དོན་གྲུབ་བཀྲིས།
དེའི་སྐོར་ལ་སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་བགྲེས་པ་དགེ་བཤེས་ངག་དབང་བཟང་པོ་ལགས་སུ་བཅར་དྲི་ཞུས་པར་ཁོང་གིས་འདི་ག་གསར་ཁང་ལ་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་གསལ། དེ་ཡང་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁན་སྙན་གྲྭ་ཚང་གི་དགེ་འདུན་པ་ཞིག་ལོ་གཅིག་རིང་ལ་དྭགས་ལ་ཡོད་པའི་སེར་བྱེས་གྲྭ་ཚང་གི་དགོན་ལག་རུ་ཐོག་དགོན་པར་ཞབས་བརྟན་ཆེ་དུ་བཏང་ཏེ་དུས་ཚོད་གཙང་ནས་བདུན་ཕྲག་གཉིས་གོང་ལ་དྭགས་ནས་ལྡི་ལི་བརྒྱུད་ཕྱིར་ལོག་གནང་བ་རེད། དགེ་འདུན་པ་དེ་ཕལ་ཆེར་དགུང་ལོ་༥༠ བརྒལ་བ་ཞིག་རེད། ལྡི་ལི་ནས་འབྱོར་རྗེས་བདུན་ཕྲག་གཉིིས་རིང་སེ་ར་བྱེས་ཀྱི་བཀྲིས་ཆོས་གླིང་དུ་ཟུར་བཀག་ཁང་ནང་བཞུགས་རྗེས་ཁ་ས་ཕྱི་ཚེས་༢༦ཉིན་ཁོང་ཐེ་བའི་ཟུར་བཀག་བྱས་པའི་དགེ་འདུན་པ་དགུ་ས་གནས་པིར་ཡ་པ་ན་ལ་ (Piriyapatna )རྒྱ་གར་གཞུང་གི་སྨན་ཁང་དུ་བརྟག་དཔྱད་གནང་བ་རེད། ཁ་ས་ཕྱི་དྲོ་ཕྱག་ཚོད་༡༠ གཡས་གཡོན་ལ་བརྟག་དཔྱད་གྲུབ་འབྲས་འབྱོར་དོན་ནང་དགེ་འདུན་པ་དགུའི་ནང་ནས་དགེ་འདུན་པ་ཁོང་གཅིག་པོར་ནད་དུག་འགོས་ཡོད་པའི་བརྟག་དཔྱད་གྲུབ་འབྲས་ཐོན་པ་རེད། དེ་ནས་ཁ་ས་ཕྱི་ཚེས་༢༦ ཕྱི་དྲོའི་ཕྱག་ཚོད་༡༢ ཙམ་ལ་ཁོང་མེ་སོར་རྫོང་གི་རྒྱ་གར་གཞུང་གི་སྨན་ཁང་དུ་འཁྲིད་པ་དང་ད་ལྟ་མེ་སོར་རྫོང་དུ་རྒྱ་གར་གཞུང་གི་སྨན་ཁང་དུ་སྨན་བཅོས་གནང་མུས་ཡིན་པ་རེད། ཡིན་ན་ཡང་ཁོང་རང་ལ་གློ་རྒྱག་པ་དང་ཚ་བ་རྒྱས་པ་སོགས་ནད་རྟག་གང་ཡང་མི་འདུག་ལ་སྐུ་གཟུགས་ཐད་དཀའ་ངལ་གང་ཡང་མེད་པར་རྒྱུན་ལྟར་ལྟར་རེད་འདུག་ཅེས་གགསུངས་བྱུང་།
སེ་ར་ཐེག་ཆེན་གླིང་ངོས་ནས་ནད་དུག་སྔོན་འགོག་ཐད་ལས་དོན་སྒྲུབ་སྟངས་སྐོར་ལ་བཀའ་དྲིས་ཞུས་པར། ལན་འདེབས་གནང་དོན་སྤྱིར་སེར་ར་བྱེས་སྨད་གྲྭ་གཉིས་ཀྱི་དགེ་བསྐོས་རྣམ་པ་གཉིས་ཀྱིས་དབུ་ཁྲིད་པའི་དགོན་པའི་ཏོག་དབྱིབས་ནད་དུག་ཛ་དྲག་ཚོགས་ཆུང་ངོས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་འགྲོ་འོང་བཀག་བརྒྱ་བསྡམས་པ་ནས་དགོན་པའི་ནང་ཕྱག་ཚོད་༢༤ རིང་ལ་དགོན་པའིི་གཞུང་སྒོ་ཕྱི་མའི་བཀག་སྡོམ་ས་ཚིགས་ནས་ཕྱི་ནང་འགྲོ་འོང་བཀག་བརྒྱ་བསྡམས་པ་དང་རྒྱུན་གཏན་གྱི་ཆོགས་ཆོས་ར་དང་དཔེ་ཁྲིད་སོགས་འདུ་འཛོམས་ཡོང་རྫོགས་མཚམས་འཇོག་བྱས་པ་རེད།
དེ་རྗེས་རྒྱ་གར་གཞུང་གི་བཀག་བརྒྱ་ལྷོད་ཡངས་སུ་བཏང་པའི་རྗེས་ཀྱང་དགོན་པའི་ངོས་ནས་རང་དོན་རང་གཅེས་ཀྱིས་ད་དུང་མུ་མཐུད་བཀའ་བརྒྱ་དམ་པོ་སྡམས་བཞིན་ཡོད་པ་རེད། སེ་ར་དགོན་པའི་ཁྱབ་ཁོངས་དགོན་པའི་དགེ་འདུན་པ་སུ་འདྲ་ཞིག་ལས་དོན་ལ་བསྐྱོད་དེ་ཕྱི་ནས་ལོག་ཕེབས་སྐབས་མ་ཕེབས་སྔོན་ནས་ཁ་པར་བཏང་ཏེ་གྲྭ་ཚང་ལ་སྔོན་བརྡ་གཏང་དགོས་ཀྱི་ཡོད་པ་དང་ས་གནས་ལ་འབྱོར་རྗེས་གྲྭ་ཚང་སོ་སོའི་ཟུར་བཀག་ཁང་ནང་བདུན་ཕྲག་བཞི་ཙམ་ངེས་པར་དུ་བཞུགས་དགོས་པ་སོགས་སྒྲིག་ཁྲིམས་དམ་པོ་བཟོས་ཡོད་པ་རེད་ཁྲིམས་དེ་མུ་མཐུད་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་དང་སེར་བྱེས་གྲྭ་ཚང་གི་ཁྱབ་ཁོངས་སུ་ད་ལྟ་དངོས་སུ་ཡོད་བཞིན་པ་ཟུར་བཀག་ཁང་ནང་མི་གྲངས་༣༨ ཡོད་པ་འགྲེལ་བརྗོད་གནང་སོང་། ཟུར་བཀག་གནང་སྟངས་སྐོར་ལ་ལན་འདེབས་གནང་དོན། མི་གཉིས་མཉམ་དུ་འབྱོར་ན་མི་གཉིས་མཉམ་དུ་འཇོག་པ། གཅིག་རང་འབྱོར་ན་གཅིག་དེ་ཁེར་རྐྱང་དུ་འཇོག་གི་ཡོད་ཅེས་འགྲེལ་བརྗོད་གི་ཡོད་པ་དང་ཟུར་བཀག་གནང་རིང་ཞལ་ལག་སོགས་མཐུན་རྐྱེན་ཡོང་རྫོགས་གྲྭ་ཚང་སོ་སོས་རིན་མེད་ནར་གཏོང་གནང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།།
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲིས།
ཁོང་ལ་ནད་རྟགས་མེད་ན་སྨན་ཁང་དུ་བཞུགས་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། །
ཀོ་ཝིད་༡༩ ཏོག་དབྱིབས་ནད་ཡམས་ཆུ་ཚ་བོ་ཀརྨ་བཅོ་ལྔའི་ནང་ཐེང་རེ་ཐུང་དགོས་པ་ནི་ནད་འབུ་དེ་ཆུ་ཚ་བོའི་ལམ་སང་གསོད་ཐུབ་པའི་འབྲེལ་བརྗོད་ཚན་རིག་མཁས་པ་ཚོའི་གསུང་གི་འདུག་གོ།
གད་མོ་ཤོར་ཡ་རང་རེད། མི་འདྲ་མིན་གྱི་སྐད་ཆ་འདྲ་མིན་བཤད་ཀྱི་ཡོད་པ་རེད། ཡིན་ཡང་བཤད་ཚད་བདེན་གྱི་མ་རེད། ཆུ་ཚ་བོ་ཐུང་ན་ཕན་སྲིད་མོད། ནད་འབུ་དེ་གསོད་མི་ཐུབ་པ་གསལ་པོ་རེད། ནད་འབུ་དེ་གྲོད་ཁོག་ནང་གཅིག་པུར་གནས་ཡོད་ན་གསོད་སྲིད། གཟུགས་པོ་ཡོངས་རྫོགས་ལ་ཁྱབ་ཡོད་སྟབས་ཆུ་ཚ་བོ་ཐུང་བ་ཙམ་གྱིས་གསོད་ག་ལ་ཐུབ། །
མཆན་གསུམ་པོ་འདེབས་མཁན་ནི་ལུག་འདྲ་འདྲ་རྐྱང་རེད།
དེང་པོ་བོར། ནད་འབུ་མ་ཡལ་པར་དུ་ལུས་ཐང་ཐང་མེད་པའི་མི་བུ་གཞན་ལ་མི་འགོས་བའི་དོན་དུ། གང་ས་ལ་འགྲོ་རུ་མི་འཇུག་པ་དང་གང་ས་ནས་སྡོད་དུ་མི་འཇུག་པར། སྨན་ཁང་སོགས་ནས་བཀག་བཞག་བྱེད་དགོས་པ་རེད། ནད་རྟགས་ཡོད་དགོས་བ་དང་ནད་ལྕི་མོ་ཡིན་དགོས་བ་གང་ཡང་ཡོད་ནི་མ་རེད། མི་སོ་སོའི་བདེ་ཐང་ལ་རག་ལས་པ་ཞིག་རེད།
གཉིས་པ་བོར། ནང་ཤའི་ཚ་ཚད་ལས་བརྒལ་བའི་ཆུ་ཚ་འཐུང་མི་ཐུབ། འཐུང་བ་ཡིན་ན། ཁ་མིད་པ་ཚང་མ་སྲེག་འགྲོ་བ་རེད། ཚ་ཚད་གཅིག་པ་འམ་དམའ་པས་ནད་འབུ་གསོད་པར་འདོད་པ་ནི། རང་ལ་ཀླད་པ་མེད་པའི་རྟགས་རེད།
གསུམ་པ་བོར། ནད་འབུ་འདི་ལུས་ཕོང་ཡོངས་ལ་ཁྱབ་པའི་ན་ཚ་ཞིག་མ་རེད། འདི་གློ་བ་གཅིག་པོ་ཟ་འགྲོ་ནིའི་ནད་འབུ་ཤིག་རེད། གློ་བ་བཟས་བས་ཁྲག་དབུགས་གཉིས་ཏག་ཏག་མ་བྱུང་པས་རྐྱེན་པས་སྙིང་དང་མཁལ་མ། མཆིན་པ་སོགས་ལ་ཞོར་སྐྱོན་ཤོར་ནས་ཤི་འགྲོ་བ་མང་པོ་རེད།
མཐའ་མ་དེར། རྒན་སྐུ་གཟུགས་བདེ་པོས་ནད་འབུ་ལས་རྒྱལ་པར་ཤོག།
གནམ་ལགས། མི་ཤེས་ཤེས་ཁུལ་མ་བྱེད། ཁྱེད་ཀྱིས་གསུངས་སྟངས་ལ་བལྟས་ན་ཉིད་ནི་འཇིག་རྟེན་ཁམས་གཞན་ཞིག་ནས་བསླེབས་པ་མིན་ནམ་སྙམ་པའི་ཚོར་བ་ཞིག་སྟེར། ཐ་ན་སྨན་ཁང་ལ་སོང་ན་འགྲོ་སོང་ཆེན་པོ་ཡིན་པ་ཙམ་ཡང་རྟོགས་མེད་པ་འདྲ། མི་ཚང་མའི་ལས་ཀྱི་རྣམ་སྨིན་མི་འདྲ་བ་བཞིན། ནད་འབུ་དེས་གནོད་སྐྱེལ་སྟངས་ཀྱང་མི་ཚང་མ་འདྲ་བོ་མེད་པ་རེད། ཁ་ཅིག་ལ་གློ་ལ་ཅི་ཡང་གནོད་ཀྱི་མེད་པ་ཤེས་གསལ་རེད། ངའི་གྲོགས་པོ་ཞིག་གི་སྐྱེ་དམན་ལ་ན་ཚ་དེ་ཕོག་འདུག མོ་རང་དང་པོ་ཉིན་ཤས་རིང་རང་ཁྱིམ་ནས་དྲག་ཐབས་བྱས་ཀྱང་སྙིང་གི་འཕར་ཚདཤུགས་དྲག་ཏུ་སོང་ནས་ཛ་དྲག་སྨན་ཁང་དུ་འགྲོ་དགོས་བྱུང་འདུག མོའི་གློ་བར་ཅི་ཡང་བྱས་མི་འདུག་གོ གཞན་ཞིག་གསལ་པོ་བཤད་རྒྱུ་ཞིག་ལ་མི་ཁ་ཅིག་ལ་པྲོག་ཞུ་ན་ཚ་འདི་ཆམ་པ་ལས་ཀྱང་ཡང་པོ་ཡོད་ས་རེད། ནད་རྟགས་སོགས་ཕྱི་ལ་མི་མངོན་མཁན་ཀྱང་མང་དག་ཅིག་བྱུང་འདུག འདིའི་རིགས་སྨན་ཁང་དུ་འགྲོ་དགོས་ཡོད་པ་མ་རེད། གཅིག སྨན་ཁང་དུ་ནད་པ་མང་དྲག་པས་དཀའ་ངལ་དང་། གཉིས། རིན་གོང་མཐོ་བས་ཕྱིར། ནད་རྟགས་མེད་མཁན་དང་ན་ཚ་ཛ་དྲག་་མ་ཡིན་པ་རྣམས་ངེས་པར་དུ་རང་ཁྱིམ་ནས་ཟུར་བཀག་བྱས་ནས་དྲག་སྐྱེད་བྱུང་ན་ཤིན་ཏུ་ནས་དགེ་མཚན་ཆེའོ། །
ངས་རིག་པའི་འགྲོ་སོང་ནི། གྲྭ་བ་བླ་མ་རྒན་པ་མང་པོའི་ཚེ་སྲོག་གི་འགྲོ་སོང་རེད། ཁྱོས་རིག་རྒྱུ་དེ་གྲྭ་བ་གཅིག་གི་དངུལ་ཁུག་གི་འགྲོ་སོང་རེད། གཉིས་ཆ་འགྲོ་སོང་ཆེན་པོ་རེད། རྒྱ་ཐོག་ལ་བཞག་ན་ལྗི་ཚད་ཁ་ཁ་རེད།
མིག་མེད་པའི་གླིང་ལ་མིག་ལྡན་ཞིག་འབྱོར་ན། དཀའ་སེ་ཡོད་ཚོད་རེད། ནད་པ་དང་དེའི་ནང་མི་གྲོགས་པོའི་མྱུང་ཚོར་ཁུང་ལུང་ལ་འདྲེན་པ་ནི་ཆེས་ཐ་ཆད་རེད། ཡོད་ཚད་དང་ནུས་ཚད་ཀྱི་མི་ཚེ་ཧྲིལ་པོ་ཡམ་ནད་ཞིབ་འཇུག་དང་སྔོན་འགོག་ལ་ཕུལ་བའི་སྨན་རྗེ་ཚོའི་ལམ
སྟོན་སྦས་ནས་ཅིག་བཤད་བསྡད་ན། ཁྱོད་དང་ཁྱོད་ཀྱི་འཁོར་ཡུག་ནི་རྨོངས་པས་འདས་ཤི་བྱེད་པ་ལས་ཐབས་གཞན་མེད་དོ།
ཀོཝིད་༡༩ ཏོག་དབྱིབས་ནད་ཡམས་སྐོར་ཕལ་ཆེར་ང་ཚོ་ཚང་མ་རྒྱུས་མེད་གཅིག་པ་ཡིན་སྲིད་སྨན་པ་མང་པོའི་བཤད་པའི་སྐད་ཆ་ཉན་ནས་དྲ་སྟེང་བཀོད་པ་འདིའི་མི་མང་པོ་ལ་ཕན་ན་བསམ་ནས་བྲིས་ཡིན་ནད་འབུ་དེ་མིག་པའི་ནང་ཉིན་མ་གཉིས་གསུམ་ལྷག་གི་ཡོད་པ་ནས་ཆུ་སྐོལ་ཚ་བོ་ཐུང་རྒྱུ་དང་མིག་པ་ཆུ་དྲོ་འཇམ་ནང་ཚ་སླུགས་ནས་ཉིན་རེར་ཐེངས་གསུམ་ཆུ་བཤལ་གཏོང་རྒྱུ་སོགས་འགྲོ་སོང་མེད་པའི་ནད་འབུ་འཇོམས་པའི་ཐབས་ལམ་བཟང་ཤོས་ཡིན་པ་སྨན་པའི་བཤད་པའི་བསླབ་བྱ་ལས་བཏུས་པ་ལས་རང་བཟོ་མིན་པ་མཁྱེན་པ་གནང་དགོས།
གནམ་ལགས། ཁྱེད་ཀྱིས་ངས་བྲིས་པ་དེ་མ་བཀླགས་པར་དགག་ལན་བྱས་ཡོད་པའི་ཚོར་བ་ཞིག་སྟེར། ངས་གོང་དེར་ནད་པ་ཛ་དྲག་མིན་མཁན་ཚོ་སྨང་ཁང་དུ་མ་སོང་ན་ལེགས་ཚུལ་བཤད་པ་ལས། ནད་པ་ཛ་དྲག་རྣམས་ལ་བཤད་མེད། ནད་པར་ཞབས་ཞུ་ཞུ་མཁན་རང་མི་ལས་ལྷག་ཅིག་སྨན་ཁང་དུ་ཡོད་པ་མ་རེད་ལ། ལྷག་པར་ཟ་མ་བཟང་པོ་དེ་འདྲ་སྨན་ཁང་ནས་རང་ཁྱིམ་ནང་བཞིན་སྒྲུབ་མི་སྲིད་པ་རེད། གཞན་ཞིག་རང་ཁྱིམ་ནས་ནད་པ་དྲག་སྐྱེད་བྱུང་ན་ཧིན་སྒོར་ཁྲི་འབུམ་ཡང་ཤོར་གྱི་མ་རེད། །