་དབྱིན་ཇི་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་མང་ཤོས་བཟོ་མཁན་གྲས་ཀྱི་རྒྱལ་ཁབ་ཡིན་པ་དེ་མ་འོངས་པར་ཉམས་རྒུད་འགྲོ་རྒྱུ་མ་ཟད། དབྱིན་ཡུལ་གྱི་རྒྱལ་རབས་ལོ་རྒྱུས་ཁྲོད་སྲིད་བློན་ཌ་ཝུ་ཌི་ཁེམ་རོན་རྒྱལ་ཁབ་གཅིག་སྒྲིལ་བྱེད་མ་ཐུབ་མཁན་གྱི་ཉེས་ཅན་ཞིག་ཆགས་རྒྱུ་ཡིན།” ཞེས་སོགས་བསམ་ཚུལ་སྤེལ་འདུག
སྲིད་དོན་དབྱེ་ཞིབ་པ་ཚོས། ད་རེབ་དབྱིན་ཇིའི་གཞུང་གིས་སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་ལོགས་སུ་རང་བཙན་བྱེད་མིན་མང་མོས་འོས་བསྡུའི་ཐོབ་ཐང་སྤྲད་པ་དེས་རྒྱ་ནག་གཙོས་གཅིག་སྡུད་གཞུང་ཁག་ཅིག་ལ་བློ་སྒོ་འབྱེད་ཐུབ་ཡོད་སྐོར་བརྗོད་འདུག
གསར་འགོད་པ། དོན་གྲུབ།
སི་ཁོ་ཆེ་ལན་ཌ་ཡི་རང་བཙན་འཐོབ་པའི་སྨོན་འདུན་ཡོད། དབྱིན་ལན་གཞུང་གིས་སི་ཁོ་ཆེ་ལན་ཌའི་མི་དམངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གཙང་མ་ཞིག་སྤྲད་པ་ནི་སེམས་པ་ཤོར་དགོས་པའི་གནད་དོན་ཞིག་དང་། འཛམ་གླིང་ལ་མིག་དཔེར་བཟང་པོ་ཞིག་རེད།
ང་ཚོ་གྲངས་ཉུང་མི་རིགས་ཚོས་ཀྱང་སྐབས་གོ་འདི་འདྲ་ཡོང་ཡ་རེ་སྒུག་བྱེད་ནས་བསྡད་ཡོད་ལ་རྒྱ་གུན་ཁྲན་ལ་འགྱུར་བ་ནས་རྒྱ་ནག་དམངས་གཙོའི་ལམ་འགྲོ་དགོས་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཤིག་རེད།
རྒྱ་གུན་ཁྲན་གཞུང་གི་རྒྱུད་ལམ་ཁག་ནས་དབྱིན་ལན་གཞུང་གིས་སི་ཁོ་ཆེ་ལན་ཌ་ལ་རང་བཙན་སྤྲོད་པ་ཡིན་ན་དབྱིན་ལན་རྒྱལ་ཁབ་སྟོབས་ཆུང་རེ་འགྲོ་བ་དང་། འཛམ་གླིང་ནང་དུ་ཤུགས་རྐྱེན་ཆེ་བའི་དབྱིན་ལན་རྒྱལ་ཁབ་མར་ལྷུང་གྱི་ཡིན་པ། དབྱིན་ལན་གྱི་སྲིད་བློན་རྒྱལ་ཁབ་གཅིག་གྱུར་བཟོ་མ་ཐུབ་པའི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་ཆགས་འགྲོ་གི་རེད་ཟེར་བ་སོགས་སྐྱོན་བརྗོད་བྱས་ཀྱི་ཡོད་པ་རེད།།།
འཛམ་གླིང་ནང་དུ་སྟོབས་ཆེ་བ་ཙམ་གྱིས་རྒྱལ་ཁབ་དེ་ཉིད་ཀྱི་མི་སེར་ལ་བདེ་སྐྱིད་འཐོབ་ཀྱི་རེད་དམ། ཨ་རི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ལས་སྟོབས་ཆེ་བ་ཞིག་འཛམ་གླིང་ཐོག་ཏུ་སུ་ཡོད་དམ། ཡིན་ཀྱང་རྒྱལ་ཁབ་འདི་གཉིས་ཀྱི་མི་སེར་ལས་གྲངས་ཉུང་མི་རིགས་ཀྱི་རྒྱལ་ཁབ་ཁག་གི་མི་སེར་བདེ་སྐྱིད་ཆེ་བ་ཡོད་ལ་དཔལ་འབྱོར་གྱི་ཐོབ་ཐང་ཡག་བ་ཡོད།
དཔེར་ན། སུད་སི་ལྟ་བུ་ཡིན་ན་མི་འབོར་ཉུང་ཉུང་། སྟོབས་ཆུང་ཆུང་། འཛམ་གླིང་ནང་དུ་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཤིག་མིན་ཀྱང་མི་སེར་ལ་བདེ་སྐྱིད་ཡོད་ལ་མི་དམངས་ལ་དཔའ་འབྱོར་གྱི་ཐོབ་ཐང་ཧང་ཅང་ཡག་པོ་ཡོད། རྒྱ་ནག་སྟོབས་ཅི་ཙམ་ཆེ་དང་མི་ཡི་བུ་ཕྲུག་མང་པོ་ལ་སློབ་གྲྭ་མེད། སུད་སི་ལ་ཁྱིའི་སློབ་གྲྭ་ཡོད། རྒྱ་ནག་ལ་མི་ལ་ཚ་ན་བྱུང་ན་སྨན་རིན་མེད།་སུད་སི་ལུང་པའི་ཁྱི་ལ་སྨན་རིན་ཡོད།
ཨ་རི་སྟོབས་ཆེན་རྒྱལ་ཁབ་ཀྱི་མི་མང་པོ་ལ་སྡོད་ཁྱིམ་མེད། སུད་སི་ལུང་པའི་ཁྱིའི་གནས་བབ་ལས་སྐྱོ་བ་ཡོད། སྟོབས་ཆེ་ན་ཕན་ཐོགས་ག་རེ་བྱུང་ངམ། འཛམ་གླིང་ནང་དུ་མི་གསོད་ཁྲག་སྦྱར། གཞན་ལ་དབང་ཡོད་བྱེད་ཀྱི། ཇག་པ་རྒྱག་གྱི། སོ་སོའི་མི་སེར་ལ་ཕན་ཐོགས་མེད་པ་མ་ཟད་མི་སེར་མང་པོའི་ཚེ་སྲོག་ཤོར་བཅུག་གྱི།
དཔེར་ན། ཞིབ་ཏུ་སོམས་དང་། མའོ་ཀྲུང་ཞིའི་ཡིས་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱེད་ནས་བྲན་གཡོག་མི་དམངས་ལ་བདེ་སྐྱིད་སྤྲོད་ཡིན་ཟེར་བ་མིན་ནམ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་ཉིད་མི་དམངས་ཀྱི་ཡིན། རྒྱལ་ཁབ་ཀྱི་རྒྱུ་དངོས་ཡོངས་རྫོགས་མི་དམངས་ཀྱི་ཡིན་ཟེར་བ་མིན་ནམ། བྲན་གཡོག་བཅིངས་གྲོལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལྡན་པའི་ལྷ་ཡུལ་བསྐྲུན་གྱི་ཡིན་ཟེར་བ་མིན་ནམ།
མའོ་སྐྱེས་ཡུལ་གྱི་ཞིང་པ་མི་སེར་ཚོ་ལ་སུད་སི་རྒྱལ་ཁབ་ཀྱི་ཁྱིའི་བདེ་སྐྱིད་དང་རང་དབང་། ཐོབ་ཐང་ཙམ་ཡང་མེད་པ། སྟོབས་ཆེ་ན་ག་རེ་ཕན་ཐོགས་སོང་ངམ། ཁྱོད་ཚོའི་སྟོབས་དེ་ག་རེ་བྱེད་ཆེད་དུ་ཡིན་ནམ། མི་སེར་ཡ་ས་༤༥་ཡི་ཚེ་སྲོག་གིས་འགྲོ་སོང་བཏང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་འདི་མི་སེར་གྱི་བདེ་སྐྱིད་འཐོབ་ཆེད་དུ་ཨེ་རེད་་་ཅེས་པའི་དྲི་བ་ཞིག་གུན་ཁྲན་ཏང་ལ་བསླེབས་ཡོད།།
གུན་ཁྲན་ཏང་གི་དཔོན་ངན་ལྐོག་ཟ་རུལ་སུངས་དེ་དག་ལ་ཅོག་ཙེའི་སྟེང་དུ་་ཟས་རིགས་༥༥་དགོས་པ་དང་། དབང་སྒྱུར་བྱེད་ས་མི་རིགས་༥༦་དགོས་པ་འདི་ནི་རུལ་སུངས་པ་ཚོས་འདོད་རྔམ་ཡིན་པ་ལས་མི་རིགས་༥༦་ལ་བདེ་སྐྱིད་འཐོབ་ཆེད་དུ་མ་རེད།
ཁྱོད་ཚོའི་གུན་ཁྲང་ཏང་གི་དཔོན་ངན་ལྐོག་ཟ་རུལ་སུངས་ཐམས་ཅད་རྒྱ་ནག་གོང་མ་ལྟ་བུ་ཆགས་དགོས་ན་མི་སེར་དུང་ཕྱུར་༡༣་ཡང་བསྐྱར་མུ་གེ་ཤི་བ། བོད་དང་ཡུར་གུ་གཉིས་ཀྱི་གཏེར་ཁ་ཕྲོགས། ཉུབ་ཕྱོགས་པ་ལ་ཕམ་ཚོང་བྱས། དཔོན་ངན་རུལ་སུངས་ཅན་ཚོས་འཛམ་གླིིང་ཤར་ནུང་ཡོངས་ལ་ཁང་པ་ཉོས། སྤྲོ་ཁང་བརྒྱབས། མའོ་ཡིས་དམིགས་ཡུལ་གཙོ་བོ་གྱུར་པའི་མི་སེར་ཉམ་ཆུང་རྣམས་ལ་ག་རེ་ཐོབ་ཡོད་དམ། ཞིབ་སོམས་དང་།
གུན་ཁྲན་ཏང་གི་དཔོན་ངན་དེ་དག་མི་སེར་དུང་ཕྱུར་༡༣་གྱི་དགྲ་བོ་ཆགས་པ་མིན་ནམ།
ནུབ་ཕྱོགས་པ་ལ་ཕམ་ཚོང་བྱས། དཔོན་ངན་རུལ་སུངས་ཅན་ཚོས་འཛམ་གླིིང་ཤར་ནུབ་་ཡོངས་ལ་ཁང་པ་ཉོས། ཅེས་བཅོས་རོགས་གནང།་་་་་་་་་་་་་ཧཧཧཧ
ང་ནི་བླ་གོག་སྤྲུལ་གོག་དང་ལྷ་འདྲེན་ལ་དད་པ་ཡོད་པའི་མི་ཞིག་མིན་ཀྱང་། བདེན་བཞི་མི་རྟག་པའི་ཆོས་ཉིད་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན། སྐྱེས་པའི་མཐའ་མར་ཤི། བསགས་པའི་མཐའ་མར་ཟད། འདུས་པའི་མཐའ་མར་བྲལ་ཟེར་བའི་མི་རྟག་པའི་ཆོས་ཉིད་འདི་ལ་ངས་ཡིད་ཆེས་ཡོད།
ཨེན་ལན་རྒྱལ་ཁབ་ཀྱིས་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་ལ་དབང་སྒྱུར་བྱས། མཐའ་མར་གཅིག་བྲལ། གཉིས་བྲལ། གསུམ་བྲལ་ནས་ཕྱིན་ཡོད་པ་དང་། བྲལ་འགྲོ་བཞིན་ཡོད་པ་འདི་ནི་ལྡོག་ཐབས་མེད་པའི་མི་རྟག་པའི་ཆོས་ཉིད་ཤིག་ཡིན་པ་ངོས་འཛིན་གནང་དགོས།
མི་རྟག་པའི་ཆོས་ཉིད་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཐོག་ཏུ་ཡང་ཡོད། སུ་གང་གི་བཀག་མི་ནུས། གལ་སྲིད་ནུས་ན་དཔལ་ན་ལན་ཌའི་ཆོས་ལུགས་འདིའི་ནང་རྙིང་རུལ་བ་ཡིན། འདི་ཙམ་མི་ཤེས་པའི་བན་རྒན་ཁ་མཁས་ཁོག་ནག་དེ་དག་ལ་སེམས་བསམ་གཏིང་ནས་སྐྱོ་བ་སྐྱེས་ཀྱི་འདུག་གོ
བླ་མ་ལ་ཡིད་ཆེས་མེད་པའི་ཆོས་པ་ཞིག་འདི་ན་འདུག ཧཧཧ
སེ་ཀོ་ལན་ཌི་(Scotland) ལ་རང་ཐོབ་པ་ཡིན་ན་ས་སྒང་ལ་རང་ཐོབ་ཐང་གི་དུས་བཀག་རྡུལ་ཕྲན་འགད་རྫས་ཞིག་བཀས་གཏོར་གཅིག་རྗེས་གཉིས་མཐུད་ནས་འབྱུང་ངེས་ཡིན་ཨ་ཁ་་་་་
འོ་ད་དབྱིན་ཇི་མྱངས་སོང་། རྩོམ་འདིའི་ནང་མ་འཁོད་པའི་གནས་ཚུལ་མང་པོ་ཡོད་པ་དཔེར་ན། ས་ཆའི་རྒྱ་མཚོན་ཐོག་ནས་བཤད་ན། དབྱིན་ཇི་དང་དེ་ནས་སེར་ཀོ་ལན་ཕྲོ་རེད། དེ་བཞིན་འབྲོག་པའི་ཐོན་ཁུངས་གཙོ་བོ་ཤ་མར་འོ་མ་མང་ཆེ་བ་སེར་ཀོ་ལན་ཕྲོ་ནས་འཐོན་བཞིན་པ་རེད། དེ་བཞིན་སྒོ་ཟོག་གི་རྩ་མང་ཆེ་བ་ལུང་པ་འདི་ནས་རེད། དེ་བཞིན་དབྱིན་ཇིའི་ཡུལ་གྱི་ནང་པའི་དགོན་པ་ཆེ་ཤོས་བསམ་ཡས་གླིང་དེ་ཡང་དེ་ལ་ཡོད།
ཁ་སྔོན་དཔལ་འབྱོར་རིག་པ་བ་ཞིག་གིས་བཤད་རྒྱུར། དབྱིན་ཇིས་མ་འོངས་པའི་ལོ་བརྒྱ་ཐམ་པའི་རིང་དཔལ་འབྱོར་ཡོང་བབ་མཁོ་བསྡུ་བྱེད་པར་གཞུང་དེའི་འགྲོ་སོང་བརྒྱ་ཆ་༥༠གཏོང་བ་ལས། ད་རེས་ཐབས་ཤེས་ཇི་ཡོད་ཀྱིས་ལུང་པ་འདི་བདག་ཐུབ་ན། དཔལ་འབྱོར་ཐོག་ནས་འདི་ཁེ་ཕན་ཆེ་ཟེར་དུས། དཔལ་འབྱོར་གཅིག་པུའི་ཐོག་ནས་གྱོང་གུན་འདི་འདྲ་རེད།
དེ་བཞིན་རྒྱ་ནག་གིས་ལུང་པ་དེར་སྐུ་ཚབ་ཚོགས་པ་བཙུགས་ཟིན་ནས། གལ་ཏེ་སེར་ཀོ་ལན་ཕྲོ་རང་བཙན་ཐོབ་ན། བརྒྱ་ནག་གིས་སྒོར་མོ་ཐེར་འབུམ་༡༢དངུལ་སྨར་བཏོན་ནས་ལུང་པ་འདིའི་རྡོ་སྣུམ་དང་མཚོ་འོག་རླངས་པའི་འཐོན་སྐྱེས་ཡར་རྒྱས་གཏོང་གི་ཡིན་ཟེར། ད་ལྟོས་ཨང་། དབྱིན་ཇིའི་རྣའི་རྩེ་ལ་རྒྱ་དམར་འབབ་ས་རེད།
ལས་རྒྱུ་འབྲས་ཟེར་ན་འདི་རེད། ལོ་གསུམ་གྱི་སྔོན་ལ་དབྱིན་ཇིས་བོད་འདི་རྒྱ་ནག་གཞུང་གི་མངའ་འོག་རྩོད་མེད་ཡིན་ཞེས་ཡིག་ཆ་བཀྲམ་སོང་། ད་རྒྱ་གཞུང་སྒོ་ཁར་འབྱོར་སོང་།
རྒྱ་མཚོན་དེ་རྒྱ་ཁྱོན་ལ་བཅོས་རོགས།