གྲགས་པ།
ཉེ་བའི་ཆར་བཀའ་ཤག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལས་མཚམས་འཇོགས་སྟངས་ཀྱི་རྣམ་པ་འདིས་ཐོག་ནས་བལྟས་ན། ང་ཚོ་བོད་པའི་སྤྱི་ཚོགས་འདི་རང་བཞིན་གྱིས་དུམ་བུ་གཉིས་སུ་བཏང་སོང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ལ་མི་མང་པོ་ཞིག་ཡིད་ཆེ་དང་བློ་གཏད་མེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་འདི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གནད་དོན་ཐབས་སྐྱོ་བོ་ཞིག་རེད། འདི་དག་གི་འབྱུང་རྩ་ཐུག་ས་ནི། མི་མང་པོ་ཞིག་གིས་བཀའ་ཤག་དྲང་མ་སོང་ཟེར་པ་འདི་རེད། གཙོ་བོ་བཀའ་ཤག་གི་དབུ་ན་བཞུགས་མཁན་གྱི་སྲིད་སྐྱོང་གི་གནང་སྟངས་འདི་རེད། དེ་ལ་གནད་དོན་མང་དག་ཅིག་ཡོད་པ་ལས་གཙོ་བོ་མི་མང་ལ་འགན་མ་ཁུར་བ་འདི་མང་གཙོ་ཡང་དག་པའི་ལམ་ལ་འགྲོ་མཁན་གྱི་སྒྲིག་འཛུགས་ཤིག་ལ་མཚོན་ན་གནས་ཚུལ་འདི་ཧ་ཅང་ཚབ་ཆེན་རེད།
གནས་ཚུལ་འདིའི་སྔ་གཞུག་གི་གནད་དོན་མང་པོར་བསམ་གཞིག་བྱས་ན། སྲིད་སྐྱོང་གི་རྒྱབ་བསྐྱོར་བ་ཡིན་ཟེར་མཁན་གྱི་ཁམས་པའི་མི་མང་དག་ཅིག་གིས་སྲིད་སྐྱོང་གི་ཕེབས་བསུ་ཁ་ལ་ཁྱེར་ནས་རླངས་འཁོར་ནག་པོ། མིག་ཤེར་ནག་པོ། སོས་ཊི་ནག་པོ་གྱོན་པ། བསུ་མ་བྱེད་མཁན་ཚོས་ལག་ཏུ་སྲིད་སྐྱོང་གི་པར་ཆེ་ཆུང་སྣ་ཚོགས་ཁྱེར། བུད་མེད་མང་པོས་གཉེན་སྟོན་སྐབས་ལེགས་སྐྱེས་ལ་སྤྲད་རྒྱུའི་མེ་ཏོག་ཆག་ཆེན་པོ་དེ་འདྲ་སྲིད་སྐྱོང་ལ་སྤྲད་པ། འཕྲད་དར་རིང་ཐུང་སྣ་ཚོགས་འཐེན་པ་ལ་སོགས་པ་གྲ་སྒྲིག་བྱས་ནས་དོན་མེད་རྒྱས་སྤྲོས་ཧ་ཅང་ཆེན་པོ་བྱེད་པ། མཐའ་ན་སྲིད་སྐྱོང་གི་སྐུ་སྲུང་བ་ཡང་༸གོང་ས་མཆོག་གི་སྐུ་སྲུང་བ་ལས་ལྡབ་འགྱུར་གྱིས་མང་བ། སྐུ་སྲུང་དེ་ཚོ་ཡང་དོན་དམ་པར་སྐུ་སྲུང་གི་ཉམས་མྱོང་གང་ཡང་མེད་མཁན་ཕྱི་རྒྱལ་ཁག་ན་ཟ་ཁང་གི་ལས་གཡོག་དང་། སྣོད་ཆས་ཁྲུ་མཁན་དེ་འདྲ་རྐྱང་པ་རེད། དེ་ཚོའི་རིགས་ནི་ཕལ་ཆེ་བ་སློབ་གྲྭ་ཆེན་མོར་འགྲིམ་མ་མྱོང་པ་དེ་འདྲ་རྐྱང་པ་རེད། དེའི་ནང་གདན་སའི་གྲྭ་ཟུར་ཡང་མང་དག་ཅིག་འདུག དེ་ཚོའི་གྲས་ནི་ཧ་ཅང་གི་ཆོལ་ཞེན་ཅན་ཤ་སྟག་རེད། ཞེན་ཁོག་དེ་ཡང་ཞེན་ཁོག་ངན་པའི་རིགས། ནང་ཁུལ་ལ་འགལ་ཟླ་བཟོ་བྱེད་ཀྱི་ཞེན་ཁོག་རྐྱང་པ་རེད།
ཧ་ཅང་བློ་ཡུལ་ལས་འདས་པ་ཞིག་ནི་ཉེ་ཆར་སྤྱི་ཟླ་ ༡༢ ཚེས་ ༨ སྲིད་སྐྱོང་བློ་སེང་མཆོག་ཉིན་ཨ་རིའི་ནེའུ་ཡོག་གི་གནམ་ཐང་ལ་འབྱོར་སྐབས་སྲིད་སྐྱོང་བསུ་མཁན་གྱི་མི་མང་པོས་གླན་རྟགས་འཛམ་གླིང་ལ་གྲགས་པ་ཞིག་བསྟན་པ་དེ་རེད། ཕྱི་ལོག་ན་དྲང་བདེན་ལ་རྒྱབ་བསྐྱོར་བྱེད་མཁན་གྱི་བོད་པ་ཉམ་ཆུང་ཁག་གཅིག་གིས་ལག་ཏུ་ངོ་རྒོལ་གྱི་བརྗོད་ཚིག་འཁོད་པ་བཟུང་ནས་ཡོད་པ་དེ་ཚོའི་མགོར་རྫིག་ཉམས་བསྟན་པ་ཡིན་ནམ་གང་ལྟར། ཨ་རིའི་གནམ་ཐང་ལ་སྔར་གྲགས་མ་མྱོང་བའི་ཀི་སྒྲ་ཆེན་པོ་དང་། འུར་སྒྲ་སྒྲོག་པ་ནི་ཕལ་ཆེར་ཐེངས་དང་པོ་ཡིན་ཚོད་འདུག འདིས་མི་རྣམས་ལ་སློབ་སྦྱོང་མེད་པ་དང་། ཁྲིམས་ཀྱི་འགྲོ་སྟངས་མི་ཤེས་པ། སྤྱི་ཚོགས་ལ་བསྟུན་མ་ཤེས་པའི་རང་འཚང་བསྟན་པ་ལས་མ་འདས། ཨ་རིའི་རྒྱལ་སྤྱིའི་གནམ་ཐང་ལ་འཛམ་བུའི་གླིང་མི་སྣ་གྲགས་ཅན་ཧ་ཅང་མང་པོ་བསུ་བསྐྱེལ་བྱེད་བཞིན་ཡོད་ཀྱང་འདི་འདྲ་བྱེད་མཁན་གཅིག་ཀྱང་མཐོང་རྒྱུ་མེད་མོད། སྲིད་སྐྱོང་བསུ་མཁན་ཚོས་འདི་ལྟར་སྤྱོད་པ་བསྟན་ཡོང་དུས་ང་ཚོ་ལ་སྣང་བ་ནི་བོད་ནང་གི་རྫ་མགོ་རི་མགོར་གནས་པའི་ར་རྫི་ལུག་རྫིའི་བྱེད་སྟངས་འདྲ་བོ་འདུག ར་རྫི་ལུག་རྫིས་ཡང་དོན་མེད་ལ་དུས་གཅིག་ཏུ་ཀི་སྒྲ་བསྒྲགས་ནས་ཁོར་ཡུག་གི་ལྷིང་འཇག་མི་དཀྲོགས་མོད། ཁོ་ཚོའི་བྱེད་སྟངས་འདིས་ད་རེད་ཨ་རིའི་གནམ་ཐང་གི་ལས་བྱེད་ཚོ་ཏན་ཏན་སུན་པོ་བཟོས་ཡོད་པ་སྨྲོས་མ་དགོས་པ་རེད། གནས་ཚུལ་འདིས་མ་འོངས་པར་ཨ་རིའི་གཞུང་གིས་བོད་པ་འདུ་འཛོམས་ཀྱི་བྱེད་སྒོ་ཁག་ལ་སྟངས་འཛིན་མ་གནང་ཐབས་མེད་ཀྱང་བཟོས་སོང་། དེ་ནི་ཁོང་ཚོའི་མཇུག་འབྲས་རེད།
ད་དུང་དགོད་བྲོ་བ་དང་། ཡ་མཚན་པའི་གནས་ཚུལ་རབ་དང་རིམ་པ་འབྱོར་བཞིན་པ་ནི། སེ་ར་ཆོས་སྒར་གྱི་བླ་སྤྱིའི་མཚན་ཐོག་ནས་སྲིད་སྐྱོང་ལ་ཕེབས་བསུའི་འཕྲད་དར་བཟོས་པའི་ངོར་བྲིས་པའི་ཤོ་ལོ་ཀ་དེ་ཚོ་རེད། དཔེར་ན། འཛམ་གླིང་ཤར་ནུབ་ཀུན་ཏུ་མི་ཡི་ཐང་།།ལག་ཁྱེར་པཱ་སེ་མཐོ་དམན་འབྱེད་པ་སོགས།།ཤེས་ཡོན་ཅན་རྣམས་མགོ་ཐོག་བཀུར་བའི་སྐབས།།མི་ཡི་སེང་གེ་ཁྱོད་འདྲ་ཤིན་ཏུ་དཀོན།། ཟེར་པ་དང་། ཁྱེད་ཀྱིས་ཉི་མ་ཁུར་ནས་གླིང་ཆེན་སྐོར།།ཉི་ཟེར་བརྒྱ་སྟོང་མང་པོ་ས་གཞིར་གཏོར།།མུན་པའི་ཁུང་བུ་གྲངས་མེད་སྣང་བར་སྐྲུན།།ཕྱག་རྒྱ་བྱེ་མའི་རྡུལ་གྱིས་ཁྱེད་བསྟེན།། ཟེར་པ་སོགས་རེད། ཚིག་དུམ་འདི་ཚོའི་ནང་དག་ཆ་ནོར་ཡོད་པ་སྨྲོས་དགོས་པ་རེད། ལྷག་པར་དུ་དོན་དག་འགྲེལ་མི་ཐུབ་པའི་སྙན་རྩོམ་དུ་རློམ་པའི་ཤོ་ལོ་ཀ་འདི་ཚོ་འབྲི་མཁན་དང་། ཨ་རིའི་ནེའུ་ཡོག་གནམ་ཐང་ནས་བསུ་མ་བྱེད་མཁན་གྱི་ཀི་སྒྲ་སྒྲོག་མཁན་འདི་ཚོ་ཚང་མ་རིགས་སུ་གྱུར་པ་ཕྱོགས་སུ་མཐུན་པ་ལོས་ཡིན་སྙམ་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར། དེ་ཚོ་ནི་དགོད་བྲོ་བའི་རིགས་རེད།
ཡ་མཚན་པ་ནི། འོས་བསྡུའི་སྐབས་ནས་སྲིད་སྐྱོང་ཕྱོགས་བསྐྱོད་སྐབས་མི་མང་ལ་འུར་ལངས་བཅུག་ནས་སོན་དང་ལེད་མོ་ཟེར་པའི་གཞས་བཏང་། བུད་མེད་ཚོ་མཉམ་དུ་གཞས་དང་ཞབས་བྲོ་ཁྲབ་པ་སོགས་བྱེད་མོད། འོན་ཀྱང་ཨ་རིའི་དོན་གཅོད་བཙན་གྱིས་ལས་མཚམས་འཇོག་བཅུག མི་མང་གི་མངོན་འདོད་རྡོག་རོལ་བཏང་། དྲང་བདེན་མ་ཡིན་པའི་སྐད་ཆ་མང་པོ་དྲ་ལམ་དུ་བཀྲམ། སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་མ་ཉེས་ཁག་གཡོག་བྱས་པ་སོགས། ངན་དགུ་ཚང་བའི་སྤྱོད་པ་ལ། སྐུ་ངོ་སྤེན་ཚེ་རྡ་སར་ཕེབས་ནས། ལྷ་ཡིད་ཆེ་བ་དང་། འདྲེ་ཁོ་ཐག་ཆོད་པའི་གསལ་བཤད་བསྒྲགས་གཏམ་གནམ་སུ་སྒུལ་བ་ཞིག་བྱས་པ་ལ་སྲིད་སྐྱོང་མི་སྨྲ་བའི་བརྟུལ་ཞུགས་ཀྱིས། འཛམ་གླིང་ཤར་ནུབ་ལ་ཕྱོགས་བསྐྱོད་བྱེད་ཁུལ་གྱིས་མི་མང་ལ་གཡོལ་གང་ཐུབ་བྱས། སྤྱི་ཟླ་ ༡༢ ཚེས་ ༨ དགོང་མོ་ཨ་རིའིི་གནམ་ཐང་ནས་མི་མང་ཁག་གཅིག་གིས་ཞི་བ་དང་བདེན་པ་བཙུག་ཏུ་བཀུར་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པར་གཡོལ་ནས་སྒོ་གཞན་ནས་བྲོས། དེ་བཞིན་སྤྱི་ཟླ་ ༡༢ ཚེས་ ༡ ཉིན་༸གོང་ས་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡ་སར་ཕེབས་འབྱོར་སྐབས་ཀྱང་སྲིད་སྐྱོང་རྡ་སར་ཡོད་བཞིན་དུ་ཕེབས་བསུ་ལ་བཅར་མེད་པ་འདིས་ཀྱང་རང་ཉིད་ལ་གནོང་ཞིག་ཡོད་པ་དེ་ལྷང་ལ་བུད་ཡོད། ནམ་རྒྱུན་དྲ་ལམ་ཁག་ཏུ་སྲིད་སྐྱོང་། ༸གོང་ས་མཆོག་དང་ལྷན་དུ་ཡོད་མདོག་ཀྱིས་པར་དང་བརྙན་ལ་ཐེབས་གང་ཐུབ་བྱེད་པ་རེད། གང་ལྟར་སྐབས་དེར་བཅར་ཐུབ་མེད་པ་དེ་ནི་རང་གནོང་གིས་གཡོལ་བ་རེད། དེ་བཞིན་སྤྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནི་༸གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་རེད། ཚེས་ ༩ དགོང་མོ་ཨ་རིའི་ནོའུ་ཡོག་ནས་ཟ་ཁང་ཆེན་པོ་ཞིག་ནས་སྲིད་སྐྱོང་གི་རྒྱབ་བསྐྱོར་བ་ཚོས་སྲིད་སྐྱོང་གདན་ཞུས་ཀྱིས་དེ་སྔ་བོད་པའི་སྤྱི་ཚོགས་ནང་ཧ་ལམ་གྲགས་མ་མྱོང་བའི་ (གྷ་ལ་ཌྷི་ནིར) GALA DINNER ཟེར་པ་ཞིག་བཏང་པ་རེད། སྐབས་དེའི་དགོང་མོ་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བའི་ཁར་ཁ་བ་བུ་ཡུག་འཚུབ་པའི་ཁྲོད་དྲང་བདེན་ལ་རྒྱབ་བསྐྱོར་བྱེད་མཁན་གྱི་མི་མང་ ༣༠༠ ལྷག་གིས་ཞུ་འབོད་ཀྱི་འཕྲད་དར་ཁྱེར་ནས་ཟ་ཁང་གི་སྒོའི་ཕྱི་ལ་ལངས་ནས་ཡོད་སྐབས་སྲིད་སྐྱོང་གཡོལ་གང་ཐུབ་ཀྱིས་ཞུ་འབོད་པ་ཚོར་གདོང་ཙམ་ཡང་བསྟན་མེད། བྱེད་སྟངས་འདི་ནི་རྒྱ་དམར་གྱི་མགོ་ཁྲིད་ཚོའི་བྱེད་སྟངས་དང་འདྲ་བོ་འདུག་བསམ་པའི་ཚོར་བ་ཞིག་ངང་གི་སྟེར། གལ་ཏེ་མི་མང་གི་ངོ་རྒོལ་ལ་མོས་མཐུན་མེད་ཀྱང་། མི་མང་ལ་གདོང་བསྟན་ནས་ཁྱེད་རང་ཚོ་གྲང་ངར་འདིའི་ནང་མ་བཞུགས་རོགས། ང་ཚོས་རིམ་གྱིས་གནས་ཚུལ་གསལ་པོ་བཟོ་ཡོང་ལབ་ནས་ཞི་འཇམ་གྱིས་སྐད་ཆ་བཤད་ན་མི་མང་ཡང་བློ་ཕམས་དེ་ཙམ་སྐྱེས་མི་སྲིད་པ་རེད། མི་མང་ལ་འགན་གང་ཡང་མ་ཁུར་པ་འདིས་མི་མང་གི་སེམས་ནང་རྨ་ཁ་ཇེ་ཆེར་བཏང་ཡོད་པ་གསལ་པོ་རེད། དེའི་ཐོག་སྲིད་སྐྱོང་ལ་རྒྱབ་བསྐྱོར་བྱེད་མཁན་ཚོས་ཀྱང་སྤེན་པ་ཚེ་རིང་ཕྱིར་འབུད་བཏང་བར་དགའ་བསུ་ཡོད་ཟེར་པ་སོགས། ནང་ཁུལ་གྱི་མི་མང་ལ་ཕོག་ཐུག་བཟོ་བྱེད་སྐད་ཆ་སྣ་ཚོགས་དང་། སྒྲ་སྒམ་སྣ་ཚོགས་བཟོས་ནས་དྲ་ལམ་ལ་བཀྲམས་དེ་འདྲ་བྱས་པ་ནི་ཤིན་ཏུ་མ་འོས་པ་རེད། ཡང་སྤྱི་ཟླ་ ༡༢ ཚེས་ ༡༩ ཉིན་སྲིད་སྐྱོང་ལྷོ་ཕྱོགས་སེར་ར་ཆོས་སྒར་དུ་འབྱོར་སྐབས། མི་མང་གིས་ངོ་རྒོལ་གྱི་རྣམ་འགྱུརབསྟན་པར་དོགས་ནས། དེ་ལ་གཡོལ་ཆེད་མཚན་མོའི་ཚོུད་ ༡༡ ཙམ་ལ་དགོན་པའི་ནང་འབྱོར་བ་བྱས་པ་དེ་ཚོ་ཚང་མས་གནས་ཚུལ་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་ར་སྤྲོད་བྱས་ཡོད། ལྷག་པར་དུ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ནི་རི་བོ་དགེ་ལྡན་པའི་བསྟན་པའི་འབྱུང་གནས་ཀྱི་ཆར་གཏོགས་རེད། ད་རེས་གནང་སྟངས་ནི་ཆབ་སྲིད་པའི་ལག་གཡོག་ལྟ་བུ་བྱས་ནས། འཕྲེད་དར་སྣ་ཚོགས་བཟོས་ནས་༸གོང་ས་མཆོག་དང་སྲིད་སྐྱོང་ལྷན་དུ་ཡོད་པའི་སྐུ་པར་དེ་ཚོ་སྤྱི་ཚོགས་ནང་བཀྲམས་གང་ཐུབ་བྱེད་པ་འདི་ཚོ་ནི་སྲིད་སྐྱོད་ཁོང་རང་གི་ཐུགས་བཀོད་ཡིན་ནམ་སྙམ་པའི་བསམ་ཚུལ་ཡང་སྐྱེས། དགེ་འདུན་པ་མང་པོས་ཆབ་སྲིད་དང་། ཆོལ་ཞེན་བྱེད་པ་འདི་ཚོ་ནི་ཧ་ཅང་ཐབས་སྐྱོ་བོ་རེད། དམ་ཆོས་འདུལ་བ་དང་འགལ་བའི་ལས་རེད། སོ་ཐར་གྱི་མདོའི་ནང་། ཐེག་པ་ཆེན་པའི་དགེ་འདུན་ནི། དོན་ཉུང་བ་བྱ་བ་ཉུང་བ། གསུངས་ཡོད་པ་དང་ཡོངས་སུ་འགལ་བ་རེད།
མཇུག་མཐར་ཞུ་འདོད་པ་ནི། སྲིད་སྐྱོང་བློ་བཟང་སེང་གེས་ང་སྲིད་སྐྱོང་བྱེད་རྒྱུ་ཡིན་ཟེར་ནས་མང་གཙོའི་འོས་འདེམས་ཁྲོད་འགྲན་བརྩོད་བྱས་ཏེ་རྐུབ་སྟེགས་བཟུང་བ་ལ། ༸གོང་ས་མཆོག་གིས་བུང་བ་གསེར་གཟིགས་ཀྱིས་ཐུགས་རེ་གནང་བ་ཆུད་ཟོས་དང་། ཁོང་གིས་སྐུ་ངལ་འཛེམས་མེད་ཀྱིས་བཙུགས་གནང་མཛད་པའི་བཙན་བྱོལ་བ་སྤར་མོ་གང་བོ་དུམ་བར་བཏང་། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་མཐུན་ལམ་དམ་ཚིག་ཤེར་གྱི་ལྒང་བུ་དེ་ལ་གས་ཆས་བཏང་། ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་ལྟ་བ་རྣམ་པར་དག་པའི་ཁྲོད་འགད་རྫས་བཞག ད་དུང་ཆོལ་ཁ་གསུམ་གྱི་མི་མང་ཚོ་མུ་མཐུད་འདི་ལྟར་ཕྱིར་ན་རིང་བོར་མི་ཐོག་པར་འཐོར་ཞིགས་སུ་འགྲོ་རྒྱུ་ཉག་གཅིག་རེད།
སྲིད་སྐྱོང་ཁོག་པའི་ནང་ན། །
འགུལ་བའི་སེམས་ཤིག་ཡོད་ན། །
མི་ལོ་དྲུག་ཅུར་འབད་པའི། །
ལས་དེ་ཐལ་བར་མ་གཏོང་། །
དད་པ་ཁོག་ན་མེད་རུང་། །
བཀའ་དྲིན་སེམས་ལ་ངེས་ནས། །
༧གོང་ས་མཆོག་གི་མདུན་ནས། །
གཡོ་སྒྱུ་ཁྲམ་གསུམ་མ་བྱེད། །
གནས་ཚུལ་ཚངས་མ་དོན་དངོས་དང་མཚུངས་པ་ཡག་པོ་བྲིས་འདུག་པས་ཐུདས་རྗེ་ཆེ། ངེ་ལ་ཡང་
མཐོང་ཚུལ་དེ་དག་གཅིག་མཚུངས་བྱུང་། བདེན་པ་ལ་བརྒྱ་ཆ་བརྒྱ་རྒྱབ་བསྐྱོར་ཡོད །
་་་་་་་་་་་་་ སེང་གེ་བཀའ་ཤག་དང་མི་མང་བར་གྱི་གནས་ཚུལ་གླེང་བ།
གྲགས་པ།
ཉེ་བའི་ཆར་བཀའ་ཤག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལས་མཚམས་འཇོགས་སྟངས་ཀྱི་རྣམ་པ་འདིས་ཐོག་ནས་བལྟས་ན། ང་ཚོ་བོད་པའི་སྤྱི་ཚོགས་འདི་རང་བཞིན་གྱིས་དུམ་བུ་གཉིས་སུ་བཏང་སོང་། ་་་་་་་་་་་་ ཟེར།
༼དགུན་དུས་ལྟ་བུའི་བཙན་བྱོལ་བ།༽
ཕྱི་ལོ་༥༨ནས་ད་པར་ཙག་གིས་བསྡམས་པའི་བོད་ཡུལ་སྤྱི་དང་ནང་དགོས་བཙན་བྱོལ་བ་ཞེས་བའི་ཐ་སྙད་ཞིག་དབང་མེད་བཙན་གྱིས་མགོ་ལ་འཁུར་ནས་རི་བོ་ཧི་མ་ལ་ཡའི་ཉིན་སྲུབ་གཉིས་སུ་གྱུར་མོད།༧བླ་མ་ཡིད་བཞིན་ནོར་བུའི་བཀའ་དྲིན་ཐུགས་རྗེ་གསེར་གྱི་ཉི་འོད་དྲོན་མོ་འཛམ་གླིང་སྟེང་བོད་པ་ཞེས་བའི་མིང་འདི་གསར་དུ་རྙེད་པ་ལྟར་འཛམ་གླིང་ཤར་ནུབ་ཀུན་ཏུ་གསལ་ཁ་བྱུང་།འདི་ལྟར་མི་ལོ་དྲུག་བཅུ་ལྷག་བརྒལ་བའི་ཡུལ་གྱར་མི་རིགས་གཞན་ལ་ངོམ་ཆོག་པ་འདི་ཉིད་།སྲིད་ཀྱི་གར་སྟེགས་སྟེང་མིང་རྫིགས་པོ་ཅན་དང་དེའི་ཕྱོགས་གཏོགས་པ་ཚོས་མ་འོངས་པར་གཞི་བྱེས་ལྷན་འཛོམས་ཞེས་བའི༧གོང་ས་མཆོག་གི་ཐུགས་རེ་དང་བོད་པའི་མངོན་འདོད་ལ་བསམ་བློ་ཅི་ཡང་གཏོང་མི་ནུས་བ་དེ་དངོས་གནས་ཧ་སང་སོང་།ད་ལྟའི་གནས་བབས་སུ་བོད་པ་སུ་ཡིན་ལ་ཁ་གྲགས་འདོད་མེད་པ་དང་ལྷག་དོན་སྐད་ཆ་མང་པོ་བཤད་ན་ཉོག་འཛིང་སླེབས་སླ་བོ་འདུག་པ་དང་།བྱ་བ་འདི་དག་གི་མགོ་མཇུག་བར་གསུམ་སྲིད་ཀྱི་སྟེགས་བུའི་སྟེང་འགྱིང་ཉམས་ཅན་སྲིད་སྐྱོང་སློབ་སངས་སངས་རྒྱས་ཀྱིས་བཟོ་བའི་དུག་རྫས་ལྟ་བའི་མཛད་སྤྱོད་ཡིན།
ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ། བློ་སེང་ཁོ་པར་ང་ཐོག་མར་ནས་རྣ་བར་འགྲོ་མ་སོང་། ད་དེ་སྒང་ལ་ཁམ་གྱི་ཁྱམ་པོ་དེ་ཚོས་འུར་བརྒྱབ། ཁྱམ་པོ་དེ་ཙོ་ཐོག་མར་ཕ་ཡུལ་ནས་ལྷ་སར་ཆོས་ཐོག་ཡོང་། ལྷ་སར་འགྲོ་ས་སྡད་ས་མེད་དུས་མ་ཡིན་ཡིན་འདོག་གི་གྲ་པ་བྱས། ཁ་ཤས
ཀྱི་རྐུ་མ་བཀུ། དེ་ནས་རྐུ་མག་ནང་བཞིན་བྱས་ནས་བལ་ཡུལ་ལ་ཡོང་། ཡང་བལ་ཡུལ་ནང་གང་འཐུབ་ཀྱི་རྫུན་མ་བྱས། དེ་ནས་རྫུན་བྱ་གིན་བྱ་གིན་རྒྱ་གར་ལ་ཡོང་། རྒྱ་གར་ནང་རྫུན་བྱེད་གིན་བྱེད་གིན་ཕྱི་རྒྱལ་ཁག་ལ་སླེབས་པ་དེ་ཚོས་་བོད་པའི་སྐད་དང་ཆོས་རིག་གཞུང་གང་ཡང་མི་ཤེས་མཁན་འབུམ་རམ་པ་བློ་སེང་ལ་ངར་རྒྱལ་འཕར་མ་བཟོས་བློ་སེང་གིས་ཞེ་པོ་འགའ་ཡིན་འདོག་གིས་ཕྱི་རྒྱལ་གནམ་ཐང་ནང་ལ་འཛིག་འདོག་བྱས། ད་ཡིན་ན་ལོང་སྟོང་ནང་ནས་སླེབས་པའི་ཁམ་ཕྲུག་དེ་ཚོར་ལྟས་མོ་འདུག
གོང་དུ་གྲགས་པ་ལགས་ཀྱིས་གནས་ལུགས་རྟོགས་པ་དང་གོང་འོག་ཚང་མ་ཧ་གོ་བའི་ཐོག་ནས་འདི་འདྲ་བསམ་ཚུལ་བཀོད་པ་ལ་ཡི་རངས་ཡོད་མ་ཟད་གང་ལྟར་ཕྱོགས་ལྷུང་དང་མ་དགའ་བ་དེ་འདྲ་མ་ཡིན་པར་སོ་སོས་ལྟ་སྟངས་དང་། བོད་སྤྱི་གནས་སྟངས་ལ་གཟིགས་ནས་འདི་འདྲ་སྤེལ་བ་ཡིན་པར་ཡིད་ཆས་ཡོད་ལ་རྒྱུན་དུ་རང་ཉིད་ལ་དེའི་བསམ་ཚུལ་ཡང་ཡོད་དེ་འདྲ་སོང་ཙང་།ཧ་ཀྱང་ཡག་པོ་བྲིས་འདུག་དེ་ནི་བདེན་དོན་ཞིག་གནང་ངོ།
དེང་སང་ཁ་བརྡ་ཚང་ལ་རྩོམ་ཡིག་ཡག་པོ་མང་པོ་མཐོང་རྒྱུ་འདུག་
མི་མང་གིས་སྐོས་པའི་སྲིད་སྐྱོང་ཡག་པོ་མེད་ན། མི་མང་ལ་སྲིད་སྐྱོང་རྗེ་བོ་རྒྱག་རྒྱུའི་ཐོབ་ཐང་ཡོད་པ་རེད། ཡིན་ཡང་མི་མང་བརྒྱ་ཆ་ཕྱེད་ཀའི་ལྷག་དགོས་ངེས་རེད། དེ་མིན་སྲིད་སྐྱོང་རྗེ་བོ་རྒྱག་ཐུབ་ཀྱི་མ་རེད། གལ་ཏེ་ཕྱེད་ཀའི་ལྷག་ཅིག་ཡོད་ན། དེ་ནས་ལས་སླ་བོ་རེད། ངུ་དགོས་རྒྱུ་མ་རེད། ཁོང་ཁྲི་ཐོག་ནས་ཕབ་རྒྱུ་དེ་རེད། །
བཀའ་ཤག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལས་མཚམས་འཇོགས་སྟངས་ཀྱི་རྣམ་པ་འདིའི་ཐོག་ང་ཚོས་ག་རེ་བཤད་ན་མ་བཤད་ན་དོང་ངོ་མ་འདི་རེད།
དབུ་དཀར་ཚང་། མ་རེད། དབུ་སྐོར་ཚང་དང་སྲིད་སྐྱོང་གཉིས་ཀྱིས་ཡུན་རིང་ནས་དཀའ་ལས་རྒྱབ་པའི་བོད་ཀྱི་ཐེབས་རྩ་ཞིག་གི་རྒྱུད་ཁོང་རང་གཉིས་ཀྱི་མི་ཚེ་བཟོ་སྟབས་བྱེད་ཡག་འདི་རེད། 1.Tibet Fund ནས་ཨ་སྒོར་ས་ཡ་༢འདི་བཞིན་ Office of Tibet མིན་པར་Tibetan Community and Development Fund གི་མིང་ཐོག་ལ་བྲིས་རོགས་ཞུས་བྱུང་ཟེར་ཡག་དེ་གནད་འགག་གཅིག་རེད།
2. ཨ་སྒོར་༢འདི་བཞིན་རྗེས་སུ་ཕྱིར་ལོག་བྱ་རྒྱུ་མི་དགོས་པའི་དགོས་གནད་དེ་ཕྱི་སུ་Tibet Fund ལ་རྒྱབ་སྐྱོར་དང་མུ་མཐུན་ལས་འཆར་དགོས་ཟེར་ཡག་དེ་རེད། གང་ལ་ཞེ་ན། ཨུ་སྐོར་དང་བློ་སེང་གཉིས་ཀྱི་ཨ་རིའི་གཞུང་ནས་བོད་མི་ཚོར་རོགས་དངུལ་གང་ཡོད་ཁོང་གཉིས་ཀྱིས་ཟིན་པའི་ཐེབས་རྩའི་ནང་ཡོང་ཐབས་རེད།
བྱས་ཙང་ང་ཚོ་ལུང་མཚན་ཐོག་གཅིག་ཤོས་ཀྱི་ཡོད་རེད། ཡིན་ན་ཡང་དངོས་ཡོད་ལ་བོད་དང་བོད་མི། ༧རྒྱལ་བ་རིན་པོ་ཆེ། དབུ་མའི་ལམ། བོད་མིའི་ཤེས་ཡོན། འདི་རྣམས་ཚང་མ་སྟོང་བཤད་རེད། ཁ་སྔོན་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཞབས་སོར་བཀོད་རྒྱུ་དང་ལྷ་སར་བོད་ཀྱི་རྒྱལ་དར་འཛུགས་རྒྱུ་དང་། བོད་མི་རིགས་གཅིག་རྐང་འཛིན་༡༠,༠༠༠ ཡོང་རྒྱུ་དང་རྒྱ་གར་གཞུང་གི་བོད་པ་སློབ་གྲྭ་ཚུར་ལན་རྒྱུ་དང་། གལ་ཆེ་དོན་ཆེ་རྣམས་ཕར་བཞག་བྱས་སྐུ་ངོ་དངོས་གྲུབ་ཚེ་རིང་ལགས་ཤེས་རིགས་དྲུང་ཆེ་དང་ཁོང་གི་ཉམ་མྱོང་ལ་བརྟེན་ཤེས་རིགས་བཀའ་བློན་དུ་བཀོད། ལས་འགན་གལ་ཆེ་འདི་རྣམས་བཞག་རྗེས་ང་ཚོར་ད་ལྟ་ཤེས་རིགས་བཀའ་བློན་ལས་ཐོག་མེད། འཛམ་གླིང་སུ་ཡིན་ཡང་ཤེས་རིགས་དང་འབྲེལ་བས་ལ་སྣར་དམིགས་བསལ་ཡུན་རིང་གནས་ཐུབ་པ་བྱེད་བཞིན་ཡོད། དོན་དངོས་ལ་སྲིད་སྐྱོང་ལོ་ཤས་རྗེས་འཕོས་སྐབས་སྐུ་ངོ་དངོས་གྲུབ་ཚེ་རིང་ལགས་ཀྱི་གུ་ཡངས་ཐོག་tibet community development fund དེ་ཟུར་དུ་ཁོང་གཉིས་ལ་ཕུལ་རྒྱུ། དེར་བརྟེན་སྐུ་ངོ་སྤེན་པ་ཚེ་རིང་ལགས་དོན་གཅོད་རྩིས་ལེན་སྐབས་ཐེབས་རྩ་དེ་རྩིས་སྤྲོད་བྱས་མེད། དེ་ཁ་སིང་ངོ་དེབ་ནང་ད་ལྟའང་ཨུ་དཀར་ཚང་གི་མིག་ཐོག་ཏུ་ཡོད།
འདི་ཐོག་སུས་ཀྱང་བསམ་ཚུལ་བཤད་མི་ནུས།
བོད་གཞུང་ལས་ཐོག་ནས་ཕྱིར་ཕུད་བྱེད་རྒྱུ་ངེས།
སེམས་པ་སྐྱོ་བཞིན་གདའ།
མི་མང་གི་ངོས་ནས་ཚ་གྲང་ལ་མ་འཛེམས་པར་སྲང་ལམ་ནས་སྲིད་སྐྱོང་ལ་ངོ་རྒོལ་བྱེད་དགོས་ཀྱི་མ་རེད། ས་གནས་སོ་སོའི་སྤྱི་འཐུས་ལ་སྙན་ཞུ་ཕུལ་དགོས་རེད། སྤྱི་འཐུས་བརྒྱ་ཆ་ལྔ་བཅུའི་ལྷག་ཅིག་གིས་སྲིད་སྐྱོང་ལ་ངོ་རྒོལ་བྱས་ཚེ། སྲིད་སྐྱོང་མཆོག་གིས་ལས་གནས་ནས་དགོངས་པ་མ་ཞུ་རང་ཞུ་རེད། ཐ་ན་རྒྱལ་བ་རིན་པོ་ཆེས་ཀྱང་སྲིད་སྐྱོང་སྐྱོབ་ཐབས་བྲལ། ཚང་མས་ངེས་དགོས་རྒྱུ་གཅིག་ལ་སོ་སོའི་ཆོལ་ཁ་ཆོས་ལུགས་སོགས་ཀྱི་སྤྱི་འཐུས་ཚོར་སྲིད་སྐྱོང་འཕོ་འགྱུར་གྱི་ནུས་པ་ཆ་ཚང་ཡོད་པ་རེད། དེའི་ཕྱིར་ཤུགས་རྒྱག་ས་དངོས་གནས་དེ་སྤྱི་འཐུས་ཚོར་སྙན་ཞུ་དྲག་པོ་འབུལ་རྒྱུ་དེ་རེད། ལྷག་པར་དུ་སྙན་ཞུ་ཕུལ་མཁན་གྱི་གྲངས་ཀ་ལ་རག་ལས་པ་རེད། གལ་ཏེ་སྤྱི་འཐུས་ཚོས་བཏང་སྙོམས་སུ་བཞག་ན། ས་གནས་སྤྱི་འཐུས་ཚོར་ངོ་་རྒོལ་བྱེད་དགོས་རེད། འདི་ནི་ལམ་ཁ་ཆེ་བཟང་ཞིང་མྱུར་བའི་ལམ་དེ་རེད། །
ཨ་སྒོར་ས་ཡ་༡་༥ ང་རང་ཚོའི་སྲོལ་རྒྱུན་འབྲི་ལུགས་༢ཕྱེད་དེ་ཡོང་གི་མེད་པ་འདྲ།
དེ་དངོས་ནས་རེད། ང་ཚོས་འདིར་གང་བཤད་མ་བཤད་བསམ་ཚུལ་རང་རེད།
དངོས་ནས་དོན་ཁྱོལ་བ་ཞིག་དགོས་ཚེ། འབྲི་ས་དེ་སྤྱི་འཐུས་རྣམས་པ་རེད།
ངས་སྤྱི་འཐུས་རྣམས་པར་ཡི་གེ་ཁུངས་ལྡན་ཞིག་འབུལ་རྒྱུའི་གྲ་འགྲིགས་བྱ་རྒྱུ་ཡིན།
ཐུགས་རྗེ་བླ་མེད་ཆེ།
རེད། རེད། ཤེས་འཇོན་གཉིས་ལྡན་དགྲ་ལ་འཕྱར་ཆོག་པ་དང་། གཉེན་ལ་ངོམས་ཆོག་པའི་གཞོན་སྐྱེས་སྙིང་སྟོབས་ཅན་གྱི་སྲིད་སྐྱོང་བློ་སེང་མར་འཐེན། བོང་བུ་སྟག་ལྤགས་གྱོན་མཁན་ཞིག་སྲིད་སྐྱོང་ལ་ཡར་བཞག་ན་ཏག་ཏག་རེད། ཁྱེད་ཚོ་ཕྲག་དོག་ལངས་དོན་ཡང་མེད། དགའ་ཉེ་དང་ལུང་ཚན་གཅིག་པ་སོགས་ཀྱིས་རྒྱབ་ལང་བྱས་ཏེ་ཁྲིམས་ལུགས་དང་མ་མཐུན་པའི་རང་གཞུང་ལ་མཐོང་ཆུང་གིས་ངོ་རྒོལ་བྱེད་དོན་ཡང་མེད་པ་སོགས་ཁྱེད་ཚོའི་འདོད་དོན་བདེ་བླག་ཏུ་འགྲུབ་ཀྱི་རེད་ད། མཆོངས་ཤིགས། མཆོངས་ཤིགས།
ང་ཕ་མེས་ནས་ཕ་མེས་བོད་དབུས་གཙང་ཁུལ་ནས་ཡིན།
རྩོམ་ཧ་ཅང་ཡག་པོ་བྲིས་གནང་འདུག དེ་བཀའ་ཤག་དང་སྤྱི་འཐུས། དགའ་ལྡན་ཕོ་བྲང་བཅས་ལ་འབུལ་དགོས། འབུལ་ཡོད་གཤའ་རེད།
སེང་གེས། བཀའ་ཤག་དང་པོ་དེ་བོད་སྐད་བོད་ཡིག་ཡག་པོ་མི་ཤེས་ན་ཡང་། དྲང་བདེན་འདྲ་པོ་བྱུང་སོང་། བློ་སེང་བཀའ་ཤག་གཉིས་པ་དེ་ནི། བཀྲ་མི་མི་ཤེས་པའི་བཀའ་ཤག མི་འཇོན་པའི་བཀའ་ཤག དྲང་བདེན་མེད་པའི་བཀའ་ཤག ད་དུང་སེམས་འཚབ་དགོས་པའི་བཀའ་ཤག་ཞིག་ཆགས་འདུག
སྔོན་ཆད་ཧོར་ཚང་འཇིགས་མེད་ལགས་ཀྱིས་སྐད་ཆ་གལ་གནད་ཆེ་བ་ཞིག་གསུངས་མྱོང་། དེ་ཡང་། ཁོང་གིས་གསུངས་ན་རྒྱ་གཞུང་ལ་༸རྒྱལ་བ་རིན་པོ་ཆེ་མི་དགོས་ལ། བོད་མི་རིགས་ཀྱང་མི་དགོས། རྒྱ་གཞུང་ལ་དགོས་པ་དེ་བོད་ཀྱི་ས་ཆ་དང་གཏེར་མཛོད་དག་ཡིན་ཟེར། དཔེ་བཞིན་ངས་ལྟས་སྲིད་སྐྱོང་སློབ་བཟང་སངས་རྒྱས་ལ་དགོས་པ་ཡང་༸རྒྱལ་བ་རིན་པོ་ཆེ་མ་རེད་ལ། བོད་མི་རིགས་དང་བོད་ཀྱི་རིག་གཞུང་ཡང་མ་མ་རེད། སློབ་བཟང་སངས་རྒྱས་ལ་དགོས་པ་དེ་སྒེར་གྱི་ཁེ་ཕན་དང་མིང་གྲགས་ཁོ་ན་རེད། འདི་ནི་སློབ་བཟང་སངས་རྒྱས་ཀྱིས་མི་ལོ་དྲུག་ལྷག་གི་བྱ་བྱེད་ལས་གསུམ་གྱིས་ར་སྤྲོད་གསལ་པོ་བྱས་ཡོད། ཁོ་བོད་སྤྱི་ལ་ཕན་པའི་མི་ཞིག་མིན་པ་གསལ་པོ་གསལ་རྐྱང་ཆགས་ཚར་རེད། ད་ཕྱོགས་ཞེན་བྱས་ཏེ་མིག་བཙུམ་ནས་ཁོའི་རྗེས་སུ་འབྲང་མཁན་དག་གིས་ཀྱང་བདེན་པའི་མིག་ཟུང་འབྱེད་རོགས།
དགྲ་ལ་འཕྱར་ཆོག་པ། ཡང་ན་བོད་ཀྱི་རྩ་དོན་དགྲ་དང་མཉམ་དུ་ཚོངས་འགྲིག་བྱས་པ་ཁྱེད་ཀྱི་ཤེས་ཀྱི་མེད་དམ། ལུང་ཚན་གྱི་སྐད་ཆ་མ་རེད། བོད་ཀྱི་རྩ་དོན་རེད། ངོས་ནས་ཐེངས་གཉིས་སྲིད་སྐྱོང་ལ་འོས་འཕེན་པ་ཡིན།
ཡིན་ན་ཡང་ང་གཉིས་ཀྱི་སྐད་ཆ་བཤད་མ་བཤད་གང་ཡང་མིན་འདུག
བསམ་ཚུལ་རེད།
ངས་གནས་ཚུལ་དེ་རྣམས་སྤྱི་འཐུས་བར་སླེབས་ཐུབ་པ་བྱེད་ཀྱི་ཡིན།
https://www.washingtontimes.com/news/2015/sep/30/maura-moynihan-forgotten-tibet/
སྲིད་སྐྱོང་ལ་དགོས་བ་དངོས་ནས་དེ་བཙན་བྱོལ་གཞུང་གི་སྒོར་མོ་རྐུ་རྒྱུ་དེ་རེད། ཁྱི་རྐུན་བློ་སངས་འདི་ལ་བོད་མི་ཚོས་གཟབ་དགོས།
སྐད་ཆ་དྲང་དགོས། གྲགས་པ་ལགས་རྦད་དེ་མཁྱོག་འདུག གནམ་ཐང་དུ་ཀི་ཤར་བརྒྱབས་པ་སོགས་མིག་ལ་མི་མཛེས་པ་བྱུང་བ་དེ་ཚོ་རྒྱུ་མེད་ལས་བྱུང་བ་མ་རེད། སྔོན་ལ་ཚུར་གཞི་མེད་ཀྱི་ངོ་རྒོལ་དང་སྐྱོན་འཛུགས་བྱས་ན་དེ་འདྲ་ཞིག་ཡོང་བ་མ་བཟང་ཡང་གཡོལ་ཐབས་དཀའ་བ་རེད། དང་པོ་མཛུབ་མོ་རང་ལ་བཙུག་ནས་བསམ་གཞིགས་ཤིག་གནང་རོགས། བདེན་པ་བདེན་པ་ཞེས་རང་གིས་བཤད་པ་དེ་ཁོ་ན་བདེན་པ་ཡིན་ཤག་དང་དེ་གཞན་གྱིས་ཀྱང་ཁས་ལེན་དགོས་ཤག་བྱེད་པ་འདི་ཅུང་སྟབས་བདེ་དྲགས་པ་རེད་བསམ།
སྤེན་ཚེ་ལགས་སུ། སྤེན་ཚེ་ལགས་ཀྱིས།
https://www.facebook.com/bhod.pa.501/videos/158221938283125/