ནམ་མཁའ།
གངས་ཅན་པ་ཚོས་གངས་སེང་དཀར་མོ་ཞེས།།
གངས་ཀྱི་ནང་དུ་གནས་བར་འདོད་མོད་ཀྱང་།།
གངས་རི་མེད་པའི་གླིང་འདིའི་ལྷོ་ཕྱོགས་སུ།།
སེང་གེ་དཀར་མོ་རྙེད་འདི་ཅིའི་མི་མཚར།།
དེ་རིང་སྲོག་ཆགས་ཀྱི་རིགས་ལ་ཞིབ་འཇུག་བྱེད་མཁན་གྱི་སྐྲ་སེར་བུ་མོ་ཞིག་དང་མཉམ་དུ་དུས་ཚོད་གཅིག་ཙམ་ལ་གླེང་མོལ་བྱེད་པའི་གོ་སྐབས་ཞིག་ཕྲན་ལ་བྱུང་། བུ་མོ་སྐྲ་སེར་མ་འདི་ང་རང་ནམ་རྒྱུན་ཁ་ཧྥེ་འཐུང་སའི་ཇ་ཁང་ནས་ཚར་མང་པོ་སྐད་ཆ་ཕྲན་བུ་རེ་བཤད་མྱོང་ཡོད་པ་ཙམ་ལས། མོ་རང་གི་ལས་གནས་གང་ཡིན་སོགས་ཀྱི་གླེང་མོལ་བྱས་མྱོང་མེད། མོ་རང་ནི་དུས་རྒྱུན་དགོད་ཁ་སློང་བར་དགའ་ཞིང་གདོང་ལ་འཛུམ་མདངས་ཀྱིས་ཁེངས་བའི་གཞོན་ནུ་མ་ཞིག་ཡིན། ཕར་བལྟས་ཚོད་ཀྱིས་སྤྱང་གྲུང་འཛོམས་པ་ཞིག་ཡིན་པ་མི་ལ་དོན་སྣང་བྱེད་མཁན་ཚོས་ཤེས་ཐུབ། དེ་རིང་མོས་ང་ལ་ཕྲན་གྱི་ལས་ཀ་གང་ཡིན་སོགས་ཀྱི་གནས་ཚུལ་འགའ་བསྟུད་མར་དྲི་བ་བཏང་སོང་། ངས་ཀྱང་མོ་རང་ལ་དྲི་བ་འགའ་དྲིས་པ་ཡིན། འདི་ནི་ངེད་གཉིས་ཀྱིས་ཕན་ཚུན་ལ་མི་ཚེ་ཐུང་ངུ་རེ་ངོ་སྤྲོད་བྱེད་པ་ཐེངས་དང་པོ་དེ་རེད།
གང་ལྟར་སྐྲ་སེར་མས་ང་ལ་བོད་ནང་དུ་སྲོག་ཆགས་ཀྱི་རིགས་ག་རེ་ཡོད་མེད་ཀྱི་སྐོར་དྲི་བ་ཡང་བཏང་སོང་མོད། ངས་བོད་ནང་དུ་སྲོག་ཆགས་འགའི་མིང་མ་གཏོགས་མི་ཤེས་ལ། དེ་དག་ཡང་མང་པོ་ཞིག་མཐོང་མྱོང་ཡང་མེད་པའི་སྐོར་གསལ་བོ་བཤད་པ་ཡིན། སྐྲ་སེར་བུ་མོ་འདི་ལ་ང་ལས་མོ་རང་གསལ་ཆ་འདུག དེ་ནི་མོ་རང་གི་ཆེད་ལས་ཡིན་སྟབས་ཧ་ལས་མ་སོང་མོད། འོན་ཀྱང་ངེད་གཉིས་ཀྱིས་གླེང་གཞིའི་སྲོག་ཆགས་སྐོར་ཡིན་སྟབས། ཕྲན་གྱིས་མོ་རང་ལ་སེང་གེ་དཀར་མོའི་སྐོར་དྲི་བ་ཞིག་བཏང་བ་ཡིན། མོ་རང་གི་གདོང་ལ་གད་མོ་ཞིག་ཤོར་ཞོར་དངོས་གནས་ཁྱེད་ཀྱིས་སེང་གེ་དཀར་མོ་ཡོད་མེད་ལ་དོགས་པ་ཡོད་དམ་ཟེར། ཕྲན་གྱིས་ཐེ་ཚོམ་མེད་པར་དོགས་པ་ཡོད་ཅེས་ལན་འདེབས་བྱས་པ་ཡིན། མ་ཟད་དགེ་ཆོས་ལགས་ཀྱིས་གསུངས་བའི་སྐོར་ཞིག་ཀྱང་བཤད་པ་ཡིན། ཡིན་ཡང་ལྷ་སྒྲུང་འདྲ་བོ་ཞིག་ལ། ཚངས་དབྱངས་རྒྱ་མཚོས་སེང་གེ་དཀར་མོ་དེ་འདྲ་ཞིག་མཐོང་བའི་སྐོར་གྱི་ལོ་རྒྱུས་ཙམ་ཞིག་ཡོད་པ་རེད་ཅེས་གང་ཤེས་པ་དྲང་མོ་བཤད་པ་ཡིན།
དངོས་གནས་ང་རང་ཐོས་རྒྱ་དང་མཐོང་རྒྱ་ཆུང་བའི་མི་ཞིག་ཡིན་ཅེས་སྐད་ཆ་དྲང་བོར་བཤད། སྐྲ་སེར་བུ་མོས་དེ་ལྟར་ཡིན་ན།ངས་ཁྱེད་ལ་ལམ་སེང་པར་དང་བརྙན་འཕྲིན་བསྟན་ཆོག་ཟེར། མོའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནས་སེང་གེ་དཀར་མོའི་པར་དང་བརྙན་འཕྲིན་སོགས་ཕྲན་ལ་བསྟན་སོང་བས་སྤྲོ་བ་ཡང་རབ་ཏུ་སྐྱེས།
སེང་གེ་དཀར་མོ་འདི་རྙེད་ནས་ལོ་མང་པོ་ཕྱིན་མི་འདུག ༡༩༧༠ལོར་ལྷོ་ཨ་ཧྥེ་རི་ཁ་ནས་ཐོག་མར་རྙེད་ཚུལ་ཞིག་གི་གསལ་བཤད་ཐུང་ངུ་ཞིག་ཀྱང་འདུག་པས་ཡིད་ཆེས་མིན་ལ་དོགས་པ་སྐྱེས་དགོས་དོན་མེད་པར་གྱུར། ཡིན་ཡང་ངའི་བསམ་ཚུལ་དང་འདྲེས་བའི་དོགས་སློང་ཞིག་མོ་ལ་བཤད་པ་ཡིན། སེང་གེ་དཀར་མོ་འདི་གངས་ནང་དུ་གནས་དགོས་བ་ཞིག་མ་ཡིན་པར་ནགས་ཚལ་དུ་ཡོད་པ་རེད་དམ། མོས་ཀྱང་ངའི་དོགས་སློང་ཕྲན་བུ་དེ་ལ་ཞིབ་མོར་ཉན་ཞོར་ངེས་པར་དུ་གངས་ནང་དུ་ཡོད་དགོས་ཀྱི་མ་རེད་ཟེར། ལྷོ་ཨ་ཧྥེ་རི་ཁའི་ནགས་ཚལ་ནས་རྙེད་པ་རེད་ཟེར།
གཅིག་བྱས་ན་བོད་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རི་དང་ནགས་ཚལ་དུ་ཡོད་སྲིད་ཀྱི་རེད་ཟེར། ཡིན་ཡང་སྟག་དཀར་བོ་བོད་དང་། པ་ཀི་སི་ཐན། ཨ་ཧྥུ་རྒན་སི་ཐན། བལ་ཡུལ་བཅས་ན་ཡོད་པ་རེད། ང་ཚོ་གངས་ཅན་པ་ཚོས་སེང་གེ་དཀར་མོ་ལ་གངས་སེང་དཀར་མོ་དང་སྤུ་མདོག་སྐྱ་སེར་ལ་འདམ་སེང་ཞེས་འབོད་པའི་རྒྱུ་མཚན་ནི། སེངྒེ་ཡི་སྤུ་མདོག་ལ་ལྟས་ཏེ་བཏགས་པ་ཞིག་མིན་ནམ་སྙམ། དེ་མིན་སེང་གེ་དཀར་བོའི་རིགས་ངེས་པར་དུ་གངས་ནང་དུ་ཡོད་དགོས་པ་ཞིག་མ་ཡིན་པར་ནགས་ཚལ་དུ་ཡང་ཡོད་པ་གསལ་བོ་རེད། དཔེར་ན། ང་ཚོ་ཨ་མདོ་བ་ཚོས་རྒྱན་ཆ་རུ་བརྩི་བའི་སྲམ་ལྤགས་ལ་ཡང་ཆུ་སྲམ་དང་བྲག་སྲམ་ཅེས་འབོད་སྲོལ་འདུག སྲམ་གྱི་སྤུ་མདོག་ཅུང་སྐྱ་བོའི་རིགས་ལ་ཆུ་སྲམ་དང་སྤུ་མདོག་ཅུང་ནག་པོའི་རིགས་ལ་བྲག་སྲམ་ཅེས་དམངས་ཁྲོད་དུ་འབོད་པའི་སྲོལ་ཞིག་འདུག་པས་དོགས་པ་ཅུང་ཟད་སྐྱེས།
མོ་རང་གིས་དེ་ལས་གཞན་ཞིག་ལ། ཐོས་རྒྱ་ཆུང་བའི་ཕྲན་གྱིས་རྩ་བ་ནས་ཐོས་མ་མྱོང་བའི་སེང་གེ་ནག་པོ་ཡོད་པའི་པར་ཞིག་ཀྱང་བསྟན་སོང་། མཐོང་ཐོས་ཡངས་བའི་གྲོགས་པོ་དག་ལ་མི་ཕན་ཡང་། ཕྲན་ལྟ་བུ་ཐོས་རྒྱ་དང་མཐོང་རྒྱ་ཆུང་བ་དག་ལ་ཕན་པར་བསམ་ནས་འདིར་བཀོད་པ་ཡིན།
ངས་དྲ་ཐོག་ཏུ་སྐུར་སྐབས།ཡིག་འབྲུ་འགའ་ཆད་འདུག་པ་འདི་ལྟར།
བལ་ཡུལ་བཅས་ན་ཡོད་པ་རེད་ཅེས་བའི།མཇུག་འདིར་༼ང་ཚོ་གངས་ཅན་པ་ཚོས་སེང་གེ་དཀར་མོ་ལ་གངས་སེང་དཀར་མོ་དང་སྤུ་མདོག་སྐྱ་སེར་ལ་འདམ་སེང་ཞེས་འབོད་པའི་རྒྱུ་མཚན་ནི། སེངྒེ་ཡི་སྤུ་མདོག་ལ་ལྟས་ཏེ་བཏགས་པ་ཞིག་མིན་ནམ་སྙམ། དེ་མིན་སེང་གེ་དཀར་བོའི་རིགས་ངེས་བར་དུ་གངས་ནང་དུ་ཡོད་དགོས་བ་ཞིག་མ་ཡིན་པར་ནགས་ཚལ་དུ་ཡོད་པ་གསལ་བོ་རེད། དཔེར་ན།ང་ཚོ་ཨ་མདོ་བ་ཚོས་རྒྱན་ཆ་རུ་བརྩི་བའི་སྲམ་ལྤགས་ལ་ཡང་ཆུ་སྲམ་དང་བྲག་སྲམ་ཅེས་འབོད་སྲོལ་འདུག སྲམ་གྱི་སྤུ་མདོག་ཅུང་སྐྱ་བོའི་རིགས་ལ་ཆུ་སྲམ་དང་སྤུ་མདོག་ཅུང་ནག་པོའི་རིགས་ལ་བྲག་སྲམ་ཅེས་དམངས་ཁྲོད་དུ་འབོད་པའི་སྲོལ་ཞིག་འདུག་པས་དོགས་པ་ཅུང་ཟད་སྐྱེས།༽ཡིག་འབྲུ་འདི་རྣམས་གོང་གི་མཚམས་དེར་འཇོག་པའི་ནོར་བཅོས་སུ་ཕུལ།
སེང་གེ་དཀར་མོ་ཞེས་ཐོས་མྱོང་ཡོད་།ཡིན་ཡང་དེ་རིང་བར་དུ་དངོས་སུ་མཐོང་བ་ཕར་བཞག་པར་ཙམ་མཐོང་བ་ཡང་དེ་རིང་ཐེངས་དང་པོ་ཡིན། བཀའ་དྲིན་ཆེ།བོད་མཁས་དང་དགེ་ཆོས་གཉིས་ལ་འགྲམ་ལྕགས་ཚ་བོ་རེ་གཞུས་འདུག
འོ་ན་གཡུ་ཡི་རལ་པ་གང་དུ་འདུག བོད་ལ་སྟག་ཡོད་མ་རེད་ལོ༄
བོད་ལ་སྟག་ཡོད་མེད་ལ་ཐེ་ཚོམ་ཆེས་མི་འདུག་མོད།འོན་ཀྱང་སེང་གེ་དཀར་མོ་འདི་འདྲ་ཡོད་མེད་ལ་ཐེ་ཚོམ་ཆེ་།ཡིན་ཡང་བོད་ལ་ཞེན་གྱིས་གཡུ་རལ་ནི་རིང་པོ་མི་ཡི་མགོའི་རལ་བ་ལྟར་དགོས་བ་ལྟར་བསམ་འདུག་མོད།དེ་ནི་ཤིན་ཏུ་མི་འཐད་དེ་སེང་གེ་ཕོ་ལ་རྒྱ་དང་རལ་བ་ཁམ་སེར་ཡོད་ཅེས་དགེ་ཆོས་ཀྱིས་ཀྱང་གསུངས་འདུག་ལ། དེ་ནི་དེང་སང་མཐོང་བ་མངོན་སུམ་རེད།སེང་གེ་ཡི་མགོ་དང་སྐེ་མཚམས་ཀྱི་སྤུ་་རིང་པོ་དེ་ལ་རལ་བ་ཞེས་འབོད་དགོས་སོ།
ང་ཡང་མཐོང་རྒྱ་ཆེན་པོ་ཡིན་པར་དེ་རིང་ངོ་འཕྲོད་སོང། ངས་. NGO and animal plants ནང་དུ་ཐེང་ཁ་ཤས་མཐོང་བྱུང། ཡིན་ནའང་བོད་ལ་གྲགས་པའི་སེང་གེ་དཀར་མོ་ཟེར་བ་དེ་འདྲ་ཞིག་ཡིན་མདོག་མེད། མ་གཞི་ནས་དེང་སང་མཐོང་རྒྱུ་མེད་ན་མེད་དགོས་པ་དེ་འདྲ་རང་ད་ཨེ་ཡིན་ན། སེམས་ཅན་མང་པོ་ཞིག་སྔར་ཡོད་ཅིང་དེང་སང་མེད་པ་དེ་འདྲ་ཚན་རིག་པས་བརྟག་དབྱད་ཀྱིས་རྙེད་པ་མང་པོ་འདུག སེང་གེ་གངས་ལ་འགྱིང། གླང་ཆེན་ནགས་ལ་འགྱིང། ཟེར་སྲོལ་ཡོད་པས་བོད་ལ་གྲགས་པའི་སེང་གེ་དེ་ནགས་ཀླུང་ལ་གནས་པ་ཡིན་ན་གངས་ལ་འགྱིང་དང་ནགས་ལ་འགྱིང་གཉིས་ཀ་ཡིན་པ་རེད།
པར་དང་པོ་འདི་གངས་སེང་དཀར་མོ་ཡིན་མིན་མི་ཤེས་ཀྱང་། གདམ་སེང་དཀར་པོ་ཡིན་པ་ལ་རྩོད་པ་མི་འདུག
སྐུ་ཞབས་ཀརྡོ་ལགས།གངས་སེང་དཀར་མོ་གང་འདྲ་ཞིག་ཡོད་དམ། པར་དང་པོ་དེ་འདམ་སེང་ཡིན་པའི་དབང་དུ་བྱས་ན་ག་འདྲ་ཞིག་དགོས་སམ།
ད་ནས་ཡར་བརྩིས་པའི་ལོ་བརྒྱ་ཡས་མས་ཀྱི་དུས་སུ་བོད་ལ་སྟག་ཡོད་ཐག་ཆོད་རེད། སྟག་ཅེས་པའི་ཐ་སྙད་བོད་རང་སྐད་རེད། འབྲུག་ཡུལ་ནས་བོད་དང་ས་མཚམས་སུ་ཁེལ་བའི་གངས་རི་དང་ཉེ་སར་དེང་སང་ཡང་སྟག་ཡོད་པ་མིག་གིས་མཐོང་འདུག སྟག་སྲུང་སྐྱོབས་ཚོགས་པས་ཀྱང་མཐོང་འདུག བོད་ལ་སྟག་ཡོད་པ་བསད་ནས་པགས་པ་དགོན་པའི་མགོན་ཁང་དུ་ཕུལ་བ་མིག་གིས་མཐོང་མྱོང་མཁན་འདུག ཁམས་ལི་ཐང་གི་ཨོ་ཐོག་དང་ཐག་ཉེ་སའི་ནགས་གསེང་ཞིག་ན་སེང་གེ་ཞིག་འདུག་ཟེར། སེང་གེ་ངོ་མ་ཡིན་མིན་གང་ལྟར་ཡང་སེང་གེ་འདྲ་བའི་གཅན་གཟན་ཞིག་ཡོད་འདུག དེ་ཉེ་དུས་སུ་དངོས་སུ་མཐོང་མྱོང་མཁན་འདུག
སང་དཀར་དེ་ལ་གཡུ་རལ་མེད་པས་བོད་གངས་ཅན་གྱིས་བརྗོད་བཞིན་པའི་གངས་སེང་དཀར་པོ་གཡུ་ཡི་རལ་བ་ཅན་ལ་འབྲེལ་བ་ག་རེ་ཡོད་པ་རེད།
སྤོབས་མཐའ་ལའང་སྤོབས་པ་ཆེན་པོས་ངེས་གཏན་གྱི་སྒྲུབ་བྱེད་ཅིག་མེད་ཀི། ཅིག་ཟེར་ཟེར་ཟེར་བ་མ་གཏོགས་མེད་ཀི། ཨོ་སྟག་བསད་ནས་མགོན་ཁང་ནང་དུ་སྟག་སྤགས་བཞག་ཡོད་ཟེར་་་་་་འདམ་སེང་ལ་རིགས་འདྲ་མིན་ཡོད་པའི་ནང་ནས་གོང་གི་པར་དང་པོ་དེ་ནི་འདམ་སེང་དཀར་པོའི་པར་དང་འོག་མ་དེ་ནག་པོའི་པར་རེད་འདུག གཟིག་ལའང་རིགས་སྣ་ཚོགས་ཡོད་པ་བཞིན་འདམ་སེང་ལའང་དེ་བཞིན་མི་འབྱུང་བའི་རྒྱུ་མཚན་མེད། དེ་བཞིན་དོམ་ལའང་དཀར་པོ་དང་ནག་པོ་དམར་པོ་ལས་སོགས་མང་དུ་ཡོད་པ་བཞིན་ནོ། མ་གཞི་ནས་སེང་གེ་ཟེར་བ་བོད་སྐད་ཡིན་ནམ།
སེང་གེ་དཀོར་པོ་ཡོད་མེད་རྩོད་པ་དེ་རྒྱལ་དར་ཐོག་ཡོད་པ་དེ་འདྲའི་རྣམ་པ་ཅན་ལ་ཟེར་བཞིན་འདུག དགེ་ཆོས་ཀྱིས་མགོ་རྩུགས་སའང་རྒྱལ་དར་ནས་རེད་ལ། དགེ་བཤེས་ཤེས་རབ་ནས་དགག་པ་བརྒྱབ་པའང་རྣམ་པ་དེ་འདྲ་ཞིག་གསུངས་བཞིན་འདུག སྨྲ་བ་པོའི་འདོད་པས་དམིགས་པའི་དོན་གྱི་རྗེས་སུ་འཇུག་ནས་ཤོས་དང་གོ་རྒྱུ་ཞིག་ཡོང།
༧༽ lhamotsering ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༩ གི་ཆུ་ཚོད་ ༡༥ སྐར་མ་ ༤༦
སྐུ་ཞབས་ཀརྡོ་ལགས།གངས་སེང་དཀར་མོ་གང་འདྲ་ཞིག་ཡོད་དམ། པར་དང་པོ་དེ་འདམ་སེང་ཡིན་པའི་དབང་དུ་བྱས་ན་ག་འདྲ་ཞིག་དགོས་སམ། ཞེས་པའི་ལན་དུ།
པར་དང་པོ་དེ་འདམ་སེང་ཡིན་པ་དེ་འདྲ་འདམ་སེང་དཀར་པོ་ཡོད་ཡོད་པ་ངས་སྔ་མོ་ནས་ཤེས། འོནད་ཀྱང་།
༡༠༽ བན་དེ་བ་ནས། སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༩ གི་ཆུ་ཚོད་ ༢༡ སྐར་མ་ ༤༢ ་་་་་ དེ་བཞིན་དོམ་ལའང་དཀར་པོ་དང་ནག་པོ་དམར་པོ་ལས་སོགས་མང་དུ་ཡོད་པ་བཞིན་ནོ། མ་གཞི་ནས་སེང་གེ་ཟེར་བ་བོད་སྐད་ཡིན་ནམ། ་་་་ཞེས།
བན་དེ་བ་ལགས་ཀྱིས། སེང་གེ་ཞེས་པའི་ཚིག་འདི་བོད་སྐད་ཡིན་ནམ་ཞེས་པ་འདི་ལ་ང་ཡང་དྭོགས་གནད་ཅིག་ཡོད། གངས་ཡིན་ཟེར་ན། ང་ཚོས་སྔར་སྔ་མོ་ནས་སེང་གེ་ལ་སེངྒེ་ཞེས་འབྲི་སྟངས་འདི་མིང་འདི་ཡང་རྒྱ་གར་སྐད་ནས་ཟུར་ཆག་པ་རེད་འདུག རྒྱ་གར་ཆོས་རྒྱལ་མྱ་ངན་མེད་སོགས་ཙམ་མ་ཟད། ཡུལ་རོབ་ཡུལ་གྲུ་མང་པོ་དང་ཚོགས་འདྲ་མིན་གྱིས་འདམ་སེང་དེ་རང་རང་གི་དར་ཆར་དང་མཚོན་དོན་སོགས་སུ་བཀོལ་སྤྱོད་བྱས་ཡོད་རེད། རྒྱུ་མཚན་ནི་ཀུན་ཁྱབ་ལྟར་རི་དྭགས་རྒྱལ་པོ་ཡིན་པས་སོ། །
ང་ཚོས་ནོར་ས་དང་འཕྱུགས་ས་དེ་ནི། ༡༽སེང་དར་ཐོག་མར་གཏན་འབེབ་འབྲི་དུས་སེམས་ཅན་སེང་གེ་ཞེས་པ་མཐུ་རྩལ་ཆེ་བ་ནང་ཆོས་ནང་དང་། ལྷག་པར་སྔགས་གཞུང་དུ་སེངྒེ་བརྒྱད་ཀྱི་ཁྲི་སྟེང་དུ་པདྨ་ཉི་ཟླ་སྟེང་དུ་རྒྱལ་བ་རྡོ་རྗེ་འཆང་གི་ངོ་བོར་རང་གི་རྩ་བའི་བླ་མ་བཞུགས་ནས་་་་་ སོགས་དང་། ༢༽ཡང་བོད་རང་གི་གངས་རིའི་ཁྲོད་དུ་གངས་སེང་ཅིག་ཀྱང་ཡོད་པར་བཅོས་པའི་བྱིས་སྒྲུང་ལྟར་ཡིད་ཆེས་པ་དང་། ༣༽རི་མོ་དངོས་སུ་འབྲི་དུས་རྒྱ་ནག་གི་འབྲི་སྟང་སེང་གེ་ཞེས་པའི་ལྷ་སའི་ཁྱི་ཨབ་སོབ་ལུས་ཀྱི་བོང་ཚད་ཆེ་རུ་བཏང་ནས། གཡུ་རལ་ཡང་སྔོན་ལྗང་ཅན་དུ་གཞི་མེད་རང་བཟོ་བྱས་པ་འདིས་ནས་ནོར་འཆུགས་ཤོར་བ་ཡོན་པར་འདོད་ལགས། ད་ང་ལ་དྲི་བ་ཅིག་ཡོད་པ་ནི། ང་ཚོའི་དར་ཆའི་འབྲི་མཁན་དང་པོ་དེ་སུ་རེད་དམ། ཁོང་གི་ཁུངས་གང་བཅོལ་ཏམ་། ཞེས་འདྲི་བར་འདོད་ལགས། སྤྱིར་གངས་སེང་དཀར་མོ་ཅིག་ཀྱང་ཡོད་ཅེས་ལབ་ལ། ངས་ཀྱང་དེ་བཞིན་ནོ་ཞེས་འདོད་པར་དཀའ་ངལ་ཞིག་ཕྲད་བགྱིད་འདུག་གོ །
ཀརྡོ་ལགས། སེང་གེ་ལ་དཀར་ནག་དང་སྐྱ་སེར་ཡོད་པ་ང་ཚོའི་མིག་མདུན་དུ་མཐོང་ཆོས་སུ་མཆིས། ཡིན་ཡང་དོགས་པ་ཡོད་པ་ནི།གངས་ནང་དུ་ཡོད་མེད་ཀྱི་དོགས་པ་རེད། གལ་སྲིད་ང་ཚོས་མཐོང་བའི་སེང་གེ་དཀར་བོ་དེ་གངས་ནང་དུ་ཡོད་ཚེ་དེ་ལ་གངས་སེང་ཞེས་འབོད་རྒྱུ་ཡིན་པ་ཐག་གིས་ཆོད། དེ་ནགས་ཚལ་དུ་ཡོད་དུས་ནགས་སེང་དང་འདམ་སེང་ཞེས་འབོད་པ་མ་ཡིན་ནམ།སྤྱིར་གངས་ནང་དུ་དོམ་དཀར་བོ་ཡོད་པ་དེང་སང་བརྙན་འཕྲིན་སོགས་སུ་དངོས་སུ་མཐོང་ཡོད།དེ་ལྟར་ཡིན་ན་གངས་ནང་དུ་སེང་གེ་ཡོད་མི་ཆོག་པའི་རྒྱུ་མཚན་ག་རེ་ཡོད་དམ། གཡུ་རལ་ཟེར་བ་ལྟ་བུའི་མིང་ཚིག་འདི་རིགས་བོད་ཀྱི་སྙན་ངག་པ་ཚོས་སྒྲོ་བཏགས་ཀྱི་མིང་ཞིག་རེད།ས་འབུ་ནག་རིང་འབྲུག་དང་ཕྱེ་མ་ལེབ་ཁྱུང་ཆེན་དུ་རྟོག་བཟོ་ཁོ་ནའི་བཟོས་བ་རེད་མ་གཏོགས།སེང་གེ་ཡི་རལ་བ་ལ་གཡུ་ཡི་མདོག་ཅན་ཞིག་བོད་པ་སྙན་ངག་པ་ཚོས་མ་གཏོགས་སུས་ཀྱང་བརྗོད་མི་སྲིད།
ཀ་རྡོ་ལགས་སེང་གེ་ཞེས་པ་བོད་སྐད་ཡིན་མིན་ཅི་མི་ཤེས་ཞང་སྐད་ཡིན་པར་སྒྲུབ་ཐུབ་པར་མ་ཟད་་་ཞང་བོད་ཀྱི་སྒྲ་ཤན་སྦྱར་ནང་དུ་མང་དུ་ཡོད། དེ་ཡང་སེང་གེ་ཞེས་པའི་དོན་ནི། སང་དང་སེང་ཞེས་པ་དོན་འདྲ་ཞིང་སང་ཞེས་པའི་དོན་ནི་་་་་ཐོག་མར་སེང་གེའི་མ་མ་སང་གི་བུ་ཡིན་པས་ན་སེང་ངམ་སང་དང། དཔེར་ན། ལྕང་སེང་ལམ་ལྷ་ཞེས་པ་ལྟ་བུ་རེད། གེ་ཞེས་པ་ནི་ཞང་སྐད་དུ་བདུད་ལ་བརྗོད་ཅིང། དེས་ན་སེང་གེ་ནི་གཅན་གཟན་གྱི་རྒྱལ་པོ་ཡིན་ཅིང་གཅན་གཟན་གཞན་རྣམས་ཀྱི་དགྲའམ་བདུད་དུ་གྱུར་བས་ན། སེང་གེ་ཞེས་བརྗོད་པའོ། ཡིན་ནའང་དྲ་གྲོགས་ཚོས་བརྟག་དཔྱད་གནང་རོགས། ཡིན་ནའང་ང་ཚོ་བོད་པས་ལམ་སང་དེ་རྒྱ་གར་གྱི་སྐད་་ཡིན་པར་བརྗོད་པ་ངས་ཚོད་དཔག་བྱེད་ཐུབ།
བོད་པའི་རི་མོའི་རྒྱུ་རྩལ་འདི་དངོས་གནས་གོད་བྲོ་བོ་དང་ཡ་མཚན་ཞིག་རེད། གངས་སེང་དང་ཁྱུང་ཆེན། ད་དུང་ཆུ་སྲིན་སོགས་བོད་པས་བྲིས་པའི་རི་མོ་ནང་བཞིན་སེམས་ཅན་ཞིག་ཡོད་མེད་མི་ཤེས་ཀྱང་།
བོད་པའི་ལྷ་བྲིས་པས་བྲིས་པའི་ང་ཚོས་མཐོང་ཐུབ་པའི་རྟ་དང་གཡག་སོགས་ཀྱི་རི་མོ་ལ་ལྟོས་དང་རྟོག་བཟོ་ག་ཚོད་བྱས་འདུག་ཤེས་ཡོང་། རྟ་དང་གཡག་སོགས་ཀྱི་ཁ་ནས་མེ་འབར་སྣ་ནས་དུ་བ་འཐུལ། རྭ་ཡོད་རྣམས་ཀྱི་རྭ་རྩེ་ནས་མེ་སྟག་འཕྲོ། ཁ་སྣ་ཕྱི་སྒྱུར་སློག རྨིག་པ་དང་སུག་བཞི་ཡར་ལ་བསྲིག མ་མཐའ་མི་ཞིག་བྲིས་ནའང་འཛམ་གླིང་འདིའི་ནང་མ་ཚུད་པའི་མི་རིགས་ཀྱི་གདོང་དབྱིབས་དང་ཆ་ལུགས་ཞིག་འབྲི་བཞིན་འདུག ད་གང་ཤེས།
༡༣༽ lhamotseringལགས།
འབྲུག་ཀྱང་ཕར་ཞོགས། གངས་སེང་བོད་དར་གྱི་སེངྒེ་རི་མོའི་གཡུ་རལ་སྔོན་མདོག་འཛར་འཛར་དེ་སྙན་དངགས་པས་སྒྲོ་བཏགས་པ་ལྟར་ལྷ་བྲིས་པས་རང་བཟོ་ཡིན་དུ་ཆུག་ཀྱང་། དོམ་དཀར་གངས་ཁྲོད་འཁྱགས་རོམ་ནང་མ་གཏོགས་འཚོ་མི་ཐུབ་པ་ལྟར། སེང་གེ་གངས་ཁྲོད་དུ་སྡོད་མཁན་ཅིག་ཐུབ་མཁན་སྟོན་རྒྱུ་དཀའ་བས། དེས་ན་དི་ནོ་སྰ་སོས་ནང་བཞིན་སྔར་ཡོད་ཀྱང་ད་རིགས་རྒྱུན་ཆད་པ་རེད་ཅེས་བཞག་ན་མཛེས་སོ་སྙམ་ལགས།
གངས་སེང་ཡོད་མེད་ལ་དོག་པ་ཡོད་པ་ལས། སྤྱིར་སེང་གེ་དཀར་པོ་ཡོད་མེད་ལ་དོག་པ་མེད་པར་སྙམ། ོ
༡༤༽ བན་དེ་བ་ལགས།
ངའི་རྒྱ་གར་སྐད་དུ་སིངྷ་ལྟ་བུ་དང་། ད་ལྟ་ཡང་རྒྱ་གར་ཧན་སྐད་དུ་ཤེར་སིང་ཡོད་པ་ཁུངས་གཏུགས་པ་ཡིན། མ་སང་གི་སང་དེ་སེང་ལ་གྱུར་ནས་སེང་གི་སྲོག་ཆགས་གཞན་ལ་བདུད་ལྟར་རྩུབ་པས་སེང་གེ་དོན་དེ་ལ་ནི་དེ་རིང་གཞི་ནས་གོ་བས་གཞི་ནས་དཔྱད་རྒྱུ་ཡིན།
༡༥༽ བསྟན་འཛིན་རྒྱལ་པོ་ལགས་ཀྱིས་གསུངས་པ་ལྟར། ལྷ་སའི་གཙུག་ལག་ཁང་གི་སེང་ཟངས་ལས་གྲུབ་པའི་ཆུ་སྲིན་འདི་འདྲ་སྟོང་གསུམ་འཇིག་རྟེན་ཀུནད་ཏུ་བཙལད་ཀྱང་རྙེད་དཀའ་བ་ཅི་བཞེངས་མི་འདུག་གམ། ལགས།
བོད་པས་ངོས་འཛིན་བྱས་པའི་སྲོག་ཆགས་དེ་ཚོ་རྟོག་བཟོ་འབའ་ཞིག་རེད་ཞེས་ཐག་གཅོད་ན་འགྲིག་གི་ཨེ་ཡོད། འདས་པའི་མི་ལོ་མང་པོའི་སྔོན་སྲོག་ཆགས་ཤིན་ཏུ་ནས་ཡ་མཚན་པོ་དེ་འདྲའང་བྱུང་ཡོད། ཡོད་མེད་གང་ཏུ་ཡང་ཐག་གཅོད་ཁག་པོ་རེད། ང་རང་ཚོས་རིག་པའི་ཐོག་ནས་ཡར་མར་བཤད་བསྡད་པ་མ་གཏོགས། དོན་ངོ་མའི་ཞིབ་འཇུག་བྱས་མྱོང་མེད་ལ། ཞིབ་འཇུག་བྱས་པའི་ཤེས་ཚད་ཀྱང་དཀའ་སེ་རེད། ཚན་རིག་ལྟར་ན་གང་ཡང་བྱུང་སྲིད་པའི་བསམ་བློ་དང་། ནང་ཆོས་ལྟར་ན་ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། ཞེས་པའི་བསམ་བློ་ཞིག་ཡོད་ན་བློ་གཟུ་བོར་གནས་པ་ཡོང་ངེས།
རྒན་ཀརྡོ་ལགས་ཐུགས་རྗེ་ཆེ། གང་ལྟར་བོད་ཀྱི་རྒྱལ་དར་དེ་དུས་ནམ་ཞིག་ནས་དར་བ་མི་ཤེས་མོད།འོན་ཀྱང་གངས་སེང་ཡོད་མེད་ལ་སྔོན་བྱོན་མཁས་པ་དཔང་ལོ་དང་བོད་མཁས་སོགས་ཀྱིས་ཅུང་ཟད་བཤད་པ་མི་མཐུན་པ་མང་པོ་ཡོད་འདུག ཕྱིས་ཀྱི་མཁས་པ་དགེ་ཆོས་ཀྱིས་ཀྱང་གངས་སེང་ཡོད་མེད་ཁུངས་གཏུགས་ས་འདྲ་བོ་གཅིག་བོད་མཁས་རེད། ང་ཚོས་རིག་པས་དཔྱད་ན་ཡོད་ཆོག་པ་ཞིག་རེད་འདོད། ང་ཚོ་བོད་པ་ཚོས་ཡར་སྔོན་ལ་དོན་དཀར་གངས་ནང་དུ་འཚོ་བའི་ལོ་རྒྱུས་བཤད་ཀྱི་མེད་པ་འདིས་སྔོན་མ་ཁོང་ཚོས་མཐོང་ཐོས་མ་བྱུང་བའི་རྟགས་མིན་ནམ་སྙམ།གལ་སྲིད་དེ་དུས་མཐོང་ཐོས་བྱུང་ཡོད་ཚེ་གངས་དོམ་དཀར་བོ་སྨྱོན་པ་ཞེས་
དཔེ་མཚོན་ཞིག་དྲངས་ཡོད།ཡིན་ཡང་དེ་འདྲ་མཐོང་ཐོས་མ་བྱུང་སྟབས་དོན་ནག་སྨྱོན་པ་ལ་ཅིབས་པ་ཞེས་ཆོས་སྐྱོང་དག་གི་ཆོ་གའི་ནང་མང་པོ་བྲིས་འདུག མ་ཟད་གངས་ནང་དུ་ཡོད་པའི་སྦལ་བ་ལ་གངས་སྦལ་དང་བྱེའུ་ལ་གངས་བྱེའུ་ཞེས་སྨན་གཞུང་སོགས་སུ་མཐོང་ཡ་འདུག སེང་གེ་ཡང་གངས་ནང་དུ་ཡོད་པའི་སེང་གེ་རིགས་ཞིག་ཡོད་ཆོག་པ་ཞིག་རེད་སྙམ།
བོད་མི་རིགས་འདི་ནང་སེམས་ལ་མ་གཏོགས་ཕྱི་ཡི་སྣོད་བཅུད་ལ་བརྟག་དཔྱད་བྱས་པ་ཤིན་ཏུ་དཀོན། དཔེར་ན། བོད་ཀྱི་མཁས་པ་ཚོས་བོད་ཀྱི་ལོ་རྒྱུས་འབྲི་དུས་བོད་བཙན་པོའི་བང་སོ་འདྲ་ཁ་ཤས་ཨ་སྤྲོས་ཡང་སྤྲོས་འདྲ་བྱས་དེ་བྲིས་པ་དང་དེ་མིན་རང་གི་ཆོས་རྒྱུད་ཆོས་ལུགས་བཟང་རབས་ཡག་རབས་ཤོད་པ་ལས། བོད་སྤྱི་ཡི་སྣོད་བཅུད་ཀྱི་བྱུང་བ་བྲིས་པ་ཤིན་ཏུ་དཀོན་པར་གྱུར། ལྷག་པར་དུ་བོད་ལ་སྲོག་ཆགས་རི་དྭགས་དང་གཡུང་དྭགས། བྱ་བྱིའུ། གཅན་གཟན། རང་བྱུང་གི་གཏེར་ཁ། ལོ་ཏོག་འབྲུ་རིགས་ཀྱི་རྣམ་གྲངས། གནམ་གཤིས་ཀྱི་ཚ་གྲངས། ཤིང་སྡོང་གི་རིགས། སྨན་རྩའི་རིགས་ལས་སོགས་ཅི་ཡོད་ཀྱི་ཞིབ་འཇུག་བྱས་པ་ཕལ་ཆེར་བྱུང་མེད་ཟེར་ནའང་ཧམ་པ་ཆེ་མེད་བསམ། དེང་སང་གི་བོད་རིགས་འབུམ་རམས་པ། དགེ་བཤེས། མཁན་པོ། སྤྲུལ་སྐུ། མཁས་པ་ལས་སོགས་གཅིག་ལས་གཅིག་རྫིག་པ་དེ་ཚོས་འདི་ལྟ་བུ་ལ་ཞིབ་འཇུག་བྱེད་རན་འདུག དེ་མིན་གླུ་བ་གླུ་མ་མཛེས་མ་དེ་ཚོར་དངུལ་ཚོད་མེད་སྤྲད་ནས་རང་གི་བླ་མ་བཟང་རབས་རང་གི་ཆོས་ལུགས་ལེགས་རབས་རྐྱང་རྐྱང་གི་བསྟོད་པ་བྱེད་པའི་གླུ་གར་ལ་འགྲོ་གྲོན་གཏོང་བ་ལས་འདི་ལྟ་བུའི་ཞིབ་འཇུག་ལ་འགྲོ་གྲོན་བཏང་ན་ཅི་འདྲ་མི་ལེགས་སམ།
དོན་དཀར་དང་དོན་ནག་ལ—དོམ་དཀར་དོམ་ནག་ཞེས་བཅོས་རོགས
དེ་རིང་རྒྱ་ནག་གི་རྒྱལ་ས་བེ་ཅིང་གི་རྒྱལ་སྤྱིའི་གནམ་ཐང་གི་རྒྱལ་སྒོ་ཨང་གསུམ་པའི་སྒོར་རྒྱ་རིགས་ཤིག་གིས་འབར་གས་གཏོར་འདུག་. BBC news ནང་དུ་གཟིགས་རོགས།
There has been an explosion at Beijing Capital International Airport’s Terminal 3, with a man in a wheelchair apparently detonating a device.
Photos posted on China’s Weibo microblogging site showed a dark-haired man waving a white package in the air before the blast.
Later images showed the wheelchair on its side with officials treating a man on the floor.
His condition was unclear. Smoke spread through the terminal after the blast.
The device went off shortly before 18:30 (10:30 GMT) near one of the terminal’s arrival gates.
Xinhua news agency showed several medical workers providing emergency treatment, with police officers also at the scene.
Several medical workers treated the man in the terminal after the blast
The man was named by Chinese state broadcaster CCTV as Ji Zhongxing, from Shandong province in China’s north-east. He blew up a package of gunpowder and was taken to hospital, CCTV reported.
བན་དེ་ལགས་མཐོང་སོང་ཐུགས་རྗེ་ཆེ།ད་རྒྱ་ནག་ཁོང་ཚོས་ནང་འཇིགས་སྐུལ་རིང་ལུགས་པ་ཡོང་གི་ཡོད་པའི་རྟགས་བསྟན་འདུག
སྡུག་ཡུས་མ་ཐེག་པའི་མཐའ་མའི་ཐག་གཅོད་རེད། སྡུག་ཤི་རྒྱག་མ་དགོས་བར། དཔའ་ཤི་རྒྱག་མཁན་ལ་གུས་སོ།
མཁས་མཆོག་རྒན་ཉི་མ་རྒྱལ་མཚན་མཆོག་གིས། དཔེ་འཁྲིད་ཅིག་གི་སྐབས་ལ་འཕྲོས་ཞོར་དུ། ལོ་འཁོར་བཅོ་གཉིས་ནང་གི་ཡོས་དེ་རི་བོང་རང་མིན་པར། སེམས་ཅན་དུད་འགྲོ་གཞན་ཞོག་དང་དེ་ཡང་དེའི་རིགས་རྒྱུན་ཆད་ཟིནད་པ་ཅིག་རེད་གསུངས་པ་ཅིག་ཀྱང་དྲན། ངས་ནི་འདིའི་སྐོར་ལ་གང་ཡང་མི་ཤེས།
གངས་སེང་དང་འབྲུག་གི་སྐོར་ལ་གླེང་དུས་མགོ་ན་བགྱིད་འདུག རྒྱ་ནག་གི་འབྲུག་ནི་ལོ་འཁོར་བཅུ་གཉིས་ནང་བཤད་ཡོད། བོད་པའི་སེངྒེ་ཡང་། སེངྒེ་འོ་མའི་སྣོད་ལ་རིན་པོ་ཆེའི་སྣོད་དགོས་པ་ཅིག་ཀྱང་སྨན་གཞུང་ལས་མེད་དམ་སྙམ་པ་ཅིག་ཀྱང་དྲན། རྒྱ་གར་ནང་གི་ངང་པས་ཆུ་དང་འོ་མ་ཁ་ཁག་བྱེད་ཐུབ་ཞེས་པ་དེ་ཡང་དཽགས་གནད་ཅིག་རེད་འདུག
བན་དེ་ལགས་ཀྱི་མཆན་དེ་བཀླགས་ནས་ང་གད་མོ་བསླངས་སོང་། ཐུགས་རྗེ་ཆེ། ད་བན་དེ་ལགས་ཀྱིས་མི་བཤད་རྒྱུ་ཞིག་ཅི་ཡོད། མཁས་པས་བཤད་ན་ཅི་ཡང་བདེན་ཟེར་བ་དེ་རེད། ད་སེངྒེ་ཞང་སྐད་ལ་སྒྲུབ་དགོས་ཟེར། སེང་སང་ལ་བསྒྱུར། གེ་བདུད་དང་དགྲ་ལ་བཀྲལ། སེངྒེ་ནི་གཅན་གཟན་ཡོངས་ཀྱི་རྒྱལ་པོ་ཡིན་པས་བདུད་དང་དགྲ་ཡི་མིང་བཏགས་པ་ཡིན་ཟེར། གནའ་སྔ་མོའི་དུས་སུ་མི་རྣམས་ཀྱིས་རྒྱལ་པོ་ལྷ་ལ་བརྩི་བཀུར་ཡོད་ཚུལ་ཐོས་མྱོང་། ཞང་ཞུང་པ་ཚོས་དེ་དུས་ནས་རྒྱལ་པོ་དགྲ་དང་བདུད་ལ་བརྩི་གི་ཡོད་པ་ལ་གཞིག་ན་གྲལ་རིམ་དགྲ་བོའི་མགོ་གཅོད་དགོས་ཟེར་མཁན་གྱི་གུང་ཁྲན་དམར་ཤོག་པ་དེ་དུས་ནས་ཞང་ཞུང་ལ་དར་ཡོད་ས་རེད། ར་ཤེ་ཡའི་གསར་བརྗེ་དྲན་ཡོང་གི་འདུག གུང་ཁྲན་དམར་ཤོག་པས་ཀྱང་མིའི་རྒྱལ་པོ་དགྲ་རེད་ཟེར་བ་མ་གཏོགས་རི་དྭགས་གཅན་གཟན་གྱི་རྒྱལ་པོ་ཡན་ཆོད་ལ་དགྲ་དང་བདུད་རེད་ཟེར་ནས་འཐབ་རྩོད་བྱེད་པ་གོ་མ་མྱོང་། བོད་ན་སེངྒེ་གསོན་པོ་ཕར་ཞོག ཤི་ཟིན་པའི་རུས་ཀོང་དུམ་བུ་ཞིག་ཀྱང་མེད་དོན་འདི་ཡང་ཞང་ཞུང་གི་དམར་ཤོག་པ་ཚོས་དགྲ་རེད་བདུད་རེད་ཟེར་ནས་འཐབ་རྩོད་བྱས་ནས་ཤི་བའི་རུས་པ་ཚུན་མེད་པར་བྱས་པ་མིན་ནམ། ད་ཁྱོད་ཚོས་དེའི་སྐོར་ལ་ཁ་བཙུམ་ནས་འདུག་རོགས་མ་གཏོགས་ཕྱི་མི་ཞིབ་འཇུག་པ་འདྲ་སྟོད་མངའ་རིས་ལ་སོང་ནས་བྱེ་མ་བསྔོགས་ན་ཐོ་བ་དང་ཟོར་བ1རྙིང་པ་འདྲ་རྙེད་ན་ད་དཔང་རྟགས་ཆགས་སོང་བ་རེད། སྔོན་མ་ཞིག་ལ་འཇར་མན་གྱི་ན་ཟིའི་ཚོགས་པས་གཡུང་དྲུང་གི་རྟགས་དར་ཆར་བཀོད་པས་དེའི་འབྱུང་ཁུངས་བོད་རེད་ཟེར་མཁན་བྱུང་བ་རེད། ད་མ་གཟབ་ན་དམར་ཤོག་པའི་འབྱུང་ཁུངས་བོད་ནས་རྙེད་ས་རེད། ཞང་ཞུང་གི་སྐོར་ལ་ཞིབ་འཇུག་དེ་འདྲ་གཏིང་ཟབ་པོ་མ་བྱས་ན་དགའ་ས་རེད་ད།
ད་མ་གཟབ་ན་དམར་ཤོག་པའི་འབྱུང་ཁུངས་བོད་ནས་རྙེད་ས་རེད། ་་་་ཟེར་བ་མི་བདེན་པ་མིན་ཏེ། བོད་ཀྱི་རྒྱལ་སྲས་ཅིག་གིས། དབུལ་ཕྱུག་ལན་གསུམ་སྙོམ་པའི་ཕྱིར། རྒྱ་ནག་གི་སྤྲང་ཕྲུག་མའོ་དང་ཅ་འོ་སོགས་དང་མི་འདྲ་སྟེ། བོད་ཆོས་ལྡན་་གྱི་ཞིང་ཁམས་ཡིནཔ་ལ་དུས་ད་ལྟ་ཡང་ཐེ་ཚོམས་སྤུ་མེད་པའི་ཕྱིར། ཧ་ཧ། ཀུ་རེ་ཡང་ཡིན། སྤོབས་མཐའ་ལགས།
སྤོབས་མཐའ་ལགས་་་་་་གཅན་གཟན་གྱི་རྒྱལ་པོ་ཞེས་མིས་ཕར་ལ་བཏགས་པ་རེད། སེང་གེ་གཅན་གཟན་གྱི་རྒྱལ་པོ་ཡིན་པར་བན་བོན་གཉིས་ཀའི་གཞུང་ནས་གསལ་ཡོད། གཅན་གཟན་ཕྲ་མོ་དང་རི་དྭགས་ཀྱི་དགྲ་རྣམས་ཀྱིས་སེང་གེ་ཉིད་དགྲ་རུ་མཐོང་བ་ལས་ཁོང་ཚོས་མི་ཡིས་མི་རྒྱལ་པོར་ལྷ་རུ་ལྟ་སྟངས་དང་མི་འདྲ་བར་བདུད་དམ་དགྲ་རུ་བལྟ་བ་རེད་དམ་མ་རེད། ལྷམ་དཔེ་ཞྭ་ལ་འགེབ་ཚུལ་འདི་ལ་ལྟ་དུས་སྤོབས་མཐའ་འདི་ཡང་ང་ལས་བློ་རྒྱ་ཆུང་བ་དང་དོག་པ་ཞིག་རེད་འདུག སང་སེང་ལ་མི་འགྱུར་བའི་ངེས་པ་མེད། བོནད་བོད་ལ་འགྱུར་བ་རེད། བཙནད་པོ་བཙད་པོ་ལ་འགྱུར་འདུག དེ་བཞིན་དཔེ་མང་དུ་མཆིས། Germany ན་འཛིའི་སྐབས་སུ་དམག་དར་ལ་གཡུང་དྲུང་བཀོད་པ་ལོས་བདེན། དེ་མིག་མཐོང་ལག་ཟིན་རེད། ཡིན་ནའང་སྤོབས་མཐས་གཡུང་དྲུང་དེ་བོན་འཁོར་དང་ཆོས་འཾཁོར་རམ་གཡས་འཁོར་དང་གཡོན་འཁོར་རམ། ཡང་ན་བོན་ལུགས་ཀྱི་གཡུང་དྲུང་དང་བན་ལུགས་ཀྱི་གཡུང་དྲུང་གང་ཡིན་གསལ་བཤད་དང་ངོ་སྤྲོད་མ་བྱས་པ་དེ་ལ་རྒྱུ་མཚན་ལོས་ཡོད། དེས་ཁྱོད་ཀྱི་སྔར་གྱི་ལྟ་གྲུབ་དེ་སྐྱར་ལངས་བྱས་སོང། བྱུང་ན་གཡུང་དྲུང་དེ་འཁོར་ཕྱོགས་གང་ཞིག་ལ་འཁོར་འདུག་གཟབ་གཟབ་བྱས་ཏེ་དེ་སྐབས་ཀྱི་གློག་བརྙན་དང་པར་རིས་ལ་གཟིགས་རོགས། དེ་ནས་ཞང་ཞུང་གི་སྐབས་སུ་བྱུང་མིན་ཤེས་ངེས་རེད། མ་གཞི་ནས་སེང་གེ་ཞེས་པའི་སྒྲ་དང་དེ་ཡི་འབྱུང་ཁུངས་རྒྱལ་ལས་བྱུང་ན་ལེགས་ཚུལ་དང་འགྲིག་རབས་གནང་དགོས་པ་ཞིག་དང། ཞང་ཞུང་ལས་བྱུང་བ་དང་ཞང་ཞུང་དང་འབྲེལ་བ་ཡོད་ན་མ་འགྲིག་མ་འོས་པའི་ཚུལ་འདི་ཇི་ལྟར་བྱས་ཏེ་བྱུང་བ་ཡིན་ནམ། སྤོབས་མཐའ་ལགས་ངས་བཤད་པ་དེ་ཚོར་ལན་འདེབས་དྲང་མོ་འདྲ་གནང་ན་དགའ་བསུ་ཡོད།
རི་དྭགས་ཀྱི་དགྲ་རྣམས་་་་་་་ཞེས་པ་རི་དྭགས་རྣམས་ཀྱིས་་དགྲ་་་་ཞེས་པར་བཅོས་རོགས།
རྒྱལ་ལས་བྱུང་་་་་ཞེས་པ་རྒྱ་གར་ལས་བྱུང་་་ཞེས་པར་བཅོས་རོགས།
ཁར་སང་ཞིག་ལ་ཁྱེད་ཀྱིས་སྤོབས་མཐའ་མི་ཐེབས་ཆག་རེད། འགྱུར་འགྲོ་གི་རེད། དགྲ་ཡ་གཉེན་ཡ་ཡོང་གི་མི་འདུག སྔོན་མ་ཞིག་ལ་ཆོས་ལུགས་ཕྱོགས་ལ་ལངས་ཐུབ་མཁན་ཞིག་ཡིན་མོད་དེང་སང་འགྱུར་སོང་ནས་བླ་ཆེན་ལ་ཁ་གཏོང་མཁན་ཞིག་ཆགས་ཡོད་ཚུལ་འདྲ་བོ་མ་རངས་པའི་ཚིག་འགའ་བཤད་སོང་བསམ། ད་ཁྱེད་ལྟར་ན་ཡང་འགྱུར་བ་འགྲོ་ཆོག་ཆོག་ཅིག་རེད་འདུག་ག མིའི་བསམ་བློ་ཙམ་དུ་མ་ཟད་ཁྱོས་ཚོའི་ལུགས་ལ་ཐ་སྙད་དེ་ཚོ་ཡང་དེ་འདྲ་འགྱུར་ཆོག་ཆོག་རེད་ཟེར་ནས་བསྒྱུར་བསྡད་ན་འགྲིགས་པ་འདྲ།
བན་དེ་བ་ལགས་དང་། སྤོབས་པ་མཐའ་ཡས་ལགས་གཉིས་ནི། བསམ་ཚུལ་མ་མཐུན་དུས་དྲང་བདེན་སྲོག་རྩར་བཟུང་ནས་ཚིག་མཚོན་མེད་པར་གཞན་ལུགས་དགག་པ་དང་རང་ལུགས་བཞག་པར་བརྩོན་པ་ནི། དྲ་གྲོགས་གཞན་རྣམས་ཀྱིས་ཀྱང་མིག་དཔེར་ལྟ་འོས་སུ་མཐོང་ལགས།
ཡ་ད་བན་དེ་ལགས་ཀྱིས་མཚམས་མཚམས་ལ་སངྒེ་དེ་གཅན་གཟན་གྱི་རྒྱལ་པོ་རེད་ལབ་འདུག མཚམས་མཚམས་ལ་དགྲ་དང་བདུད་རེད་ལབ་འདུག མིས་སེང་གེ་དེ་རྒྱལ་པོར་མཐོང་གི་ཡོད་ན་དེ་གཅན་གཟན་གྱི་རྒྱལ་པོར་མཐོང་བ་མ་གཏོགས་མིའི་རྒྱལ་པོར་ནི་མཐོང་ལུགས་མེད། གཅན་གཟན་ཚོས་བདུད་ལ་མཐོང་གི་ཡོད་འདུག ད་བྱས་ན་སང་གེ་ཟེར་བའི་དགྲ་དང་བདུད་ཀྱི་མིང་དེ་འདོགས་མཁན་གཅན་གཟན་དེ་ཚོ་རེད་དམ།
ད་སྤོབས་མཐས་གཅན་གཟན་གྱིས་ཀྱང་མིང་འདོགས་སྟངས་ཤེས་པར་འདོད་ཀྱིན་འདུག དེ་འདྲའི་གཅན་གཟན་དེ་སྨྲ་ཤེས་དོན་གོ་བའི་སེམས་ཅན་ཞིག་ཡིན་པ་འདྲ། གཅན་གཟན་ཕྲ་མོས་སེང་གེ་ལ་བདུད་དུ་སྣང། མིས་སེང་གེ་ལ་གཅན་གཟན་གྱི་རྒྱལ་པོ་ཞེས་སུ་བཏགས། སེང་གེ་ནི་གཅན་གཟན་གཞན་ལས་སྟོབས་དང་དབང་ཤུགས་ཆེ་ཞིང་གཅན་གཟན་གཞན་རྣམས་ཟིལ་གྱིས་གནོན་པའི་ཆ་ནས་དེ་ལྟར་བཏགས། ད་བྱེད་དུས་བདུད་ཅེས་བཏགས་པ་དང་རྒྱལ་པོ་ཞེས་གཉིས་ཀ་འདོག་ཆོག་དུས་དེ་ལ་དམར་ཤོག་ཅེས་བརྗོད་དགོས་ན་ཁྱེད་རང་ཤེས། འོ་ངས་སྤོབས་མཐའི་བློ་ཁ་བསྒྱུར་སོང། སྤོབས་མཐའི་ལྟ་བ་འགྱུར་འདུག་ཅེས་བཤད་པ་ལས་སྤོབས་མཐའ་མི་ཐེབས་ཆགས་ཅིག་རེད་སྨྲས་མེད་དོ། མ་ཟད་ངས་སྤོབས་མཐའ་དང་ཀླུ་སྨྱོན་གྱི་རྩོམ་མཆན་ལ་དོ་སྣང་ཆེན་པོས་ལྟ་ཀློག་བྱེད་ཀྱི་ཡོད་ཚུལ་བྲིས་ཡོད་པས་གཟིགས་པ་གནང་རོགས།
འདི་སྤུ་མདོག་ཙམ་ལས་འདམ་སེང་རང་རེད། དཀར་པོ་ཡིན་པ་ཙམ་གྱིས་གང་སེང་ག་ལ་འགྱུར། གང་སེང་ནི་བོད་ཀྱི་རྒྱལ་དར་ངོས་སུ་ཡོད་པ་དེ་རེད།
ཤཀྱའི་ཆོས་ལུགས་བོད་དུ་མ་དར་བའི་སྔོན་ནས་བོད་མི་ཚོས་སེང་གེ་ཅེས་པའི་རི་དྭགས་ཤིག་ཡོད་པར་ཤེས་ཀྱི་ཡོད་ཚོད་རེད། དེ་འདྲ་ཡིན་དུས་བོད་མི་ཚོས་སེང་གེ་ཅེས་པའི་ཐ་སྙད་འདི་ཡང་ཞང་ཞུང་གི་ཡིག་གེའི་ནང་དུ་ཐོག་མ་བསླེབས་ཡོད་ཀྱི་རེད་འདོད།
ལུང་རྟོགས།བོད་ཀྱི་རྒྱལ་དར་ངོས་སུ་བྲིས་བའི་སེང་གེ་རི་མོ་དེ་གངས་སེང་ཡིན་པའི་བདེན་དབང་ཅི་ལྟར་བྱེད་ཐུབ་བམ།དྲི་བ་ཞིག་ལ་བོད་ཀྱི་སེང་དར་དེ་བཙན་པོའི་སྐབས་ནས་དར་བ་ཞིག་མ་ཡིན་པར་དུས་ནམ་ཞིག་ནས་དར་བ་རེད།
ཉི་ཧོང་ཚང་གི་སེང་དཀར་ཁེམ་བྷ་Kimba the White Lion ཨ་རི་ཚང་གིས་རྐུས་ནས་རྒྱལ་བོ་སེང་གེ་The Lion King བཟོས་པའི་ལོ་རྒྱུས་ཤེས་སམ།
ད་དུང་བོད་ཀྱི་གངས་སེང་འདྲ་བོ་France ལ་ཡོད་འདུག་པར་མ་ཟད་France སྣུམ་འཁོར་བཟོ་གྲྭ་ཞིག་གི་རྟགས་ཀྱང་རེད་འདུག
གངས་སེང་ཞེས་པ་གངས་རིའི་ནང་དུ་ཡོད་དགོས་སྙམ་ན་ཅུང་ནོར་བ་མིན་འགྲོ་་་་འདིའི་སྐོར་ལ་དགེ་ཆོས་ཀྱི་གསུངས་དེ་རིགས་ལམ་དོ་ཟླ་མེད་པ་ཞིག་ཏུ་སེམས།
བན་དེ་ངེད་གཉིས་ཀྱིས་མཚམས་མཚམས་ལ་རྩོད་པ་ཆུང་ངུ་ཆུང་ངེ་རྒྱག་པ་དེ་ལ་རྣམ་པ་ཚོས་དོ་སྣང་སྤྲོད་རིན་མེད། ང་ལྟ་བུ་ཡིན་ན་དོག་པ་ཆེ་ཤོས་དེ་སེངྒེ་ཞེས་པའི་མིང་དེ་ཡིན། དེ་རྒྱ་གར་གྱི་སྐད་ཡིན་པ་འདྲ། སྤྱིར་ན་རང་ཡུལ་ན་ཡོད་པའི་སྲོག་ཆགས་ལ་རང་སྐད་ཀྱི་མིང་ཡོད་དགོས་པ་རེད། དེ་ཡང་འདོད་རྒྱལ་ཡིན་དགོས་པ་རེད། ད་བྱས་ན་ཞང་སྐད་ལ་སེང་གེ་འདུག་ཅེས་པ་དེ་བདུད་ཀྱི་དོན་དང་ལྡན་པ་སོགས་རྗེས་གྲུབ་ཀྱི་འགྲེལ་བཤད་མང་པོ་བརྒྱབ་ཡོང་དུས་དེ་ལས་ཡིད་ཆེས་ཁག་པོ་རེད།
སྤྱིར་ན་གངས་ཀྱི་ནང་ན་སྲོག་ཆགས་ཡོད་པ་དེང་སང་གི་བྱང་སྣེའི་དོམ་དཀར་དང་བྱ་མཇུག་བཙུགས་སོགས་ལ་བལྟས་པས་ཤེས་ནུས། བོད་ཀྱི་གངས་སེང་དཀར་མོ་དེ་ཡང་དེང་སང་གི་བྱང་སྣེའི་དོམ་དཀར་གྱི་རིགས་ཤིག་ཡིན་ཆོག་པ་རེད། གན་སྔ་མོའི་དུས་སུ་བོད་དུ་མཚོདང་མཚེའུ་ཧ་ཅང་མང་། དེ་ཡང་གངས་འཁྱགས་ཀྱི་དུས་རབས་རྗེས་མའི་སུ་འཛམ་གླིང་བྱས་སྣེ་ནས་བོད་བར་དུ་འཁྱགས་པ་ཡུག་གཅིག་གིས་ཁེབས་ཡོད་པས་འཛམ་གླིང་བྱང་སྣེའི་དོམ་དེ་ཚོ་མར་ཡོང་མི་ཐུབ་དོན་མེད་པ་རེད།
རལ་པ་ལྗང་ཁུ་ཡོད་པ་དེ་འདྲ་ཡིད་ཆེས་ཁག་པོ་འདུག སྲོག་ཆགས་ཆེ་གྲས་དེ་ཚོའི་ནང་ན་ཁ་ཏོག་ལྗང་ཁུ་ཅན་ཞིག་མཐོང་རྒྱུ་མི་འདུག ཡིན་ན་ཡང་གཡུ་རལ་ཟེར་བ་དེ་མཐའ་གཅིག་ཏུ་ཁ་ཏོག་ལྗང་ཁུ་ཡིན་པའི་དོན་ཨེ་ཡིན་ན། སངས་རྒྱས་གསེར་གྱི་མདོག་ཅན་ཟེར་ནས་རང་རེའི་སྐུ་འདྲ་བཟོ་སྐབས་སེར་ལེབ་ལེབ་བྱེད་ཀྱིན་ཡོད་མོད་དོན་དུ་གནའ་བོའི་དུས་སུ་གསེར་གྱི་མདོག་ཅན་ཞེས་པ་དེ་བཞིན་མདོག་བཟང་བའི་དོན་ཙམ་ལས་གསེར་ལྷམ་མེ་བ་ཞིག་ལ་ཟེར་བ་མ་ཡིན་པ་ལྟ་བུ་རེད།
རེད་སྤོབས་མཐའ་ངེད་ཀྱི་ལྟ་བ་ཁ་ཤས་ལ་མི་མཐུན་པ་མང་པོ་འདུག་འོན་ཀྱང་མཐུན་ཕྱོགས་ཤིག་ཀྱང་འདུག དེ་ལ་ཁོས་ཀྱང་བཤད་མི་ཐུབ་ཟེར། ངས་ཀྱང་ཤོད་ཚོད་མ་ཐིག ད་གང་ལྟར་སེང་གེ་ཟེར་བ་དེ་རེད། ཞང་ཞུང་སྐད་དུའང་སེང་གེ་དང་སང་གེ་ཞེས་འབྲི་སྲོལ་གཉིས་ཙམ་འདུག སྤོབས་མཐའ་ཁྱེད་ཀྱི་རྣམ་དཔྱོད་དེ་ཡང་གུ་ཡང་ཙམ་དང་ཐག་རིང་ཙམ་ལ་གཟིགས་ཐུབ་པ་ཡིན་ན་བོད་ཀྱི་ཡོད་ཚད་ཡུལ་གཞན་ལ་གཏུག་དགོས་པ་མི་འདུག དེ་ང་ཡི་བསམ་ཚུལ་རེད་ཡིན་ནའང་བོད་ཀྱི་ཡོད་ཚད་བོད་ཀྱི་ཡིན། བོད་ཀྱི་ཡོད་ཚད་བོད་ལ་ཡོད། བོད་ཀྱི་ཡོད་ཚད་བོད་ལ་ཐུག དེ་ཚོའི་གནད་ལུགས་ཤེས་པ་ལ་དུས་ཚོད་འགངས་ཙམ་འགོར་སྲིད། ཡིན་ནའང་དེང་སང་ཚན་རིག་འདི་ཡིས་ཉིན་རེ་ནས་ཉིན་རེར་གཅིག་བྱས་ཡོང་གི་འདུག དེ་ཡིན་དུས་རིང་པོར་མི་ཐོགས་ཁོ་ཐག་རེད། དེ་ནས་སེང་གེ་རེད། སེང་གེ་ཞེས་པའི་གཅན་གཟན་གྱི་རྒྱལ་པོ་དེ་ཐོག་མར་གཉན་མ་སང་གེ་ཞེས་པ་ལས་བྱུང་རེད་ཟེར། དེས་ན་མ་མ་སང་གེ་ལ་བུ་སེང་གེ་བྱུང་བར་བཤད་པ་རེད། དེ་ལོ་རྒྱུས་ཞིག་གི་ནང་ནས་བཤད་པ་མ་གཏོགས་ངས་རང་སྣང་གང་ཤར་དང་རྒྱུ་མཚན་གཞན་ཞིག་གི་སྟེང་ནས་ཤོད་ཀྱི་ཡོད་པ་མ་རེད། བྱས་ཙང་ལོ་རྒྱུས་ཀྱི་སྣེ་ནས་འཇུ་ས་ཡོད་པ་ཞིག་ཡིན་དུས། དེ་ལ་ལམ་སང་མ་རེད་ཅེས་ཟེར་ན་གང་འདྲ་འདུག་གམ། ཕྱི་རྒྱལ་བའི་ཞིབ་འཇུག་པ་དེ་ཚོས་་་་་་དཔེ་ཆ་ཞིག་ལ་ཞིབ་འཇུག་བྱེད་དུས་དང་པོ་དཔེ་ཆ་དེ་ལ་པར་སྐྲུན་བྱས་པ་ག་ཚོད་ཡོད། བྲིས་མ་ག་ཚོད་ཡོད་མདོར་ན་དཔེ་དེ་ཡི་རིགས་ཡོངས་རྫོགས་ཞིབ་འཇུག་པའི་ལག་ཏུ་ལོན་ཐབས་བྱས། དེ་ནས་དཔེ་དེ་དག་ལ་གོ་བསྡུར་བྱས། གཞི་ནས་རང་གི་བསམ་ཚུལ་ཤོད་ཀྱི་འདུག ང་ཚོ་བོད་པས་དེ་ཚོར་ཞིབ་འཇུག་དང་ལྟ་ལོང་ཉན་ལོང་མེད་པར་ལམ་སང་རང་གིས་ཐག་ཆོད་བྱེད་ཀྱི་འདུག་ག དེ་ཡིན་དུས་མི་ཚོས་རྨོངས་དད་པའི་བསམ་ཚུལ་རེད་ཅེས་ཤོད་པ་རེད། དེ་ནས་སེང་གེ་ཞེས་པ་དེ་གཅན་གཟན་གྱི་རྒྱལ་པོ་ཡིན་པ་དང་གཅན་གཟན་གྱི་བདུད་ཅེས་གཉིས་གཞི་གཅིག་གི་སྟེང་དུ་འགྲེལ་བའི་གནད་དོན་རེད། དེའི་སྐོར་ངས་སྔོན་གྱི་མཆན་ནང་དུ་བྲིས་ཡོད་གཟིགས་ཡོད་ཤག་རེད། ད་དུང་ཁ་གསལ་དུ་བཏང་ན། ཏཱ་ལི་བླ་མ་ལྟ་བུར་མཚོན་ན། བོད་མིས་མི་ཡི་རྒྱལ་པོ་དང་མི་ཡི་མགོན་པོ་རེད་ཅེས་ཤོད་པ་ཙམ་དུ་མ་ཟད་དེ་ལྟར་བསམ་ཞིང་མཐོང་གི་ཡོད། རྒྱ་ནག་དམར་པོའི་དཔོན་རིགས་རྣམས་ཀྱི་ངོར་དེ་ལས་ལྡོག་སྟེ་ཁ་བྲལ་བ་དང་བོད་ལྗོངས་ཡར་རྒྱས་སུ་འགྲོ་བར་འགོག་རྐྱེན་བཟོ་མཁན་གྱི་བདུད་དུ་ལྟ་བ་རེད། བྱས་ཙང་ད་དཔེ་ཡི་སྒོ་ནས་ཤོད་དུས་དོན་སེང་གེ་ལ་མི་ཡིས་ལྟ་སྟངས་དང་གཅན་གཟན་ཕྲ་མོས་ལྟ་སྟངས་གཉིས་གོང་གི་དཔེ་དང་དཔེ་དོན་མཚུངས་སོང་ངམ་མ་སོང། དྲང་པོར་ཤོད་དགོས། ཁྱེད་ལྟར་ན་ད་ཡིན་ན་ཏཱ་ལི་བླ་མ་མི་ཡི་མགོན་དང་མི་རྒྱལ་པོ་ཡིན་པ་དང་མི་ཡི་སྐྱབས་མགོན་དུ་སྣང་བ་དང། མི་ཡི་ཡར་རྒྱས་ལ་འགོག་རྐྱེན་སྤྲོད་མཁན་གྱི་བདུད་དུ་སྣང་བ་གཉིས་མེད་ཟེར་དགོས་པ་འདྲ། ད་དེ་འདྲ་ཤོད་དུས་ང་ཡང་དགད་མོ་མཚམས་མེད་པར་ཤོར་ཡོང་གི་འདུག མ་གཞི་ནས་བསམ་ཚུལ་སྣ་ཚོགས་ཡོང་བར་དགད་མོ་ཤོར་དོན་མེད་ཀྱང། འོན་ཀྱང་ཁྱེད་ལ་ངས་རྣམ་དཔྱོད་ཅན་གྱི་མི་ཞིག་ཏུ་བསམ་པས་རེད། ཡང་མིན་ན་ཾཁྱེད་ཀྱིས་སེང་གེ་ཞེས་པའི་མིང་དང་གཅན་གཟན་དེ་རྒྱ་གར་གྱི་མིང་དང་རྒྱ་གར་ནས་བྱུང་ཚུལ་གྱི་ལོ་རྒྱུས་འདྲ་འདྲེན་རྒྱུ་ཡོད་དམ། ད་ལྟ་ནི་དུས་རབས་གསར་པ་ཞིག་ཚེས་དུས་ང་ཚོས་མི་རབས་གསར་པ་ཞིག་ཡིན་ཅིང་ལྟ་བ་གསར་པ་དང་རྣམ་དཔྱོད་གསར་པ་འདྲ་བཏོན་ནས་ང་ཚོའི་མེས་པོའི་གནད་དོན་འཚོལ་བ་དང་ང་ཚོའི་ཡུལ་གྱི་སྣོད་བཅུད་ཀྱི་གནད་ལུགས་རྩད་ཞིབ་བྱེད་པའི་འགན་དེ་ང་ཚོར་ཡོད། དེ་བྱས་དུས་ངེས་པར་དུ་འདི་དང་འདི་ལྟ་བུའི་སྐོར་ལ་བགྲོས་གླེང་ལྷུག་པོ་དང་རིགས་པ་རྒྱུ་མཚན་ཡང་དག་རེ་དྲངས་ན་དེ་ཡང་བོད་དོན་རེད། བོད་དོན་ཟེར་བ་དཔུང་པ་གནམ་ལ་འཕྱར་་་་་བྱང་ཆུབ་སེམས་མཆོག་མ་སྐྱེས་པ་ནི་སྐྱེ་འགྱུར་ཅིག སྐྱེས་པ་གོང་ནས་གོང་དུ་འཕེལ་འགྱུར་ཅིག་་་་་ཅེས་ཟེར་དགོས་པ་ཨའི་ཡིན་ནམ།