གསལ་ལེ་རྒྱལ།
སེང་གེ་བློ་བཟང་ལགས་གཅན་གཟན་དང་རི་དྭགས་ཀུན་གྱི་རྒྱལ་བོར་འོས་བའི་གྲོས་མཐུན་བྱུང་བ་ནས་བཟུང་། ཁོས་ཁྲི་ཐོག་ནས་འཕྲེང་བ་བཟུང་སྟེ་མ་ནི་འདོན་ཁུལ་གྱིས་ཁ་མུར་མུར་བྱས། དེ་ནི་སེང་གེའི་འཁྲབ་ཚན་ཞིག་ཡིན་པ་གཅན་གཟན་ཚང་མས་ཤེས་ཀྱིན་ཡོད་ནའང་རི་དྭགས་ཉམས་ཆུང་ཚོས་ཤེས་ཀྱིན་མེད་ལ་བྱ་བྱེའུ་འབའ་འབུ་ཚོས་དེ་བས་ཀྱང་ག་ལ་ཤེས།
བྱེའུ་ཁུག་རྟས་སེང་གེ་བློ་བཟང་ཚང་གི་ལྷས་རའི་ནང་ནས་བྱེའུ་ཚང་བཅས་ཏེ་རང་ལའང་རྒྱལ་བོ་དང་མགོན་སྐྱབས་ཡོད་པའི་ངོམས་སོ་བྱས། ཡིན་ནའང་ཁོས་རང་གི་ཁ་ནང་ནས་གྲག་གིན་པའི་ཅ་ཅོ་དེ་དག་གིས་སེང་གེ་བློ་བཟང་གི་ལྷིང་འཇགས་སྐྲོག་གིན་པ་ད་དུང་ཤེས་མེད་ལ་སེང་གེ་བློ་བཟང་གིས་ཀྱང་དེ་ནི་ཞོགས་པའི་ཅོང་བརྡ་ཙམ་གྱི་ཚབ་ཏུ་བཟུང་ཡོད། ཡིན་ནའང་ནང་མོ་དེར། མཁའ་དབུགས་དྭངས་ཤིང་ཉི་འོད་འཕྲོ་བའི་ནང་མོ་དེར། སེང་གེ་བློ་བཟང་གིས་ཁོང་ཚང་གི་ཉེ་འདབས་ཀྱི་སྤང་ཐང་གཙང་མ་དེ་རུ་རང་གི་རྐང་སྣམ་སྒྱུད་ཁུག་ལ་ཕངས་ནས་ཆབ་ཆེན་ལྷོད་ཀྱིས་བཙིར་བཞིན་ཕྱིར་མིག་གིས་བལྟས་བ་ན། བྱེའུ་ཁུག་རྟས་རྐུན་མིག་གིས་ཁོའི་རྐུབ་ལ་ཞིབ་ལྟ་བྱེད་བཞིན་པ་མཐོན་ནས་སེང་གེ་བློ་བཟང་ཁོང་ཁྲོ་རབ་ཏུ་ཁྲོས།
དེ་མུར་སེང་གེ་བློ་བཟང་ཕྱིར་ཁྱིམ་དུ་ལོག་ནས་རང་གི་བཀའི་བློན་པོ་ཚམ་མ་མདུན་དུ་བཀུགས་ཏེ། སྐད་ཤུགས་ཆེན་པོས་ན་རེ། ངའི་ལྷས་རའི་ནང་དུ་ཚང་བཅས་བའི་ཁུག་རྟ་འདིས་རྒྱུན་དུ་སྐད་ཅོར་བརྒྱབས་ནས་ངའི་ལྷིང་འཇགས་སྐྲོག་པ་མ་ཟད། དེ་རིང་ངའི་རྐུབ་ལའང་གསང་ཉུལ་གྱིས་ཞིབ་ལྟ་བྱེད་བཞིན་འདུག་པས། ཁོ་རང་འདི་ནས་གནས་བྱུང་ཐོངས་ཤིག་ཅེས་བ་ན། བཀའི་བློན་པོ་སེང་གེ་སྒྲོལ་མ་ཧ་ཅང་ངོ་ཚ་བའི་རྣམ་འགྱུར་དང་བཅས་མགོ་བོ་བསྒུར་ནས་མིག་ཆུ་འདོན་བཞིན་བསྡད་པ་ན། ཁོའི་འཁྲིས་སུ་བཞུགས་པའི་བློན་པོ་སེང་གེ་བདེ་སྐྱིད་ཀྱིས་བྱེའུ་ཁུག་རྟའི་ཚང་གི་ཕྱོགས་སུ་ལྟ་བཞིན་འདི་«ཁུག་རྟ་མ་རེད། ཧྥ་ཁུག་རེད་»ཟེར་བཞིན་སེང་གེ་བློ་བཟང་གི་རྐུབ་ལ་བྱིལ་བྱིལ་བྱས། ཁོང་གི་བཀའི་བློན་པོ་སེང་གེ་དངོས་གྲུབ་དང་། སེང་གེ་པདྨ། སེང་གེ་དབང་ཕྱུག སེང་གེ་དོན་གྲུབ་བཅས་ཀྱིས་ལྕེ་ནར་བྱེད་བཞིན། ལེགས་སོ། བཀའ་བཞིན་བསྒྲུབ་ཆོག་ཅེས་ཕྱི་བཤོལ་བྱེད་བཞིན་སྒོེར་བུད་དེ་བྱེའུ་ཁུག་རྟའི་བྱེའུ་ཚང་རྩ་ནས་བསྔོགས་ཏེ་ལྷས་རའི་ཕྱི་རུ་གཡུག་རྗེས་ལྷ་རྒྱལ་རི་ལ་རང་བཙན་ཐོབས་པ་ལྟར་འཛུམ་མདམས་ཀྱིས་ཁངས།
དྲང་མོར་བཤད་ན་བྱེའུ་ཁུག་རྟས་སེང་གེ་བློ་བཟང་གི་གསེར་རྐུབ་གསལ་བོར་མ་མཐོང་ནའང་། སེང་གེ་བློ་བཟང་ལ་ཁོང་ཁྲོ་དྲག་དུ་ལངས་བ་དེས་རི་དྭགས་ཚང་མའི་སེམས་སུ་ཁོང་གི་རྐུབ་ན་རྨ་ཤུལ་ཆུང་ཆུང་ཞིག་མེད་དམ་སྙམ་པའི་དོག་པ་སྐྱེས་སུ་བཅུག
བྱེའུ་ཁུག་རྟར་ནམ་རྒྱུན་གྲག་འགུལ་ཆེ་ནའང་དེ་རིང་སེམས་ཤུགས་ཡོངས་སུ་ཆགས་ཏེ་སྐད་ཤུགས་ཆུང་ངུས་སེང་གེ་བློ་བཟང་ཚང་གི་སྒོ་འགྲམ་ནས། ཨ་ཁུ་སེང་གེ ཨ་ཁུ་སེང་གེ ཨ་ཁུ་སེང་གེ་བློ་བཟང་ཞེས་ཐེངས་གསུམ་བོས་ནའང་ཁོ་ལ་ཡ་ལན་སྟེར་མཁན་མ་བྱུང་བས། ཁོས་ཡང་བསྐྱར་སྐད་ཤུགས་ཅུང་མཐོན་པོས། ང་ལ་གུ་ཡངས་སྟེར་རོགས། ངས་ཁྱོད་ལ་བརྙས་བཅོས་བྱས་བ་མིན། ཨ་མའི་ཤ། དགོངས་དག ང་རང་ཟླ་བ་དྲུག་ལ་འདི་རུ་འདུག་ཆོག་པའི་གནང་བ་སྟེར་རོགས། ཟླ་བ་དྲུག་གི་རྗེས་ནས་དབྱར་ངོ་ལོན་ཚེ་ངས་རང་འགུལ་གྱིས་དགོངས་པ་ཞུ་ཆོག་ཅེས་ཡང་ཡང་ཞུས།
ཡིན་ནའང་ཁོ་ལ་ཡ་ལན་སློག་མཁན་མ་བྱུང་བས་ཁོ་རང་འུ་ཐུག་ནས་ཁོའི་འཕུར་རོགས་ཁུ་ཡུག་དང་ཁྭ་ཏ། ཕོ་རོག་སོགས་ལ་གསར་འགོད་གསར་སྒྲགས་བྱས། ཁུ་ཡུག་དང་ཁྭ་ཏ། ཕོ་རོག་སོགས་ཀྱིས་རང་རང་གི་ཐོག་ནས་སྒྲོ་རྐང་རེ་བཏོགས་ཏེ་ཤིང་ལོ་སྐམ་པོ་རེའི་སྟེང་དུ་«ཧ་ཧ་»ཞེས་བྲིས་ནས་རླུང་ལ་བསྐུར།
དངོས་ཡོད་གོ་དོན་ཟབ་པའི་སྒྲུང་སྙན་མོ་རེད། ཧ་ཅང་ཡག མུ་མཐུད་ནས་དངོས་སྒྲུང་ཟིན་ཐོ་སྤེལ་རོགས།
ཧ་ཧ་ཧ། སྒྲུང་ཚ་ཐག་ཆོད་ཅིག་བྲིས་འདུག ཤི་རེ་གོ ཞུ་དག་ཡག་པོ་ཞིག་བཏང་མི་འདུག
ཕལ་ཆེར་ཉལ་ཁར་བྲིས་ནས་འགོར་བ་འདྲ།
སེངྒེ་བློ་བཟང་དང་བྱེའུ་ཁུག་རྟ་གཉིས་གཡང་གཟར་གྱི་བྲག་རོང་ན་གནས་བཅས་ཤིང་། ལས་དབང་གཅིག་པའི་དུད་འགྲོ་ཉམ་ཆུང་གི་རིགས་སུ་གཏོགས་པ་འདྲ་ནའང་། བྲག་རོང་དེར་རྟེན་གཞི་བཅས་པའི་དུད་འགྲོ་རྣམས་ཀྱིས་སྐད་ཅོར་འདྲ་མིན་ཞིག་རྒྱག་གིན་ཡོད་ནའང་། དོན་དུ་སེངྒེ་བློ་བཟང་གིས་རང་ཉིད་གནས་དེའི་བདག་པོ་ཡིན་པར་རློམ་པའི་ང་རྒྱལ་དང་། རང་ཉིད་ལ་བྱེའུ་ཁུག་རྟ་ལྟ་བུའི་འཇམ་མཉེན་གྱི་གཤོག་ཟུང་མེད་པས་གླལ་སྒྱིང་བྱེད་ཞོར་ངར་སྐད་དེ་འདྲ་ཞིག་མི་སྒྲོག་ཐུ་མེད་ཆགས་སོང་བ་ཡིན་པ་འདྲ།
སྤྱིར་བྲག་རོང་དེར་གནས་པའི་ལས་དབང་གཅིག་པའི་དུད་འགྲོའི་རིགས་རྣམས་ཀྱིས་རང་རང་སོ་སོར་མངའ་བའི་བློ་སྤོབས་དང་འཇོན་ནུས་སོགས་གང་ཡོད་མཉམ་སྤུངས་ཀྱི་དུས་ཚོད་ཅིག་ཡིན་ནའང་། སྔོན་མའི་བག་ཆགས་ཤིག་གམ། གཅན་གཟན་དང་རི་དྭགས། འདབ་ཆགས་སོགས་སྡེ་ཚན་མི་གཅིག་པའི་རྐྱེན་གྱིས་ཅ་ཅོ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
རི་དྭགས་ཀུན་གྱི་རྒྱལ་པོ་ཡིན་པ་མ་ཤེས་ཀྱང་། རྡ་སའི་རི་གྲོང་དུ་ཆགས་པའི་སྐྱབས་བཅོལ་རི་དྭགས་ཀྱི་རྒྱལ་པོར་གཞོན་སྐྱེས་དང་། མི་རབས་གསར་པའི་དར་ཕྱ་མཁའ་དབྱིངས་སུ་འགྲེང་མཁན་རྣམས་དང་། གང་ཡང་མི་ཤེས་ཤིང་། གང་ཡང་མི་འཇོན་པའི་སངས་རྒྱས་པའི་རྗེས་འཇུག་འགས་བསྐོ་བཞག་བྱས་ཏེ། རེ་བ་མེད་བཞིན་དུ་རེ་བ་གསར་པ་ཞིག་བཅངས་ཏེ་བསྡད། དེ་ནི་ཁོང་ཚོས་ནམ་མཁའ་མེ་ཏོག་འཐོབ་ལ་རེ་བ་དང་གཉིས་སུ་མ་མཆིས།
གང་ལྟར་སྐྱབས་བཅོལ་རི་དྭགས་རྣམས་ཀྱི་རྒྱལ་པོ་དེས། ཉམས་ཆུང་བྱིའུ་ལ་ཡང་ཐུབ་ཚོད་བྱེད་ཚུལ་ལ་བལྟས་ན་སྤྲེའུ་དང་། བྱ་བྱའུ། ལྷག་པར་བྱའི་ནང་གི་རྣམ་དཔྱོད་ཕུལ་དུ་བྱུང་བའི་ཁུག་རྟ་ལྟབུ་སོགས་གཅན་གཟན་རི་དྭགས་དང་། བྱ་བྱིའུ་རྣམས་ཀྱིས་སེང་གེར་ལྷག་བསམ་དང་། དྲང་བདེན་མེད་པར་ཡིད་མ་རངས་བ་མ་ཟད། མང་གཙོ་དང་རང་དབང་འབོད་སྒྲོགས་ཙམ་ལས། རི་དྭགས་ནང་གི་རྩོམ་པ་པོ་སོགས་ལ་རྒྱ་ནག་ནང་གི་སྲིད་བྱུས་ལྟར་རང་དབང་འཕྲོག་པར། ཡི་མ་རངས་བར་དངོས་ཤུགས་བརྒྱུད་གསུམ་ནས་རི་དྭགས་རྒྱལ་པོའི་གོམ་པ་སྤོ་ཚུལ་ལ་དཔྱད་ཅིང་རི་དྭགས་རྣམས་ནས། ང་ཚོའི་རྒྱལ་པོ་ནི་རྒྱལ་པོ་རྣམས་ཀྱི་ནང་ནས་ཆེས་ཤོད་ཕོད་ལ་བྱེད་མི་ཐུབ་པ། མང་ཚོགས་ཀྱི་བདེ་སྡུག་ལ་བལྟ་མ་ཤེས་ཞིང་སྐྱོང་མི་ཐུབ་པའི་ཐབས་སྡུག་གི་རྒྱལ་པོ་ཡིན་པས། ང་ཚོས་སང་ཉིན་ནས་སྐད་འབོད་བྱེད་ཅེས་སང་ཉིན་དེར། ང་ཚོར་རྒྱལ་པོ་ཁྱེད་འདྲ་བ་མི་དགོས། ལོངས་ཤཽག རི་དྭགས་རྣམས་ལོསང་ཤོག ཞེས་སྐད་འབོད་སྒྲོགས་ཅིང་ཤིང་ལོའི་སྟེང་བོད་ཡིག་འབོད་ཚིག་སྣ་ཚཽགས་བྲིས་ཏེ། སེང་ཁང་དུ་གོམ་པ་མདུན་སྤོས་བྱེད་ངེས་རེད། སྐབས་དེར་རི་དྭགས་ཀུན་གྱི་རྒྱལ་པོ་སེང་གེ་ཡིན་ན་ཡང་། བླ་བརྡར་དགོས་པ་མ་ཡིན་ནམ། དེ་དུས་ཕྱིས་དྲག་པ་མ་ཡིན་ནམ།
ངས་”རྡོ་སེང་གེས་ཁ་གདངས་པ་”ཞེས་པ་ཞིག་འབྲི་བཞིན་ཡོད། མི་རོ་རྩེ་སྒྲུང་ནང་གི་དེ་ལ་དཔེ་བཤུས་པ་ཡིན།
ང་ཚོའི་སྨྱུག་ཐོགས་པའི་འགན་འཁུར་གྱི་བསམ་བློའི་ཆུ་ཚད་དམར་རྗེན་འདི་འདྲ་ཞིག་རེད། སྤྱི་ཡི་བསམ་བློ་མེད། མཐོ་དམའ་མེད། སྡིགས་དམོད་བྱེད་རྐྱང་། ལ་རྒྱ་ཟེར་བ་མེད་ཐག་ཆོད། རི་རྒྱབ་ནས་ལྟད་མོ་ལྟ་བཞིན་འདུག མང་གཙོའི་ཁེ་ཕན་ཟེར་བ་བོད་པར་མི་འོས་ཐག་གཅོད་རེད།
བཀའ་ཁྲིས་ཁུག་རྟར་སྤྲད་པའི་ཡི་གེ་མ་མཐོང་བར་འདི་ལྟར་བྲིས་པར་ཡ་མཚན། ངོ་ཚ། ཡིད་སྐྱོ། ང་ཚོ་བསམ་བློ་གཏོང་རན་ནས་འདུག ཡིད་གཟབ་བྱོས་བོད་ཀྱི་སྨྱུག་འཛིན་པ་ཀུན།
ངོ་མ་སྒྲུང་སྙན་མོ་ཞིག་འདི་ན་འདུག རིན་ཐང་ཅན་གྱི་སྒྲུང་ཞིག་ཡིན་ཐག་ཆོད་རེད། སྒྲུང་འདི་དག་གི་རྒྱབ་ཕྱོགས་ན་ཕྱོགས་གཞན་ཞིག་ནས་རང་གིས་གདོང་ལ་རང་གིས་ཐལ་བ་བཏབ་པའང་མཚོན་དོན་གཙོ་བོ་བཟུང་འདུག གལ་ཏེ་ང་ཚོའི་སྲིད་སྐྱོང་པ་གྷ་ད་ཧྥི་དང་ཡང་ན་བྷི་ལ་དེ། ཧུན་ཅི་ཐར་ལྟ་བུ་ཞིག་ཡིན་མི་དེ་ཚོ་ཅི་ཞིག་བྱེད་འདོད་པ་ཡིན་ནམ།
ཤར་ཕྱོགས་ཁུར་རྟའི་སྐོར་ལ་མང་པོ་ཞིག་བྲིས་སོང་། དེའི་ནང་དུ་བཀའ་ཤག་ལ་སྐྱོན་འཛུགས་ཐལ་ཆ་ཆེ་བ་མང་པོ་བྱེད་སྟངས་ལ་བལྟས་ནས་ཁུག་རྟའི་དོན་དག་མིན་པར། བློ་སེང་གི་ལས་དོན་ལ་བར་ཆད་གཏོང་བ་དང་། མི་མང་ཁོང་ལ་མ་དགའ་བ་བཟོ་ཆེད་དུ་མིན་ནམ་སྙམ་པ་བྱུང་།
གང་ལྟར་དངོས་ཡོད་གནས་ཚུལ་ཤེས་རྒྱུ་གལ་ཆེ། ཤར་ཕྱོགས་ཁུག་རྟ་བཀའ་ཤག་གི་ལན་འདེབས་ཚོགས་ཆུང་ནང་དུ་ཆོད་གན་བྱས་ནས་བསྡད་ཡོད་པ་དང་། ཆོད་གན་གྱི་དུས་ཚོད་ཚང་རྗེས་ལས་དུས་ཕར་འགྱངས་བྱས་མེད་པ་བདེན་པ་རེད། ཆོད་གན་ལས་བྱེད་ཀྱི་ལས་དུས་རྫོགས་སྐབས། བསྐྱར་དུ་ལས་ཀ་ཡོད་མེད་དང་། ཡང་ན་མི་དེས་ལས་ཀ་བྱས་པ་འགྲིག་མིན་ལ་བལྟས་ནས། ཕར་འགྱངས་བྱེད་དགོས་མིན་ལྟ་རྒྱུ་རེད། དེར་བརྟེན་ཁུག་རྟའི་ལས་དུས་བཀའ་ཤག་གིས་ཕར་འགྱངས་བྱས་མི་འདུག
ཡིན་ཡང་མི་ཁག་ཅིག་ལ་དེས་ཕོག་ཐུག་ཆེན་པོ་སོང་ཡོད་ཚོད་འདུག་ལ། བློ་སེང་བཀའ་ཁྲིར་ལངས་པ་ནས་ཁོང་གི་ལས་དོན་ལ་བར་ཆད་གཏོང་ཐབས་བྱེད་མཁན་ཁག་ཅིག་དུས་རྒྱུན་དུ་མཐོང་གི་འདུག དངོས་གནས་བཤད་ན་ཁོང་ལ་འོས་ཐོབ་རྗེས་དམའ་མཐར་ཡང་ལོ་གཉིས་གསུམ་རིང་ཁོང་གི་ལས་དོན་བྱེད་ཕྱོགས་ལ་ཞིབ་འཇུག་དང་རྒྱབ་སྐྱོར་བྱེད་དགོས་པར་མཐོང་། དེ་མིན་དོན་མེད་སྐྱོན་འཛུགས་ཁོ་ན་བྱས་ཏེ་ཅི་ཕན། ཤར་ཕྱོགས་ཁུག་རྟ་ལན་འདེབས་ཚོགས་ཆུང་ནང་བསྡད་ནས་རྒྱ་ནག་ལ་ལན་འདེབས་ག་རེ་བྱས་ཡོད་མེད་ལ་ཞིབ་ལྟ་བྱས་ན་ཡག་པོ་ཡོད་པས། ཇ་ཁ་ཆང་ཁའི་གྲོགས་པོ་ཚོ་གཅིག་གཅིག་གིས་རྒྱབ་རྩར་ལངས་རེས་བྱས་ཏེ། བོད་མིའི་དབུ་ཁྲིད་ཚོར་ཁ་རྡུང་བཏང་ན་ཕན་ཐོགས་ཡོད་མེད་ཞིབ་དཔྱོད་གནང་རོགས།
ཁ་བརྡའི་འཁོར་ཡིག་འདི་ན་ཅ་ཅོ་མང་པོ་བསྒྲོགས་ས་མེད་པ་ཚང་མས་མཁྱེན་གསལ་རེད། གང་ལྟར་ཀླུ་སྨྱོན་ལགས་ཀྱི་སྒྲུང་དེ་གང་མྱུར་ཐོན་པའི་རེ་བ་ཆེ།
ང་ཚོ་ཆོལ་གསུམ་མི་རིགས་སོ་སོ་ལ་སྐྱོན་དམིགས་བསལ་རེ་རེ་མཐོང་བ་ལྟར་ཕྱྭ་དམོད་བྱས་པ་མ་ཡིན་པར་ང་ཚོ་ཡར་རྒྱས་ཀྱི་ཆེད་དུ་ང་རང་ལ་ཡང་མི་དགའ་མཁན་བྱུང་སྲིད་ནའང་སེམས་ཀྱིས་མ་བཟོད་ནས་འདིར་བརྗོད་འདོད་པ་ནི། ང་རང་སྟོད་ནས་ཡིན་པས་དབུས་གཙང་ཁུངས་སུ་གཏོགས་ཀྱང་།
ང་ཚོ་དབུས་གཙང་པ་རྣམས་ནི། ཆོས་དད་ཆེ་ཡང་གཡོ་སྒྱུ་ཆེ་ཙམ་འདུག ང་ཚོའི་མདོ་སྨད་ཨ་མདོ་བ་ཚོ་ནི། བློ་གྲོས་བཀྲ་ལ་ཁ་རི་ཁ་ཐུག་ཚ་དྲགས་པས་གླེན་རྟགས་ཆེ་ཙམ་འདུག དེ་བཞིན་རང་རིགས་ཁམས་པ་ཚོ་ནི། དགོས་པའི་དཔའ་རྩལ་ཆེ་ཡང་ཁོང་ཁྲོ་ཆེ་ཙམ་འདུག འདི་ནི་ཕལ་ཆེ་བས་དབང་དུ་བྱས་པ་ཡིན་གྱི། དེ་མིན་ན་ང་ལ་ཁ་སྡིག་ཆེན་པོ་གསོག་འདོད་མེད། ཆོལ་གསུམ་ཆིག་སྒྲིལ་ཀུན་ཁྱབ་སྲ་བརྟན་ཤོག །སྨྲ་བ་པོས་ཀུན་སློང་ལ་སྐྱོན་མེད་པས། དགེ་བར་འགྱུར་ཅིག །
ཧཧཧཧཧཧ
ད་རུང་་་་་་བྱིས་སྒྲུང་དགོད་བྲོ་བ་གཞན་དག་ཀྱང་ཡོད་པ་རེད། དཔེར་ན།
སེངྒེ་དང་ཝ་མོ། ཙི་ཙི་དང་སེངྒེ་སོགས་ཤོད་ན་དེ་ལས་དགོད་རྒྱུ་ཡོང་ངེས་ཡིན།
ཤོད་མཁན་ཤིག་གིས་ཤོད་དང་། ཧཧཧཧཧཧ
ས་ལེ་རྒྱལ་ཁྱོད་ཀྱི་རང་མོའི་རིང་ལུགས་དང་རྣམ་རྟོག་རྒྱ་ཡན་དུ་བཏང་བའི་རང་རྩོམ་ཕྱི་ནང་དབྱེ་བ་མི་ཤེས་པའི་ལོག་རྟོག་གི་འཆོལ་གཏམ་དེ་དག་གིས་ཉན་འཕྲང་ཅན་གྱི་བོད་ཀྱི་བསྟན་པ་དང་ཆབ་སྲིད་གང་ལ་མི་ཕན་པ་མ་ཟད། རང་དབང་ལམ་ནས་འདེམས་ཐོན་བྱུང་བའི་རང་རེའི་བཀའ་བློན་མཆོག་ལ་ཐབས་ཤེས་ཡོད་རྒུ་རྩལ་དྲུག་གིས་དམན་སར་འཕེན་ཡག་གི་མུན་རྩོམ་དེ་ནི་ཡ་རབས་ཀྱི་སྤྱོད་ཚུལ་ཞིག་མིན་པར་རང་རིགས་ལ་དུང་བ་གཟབ་པའི་ལ་རྒྱ་ཅན་གྱི་མི་བོ་མདུན་དུ་ནམ་ཡང་རང་ཉིད་ཕུང་བའི་རྒྱུ་རུ་འགྲོ་བ་དང་། ཕ་གསོད་རྒྱལ་རྔ་རྡུང་བའི་སྤྱོད་ཚུལ་དུ་འཛིན་པའི་ས་ལེ་རྒྱལ་ཁྱོད་རང་ཉིད་རང་གིས་བྱ་ར་ནན་པོ་དགོས་པར་སེམས།
ཀ་དག་ལགས་ལ་ལེགས་སོ་ཡོད།།
མ་དག་པ་ལ་དགོངས་དག་ཡོད།
དྲ་གྲོགས་དག་ལ་བསུ་བ་ཡོད།།
དེ་རིང་ང་ལ་ལས་བྲེལ་ཡོད།།
ས་ལེ་རྒྱལ་གྱི་སྒྱུ་རྩོམ་ལ་རིན་ཐང་ཡོད་ཀི།དངོས་གནས་བཙན་བྱོལ་ནང་ཟུར་ཟ་དང་བཅོས་སྒྲུང་སྙན་པོ་འདི་འདྲ་མང་ཙམ་བྱུང་ན་དེང་རབས་གཞོན་ནུ་ཚོའི་བོད་ཡིག་བེད་སྤྱོད་ཐོག་ཏན་ཏན་ཕན་ངེས་རེད།
བོད་ནང་དུའང་མཁས་པ་དོན་འགྲུབ་རྒྱལ་ནས་བོད་ཡིག་ཐོག་རྩོམ་ལུས་སྣ་ཚོགས་ཀི་རྩོམ་ཡིག་གསར་གཏོད་བྱས་ཏེ་གཞོན་སྐྱེས་ཚོའི་དོ་སྣང་བོད་ཡིག་སྟེང་བཀུགས་རེད།
ཆབ་སྲིད་ཀྱི་ཆ་ནས་མང་པོ་བཤད་མི་དགོས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གུ་ཡངས་ཆེ་ཤོས་ཨ་རིའི་ནང་སོགས་སུ།སྲིད་དོན་པ་ཚོའི་གཡོ་སྒྱུ་ངན་ཇུས་ཐེར་འདོན་གྱི་རྩོམ་ཡིག་དང་ངོ་རྒོལ་བརྙན་པར་དང་རི་མོ་ག་ཚོད་སྤེལ་གི་འདུག།དེ་ཚོས་མི་མང་ལ་སློབ་གསོ་དང་གོ་བརྡ་ཡག་པོ་འཕྲོད་ཀི་ཡོད་རེད།
ཡང་གོང་ནས་ཁ་ཤས་ཀྱིས་རྩོམ་ཡིག་འདི་འདྲ་སྤེལ་བས་དགྲ་ཕྱོགས་ཀི་འདོད་པ་སྒྲུབ་ཀི་ཡོད་མདོག་དང་དོགས་ཟོན་བྱེད་དགོས་པ་འདྲ་པོ་ལབ་འདུག་རུང་།དེ་ཚོའི་གྲས་ཁོ་རང་ཚོའི་བསམ་ཚུལ་དང་སྡུག་ས་ནས་བཤད་ན་སྒེར་སྤྱོད་དང་རང་རློམ་ཆེན་པོ་གཞན་གྱི་བདེ་སྡུག་ཁྱད་བསོད་མཁན་གི་གྲས་རེད།
ཁོ་ཚོའི་གྲས་ཀྱི་སྐད་ཆ་རྒྱ་ནག་དང་འཐོར་ཉེའི་ཨ་རབ་གཞུང་ཁ་ཤས་ལ་འགྲོ་རྒྱུ་རེད་མ་གཏོགས་རྒྱ་གར་རང་དབང་ལུང་པ་ནང་འགྲོ་ས་མེད།
ཤར་ཁུག་གན་རྒྱའི་འོག་ཡོད་པ་བདེན་པ་རེད་འདུག་མོད་རྡ་རམ་ས་ལར་གཞུང་འབྲེལ་ཡིན་མིན་གྱི་ལས་ཀ་མང་པོ་ཅིག་གན་རྒྱའི་འོག་ཡོད་རེད།དེ་ལ་ལོ་རེ་རེ་བཞིན་བསྐྱར་འཇོག་གནང་གི་ཡོད་ནའང་།ད་རེས་ཤར་ཁུག་བསྐྱར་འཇོག་མི་གནང་དོན་སེང་གེའི་བཀའ་ཤག་གི་རྩོམ་བྲིས་ཡིན་པ་ཁོ་རང་ལ་བཀའ་དྲུང་ནས་ཡིག་ཆ་གསལ་པོ་སྤྲད་འདུག
དེ་རྗེས་ཁོ་རང་བཀའ་བློན་ཚོའི་སར་བཅར་ཏེ་སྔ་འགྱོད་ཕྱིས་བསྡོམས་བྱས་པར་བཀའ་བློན་རྣམ་པས་ཞལ་བཞེས་ཡག་པོ་གནང་ཡོད་ནའང་།བཀའ་དྲུང་བརྒྱུད་མི་རྗེ་བཀའ་ཁྲི་མཆོག་གི་སར་བཅར་རྒྱུ་དང་སྙན་གསན་ཐེངས་ཁ་ཤས་ཞུས་ཀྱང་མི་རྗེ་མཆོག་ནས་ཞལ་བཞེས་ཐོབ་མེད་པ་མ་ཟད།ཐག་གཅོད་དེ་ལ་འགྱུར་བ་མེད་པ་གསུངས་ཡོད་འདུག
གནས་ཚུལ་ཞིབ་ཕྲ་དེ་འདྲ་རེད་མང་པོ་བཤད་ན་མདོ་མི་འདུག
གང་ཟག་གིས་དབང་མ་བསྒྱུར་ཞིང་། ཁྲིམས་ཀྱིས་དབང་གཙོ་བོ་བསྒྱུར་བའི་ལུང་པར་འགྲིམས་མྱོང་ཞིང་ཁྲིམས་ལ་མཁས་པའི་མཁས་དབང་ཞིག་གིས་དབང་བསྒྱུར་བའི་བཀའ་ཤག་གི་གསར་པའི་ཁྲིམས་ཀྱི་མདུན་སར་དྲང་བདེན་མ་གཏོགས་འགྲོ་ས་མེད། དྲང་བདེན་ལ་མི་དགའ་མཁན་ཚོ་མཐར་སྐྲོད་གཏོང་རོགས།
དགོད་ཁ་འཆོར་ཞོར་ལ་བཀླགས་པ་ཡིན། ཟུར་ཟའི་དགོད་གཏམ་རིན་ཐང་ཅན་ཞིག་རེད། སྒྱུ་རྩལ་གྱི་བདེན་པ་དོན་དངོས་ཀྱི་བདེན་པ་ལས་བརྒལ་ཆོག་པ་དེ་སྒྱུ་རྩལ་གྱི་དམིགས་བསལ་ཐོབ་ཐང་ཡིན་པ་ཡང་ཀློག་མཁན་ཚོས་ཤེས་དགོས་རྒྱུ་གལ་ཆེ།
བདེན་དོན་ཞིག་ཡོད་དུས་ཡར་མར་གང་ལ་ཡང་ཁབ་གཙགས་འབིག་གཙགས་གང་ཐུབ་བྱེད་པ་འདི་དམངས་གཙོའི་སྤྱི་ཚོགས་ཀྱི་མཚོན་རྟགས་ཤིག་རེད་ལ་དཀའ་ངལ་ཞིག་ཀྱང་རེད། དེ་བས་མཚམས་རེར་སྤྱི་ཚོགས་རིང་ལུགས་བཟང་བར་ཚོར་སྲིད། འོན་ཀྱང་གཉིད་སད་པའི་མི་རིགས་ཤིག་ཡིན་ན་ཉེས་མེད་ཁག་གཡོགས་དང་ཆུ་སྣ་གར་ཁྲིད་བྱེད་མི་ཐུབ་པས། དམངས་གཙོའི་སྤྱི་ཚོགས་སུ་རང་དབང་གི་ཁ་འགོག་ཐབས་བྲལ་ན་ཡང་མི་དམངས་ཀྱི་བློ་རིག་མ་རྨོངས་པ་ཞིག་བྱེད་རྒྱུ་གལ་ཧ་ཅང་ཆེ།
འབྲེལ་ཡོད་ཡིག་ཆ་རིགས་ ཤར་ཕྱོགས་ཁུག་རྟའི་འཕུར་ལམ་བཀག་པ་་ཞེས་པའི་མཆན་ནང་ལ་ཡོད་པས་གཟིགས་རོགས།
ཐམས་ཅད་བསླབ་བྱ་རེད།
ཧ་ཧ། ལན་འདེབས་ཚོགས་ཆུང་གི་ཡིག་ཆུང་འདི་ན་འདུག་པས་གཟིགས་པར་འཚལ། ཚིག་རྐང་ཁ་ཤས་ཞིག་འདུག
http://tibettimes.net/news.php?showfooter=1&id=5045
སྤྱིར་བྱ་བྱིའུ་དང་གཅན་གཟན་རི་དྭགས་སོགས་ཀྱི་སྒྲུང་ཤིན་ཏུ་སྙན་ནི་རེད། ད་དུང་སྒྲུང་དེ་བས་སྙན་
པ་ཐོན་ཡོང་སྲིད་པ་རེད་ཡ།
བོད་མིའི་སྒྲིག་འཛུགས་ཁྲིམས་ཀྱི་དབང་བསྒྱུར་མིན།།
བོད་མིའི་དཔོན་པོར་དྲང་པོའི་གཞུང་སེམས་མེད།།
བོད་རིགས་ཆོལ་གསུམ་མཐུན་པའི་འདུན་པ་མེད།།
གསེར་གྱི་ལོ་རྒྱུས་ཕྱོགས་ཞེན་ངང་ནས་རྫོགས།།
བློ་གྲོས་རྩལ་དྲུག་རྫོགས་པ་སེངྒེ་བུ།།
ཝ་སྐྱེས་རི་དྭགས་རྒྱལ་པོར་བསྐོས་པ་ལྟར།།
ཆིག་འབུམ་བོད་མིའི་དཔོན་དུ་བཀུར་ཉིན་ནས།།
ཕ་བཟང་བུ་ཡི་གཤིས་ཀ་དབྱིངས་སུ་ཡལ།།
བདེན་པ་རྣམ་པར་རྒྱལ་གྱུར་ཅིག
ནགས་སུ་གནས་པའི་རི་དྭགས་ཀྱི་གནས་སྟངས་མ་ཤེས་པར་རི་དྭགས་རྒྱལ་པོ་སེང་གེ་ལ་སྐྱོན་བརྗོད་ཀྱི་སྤོབས་པ་ལྡན་པ་ནི་ངོ་མ་དཔའ་བོ་ཁྭ་ཏ་འདྲ་བ་ཞིག་རེད། ཁྭ་ཏས་སྐད་རྒྱག་ཡག་གི་འཇོན་ཐང་ཙམ་ཡོད་རེད། སྒྱུ་རྩལ་ཁ་ལ་འཁྱེར་ནས་སྐྱོན་བརྗོད་དངོས་སུ་མ་བྱས་པར་སྒྲུང་གི་ཚུལ་དུ་བྲིས་པ་་དེ་ལ་བལྟས་ན་ཁྱེད་རང་བློ་ཁོག་ཆུང་ཝ་མོ་འདྲ་བ་ཞིག་ཡིན་ས་རེད། རང་གི་ལག་པ་ལ་ཡོད་པའི་མཛུབ་མོ་བཅུ་དེ་ཉིན་ལྟར་རྐྱོང་བཞིན་མ་འདུག ཁྱེད་རང་གི་ལག་པའི་མཛུབ་མོ་ལ་ཚིགས་མེད་པ་ཡིན་རྒྱུ་མ་རེད། སྙན་ངག་སྒྱུ་རྩལ་མིང་ཆེན་འཁྱེར་མཁན་ཁྱེད་ཀྱི་འཚོ་བ་འབྲི་བའི་སྙན་ངག་མཐོང་མ་མྱོང་། སོ་སོར་བརྗོད་པའི་སྙན་ངག་སྐྱེས་བུ་དམ་པ་ལ་མ་གཏོགས་འབྲི་རྒྱུ་མེད་པ་འདྲ། ཁྭ་ཏ་ཁྱེད་རང་གི་ཟ་མ་འཚོལ་མི་ཐུབ་པར་གཞན་ལ་སྐྱོན་བརྗོད་མ་བྱས། དེ་ལས་བོད་ནང་གི་དངོས་གནས་དཔའ་བོ་དང་དཔའ་མོ་དག་ལ་མཎི་རེ་འདོན་ཏེ་སྡོད།
དེ་སང་རྡ་སར་སྤྲེའུ་དང་བྱ་ཁྭ་ཏ་ཇེ་མང་འགྲོ་བཞིན་འདུག་པས་རྡ་སའི་མི་མང་གི་བདེ་འཇགས་ལ་དཀའ་ངལ་དང་གཞུང་གི་ཞབས་ཞུ་བའི་ལམ་འགག་བཀག་ནས་ཉིན་རེའི་ལས་ཀ་ལ་འགོག་རྐྱེན་བཟོས་ཏེ་བཙན་བྱོལ་བོད་མིས་བརྟེན་ས་དང་ངོམས་ས་མེད་པ་ཆགས་གྲབས་འདུག རྒྱ་མི་ཡིས་མཐའ་ཐུག་དམིགས་ཡུལ་དེ་རེད་མཁྱེན་གྱི་ཡོད་པས།
མི་གཅིག་སྨྱོ་ཡང་མི་བརྒྱ་སྨྱོ་པ་མིན། །མི་གཅིག་འཁྲུལ་ན་མི་བརྒྱ་འཁྲུལ་བ་མིན། །ཁྱུ་གཅིག་དགྲ་ཟླར་ཁྱུ་ཚོགས་དགྲ་ཟླ་མིན། །གོག་འགྲོའི་མུ་ལྟོ་འདི་དག་ཅི་མ་རུང་། །
གསལ་ལེ་རྒྱལ་འདིས་དངོས་སྒྲུང་སྙན་མོ་བྲིས་ཐུབ་ཀི་ཡ།
བྱ་ཁུག་རྟས་ནམ་དུས་ཀྱི་སྐད་དེས་རི་དྭགས་རྒྱལ་པོ་སེང་གེ་གཉིད་ལས་སྐྲོག་པར་བྱས། མ་ཟད་སེང་གེ་ཁོང་ཁྲོ་རབ་ཏུ་འབར་ཏེས་རང་ཉིད་གནས་བཅའ་སའི་རྡ་སའི་རི་ཁུག་གི་ནགས་གསེབ་ཆུང་ཆུང་དེ་ནས་བྱ་ཁུག་རྟ་གནས་དབྱུངས་བཏང་། འོན་ཀྱང་ཡ་མཚན་པ་ཞིག་ལ་དེང་དུས་ཀྱི་སེང་གེ་དེ་རི་དྭགས་དང་གཅན་གཟན་ཡོངས་རྫོགས་བྱ་བྱེའུ་ཡོངས་ཀྱི་གནས་སྟངས་ཤེས་ཐུབ་མཁན་ཁོག་རྒྱ་ཡངས་ལ་སྙིང་སྟོབས་ལྡན་པ་ཞིག་ཡིན་ཚོད་འདའ་ཡང་དེ་འདྲའི་ཁོག་རྒྱ་ཆུང་ཆུང་ཞིག་ཡོད་དྲོ་བསམ་བསམ་མེད།
གཅིག་བྱས་ན་སེང་གེའི་བཀའ་ཡི་བློན་པོ་ཝ་མོ་དང་འཕར་བ་སྤྱང་ཀི་སོགས་གཡོ་སྒྱུ་ལ་མཁས་པ་རྣམས་ཀྱིས་ནང་མོལ་གནང་ནས་དུས་དེ་རིང་ནས་ཟུང་ང་ཚོར་ནམ་དུས་ཀྱི་སྐད་རྒྱགས་མཁན་བྱ་ཁུག་རྟ་དེ་མི་དགོས་ཞེས་བཤད་པ་ཡིན་རྒྱུ་རེད། ཡང་ན་བྱ་ཁུག་རྟས་ནམ་དུས་ཀྱི་སྐད་རྒྱགས་རྒྱུ་དེ་སྔ་དྲག་པ་མིན་དྲོ། དེས་ན་སེང་གེ་གཉིད་ཡག་པོ་དྭངས་ལོང་མ་བྱུང་བས་སེང་གེ་དྲག་ཏུ་ཁྲོས་ནས་ཁུག་རྟ་གནས་དབྱུངས་གཏོང་དགོས་བྱུང་བ་ཡིན་རྒྱུ་རེད། དེ་མིན་བྱ་ཁུག་རྟས་ནམ་དུས་སྐད་རྒྱགས་རྒྱུ་དེ་ཁོ་རང་གི་ལས་འགན་རེད་ལ་རང་དབང་ཡང་རེད།
ཁུག་རྟ་ལ་བྱ་ཁུ་ཡུག་ཞེས་བཅོས་རོགས་གནང་།
གསལ་ལེ་གསོར་མོ་སླེབས་ནས་འདུག །
སྒྱུ་རྩལ་རོལ་མོ་དཀྲོལ་ནས་འདུག །
དོན་གྱི་ངར་ཁ་ལུད་ནས་འདུག །
ལུང་བསྟན་ཞིག་ཀྱང་ཡོད་ཡོད་འདྲ། །
སྐབས་ཚོལ་སྨྱུག་ཐོག་པ་ཁྱེད་རྣམ་པས་རང་ཞེན་དང་རང་དོན་ཆེད་དུ་སྤྱི་ཚོགས་ཆུང་ཆུང་འདིར་དོན་མེད་བསྙོགས་གླེང་རྫོགས་རྒྱུ་མི་འདུག།
ཁྱེད་རྣམས་ཀྱི་ཁས་མི་རིགས་དང་ལ་རྒྱ། སྐད་ཡིག་དང་རིགས་གཞུང་། མང་གཙོ་དང་རང་དབང་བཅས་སྟོང་གཏམ་ག་ཚོད་བསྒྲགས་ཀྱང་། དོན་དངོས་ཐོག་ཁྱེད་རྣམ་པའི་ལྟོ་རྒྱབ་དང་ཕྱོགས་ཞེན། ཁེ་འདོད་དང་གྲགས་འདོད་ཉིད་ལས་མི་རིགས་དང་རིགས་གཞུང་། སྤྱི་ཚོགས་དང་འཆམས་མཐུན་སོགས་ལ་འགན་འཁུར་རྩ་བ་ནས་མི་འདུག།
ཁྱེད་རྣམས་ཀྱིས་ཁེ་དྲགས་ཀྱི་དོན་དུ་མིའི་གཤིས་ཡོད་ཚོད་བློས་བཏང་ཕོད་ཀྱི་འདུག། ཁྱེད་རྣམ་པས་རང་དབང་མ་གཏོགས་འགན་དབང་ལེན་བས་བློ་རྩེ་དེ་མི་འདུག། ལྷག་པར་དུ་སྐབས་ཚོལ་བོད་ཡིག་སྨྱུག་ཐོག་པ་དེ་ཚོ་བཙན་བྱོལ་དུ་དར་ནས་བཟུང་གླེང་སྙོགས་འདིའི་རིགས་ཆད་མྱོང་མེད།
དེས་ན་སྐབས་ཚོལ་སྨྱུག་ཐོག་པ་དེ་དག་ནི་བོད་མིའི་སྤྱི་དགྲ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒེར་དགྲ་རུ་འགྱུར་བཞིན་འདུག། དོན་དངོས་ཀྱི་ཁྱེད་རྣམས་ལ་སྨྲ་བའི་ལྕེ་དང་དཔྱད་པའི་སེམས་ཞིག་ཡོད་ན་དྲ་ལམ་དུ་འཆལ་གཏམ་དེས་གང་ཡང་མི་ཕན།
དེ་ལས་བཙན་བྱོལ་བོད་མིའི་ཁྲིམས་ཁང་དུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་དང་འབྲེལ་ཡོད་རྣམས་ཁྲིམས་སར་བསྐྱལ་དང་གཞི་ནས་ཁྱེད་རྣམས་ཀྱི་སྨྱུག་མིང་རྫིག་པོ་དེ་ཚོའི་རྫིག་ཉམ་དང་སྨྲ་ལྕེ་བདེ་པོ་དེ་དག་གི་་སྒྱུ་རྩལ་དེ་མཐོང་ངེས་སོ།
བོད་མིའི་ལས་དབང་དང་བོད་ནང་དུ་གངས་ཕྲུག་ཕོ་རྒོད་འདས་པོ་ཚོས་ངེད་ཚང་ལ་སྤྱན་གདང་ནས་བྱོན་པར་ཅི་མི་སྐྱོ།
རྩོམ་པ་པོ་ཞིག་ཡིན་ན། མིའི་གཤིས་ཀ་ལ་གླེང་སློང་སྣ་ཚོགས་ཤིག་བཟོས་ན་ཡག་རྟགས་མ་རེད། དེ་མིན་སེངྒ་དང་ཝ་མོའི་དཔེ་དེ་ཚོས་མིའི་སེམས་ལ་ཕོག་ཐུག་བཟོ་བ་ལས་ཕན་ཐོགས་པའི་སྐད་ཆ་ཞིག་མ་རེད། དཔེར་ན། དགེ་འདུན་ཆོས་འཕེལ་དང་དོན་འགྲུབ་རྒྱལ། ཞོགས་དུང་སོགས་རྩོམ་པ་པོ་དེ་དག་གི་རྩོམ་ཡིག་གང་འདྲ་ཞིག་བྲིས་ཟིན་ཡང་གཞན་ལ་དམའ་འབེབས་དང་མཐོང་ཆུང་། ཟུར་ཟའི་ཚིག་གང་ཡང་མཐོང་རྒྱུ་མེད། བདེན་དོན་སྲོག་ལ་བབས་ཀྱང་མི་གཏོང་བ་ཞིག་ཡིན་ན་ཡང་ད་དུང་ཉམས་མྱོང་དང་ཤེས་ཚད་ཀྱིས་མི་འདང་བའི་དཀའ་ངལ་མང་པོ་ཞིག་ཕྲད་ངེས་རེད། རྩོམ་ཡིག་ཐར་ཐོར་ཞིག་འབྲི་ཤེས་པ་ཙམ་གྱིས་ཀྱང་ཆོག་ཤེས་མི་བྱེད་པར་ས་སྐྱ་ལེགས་བཤད་སོགས་ཀྱི་ལུགས་གཉིས་བླང་དོར་གྱི་བསླབ་བྱ་དེ་ཚོ་ལེན་དགོས་པ་གལ་ཆེན་པོ་རེད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས། རི་བོ་དལ་གྱིས་བགྲོད། ཉ་ཤ་བགས་ཀྱིས་ཟ། ཞེས་པ་ལྟར་ཉ་ཤ་ཧམ་ཟ་བྱེད་ན་རུས་པ་ལྕེ་ལ་ཟུག་རྒྱུའི་ཉེན་ཁ་ཡོད། ལྷག་པར་ཛ་དྲག་ཆེ་བའི་དུས་སྐབས་འདིར་ཤ་ཟད་ནས་རུས་པ་ལ་ཐུག་པའི་བོད་མིའི་སྒྲིག་འཛུགས་ཉམ་ཆུང་འདིའི་སྒང་ལ་མེད་རབས་དང་མི་འཇོན་རབས་མང་པོ་ཞིག་ལབ་བསྡད་ན་ཆོ་མེད་རེད། རྒྱབ་སྐྱོན་བྱེད་མ་ཐུབ་རུང་དམའ་འབེབས་མ་བྱེད་རོགས་ཅེས་འབོད་སྐུལ་ཞུ་གི་ཡོད། ད་དུང་འདི་ལྟར་མི་མཐུད་དུ་ལབ་གླེང་བྱུང་ན་མི་མང་པོ་ཞིག་སེམས་ཤུགས་ཆག་པ་དང་རྩོམ་པ་པོའི་རིན་ཐང་བརླག་ངེས་རེད། ཆབ་བྲག་ལྷ་མོ་སྐྱབས་ཀྱིས་མིག་རྒྱ་བསྐྱེད་པའི་མཆན་བུ་མང་པོ་ཞིག་བཏབ་འདུག །མིའི་གཤིས་གླེང་བའི་ཉ་ཉོག་གང་ཡང་མི་འདྲེས་བར་སྐྱོན་ཡོད་ན་ཐད་ཀར་མཛུབ་མོའི་རི་སྟོན་གནང་འདུག།
སེང་གེ་བློ་བཟང་གིས་ད་ཐེངས་རང་ཉིད་ཀྱིས་རྒྱུན་རིང་གཟབ་པའི་སྒམ་ཚིགས་དེ་ཡོངས་སུ་དོར་ཞིང་། བློ་ཐག་རྦད་གཅོད་ཀྱིས་དགྲ་བཅོམ་པའི་གོ་འཕང་སྙེགས་ཏེ་བྱེའུ་ཁུག་རྟ་ཆམ་ལ་ཕབ། བྱེད་སྟངས་འདི་ནི་ར་བསད་ན་ལུག་འདར་བའི་དཔེ་བཞིན་ཡིན་པས། སྡེར་ཐོགས་ཀྱི་རིགས་ཀུན་ལ་དངངས་འདར་ཤོར་ཞིང་འོག་མིག་ལོང་ལོང་གཡས་ལྟ་གཡོན་ལྟ་བྱེད་བཞིན་འདུག འོན་ཀྱང་འདབ་ཆགས་ཀྱི་ཚོགས་ལ་གཤོག་རྩལ་ཡོད་མིན་ཅི་རིགས་ཡིན་མོད་ཚང་མ་གཤོག་ཐོགས་ཀྱི་རིགས་ཡིན་པས། དངངས་འཚེར་ཅི་ཡང་མེད་པར་སེང་གེ་བློ་བཟང་གི་མཁའ་དབྱིངས་ནས་སྐད་ཅོར་སྣ་ཚོགས་འབྱིན་ཞིང་གཡས་འབབ་གཡོན་འབབ་མང་བོ་བྱས། ད་དུང་སར་ལྷུང་བའི་བྱེའུ་ཁུག་རྟའི་གཤོག་པ་ནས་འཐེན་ཏེ་ཡར་འཕུར་ཤོག་དང་ཟེར། འོན་ཀྱང་བྱེའུ་ཁུག་རྟའི་དབུགས་ཡོངས་སུ་ཤོར་ཟིན་པས། གཤོག་པས་ས་ལ་བརྡབ་ཙམ་བྱེད་བཞིན། ཉམས་ཤོར་ཞིང་གོ་ལ་མི་གོ་བའི་སྐད་ཀྱིས་སྐུ་ཀྱེ་སྐུ་ཀྱེ་ཟེར། གནས་ཚུལ་དེ་དག་མཐོང་ཐོས་བྱུང་མ་ཐག་རི་བོ་རྡོ་ལ་བརྡར་མར་གཤམས་ཀྱི་གཞི་བདག་འཕྲུལ་རྟ་ཅན་དེ་ཚང་ནས་ལངས་བྱུང་། འཐབ་མོ་དང་འུར་སྒྲ་ལ་དགའ་བ་ནི་གཞི་བདག་ཚང་མའི་གཤིས་ཀ་ཡིན་པས། རི་བོ་རྡོ་ལ་བརྡར་གྱི་གཞི་བདག་ཡང་གདོང་བ་འཛུམ་གྱིས་ཁེངས་ཏེ་སེང་གེ་བློ་བཟང་དང་བྱེའུ་ཁུག་རྟ་སོགས་ཀྱི་མཁའ་དབྱིངས་དང་ཚང་མལ་གང་སར་སྐོར་རྒྱུགས་བྱས། འོན་ཀྱང་སེང་གེ་བློ་བཟང་གི་གྲིབ་གཟུགས་མ་མཐོང་ཞིང་ཡིད་ཚིམས་པའི་ལག་ཡོང་ཅི་ཡང་མ་བྱུང་བར་མ་ཟད། བྱི་ལ་ཙི་ཙི་དེའི་རུལ་བསུར་ཞིག་གིས་མགོ་བོ་ཡོམ་མེར་བཏང་བྱུང་བས། ཐ་མར་སྒྲིག་གཞིའི་ཚ་བསུར་སྒྲིག་གཞིའི་ཚ་བསུར་ཞེས་ཟློ་བཞིན་ཕྱིར་རང་མལ་དུ་ལོག རྗེས་ཤུལ་ན་འདབ་ཆགས་རྣམས་ཀྱིས་མུ་མཐུད་ཅ་ཅོ་སྒྲོག་གིན་འདུག་ལ། ལ་ལས་ལག་རྩལ་ཡོད་མདོག་གིས་སེང་གེ་བློ་བཟང་དང་བྱེའུ་ཁུག་རྟའི་གཟུགས་བརྙན་འབྲི་བཞེངས་བྱེད་པ་དང་། ལ་ལས་སེང་ཚང་ལ་ཁ་ཕྱོགས་ཏེ། ཁྱོད་ལ་གཡུ་རལ་མི་འདུག་ཟེར་ལ། ལ་ལས་ཐེངས་རྗེས་མར་འདབ་ཆགས་སུའི་མཆི་ཏོ་སྡོམ་གྱི་ཡིན་ཟེར་གྱི་འདུག་གོ།
སྒྲུང་འདི་དོན་དང་ལྡན་པ་ཞིག་བྲིས་འདུག
མ་འོངས་པར་འདི་དངོས་བྱུང་ལོ་རྒྱུས་ཆགས་ཏེ། གཉའ་ཁྲི་བཙན་པོ་གནམ་ནས་ཕེབས་པའི་གཏམ་རྒྱུད་བཞིན་འདི་ལའང་དཔྱད་བརྗོད་པ་སྤྱན་མིག་ལྡན་པ་དག་གིས་ཞིབ་འཇུག་བྱེད་ངེས་ཡིན།
ལོ་ངོ་གང་མང་ཞིག་གི་རྗེས་སུ།
འབྲི་མཁན་ལ་ཡི་རངས་ཡོད
སེང་གེ་དང་ཁུག་རྟ་ཟེར་བའི་མིང་འདི་གཉིས་མཉམ་དུ་འཛོམས་ནས་དོན་འདི་འདྲ་ཞིག་བྱུང་ནས་་དྲན་རིག་རྒོད་པ་ཞིག་གིས་ད་གཟིད་་ཟུར་ཟའི་དགོད་གཏམ་འདི་འདྲ་ཞིག་གྲུབ་པ་ཡང་རྟེན་འབྱུང་རེད། ཕལ་ཆེར་གནའ་སྔ་མོའི་སྲོག་ཆགས་ཀྱི་གཏམ་རྒྱུད་དེ་དག་ཀྱང་རྒྱུ་རྐྱེན་འདི་རིགས་ལས་བྱུང་བ་མ་ཡིན་ནམ། རྩོམ་ཡིག་འབྲི་སྦྱོང་པ་ཚོར་མཚོན་ན་འདི་ནི་བློ་འབྱེད་ཀྱི་ཤེས་བྱ་ཞིག་ཀྱང་རེད་སྙམ།
ཟ་ལེ་ཟ་ཁོ་ཟེར་ནོ་རེད།
ཟུར་སྒྲུང་ཟེར་ནོ་བྲིས་ཡོད་ཀི
ཟུར་ཟ་ཟེར་ནོ་བྱས་ཡོད་ཀི
ཟ་སྐལ་འཐུང་སྐལ་ཆད་མེད་ཀི
མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་ཆེན་རྒྱལ་པོ་ནི།།སྙན་ངག་མཁན་ཚེ་བདེ་གཤེགས་རྩ་མཆོག་ལ།།ཚིགས་སུ་བཅད་པ་གཅིག་གིས་བསྟོད་ནས་ཀྱང་།།དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།།ཞེས་པ་ལྟར་དངོས་པོ་ཆུང་ཆུང་ཞིག་གིས་དོན་ཆེན་འགྲུབ་དགོས་ན་ཐོག་མའི་ཀུན་སློང་དེ་གལ་ཆེན་པོ་རེད། དེའི་ཁྲོད་ནས་འཇིག་རྟེན་གྱི་བྱ་བ་ལ་འགལ་འཛོལ་མི་ཡོང་བའི་ཕྱིར། རྫ་དཔལ་སྤྲུལ་རིན་པོ་ཆེས། སྐད་ཆ་གྲོགས་དང་བསྟུན། གོས་ཡུལ་དང་བསྟུན། སེམས་ཆོས་དང་བསྟུན། ཞེས་པ་དེ་རེད།
ལན་གཅིག་མ་རེད། ལན་གཉིས་མ་རེད།
མཚར་སྒྲུང་འདི་ལྟ་བུ་འབྲི་དགོས་ན་བཙན་བྱོལ་ནང་དུ་ཁྱེད་ལས་མཆོག་ཅིག་མ་མཐོང་།
ཨ་རོ་མིག་བརྒྱད་པ། མིག་གིས་གང་ཞིག་ལ་བལྟས་ཡོད། དུས་མཁྱེན་རྒྱལ་པོ་མ་གཏོགས་དུས་ཆེན་རྒྱལ་པོ་ཟེར་བ་ཞིག་གོ་མ་མྱོང་། ཧཧཧ
ཁ་བརྡ་ཚང་ལ་ཞུ་རྒྱུ། མཆན་དུས་ཐོག་ལ་བཏང་ན་ཡག་པོ་འདུག དེ་མིན་བྲོ་བ་ཁྱོན་ནས་མི་འདུག དགོངས་དག མཆན་འདི་འགོད་མི་དགོས
དེང་སང་སེང་གེའི་སྐོར་ལ་མང་པོ་ལབ་གླེང་བྱེད་བཞིན་བདའ།
གལ་སྲིད་སེང་གེས་གོང་དུ་བརྗོད་པ་བཞིན་གནང་ཡོད་ཚེ།
དེ་ཧ་ཅང་ཐལ་སྐྱོ་པོ་རེད་ཤག
ཤར་ཕྱོགས་ཁུག་རྟ་རྒྱང་ཕུད་བཏང་བ་བདེན་ན་ངོ་མ་སེང་གེ་ལ་འང་ང་རྒྱལ་ཆེ་དྲགས་འདུག
སྤྱིར་བོད་པ་ཚང་དེ་འདྲ་ཡིན་ནི་རེད་གོ་ས་ཡོད་ན་སྔོན་མའི་སྐུ་དྲག་ལམ་ལུགས་དང་གཅིག་པ་ཡིན
དཔེར་ན་ས་གནས་ཁག་གི་གཞི་འགོ་དང་ལས་བྱེད་དག་ལ་བལྟོས་དང་ཉམ་ཆུང་ཆུང་གི་མི་སེར་ཚོར་ཁ་རྡུང་གཏོང་བ་དང་བརྙེས་སྨོད་བྱེད་པ་ནི་རྒྱུན་ལྡན་རེད།
ལོ་ངོ་ཁ་ཤས་སུ་ཕྱིན་པའི་ཁ་བརྡ་དྲྭ་བའི་གྲོགས་པོ་ཞིག་ཡིན་རུང་ད་དུང་མཆན་འདེབས་སྐབས་སུ་སྔོན་དང་མ་འདྲ་བ་སྒུགས་ནས་སྡད་དགོས་ཀྱི་འདུག རྒྱུ་མཚན་གང་ཡིན་གསལ་བཤད་ཅིག་ནུས་སམ་དྲྭ་བདག་ལགས
དབྱར་ཁ་འབྲུག་སྐད་དང་གློག་དམར་འཁྱུག་པ་ནི་རྒྱུད་ལྡན་ཞིག་ཡིན་པས་དེ་ལ་ཞེད་སྣང་ཡ་མཚར་དགོས་དོན་མེད། དེ་ལས་དབྱར་ཁའི་དཔལ་ཡོན་ལོངས་སུ་སྤྱོད་དེ་བཞུགས་ན་བཟང།
ཨེ་ལེ། རྩོམ་ཡིག་འདི་ལ་བལྟས་ནས་ཤར་ཕྱོགས་ཁུག་རྟ་ནི། རྐུབ་ལ་ལྟས་ཤིང་། སྐྱག་པ་སྒྲུག་མཁན་ཁ་ཏ་ནག་པོ་ཤིག་མཐོང་སོང་། ཁོང་ནི་མི་ཚོས་བཤད་པའི་རྡ་སའི་ཁ་ཏ་ནག་པོ་དེ་རིགས་གཅིག་ཡིན་འདུག
ཁོང་ལ་ཁུག་རྟ་མ་རེད་ཁ་ཏ་རེད།
གླིང་དཀར་པོ་ཞོ་བཞིན་ཆག་པ་ལ། །
དཔོན་ཁྲོ་ལུས་ཁྲ་ལྟར་དཀྲུགས་པ་བཞིན། །
བོད་སྤྱི་པའི་བཀའ་ཁྲིའི་ལས་དབང་ནང་། །
འདྲེ་བློ་ཆོས་གཡོ་འཕྲུལ་ལས་ལ་བྲེལ། །
ད་བོད་པའི་ལས་དབང་མི་བསམ་མཁན། །
ལ་ལུང་པའི་འཐེན་འཁྱེར་དབང་སོང་སྟེ། །
གྲི་དཔའ་དམ་སོ་ཁ་ནང་བསྟན་ནས། །
ནང་ཕུ་ནུ་གསོད་པའི་ལས་བྲེལ་རིངས། །
མགོན་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་ཐོག །
ཁ་བློ་མིག་མ་ཡོ་བོད་མིའི་ཁྲོད། །
ཆེས་མང་མོས་འོ་བསྡུ་དབང་བཙན་པས། །
བུ་དཔའ་བོ་གསེར་ཁྲིའི་སྟེང་དྲངས་ཀྱང་། །
ཆེན་རློམ་པའི་གཅིག་ཤོས་ནད་རོ་དེས། །
རང་ཉེ་འཁོར་ཀུན་ལ་ཁོག་རྒྱང་སྟེ། །
བཀྲ་མི་ཤིས་སྐྱོན་དང་འཚང་འདྲུའི་རིགས། །
ཐབས་ཡོ་རྒུ་རྩལ་འདོན་བྱེད་འདི་ཅི། །
བུ་བློ་བཟང་ཆོས་འབྱོར་ཁོག་པའི་ནང་། །
གནའ་རུལ་སུངས་བཀའ་བློན་བཀྲོང་ངེར་བཞུགས། །
ཁོ་རང་དབང་མེད་པར་སྤྱོད་ལོག་བསྟན། །
འདི་ལྷག་བསམ་རེད་སོ་གདོན་འཕྲུལ་རེད། །
བོད་ཉན་འཕྲང་ཅན་གྱི་དུས་སྐབས་འདིར། །
རང་མི་རིགས་ཛ་དྲག་འཐབ་རྩོད་ནང་། །
འདྲེ་བློ་ཆོས་འཐབ་རྩོད་རང་རྒྱག་འདི། །
བོད་སྲི་ཞུ་རེད་སོ་ཕུང་དཀྲུགས་རེད། །
མི་གཡོ་ཅན་ཁོག་པའི་བར་གསེང་ཀུན། །
ཕྱོགས་འགལ་བའི་ཚོགས་པ་སྐྱིད་ཉལ་འཐེན། །
རྒྱ་ནག་པོའི་བྱིན་རླབས་སྙིང་དུ་སྦྲུམ། །
འདི་ངོ་ནག་རེད་སོ་ངོ་དཀར་རེད། །
བོད་ལས་དབང་དར་ལྕེ་རླུང་འདེད་ནང་། །
གཞི་ཚུགས་པའི་རྩིག་ར་མི་སྐོར་བར། །
རླུང་མཉམ་དུ་སྦུད་པ་གཏོན་མཁན་འདི། །
འདི་བྱ་ར་དགོས་སམ་རྒྱབ་སྐྱོར་དགོས། །
འདི་ལྷ་མོ་སྐྱབས་ཀྱི་ཁུག་རྟའི་འཕུར་ལམ་བཀག་པ་ཞེས་པར་འགོད་རྒྱུ་ཡང་དེར་མཆན་སྒོ་རྒྱབ་ཚར་འདུག་པས་འདིར་ཁྱེར་ཡོང་བ་ཡིན། ངས་གོང་དུ་དྲང་བདེན་ཁོ་ནར་ཁ་ཕྱོགས་ནས་གནས་ལུགས་དུམ་ཙམ་ཞིག་བཤད་པ་དེ་དྲང་བདེན་རང་ཡིན་པ་ལས་ཀུན་སློང་དཀར་རྐྱང་ནག་རྐྱང་གང་ཡང་མིན། འོན་ཀྱང་དེ་ཨ་ལྷ་ལ་གཞི་མེད་སྐྱོན་འཛུགས་རེད་ཟེར་ན་དེ་གནས་ལུགས་ལས་རིང་དུ་བརྒལ་བ་རེད། མི་ཁ་ཤས་ནས་གོ་བཀོན་གྱི་ཚུལ་དུ་ལུང་འདྲེན་འདྲ་གནང་བ་དེ་ཡང་འབྲེལ་མེད་དོན་གཞན་གྱིས་གནས་ལུགས་ཀྱི་རྒྱ་ལས་བརྒལ་བ་རེད། ད་དུང་ཚོད་དཔག་ལྟ་བུའི་ང་ཨ་ལྷའི་དགེ་ཕྲུག་ཅིག་ཡིན་པར་འདྲ་རབས་བཤད་སོང་། ང་དགེ་རྒན་བསྟེན་མྱོང་མེད་པ་མིན་པར་དགེ་རྒན་བཅུ་ཕྲག་ཁ་ཤས་བསྟེན་མྱོང་ཡོད། འོན་ཀྱང་ངས་བསྟེན་པའི་དགེ་རྒན་ལ་ཆ་རྐྱེན་ཡོད་པ་རེད། ངས་བསྟེན་པའི་དགེ་རྒན་དེའི་མ་མཐའི་ཆ་རྐྱེན་ནི། དགེ་སློབ་བར་ན་བྱམས་སྐྱོང་མེད་ན་ཡང་དགེ་སློབ་བར་ན་དགྲ་འཛིན་འདུ་ཤེས་མེད་པ་དང་། སློབ་མ་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མི་བྱེད་པ་གཅིག་མེད་ཐབས་མེད། ཨ་ལྷ་མ་ལ་ཆ་རྐྱེན་དེ་མེད་དུས་ངའི་སློབ་དགེའི་ཐོབ་ཐང་དང་ཆ་རྐྱེན་གཉིས་ཀ་མེད་སོང་བ་རེད། གལ་སྲིད་ཆ་རྐྱེན་དེ་ཚང་དབང་དུ་བཏང་ཡང་ངས་ཨ་ལྷ་མའི་རྩར་ནས་ཅི་ཞིག་སྦྱང་དགོས་སམ། དེ་ནས་ཨ་ལྷས་བརྗོད་དོན་མི་ལ་རྣམ་རྟོག་ཅི་ཤར་ཡང་ང་རང་སྣང་བ་དག་པས་འགྲིག་རབས་བཤད། དེ་ནི་ཁྱེད་རང་རི་བོང་རྡོ་རྫུས་དང་མ་ཡིན་ཡིན་མདོག་བྱས་པ་ཙམ་ལས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་གི་གནས་ཚུལ་ཅང་མ་རེད་པས་རང་སྣང་དག་ཐབས་རྩ་བ་ནས་ཡོད་མི་སྲིད་པ་ཞིག་རེད། གལ་སྲིད་གནས་སྟངས་དེ་འདྲའི་འོག་ནས་ཀྱང་རང་སྣང་དག་སྟེ་བསྡད་ཡོད་ན། དེ་ནི་གཞན་ཅི་ཡང་མ་ཡིན་པར་ཨ་ལྷ་མ་དྲན་པ་རྣལ་དུ་མ་གནས་པ་རང་རེད། ཡང་ཨ་ལྷ་མས་གལ་སྲིད་གནས་ཚུལ་དེ་འདྲ་ཡོད་ན་སྐབས་དེ་དུས་ཡར་མར་ཐབས་ཤེས་བྱེད་རྒྱུ་ཡོད་ཀྱང་མ་བྱས་པར་ཁོས་གོ་བ་དེ་རིང་ཡིན་ལུགས་བཤད། དེ་ནི་རྐུན་མ་ཧམ་ཆེན་གྱིས་བདག་པོ་གསོད་པའི་དཔེ་རུ་ཏག་ཏག་སོང་བ་རེད། ཨ་ལྷས་མ་དྲང་པའི་སྣོག་ལས་བགྱིད་ས་ཕྲུག་གུ་ཉམ་ཆུང་གི་རིགས་ཡིན་པ་ལས། བཙན་ཕྱུག་མཛོམས་པའི་བུ་ཕྲུག་ག་ལ་ཡིན། སྐྱབས་མེད་མགོན་མེད་ཀྱི་ཕྲུག་གུ་ཚོས་གནས་ཚུལ་ཇི་བཞིན་ཤེས་ཀྱང་སྡུག་ཡུས་ཁོག་ཏུ་སྦས་ནས་སྡོད་པ་ལས། ཨ་ལྷའི་སྐྱོན་མཚང་སྔོགས་འདོན་དང་དགེ་བཤད་སྡིག་བཀྲོལ་བྱེད་པ་ནི་སྐེ་ཁྱེར་ནས་ཞགས་པ་ཉོ་བ་མིན་ན་ཅི་རེད། དེའི་དཔེ་མཚོན་ཙམ་ཞིག་འདི་ལོ་ས་རཱའི་སློབ་ཐོན་སློབ་མ་ཞིག་ནས་སྐྱོན་མཚང་དེ་རིགས་ཐེར་འདོན་བྱས་རྐྱེན་སློབ་ཐོན་ལག་འཁྱེར་དུས་སུ་མ་རག་པའི་གནས་ཚུལ་འོན་པ་མིན་ན་གོ་ཚོད་ཡིན། ད་དུང་གནས་ཚུལ་དེ་དེ་རིང་གཞི་ནས་གོ་བ་ཡིན་ཟེར་བ་ནི་ངན་ལོབ་སོང་བའི་ཤུགས་འབྱུང་གི་བརྫུན་གཏམ་གཤའ་མ་ཞིག་སྟེ། གནས་ཚུལ་ཆེད་བཟོ་བྱེད་མཁན་རང་ཡིན་དུས་རང་གི་མ་ཤེས་པ་ཅི་ལ་སྲིད། རེད་དེ་དེ་ནི་མ་ཤེས་པ་མ་ཡིན་པར་ད་བར་དུ་ལྟས་ངན་རང་གསོང་བྱས་པ་རེད། ད་དུང་པན་མཐུན་ཚོགས་ཀྱི་ཚོགས་གཙོའི་སྐུག་སྟེགས་ཐོགས་ནས་སྣོག་ལས་ཅི་ཞིག་བྱས་དང་བྱེད་པ་ཚོགས་མིའི་ངག་ལས་གང་འཚམ་གོ་རྒྱུ་འདུག་པ་དེ་ཚོ་ཡང་གཞི་མེད་ཅིག་ཡིན་ངེས་ཀྱང་མེད་པ་རེད། རྒྱ་སྡེའི་ཁ་ལ་ཀུན་མཁྱེན་གྱི་སྤྱན་ཟེར་བ་འདི་ལ་བདེན་དོན་ཡང་མི་དམན་པ་ཡོད་ལས་ཆེ་བས་དེ་རིགས་ལ་ཡང་བསམ་དགོས་པར་སེམས། ཨ་ལྷ་དྲང་བདེན་གྱི་ལམ་བུ་རྐྱང་འདེད་མཁན་ཞིག་ཡིན་ན་ས་གར་སོང་ལ་བཀྲ་མ་ཤིས་འཕོངས་གར་བཙུགས་ལ་རྩ་མི་སྐྱེས་དོན་མི་འདུག་པས་དེ་ན་ལ་ཡང་གནས་ལུགས་ཤིག་ཡོད་དམ་སྙམ། ད་རེས་ཁུག་རྟའི་གནད་དོན་དང་འབྲེལ་ཐོག་བཀའ་ཁྲི་དང་བཀའ་བློན་ལ་ཁ་དམག་གི་རུ་སྣེ་འདྲེན་པ་འདི་ཡང་བདེན་རྒྱབ་དཔུང་ལང་དང་བཟང་གསུམ་ཕྱོགས་སྡེབ་ལྟ་བུ་མ་ཡིན་པར། རྐུན་རྒྱབ་བརྫུན་ལང་དང་ཁྱི་རྐུན་ཁ་མཐུན་ལྟ་བུ་ལས་ཅི་ཡང་མ་རེད། དེར་རྟེན་ཤར་ཁུག་དང་ཨ་ལྷ་ལྟ་བུ་མི་རིགས་འདི་ལ་མང་མེད་ན་ཉུང་མེད་པས་འདི་ཚོའི་རིགས་ལ་བརྩི་མཐོང་དགོས་པ་ནམ་ཞར་ཡང་མ་མཐོང་། ཨ་ལྷ་མ་ཤེས་དམན་རེད་ཅེས་བཤད་ཀྱི་མེད་ལ་ཁོ་ཤེས་ཡོན་པ་ཞིག་རེད། འོན་ཀྱང་ཤེས་ཡོན་ལ་མི་གཞིའི་རམ་འདེགས་མེད་ན་ཤེས་ཡོན་དེ་ཁྱི་ཚིལ་དང་གཅིག་པ་རེད་ཟེར་གྱི་ཡོད། པན་ཚོགས་ཚོགས་གཙོས་ལས་ངན་ཅི་ཞིག་བསགས་པ་ཤེས་འདོད་འདུག་ན་འགོད་ཐབས་བྱེད་ཆོག འོན་ཀྱང་ཨ་མདོའི་མི་ལ་སྐྱོན་བརྗོད་ཅིག་ཨ་མདོ་བས་གཙོ་གཉེར་བྱེད་བཞིན་པའི་ཁ་བརྡ་དང་དུས་བབ་གཉིས་ལ་འགོད་པ་དཀའ་ཁག་ཅི་ལས་ཆེ་བས་འགོད་ཐུབ་མིན་གྱི་བཤད་ཚོད་ང་ལ་མེད།
ཆོས་འགྲུབ་ལགས་ཀྱིས་དངོས་ནས་ཕྱོགས་རེའི་སྐད་ཆ་བཤད་ཀྱིན་འདུག མི་ཡིས་ཕྱོགས་རེས་བྱེད་ཀྱིས་འདུགཟེར་ནས་སོ་སོས་ཕྱོགས་རེས་བྱས་ན་ཤིན་ཏུ་ནས་ཀྱང་མི་འོས་པ་ཞིག་རེད། ཁོས་རྐུན་མ་རྒྱབ་ཀྱིས་འདུག དེས་ན་ངེས་ཡང་རྐུན་མ་རྒྱག་གིས་ཡི་ཟེར་བ་དང་གཅིག་མ་ཡིན་ནམ།
ཧཧཧ།སྙིང་རྗེ་ཆོས་འགྲུབ་ལགས་ཁྱོད་རང་གི་ཞེ་འཁོན་ད་རུང་སངས་མེད་ཀ།དེ་སྔོན་སྭ་རཱ་མཐོ་སློབ་ནང་ཨ་མདོ་པ་བཀག་འགོག་ཆེད་དབུ་མེད་ཀྱི་ཡིག་གཟུགས་ཁོ་ནར་སྐར་མ་བརྒྱ་ཆ་༥༠སྤྲོད་བཞིན་པའི་ངོ་ཚ་མེད་པའི་འཁྲབ་སྟོན་དེ་ལྷ་མོ་སྐྱབས་ནས་ལེགས་བཅོས་དྲང་བདེན་གནང་བར་བརྟེན།
མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།།
ངམ་གནག་བཞིན་གྱི་གཉེར་མ་མི་སངས་པའི།།
མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་ལ།།
དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།ཅེས་གསུངས་པ་ལྟར་མུ་མཐུད་མ་རུངས་ཁོག་བཅིངས་བྱོས་ཨ།
ཆོས་གྲུབ་ཟེར་བ་འདི་ཕྱོགས་ཞེན་གྱིས་བཟི་འདུག སྐད་ཆ་ཚང་མ་ར་བཟི་བའི་སྐད་ཆ་འདྲ་ཞིག་ལས་དོན་གསལ་བོར་ཅི་ཡང་མི་འདུག འདི་འདྲའི་རིགས་དྲ་ཐོག་ལ་བཞག་ན། ནང་ཁུལ་ཆགས་སྡང་བྱ་རྒྱུའི་རྐྱེན་ངན་དང་དྲ་བའི་འཕེལ་རྒྱས་ལ་གནོད་རྒྱུ་ལས་གཞན་ཕན་འབྲས་གང་ཡང་མི་འདུག
ཆོས་འགྲུབ་ཀྱིས་དཀར་ནག་འབྲེལ་ནས་དཀྲུག་གཞི་བཟོ་འཆར་འདུག། དེས་ཁྱེད་རང་གིས་ཕྱོགས་ཞེན་བྱེད་ཡུལ་གྱི་སྐྱེ་བུ་མིང་དང་དབང་ཁོ་ནར་ཆགས་པ་དེ་ལ། གནོད་གཞི་ལས་ཕན་ཐོག་ཅུང་ཟད་ཙམ་ཡང་མི་ཡོང་བ་ཤེས་པར་བྱོས་ཤིག་ཕྱོགས་ཞེན་གྱི་གོང་བུ།། །།
ཆོས་གྲུབ་འདྲ་བོ་ཁ་ཡ་མ་བྱེད་ལགས། དྲ་གྲོགས་ཚོ། སྒྱུ་རྩལ་དོན་དངོས་འཁྱུད་པའི་དུས་ཀྱི་ངོ་གདོང་གསལ་བའི་རྩོམ་ཡིག་དེ་ཀློག་དང་། དངོས་གནས་སྐྱིད་པོ་ཞིག་རེད། མ་འོངས་པ་ན་མི་མང་པོས་འདི་དོན་དངོས་ཡིན་མིན་ལ་རྩོད་པ་རྒྱག་གི་རེད། མིའི་རིག་གནས་ཟེར་བ་འདི་འདི་ལྟར་འཕེལ་གྱི་མེད་དམ།
རང་གི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།། ་གཞན་གྱི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།། བླང་དོར་བརྗེད་པའི་བློ་གྲོས་ཀྱི་དབེན་པ།། ཤོག་སེང་རྒྱབ་ཀྱི་ཕྱོགས་ཞེན་གོང་བུའི་སྤྱོད།།
ཨ་རོག་ཆོས་འགྲུབ་་་བཀའ་ཁྲིའི་སྤྱོད་ངན་གྱིས་མི་མཐུན་པ་དེ་འདྲ་བཟོས་ནས་མ་མཐུད་ན། ཁྱོད་ལ་ག་རེ་བཟོ་རྒྱུ་ཡོད་ནས་ཟོས་ཤིག། །།
གསལ་པོ་གོ་དགོས་པ་ཞིག་ལ། ངས་གནས་ལུགས་དང་དྲང་བདེན་འབའ་ཞིག་ལ་གཞི་བཅོལ་བའི་བདེན་དོན་གྱི་སྐད་ཆ་དུམ་ཙམ་གཉིས་པོ་དེ་བློ་སེང་གི་ཕྱོགས་བྱས་ནས་བྲིས་པ་ཞིག་གཏན་ནས་མིན། བློ་སེང་དཀར་འདོན་བཟོ་འདོད་ཀྱི་ཀུན་སློང་མེད་ལ་ཁུར་ཡང་མེད། ཤར་ཁུག་ནག་པོ་བཟོ་འདོད་ཀྱི་འདུན་པ་མེད་ལ་ནུས་པ་ཡང་མེད། འོན་ཀྱང་ད་རེས་བཀའ་བློན་ཁྲི་པའི་ཐག་གཅོད་དེ་འགྲིག་མིན་གནས་ལུགས་ཁོ་ནས་ཁ་གྲག་པ་ལས་ཅ་ཅོ་དང་གཡམ་བརྒྱུགས་ཀྱིས་གར་ཡང་མི་ཕྱིན་པ་དངོས་ཡོད་རེད། ད་དུང་ཤོག་ཁག་དཔུང་སྡེབ་ལྟ་བུ་འདི་རིགས་ཇི་ཙམ་འུར་ཞིང་ངར་ཡང་གནས་ལུགས་ལ་བཟོ་བཅོས་ཐུབ་པ་དཀའ་ཙམ་ཡིན་སྣང་ཤར། འོན་ཀྱང་བཟོ་ཐུབ་མིན་ལ་མ་ལྟོས་པར་འཆར་གཞི་དང་གྲ་སྒྲིག་ནི་ཟམ་གདོང་བླ་མ་བཀའ་ཁྲི་གནང་དུས་ནས་ཡོད་ཡོད་པ་རེད་ལ་ད་ལྟ་ཡང་དེ་རེད། མ་འོང་པར་ཡང་དམིགས་ཡུལ་དང་འཆར་གཞི་ཡོད་རྒྱུ་རེད། དཀར་ནག་གོ་ལྡོག་དང་། བདེན་ལུད་བརྫུན་གཅེས་སོགས་ཀྱི་ཁེ་བཟང་རེ་རག་ན་ཁྱེད་རང་ཚོའི་འཇོན་ཐང་རེད། སྔར་བཞིན་གྱོང་ལས་ཕན་འབྲས་མཐོང་དུ་མེད་ན་དེ་ནི་བཅོས་སུ་མེད་པའི་སྡུག་གྱོང་ཞིག་དང་། སྒྱུར་དུ་མེད་པའི་ངན་ཁྲིམས་ཤིག་ཀྱང་རེད་པས་གནས་ལུགས་ཀྱི་རྒྱ་ལས་བརྒལ་ཞིང་བཤད་ཡམ་དང་ཧོལ་བརྒྱུགས་ཀྱི་འཚོ་བའི་ཁྱེད་ཅག་གི་ཐུགས་ལ་འདོགས་པར་ཞུ། ངས་གོང་དུ་བཤད་པའི་སྐད་ཆ་དག་ལྷ་མོ་སྐྱབས་ཀྱིས་དྲང་བདེན་ཡིན་རབས་དང་བདེན་དོན་ཡོད་རབས་ཀྱི་ཧམ་བཤད་དག་སྣང་བ་ཅུང་མ་སོང་བས། ཁོས་ལས་ལུས་རྣམ་ཐར་དག ཁྱོད་ལ་དྲང་བདེན་ཡོད་ན་འདི་ཅི་རེད་གན་གང་རེད་ཟེར་བའི་ཚུལ་དུ་ཕྱོགས་སྟོན་ཙམ་ཞིག་ལྷ་མོ་སྐྱབས་ཀྱི་རྩོམ་གྱི་འོག་ཏུ་མཆན་བཏབས་པ་ཡིན། དེ་ལ་ཨ་ལྷས་མི་བདེན་བརྫུན་སྒྲིག་གི་ལེན་ཐུང་དེ་ལ་འདིའི་ནང་གི་མཆན་གོང་མ་དེ་བྲིས་པ་ཡིན། དེའི་ནང་ལ་དངོས་ཡོད་མིན་པའི་གནས་ཚུལ་སྣ་གཅིག་མེད་ལ་ཁྱེད་ཚོས་ཀྱང་སྟོན་རྒྱུ་མ་རག་པ་འདི་རེད། དེས་ན་ཕྱོགས་རེས་སུས་བྱས་དང་གཡོན་དུ་སུ་ལྷུང་ད་ཙམ་ཤེས་ཚོད་མི་འདུག་གམ།།
ཁུག་རྟས་ཁུག་རྒྱུའི་དམིགས་ཡུལ་མ་ཁུག་པར། ཁ་བརྡ་དྲ་རྒྱ་དང་དུས་བབ་དྲ་རྒྱ་སོགས་སུ་དུས་རྒྱུན་མཐོང་རྒྱུ་ཡོད་པའི་རྒན་ལྷ་མོ་སྐྱབས་དང་རྒན་རབ་གསལ། དེ་བཞིན་ལུང་རྟོགས་ཟེར་བ་དེ་སོགས་ཁ་ཤས་ཞིག་གྲོགས་སུ་ཁུག་སོང་ལ། ཤར་ཕྱོགས་ཁུག་རྟའི་འགྲོ་ལམ་བཀག་འདུག་ཟེར་བའི་གཏམ་འཆལ་དེས་གོང་དུ་སྨོས་ཟིན་གྱི་མི་སྣ་དེ་དག་གི་མདུན་ལམ་ཁ་ཤས་འགོག་རྐྱེན་དུ་མི་འགྱུར་བའི་ངེས་པ་མེད། ད་སྐུ་མཁྱེན་རྣམ་འདི་དག་སྐོར་བགྲོ་གླེང་བྱེད་པ་དེ་ནི། ཞི་མི་ཤོར་ཟིན་པའི་རྗེས་སུ་སྒེར་སྐར་རྒྱབ་དང་གཅིག་མཚུང་རེད། འདི་ཕྱི་གང་ལ་མི་ཕན་པའི་ཐོག་སྤྱི་སྒེར་གང་ལ་ཚེ་འདིར་ཡང་མི་ཕན། མི་ཕན་པའི་ཐོག་བོད་དང་བོད་མིར་གནོད་པ་ཚབ་ཆེན་དུ་འགྱུར། ཕན་མེད་གནོད་པ་ཅན་གྱི་གཏམ་དེ་ཡང་ཡང་བཤད་མཁན་གྱི་རིགས་ནི་མཁྱེན་ལྡན་པའི་གྲས་སུ་མི་ཚུད།
རང་དབང་དགོས་པ་བདེན་པ་རེད་དེ།་བཀའ་བློན་ཁྲི་པ་ད་ལྟ་གསར་པ་རེད། ཚང་མས་འུར་མ་རྒྱག་རོགས། ལ་ཕར་རྒྱབ་ནས་དགྲ་བོ་དགའ་ནས་ཡོད་རེད། རྒན་ལ་ཧ་མོ་སོགས་ནས་བསམ་ཤེས་དགོས་རེད། གང་བྱུང་དུ་མ་གསུངས་ན་ཡག་པོ་རེད། ཕ་ཡུལ་ན་རང་ལུས་མེ་ལ་བསྲེགས་བཞིན་འདུག འདི་ན་ང་ཚོས་ག་རེ་རྩོད་ཀྱི་འདུག བསམ་བློ་ཞིབ་ཏུ་ཐོངས་དང་། སེམས་པ་སྐྱོ་སོང་།
ཆོས་མཐོའི་ཁྲིམས་ཞིབ་ཁང་ཡོད་ཀྱང་ཆོས་མཐོའི་དབང་འཛིན་པའི་ལག་ན་ཡོད་པས་ཕན་ཐོག་ཡོད་ནི་མ་རེད།དེ་ལས་སྨྱུག་ཐོག་པ་རྣམས་ཀྱིས་སྨྱུག་རྩེ་བརྡར་ན་བདེན་པ་སྨྱུག་ཁ་ནས་གསལ་ནི་རེད།
༡༽གོང་དུ་དྲ་གྲོགས་རྡ་ས་ནས་ཡིན་པའི་ཚེ་རིང་ཞེས་པའི་བཀའ་ཁྲིའི་སྒེར་གཅོད་ཀྱི་མཛད་ཕྱོགས་ལ་སྲུང་སྐྱོབས་ཀྱི་ཚུལ་དུ་ཤར་ཕྱོགས་ཁུག་རྟའི་གནད་དོན་དེ་ཆུང་ཆུང་ཞིག་བཟོ་ཐབས་བྱེད་བཞིན་པ་དེ་ལྐུགས་པ་ཞིག་ཡིན་ནའང་ཤེས་ངེས་རེད།
ཚེ་རིང་ཁྱེད་རང་ཤེས་ཀྱང་མ་ཤེས་ཁུལ་དང་མཐོང་ཡང་མ་མཐོང་ཁུལ་བྱས་པ་དེ་གསལ་པོ་་རེད། ཆོད་གན་དུས་ཚོས་རྫོགས་མིན་གནས་ཚུལ་དེ་རྗེས་སུ་དྲིལ་བསྒྲགས་དྲུང་ཆེས་གནད་དོན་རྒྱུ་ཆུང་རྐྱེན་ཆེ་ཆགས་དོགས་ནས་བཀའ་ཁྲིའི་ཧོར་རྒྱུགས་ཆེ་བའི་ནོར་འཁྲུལ་འགེབ་ཐབས་སུ་དེ་ལྟར་གསལ་བཤད་བྱས་པ་ཞིག་ལས་དོན་ངོ་མ་བཀའ་ཤག་གིས་ཤར་ཕྱོགས་ཁུག་རྟར་ལས་གནས་མཚམས་འཇོག་གི་བརྡ་ཡིག་གི་ནང་ཁྱོད་ཀྱི་བརྗོད་པ་ལྟར་འཁོད་མེད།ལས་གནས་མཚམས་འཇོག་བརྡ་ཡིག་ངོ་མ་གཤམ་དུ་གཟིགས་རོགས།
༼“ཉིད་ནས་ ༢༠༡༡ ཟླ་ ༡༠ ཚེས་ ༤ ཉིན་སྤེལ་བའི་རྩོམ་ཡིག་འགོ་བརྗོད་དུ་( སེང་གེའི་བཀའ་ཤག་གི་མདུན་ལམ )ཞེས་པ་བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དང་འགལ་འཛོལ་བྱུང་འདུག་པས་ལས་བྱེད་ཁོངས་ཉིན་གླའི་ངོ་བོར་མུ་མཐུད་རྒྱབ་གཉེར་ཞུ་ཐབས་བྲལ་འདུག”༽ ཅེས་གནད་དོན་འདིའི་གླེང་གླེང་གཙོ་བ་གང་ཡིན་མིན་གསལ་བཤད་བྱས་པ་རེད།
༢༽ང་ཚོས་བསམ་གཞིགས་ནན་པོ་བྱོས་དང་སེམས་སྐྱོ་ཤོས་དེ་ནི་རྒྱ་དམར་སྲིད་དབང་སྒེར་གཅོད་སྐྱོན་བརྗོད་བྱེད་མཁན་གྱི་རང་དབང་རྩོམ་པ་པོ་འོད་ཟེར་ལྟ་བུ་རྒྱལ་ས་པེ་ཅིང་ནང་འཚོ་ཐུབ་ཀྱི་ཡོད་ཀྱང་།བཙན་བྱོལ་མང་གཙོའི་བཀའ་ཤག་འོག་རང་དབང་གི་རྩོམ་པ་པོ་འཚོ་ཐུབ་ཀྱི་མེད་པ་དེས་གནད་དོན་གང་ཞིག་གསལ་བཤད་བྱེད་ཀྱི་ཡོད་དམ།
༣༽ད་རེས་ཀྱི་ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་དེས་ཐལ་དྲགས་པའི་དབང་དུ་བཏང་ཡང་།རྩོམ་པ་པོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཞེན་དྲགས་པའི་ཚོར་འདུ་ཟབ་བོ་ཞིག་གི་དབང་གིས་བྲིས་པའི་བསམ་པའི་ཀུན་སློང་ལ་བསམ་གཞིགས་ཙམ་ཡང་མ་བྱས་པ་དེས་བཀའ་ཁྲིས་རང་ཉིད་ཀྱི་སྒེར་གཅོད་དབང་འཛིན་གྱི་ཆེད་དུ་ཤེས་ཡོན་ཅན་དང་།རྩོམ་པ་པོ།ལས་བྱེད་པ་སོགས་སུ་ཡིན་ནའང་ཏག་ཏག་བཟོ་རྐྱང་བྱེད་ཀྱི་ཡོད་པ་གསལ་བཤད་བྱས་ཡོད།
ཁ་བཙུམ་ནས་སྡོད་བསམ་ན་ཡང་འདུག་མི་འཇུག་ཀི། ཨ་རོགས་ཚོ། བློ་སངས་བཟང་ན་ངན་ན་ང་ཚོས་མང་གཙོ་བྱས་ནས་ཁོ་བཀའ་ཁྲིར་བཀོས་བ་མ་རེད་དམ། དེ་ན་ཁོ་ལས་ཀ་བྱེད་རྒྱུ་དེ་ལ་ཡང་མང་ཆེ་ཤོས་ནས་རྒྱབ་རྩ་ཡོད་བསམ། ཁུག་རྟས་ཁུག་རྒྱུག་བྱས་ནས་རང་ཉིད་གད་པ་ནས་གཡུག་པ་རེད་བསམ་ཀི། ངས་ཨ་མདོ་བ་ཞིག་གི་མིང་ཁུར་ནས་བྲས་བ་ཡིན་ནོ།
ཆོས་གྲུབ་ལགས།
“ས་རཱའི་སློབ་ཐོན་སློབ་མ་ཞིག་ནས་སྐྱོན་མཚང་དེ་རིགས་ཐེར་འདོན་བྱས་རྐྱེན་སློབ་ཐོན་ལག་འཁྱེར་དུས་སུ་མ་རག་པའི་གནས་ཚུལ་འོན་པ་མིན་ན་གོ་ཚོད་ཡིན།” འདི་སུ་ཡིན་དུས་ཚོད་ནམ་ཡིན་གསལ་བཤད་བྱེད་རྒྱུ་ཡོད་དམ།
“་་་སྐྱབས་མེད་མགོན་མེད་ཀྱི་ཕྲུག་གུ་ཚོས་གནས་ཚུལ་ཇི་བཞིན་ཤེས་ཀྱང་སྡུག་ཡུས་ཁོག་ཏུ་སྦས་ནས་སྡོད་པ་ལས་་་ “ཟེར་བ་འདི་འདྲའི་ཧམ་པ་བཤད་མི་ཉན་ཡ། ང་ཚོར་འདི་ན་༸ཡིད་བཞིན་ནོར་བུ་ཚང་དང་དམངས་གཙོའི་གཞུང། ལྷག་པར་སློབ་མ་ཚོར་ཤེས་རིག་ལས་ཁུངས་དང། ས་རཱ་མཐོ་སློབ་ལ་ཡིན་ན་ཡང་སློབ་སྤྱི་དང་དེའི་གོང་ན་འགན་འཛིན་ལྷན་ཚོགས་བཅས་ཡོད། ལྷག་པར་ས་རཱ་མཐོ་སློབ་འདི་ཉིད་རྒན་དམ་པ་བློ་བཟང་རྒྱ་མཚོས་གསར་འཛུགས་གནང་བ་ཞིག་ཡིན་པས་སྐྱིད་སྡུག་ཞུ་ས་ཙམ་མ་ཟད་གནས་ཚང་ཡག་ཤོས་ཤིག་ཡིན། ཁྱོད་ཀྱིས་རྒྱ་དམར་གྱི་འོག་ལ་ཡོད་པའི་བོད་མི་ཉམ་ཆུང་དེ་ཚོ་ལས་ཀྱང་སྡུག་ཅིག་ཡིན་ཚུལ་བཤད་པ་འདི་ཁོ་ནས་ཀྱང་། ཁྱོད་ཀྱིས་ང་ཙམ་མིན་པར་བོད་གཞུང་དམངས་དང་བཅས་པར་མ་ཉེས་ཁག་གཡོགས་བྱས་པ་རྟོགས་སོང་ངོ། ལྟ་བ་འདི་འདྲ་ཞིག་ཁུར་ནས་བསྡད་ཡོད་ན་ད་དུང་ཁྲོན་པའི་ནང་གི་སྦལ་བ་རང་མ་རེད་དམ
ཡེ་རྡོར་ཟེར་བ་འདིས་གནས་ལུགས་ཁུངས་བཙན་མེད་པའི་སྒོ་ནས་ལན་འདེབས་བྱེད་ཁུལ་འདྲ་བོ་མང་པོ་བྱེད་ཀྱིན་ཡོད། ཁོས་ཡིད་བཞིན་ནོར་བུའི་གསུང་གང་མང་ཞིག་ལུང་འདྲེན་བྱེད་པ་རེད། དེ་ནས་དེ་ནི་རྫུན་རེད་ཅེས་ཐག་གཅོད་ཙམ་བྱེད་པ་རེད། བོད་ནང་གི་ཀློག་མཁན་མང་པོ་དང་ལྷག་པར་བློ་གཟུ་བོར་གནས་མཁན་གྱི་ལོ་རྒྱུས་དཔྱད་བརྗོད་པ་མང་པོར་མཚོན་ན་ཡེ་རྡོར་གྱི་དཔྱད་ཁུལ་འདིས་ང་ཚོའི་ཕྱོགས་ཀྱི་གནས་ཚུལ་མཁོ་འདོན་ཐད་ལ་བློ་སྐྱེད་དང་ཕན་ཐོགས་ཡོང་གིན་ཡོད།
འདི་ངའི་ལྟ་སྟངས་གཞན་ཞིག་ནས་མཐོང་ཚུལ་རེད། གལ་ཏེ་ཁོའི་འབྲི་ཐབས་འདི་དགོས་དབང་དེ་འདྲ་ཞིག་མིན་ན་ཡང་དགོས་དོན་དེ་འདྲ་ཞིག་ཚང་གིན་འདུག དེ་བས་ཡེ་རྡོར་གྱིས་ཅི་ཙམ་བྲིས་ཀྱང་ང་ཚོའི་་བདེན་པའི་རྒྱབ་རྩ་ལས་འགོག་རྡོར་འགྱུར་མི་ཐུབ་པ་ཞིག་རེད།
ངས་འདི་ལྟར་བཤད་དུས་མཆན་འདེབས་པ་ལ་ལས་ཡང་ང་ཡེ་རྡོར་ཕྱོགས་གཏོགས་པར་ངོས་འཛིན་མི་བྱེད་དམ།
བཀུར་འོས་བཀའ་ཤག་གིས།
ཞིབ་འཇུག་ཁང་གསར་འཛུགས་དེ་གནས་སྐབས་རིང་མ་འཁྱོངས་ན་ཡང་ལན་འདེབས་ཚོགས་ཆུང་དེ་ཉིད་ཡར་རྒྱས་བཏང་ནས་དུས་ལྟར་ཡ་ལན་སློག་རྒྱུ་གལ་ཆེ། གུས་པ་ཡང་ལས་ཀ་འདི་རིགས་ནང་སྙུ་གུ་བསྒྲེངས་ཏེ་ཡོད་པ་ཞིག་ཡིན་པས་ཐུགས་ཕན་སོས་ན་རོགས་འདེགས་བྱེད་འདུན་ཡོད། སྐྱོན་ནི་སྐྱོན་དང་ཡོན་ཏན་ཡང་ཡོན་ཏན་དུ་བཀར་ནས་ལས་ཀ་བྱེད་དགོས། སྐྱོན་སྐྱོན་དུ་ཁས་མ་བླངས་ན་རྩོད་པ་ལ་རྫོགས་ཚིག་འགོད་དཀའ་ལ། ལས་དོན་ལ་དྲང་བདེན་རྒྱབ་སྐྱོར་ཡང་ཡོང་དཀའ། རྒྱུ་མཚན་ཡོད་མེད་ཅི་རིགས་བཤད་མཁན་ཚང་མའི་དམིགས་ཡུལ་ནི་བོད་མིའི་སྒྲིག་འཛུགས་འདི་ཉིད་ཚགས་ཚུད་ཡར་རྒྱས་ཀྱིས་བོད་དོན་བདེན་མཐའ་གསལ་བར་ནུས་པ་སྔར་ལྷག་འདོན་ཐུབ་སླད་ཡིན་པར་སྨོན།
ངས་བཀའ་ཁྲིས་ཁུག་རྟའི་རྩོམ་ཡིག་དེ་ལ་ཉེས་པ་དེ་འདྲ་གཅོད་པ་མི་འོས་པར་མཐོང་ནས་ཕྱིན་ཆད་ཕྱག་ལས་གནང་སྟངས་ལ་གོ་འཛོལ་མི་ཡོང་བའི་འདོད་ཚུལ་འཛིན་གྱིན་ཡོད་ལ་སྔ་མའི་གཞུང་ལྟར་གུས་བརྩི་དང་ལས་དོན་ཐད་ལ་རྒྱབ་སྐྱོར་བྱེད་འདུན་ཡང་ཡོད། ངས་འདི་ལས་བརྒལ་ནས་བཀའ་ཁྲིའི་མི་གཤིས་ལ་ཚོད་དཔག་གང་ཡང་བྱས་མེད་ལ་དེ་བས་ཀྱང་དམའ་འབེབས་བཏང་མེད།
སྐབས་དོན་གྱི་དོན་གནད་འདི་ཉིད་ལས་ཉོག་བཤད་དང་རྙོག་གྲ་རིགས་བཟོས་ན་དེའི་འགན་དེ་མཆན་འགོད་པ་སོ་སོས་མི་འཁུར་རང་འཁུར་ཡིན་པ་ཤེས་དགོས།
འཇམ་དཔལ་རལ་གྲིས་རལ་གྲི་འཕྱར་སྟངས་འདིས་བཀའ་ཁྲིའི་སྐུ་སྲུང་གི་འགན་འཁུར་ཐུབ་ཀྱིན་མེད་པར་མ་ཟད་དེ་ལས་གནོད་པའི་ཉེན་ཁ་འདུག
བདག་ནི་ནམ་ཡང་༸ཡིད་བཞིན་ནོར་བུར་སྐྱབས་བཅོལ་ཅིང་བདེན་པ་ལ་རྒྱབ་བརྟེན་ཡོད་པས་ནམ་ཡང་རང་བྱས་ལ་གནོང་འགྱོད་མེད་ལ་འཇིགས་སྣང་མེད།
ཤེས་རབ་ལགས་ཀྱིས་འདིར་ཡེ་རྡོར་གྱི་རྒོལ་གཏམ་ཞིག་དྲངས་བྱུང། འདི་༸རྒྱལ་བ་ཡིད་བཞིན་ནོར་བུ་ལ་རྒོལ་གཏམ་ཞིག་རེད། ང་ཚོར་མཚོན་ན་སྐྱོན་བརྗོད་ཆེ་ཤོས་ཤིག་རེད། ལ་ལ་ཞིག་གིས་འདི་རིག་གི་མེད་པར་མ་ཟད་ད་དུང་ང་ཚོས་ནང་ཁུལ་ནས་བཀའ་ཁྲིའི་ཕྱག་ལས་གནང་སྟངས་ཐད་ལ་སྐྱོན་ཅུང་ཞིག་བརྗོད་པ་འདིར་མ་བཟོད་ནས་དམག་སྣ་འདྲེན་རྒྱུའི་ངར་བཤད་བྱེད་ཀྱིན་འདུག འདི་ལ་ཆེ་ས་ཆུང་བཞག་དང་གཉེན་དགྲ་རུ་བཟུང་བ་ཞེས་པ་དེ་མིན་ནམ། ད་ཆུང་ཆུང་ཆེན་པོ་མ་བཟོ་རོགས།
ང་ཚོས་ཡབ་མེས་ཀྱི་རིག་གཞུང་མ་ཉམས་པར་རྒྱུན་འཛིན་བྱ་རྒྱུ་ནི་གཙོ་བོའི་ནང་གི་གཙོ་བོ་ཞིག་རེད། བོད་པའི་ནང་སྙིང་སོ་སོའི་སྐད་དང་ཡི་གེ །རིག་གཞུང་གི་སྒང་ན་ཡོད་པ་རེད། འདི་འཇིག་སོང་ན་དེ་ནས་བོད་པའི་ནང་སྙིང་བརླག་སོང་བ་རེད། འདི་ཡོད་པ་དེ་སྲིད་དུ་བོད་པ་ཡོད་ལ་ནམ་ཞིག་ན་འདི་མེད་སོང་ན་དེ་ནས་བོད་པ་ཞེས་པ་མིང་ཙམ་ཞིག་ཡོད་རུང་བོད་པ་ཤི་ཚར་བ་རེད། མིང་སྟོང་བ་དེས་ཅི་ཞིག་ཕན། དེང་སང་གསར་བུ་མང་པོ་ཞིག་གིས་བོད་པའི་རིག་གཞུང་ལ་དེ་ཙམ་དོ་སྣང་ཡོང་གི་མེད་པ་འདི་འཇིགས་སྣང་ཞིག་རེད། འཚོ་བའི་ཆ་རྐྱེན་དང་ཟ་རྒྱུ་འཐུང་རྒྱུ་གཅིག་བུའི་དོན་དག་ཅིག་ཡིན་ན་ང་ཚོའི་ཐོབ་ཐང་རྩོད་པའི་དམིགས་ཡུལ་དང་རྒྱབ་འགལ་ཕྱིན་པ་རེད། རང་ཡུལ་རང་ལག་ཏུ་མི་དབང་བའི་དཀའ་ངལ་འདི་ཆབ་སྲིད་ཀྱི་དཀའ་ངལ་ཞིག་རེད། འདི་ཤེས་དགོས་པ་གལ་ཆེན་པོ་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ནས་གོ་ལ་རིལ་བོའི་སྐད་དང་ཡི་གེ་ག་ཚོད་ཅིག་རྩ་སྟོར་ཕྱིན་པ་རེད། འདི་ནི་འགྲོ་བ་མིའི་རང་དབང་ལ་བརྡབ་གསིག་བཏང་བའི་ཉེར་ལེན་རེད། དེས་ན་བོད་ལ་མཚོན་ནའང་ང་དགུ་ལོར་བོད་ཡུལ་ཁྲག་གི་འཁོར་ལོ་བསྐོར་ན་ཡང་ནང་བསྟན་རིག་གཞུང་རྩ་སྟོར་གཏོང་མ་ཐུབ་པར་སླར་ཡང་ནང་བསྟན་གྱི་དབུགས་སྲོག་རྒྱས་ནས་འཛམ་གླིང་ཡོངས་སུ་ཞི་བདེའི་ཉི་འོད་སྐྲུན་བཞིན་པ་འདི་ཡང་གོང་ས་མཆོག་གི་དབུས་བོད་ཕྱི་ནང་གི་བསྟན་འཛིན་སྐྱེས་བུ་དག་གི་སྐུ་དྲིན་ཉག་གཅིག་ལས་ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་གང་ཡང་མ་རེད། དེས་ན་སོ་སོའི་སྐད་དང་ཡི་གེ་ལ་བཀོལ་སྤྱོད་མང་པ་དང་ཐོབ་ཐང་ཆེ་ཙམ་རེག་མིན་དེ་ཡང་མཐོ་ས་དང་དམའ་ས་ནས་མི་རེ་ངོ་རེས་འགན་ཁུར་དགོས་པ་གལ་ཆེན་པོ་རེད་ལ་དེའི་ནང་སྙིང་གང་ཡིན་པ་ཤེས་དགོས་པ་ཡང་གལ་ཆེ། དོན་དག་རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། ངོ་མ་བཤད་ན་ཤར་ཁུག་གིས་བརྗོད་པ་དེ་དག་མི་མང་ཆེ་བས་དོན་དག་ཆུང་ཆུང་རེད་ཟེར་གི་འདུག །ལན་འདེབས་ཚོགས་ཆུང་གི་ལས་མི་ཞིག་ཡིན་པའི་ཆ་ནས་ཁོས་བཀའ་ཁྲི་ལ་ཟུར་ཟ་དང་མཐོང་ཆུང་བྱས་པ་དེ་འགྲིག་གི་མི་འདུག་ཟེར་མཁན་མང་པོ་འདུག །གང་ལྟར་ཚང་མ་བསླབ་བྱ་རེད། དྲང་ལྡོག་ཅི་རིགས་ནས་ཐུགས་བསམ་བཞེས་དགོས་པ་གལ་ཆེན་པོ་རེད། ཆོལ་ཁའི་མིང་ཁུར་ནས་འཐབ་རྩོད་མ་བྱེད་རོགས། འཇིགས་སྐུལ་མ་བྱེད་རོགས། རྩོམ་ཡིག་གི་ནང་དོན་ཧ་མ་གོ་བར་ཧོལ་རྒྱུགས་བྱེད་མཁན་དང་ཉིང་དགོས་མ་རྟོགས་པར་ཞེན་ཁོག་གིས་བསླུས་བའི་ཅོལ་ཆུང་དག་སྙིང་རེ་རྗེ།
ཡང་ཤོད་པ་ལྟར་ན། ཤར་ཁུག་གིས་སྐབས་རེར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྐབས་རེར་བཀའ་ཁྲི་ལ་སྐྱོན་བརྗོད་བྱས་པ་དེ་ཚོ་མགོ་ཚོས་ཀྱི་མི་འདུག་ཟེར་མཁན་མང་པོ་འདུག །
ལྷ་མོ་སྐྱབས་ལགས་ཁྱེད་ཉིད་ཤེས་ལྡན་མི་སྣ་ཞིག་ཕྱིན་དེ་ལྟ་བུར་མི་བྱེད་པར་ཡིད་ཆེས་ཡོད་ཀྱང་གང་ཉིད་ཀྱིས་སླད་ཕྱིན་དེ་རིགས་ཐེ་རྟོགས་ལྟ་ཅི་དུག་ལྟར་སྤང་ན་དགེ་བར་མཐོང་།
བློ་བཟང་ཆོས་འབྱོར་ཞེས་པ་དེས་བྱེད་སྟངས་དེ་བོད་ཀྱི་ཆོས་དང་རིགས་གཞུང་གང་ཐད་ཆེས་འགལ་བ་མ་ཟད་རྒྱལ་སྤྱིའི་མི་རིགས་བཟང་སྤྱོད་ལས་ཡོངས་སུ་འགལ་བར་མཐོང་། ཁོང་ཉིད་ཀྱིས་སུག་བྲིས་ངན་རྩོམ་བཀའ་ཁྲིར་ཆེད་གསོད་དེ་ཉིད་བོད་ཡིག་ཏུ་མ་ཚིམ་པར་དབྱིན་ཡིག་ནང་དུ་ཕབ་བསྒྱུར་བྱེད་ནས་བཀའ་ཁྲི་གཙོས་པའི་ཆེ་ཕྲ་ཀུན་གྱིས་མིག་སྔར་བཤམ་ཡག་གནས་དོན་དེ་བཀའ་ཁྲིར་རྐང་བཙུགས་ནས་དྲོད་ཉུལ་ཡག་དང་། བོད་ཀྱི་ལས་དོན་ཆེ་ཕྲ་གང་ལ་མི་བསམ་པར་རང་ཉིད་བདེ་བ་ཁོ་ནར་སེམས་མཁན་ཞིག་ཡིན་པར་ང་ཚོས་རྟོགས་ཀྱིན་འདུག ཁོང་ཉིད་ནམ་ཡང་བདེན་པའི་གོ་སྐབས་ཐོབ་ཀྱི་མ་རེད་ལ་ཐུབ་ཡག་དམིགས་འདུན་ཡོད་ན་རང་འཁྲུལ་ཁོ་ན་ཡིན་པར་རྟོག་ཟོལ་བྱོས།
ཨ་མདོ་ལྷ་མོ་སྐྱབས་རྐུན་མ་ཧམ་ཆེན་གྱི་མི་གསོད་པའི་གནའ་གཏམ་དེའི་ཉམས་ལེན་རྐྱང་མ་གནང་། ངས་ས་རཱ་མཐོ་སློབ་དང་གཞུང་ལ་སྐྱོན་བརྗོད་བྱས་མེད། ངས་ཅི་ཞིག་བཤད་པ་ཡིན་ཟེར་ན་ཁྱོད་དང་ཁྱོད་ལྟ་བུ་ཕྲུག་གུ་ཉམ་ཆུང་དག་གི་མདུན་ལམ་ལ་བསམ་གཞིག་གཏན་ནས་མེད་པར། རང་གི་དབང་ཆ་ཐབས་ཆག་དེ་དང་གོ་གནས་ཉི་ཚེ་བ་དེ་ཚོ་ཕྲུག་གུ་ཚོའི་གཉའ་བར་བཞག་སྟེ། དགའ་མིན་དགའ་ཕྱོགས་བྱེད་པའི་སློབ་དགེ་སྒེར་སྤྱོད་པ་དེ་ཚོས་ལས་སྟངས་དེ་མ་དྲང་པ་རེད་ཟེར་གྱི་ཡོད། དེའི་ཆོས་ཅན་ཨ་ལྷ་མ་དང་དཔེ་མཚོན་འདི་ལོའི་ས་རཱའི་སློབ་དགེ་དེ་བཞག་པ་ཡིན། ས་རཱའི་སློབ་དགེ་བྱེ་བྲག་པ་ཞིག་གིས་སྣོག་ལས་བྱས་སྐོར་བརྗོད་པ་དེས་ས་རཱ་མཐོ་སློབ་སྤྱི་དང་དབུས་བོད་མའི་སྒྲིགས་འཛུགས་ད་དུང་༧གོང་ས་མཆོག་བཅས་ལ་སྐྱོན་བརྗོད་བྱས་པ་འགྲོ་གི་མ་རེད། གལ་སྲིད་འགྲོ་གི་ཡོད་ན་ད་ལྟ་ཨ་ལྷ་མས་སྒེར་འཁོན་སྒེར་རྟོག་ཉག་གཅིག་གིས་བཅིངས་པའི་དབུས་བོད་མིའི་ཆེ་མཐོའི་དབུ་ཁྲིད་ལ་སྐྱོན་འཛུགས་བྱེད་རྐྱང་བྱེད་པ་འདི་ཡང་༧གོང་ས་མཆོག་དང་བོད་མིའི་སྒྲིགས་འཛུགས་ལ་སྐྱོན་བརྗོད་ཨེ་ཡིན་བསམ་བློ་ཐོངས་ནས་སྐད་ཆ་ཤོད། རྒྱ་དམར་གྱི་འོག་ལ་ཡོད་པའི་ཕྲུག་གུ་ཚོ་ལས་སྤྱི་ཡོངས་ནས་བཙན་བྱོལ་སྤྱི་ཚོགས་ནང་ལ་ཡོད་པའི་ཕྲུག་གུ་ཚོ་གནས་སྟངས་ཡག་ཀྱང་། ཁྱོད་དང་ཁྱོད་ལྟ་བུའི་ཁ་འོག་ལག་འོག་ན་ཁྱོད་ཀྱི་ངོ་འཛུམ་དཀར་ནག་བསྲུངས་ནས་སྡོད་དགོས་པའི་སློབ་ཕྲུག་ཚོའི་གནས་སྟངས་རྒྱ་འོག་གི་བོད་ཕྲུག་ཚོ་དང་གཅིག་པ་རེད། འདིའི་རྒྱུ་མཚན་དཔེར་བརྗོད་དང་བཅས་པ་གོང་དུ་བཤད་ཡོད། འདི་མིག་མཐོང་ལག་ཟིན་ཡིན་པས་ང་ཁྲོན་པའི་སྦལ་པ་ཅི་ལ་ཆགས། ཡིག་ཚད་ཀྱི་ཡར་སྔོན་ནས་ཨ་མདོ་བ་དང་ལྷག་པར་ཨ་མདོའི་བུ་མོ་ཚོའི་ད་རེས་ཀྱི་དྲི་བ་གང་དང་གང་ཡིན་པ་གསལ་པོ་ཤེས་ཀྱང་། ཁྱོད་རང་གི་བརྗིད་ཉམས་སྟངས་འཛིན་འོག་དེའི་ཐོག་ལ་དྲི་བ་འདོན་མཁན་ཙམ་ཡང་མ་བྱུང་དེ་གཅིག་པུའི་སློབ་ཕྲུག་ཚོའི་གནས་སྟངས་གསལ་སྟོན་བྱས་པ་མ་རེད་དམ། གནས་ཚུལ་འདིའི་ཐོག་ནས་ང་ཁྲོན་པའི་སྦལ་པ་མ་ཡིན་པར་ཁྱོད་རང་ཁྲོན་པའི་སྦལ་པ་ཆེན་པོ་ཞིག་ཆགས་པ་རེད་ད་ག་འདྲ་འདུག ད་དུང་བཤད་རྒྱུ་ཞིག་ལ་ད་རེས་ཤར་ཁུག་ལ་ཁ་གཡར་ནས་བཀའ་ཁྲིའི་ཐོག་ལ། ལྷ་མོ་སྐྱབས་སོགས་ཁྲོ་འཁྲུག་རྔམ་པའི་ལས་རིམ་འདི་ལ་ཡང་བྱ་བའི་མགོ་དང་ལས་ཀའི་མཇུག་ཅིག་ཡོད་དགོས་པས། ཨ་ལྷ་མ་ཕྱིར་བཤིག་རྒྱག་རྒྱུ་ལ་་རྒྱུད་རིམ་ཞིག་ཀྱང་དགོས་པས་སྣང་མེད་དང་མཐོང་ཆུང་གནང་ཐབས་མེད་ཟེར་བ་དེ་ཡིན། ཞིབ་འཇུག་ཚོགས་ཆུང་ནང་ནུས་པ་འདོན་མིན་ཡང་ད་ལྟ་བཤད་གཞི་ཆགས་མེད། གང་ཡིན་ཟེར་ན་བློ་བཟང་སེང་གེས་མུ་མཐུད་བཀའ་ཤག་གི་འགན་ཁུར་དགོས་མིན་དང་། ཁུར་ཆོག་མིན། གལ་སྲིད་འགན་ཁུར་དགོས་ན་འཛིན་སྐྱོང་གི་བདག་དབང་ཡོད་མེད་དང་དབང་ཆ་བེད་སྤྱོད་ཆོག་མིན་བཅས་ལ་ཐག་ཆོད་མ་བྱུང་བར་དུ་སྐད་ཆ་བཤད་ས་མེད་པས་རེད། མདོར་ན་ད་རེས་ཀྱི་གནས་ཚུལ་འདི་བདེན་པ་དང་གནས་ལུགས་ཁོ་ནས་ཁ་ཅི་ཞིག་གྲག་པ་ལ་བལྟ་ནས་ཐག་བཅོད་གཙང་མ་དགོས་པས་དེ་ལུགས་མཛོད་ཟེར་རྒྱུ་དེ་ཡིན། ཨ་ལྷ་དང་དགེ་རབ་སོགས་ནས་ཀྱང་ཤར་ཁུག་རྟ་དཀར་གྱི་རྒྱབ་དང་དར་དཀར་གྱི་གཞུང་ལྟ་བུ་ཞིག་ད་རེས་ཀྱི་གནས་ཚུལ་འདིའི་ཐོག་ནས་ར་སྤྲོད་མ་བྱུང་ན། ཁམས་པའི་མི་ཞིག་བཀའ་ཁྲི་དུ་འཇོག་འདོད་མེད་པའི་གནས་ཚུལ་ལས་ཅི་ཡང་མ་རེད་པས་འདི་གནས་ཚུལ་ཆུང་ཆུང་ཞིག་ག་ལ་ཡིན། བློ་སེང་ཕྱོགས་ནས་ཀྱང་ཨ་མདོ་བ་ཞིག་མཐོང་མ་འདོད་ནས་འོས་སུ་མ་མཆིས་པའི་ངན་ཤེད་བཙན་དབང་ཡིན་ན་ཨ་མདོ་བས་ནན་ཅི་ལ་ཆོག བདེན་བརྫུན་དང་དཀར་ནག་དབྱེ་འབྱེད་བྱེད་རྒྱུ་ནི་མི་ངོ་གདོང་གཏུག་དགོས་པས་ཨ་ལྷ་དང་དགེ་རབ་སོགས་ཀྱང་དྲ་ངོགས་སུ་འདྲ་ཆགས་མདོག་བཤད་ནས་མ་འདུག་པར་བློ་སེང་གི་གདོང་ལ་ཤོག
ཆོས་གྲུབ་མིང་ཅན་ལགས། འོ་ན་རང་གིས་བཤད་སྟངས་ནོར་བ་རེད། དེ་བས་ཉེས་འགེལ་ཆེན་པོ་ཡང་ཆག་མི་འདུག “་་་སྐྱབས་མེད་མགོན་མེད་ཀྱི་ཕྲུག་གུ་ཚོས་གནས་ཚུལ་ཇི་བཞིན་ཤེས་ཀྱང་སྡུག་ཡུས་ཁོག་ཏུ་སྦས་ནས་སྡོད་པ་ལས་་་ “ཟེར་བའི་གོ་དོན་དེ་དཔེ་ཆུང་དུ་ཕྱིན་པ་རེད།
དེ་ནས་བསྐྱར་དུ་འདྲི་རྒྱུར་“ས་རཱའི་སློབ་ཐོན་སློབ་མ་ཞིག་ནས་སྐྱོན་མཚང་དེ་རིགས་ཐེར་འདོན་བྱས་རྐྱེན་སློབ་ཐོན་ལག་འཁྱེར་དུས་སུ་མ་རག་པའི་གནས་ཚུལ་འོན་པ་མིན་ན་གོ་ཚོད་ཡིན།” འདི་སུ་ཡིན་དུས་ཚོད་ནམ་ཡིན་གསལ་བཤད་བྱེད་རྒྱུ་མེད་པ་འདྲ།
“་བློ་བཟང་སེང་གེས་མུ་མཐུད་བཀའ་ཤག་གི་འགན་ཁུར་དགོས་མིན་དང་། ཁུར་ཆོག་མིན། གལ་སྲིད་འགན་ཁུར་དགོས་ན་འཛིན་སྐྱོང་གི་བདག་དབང་ཡོད་མེད་དང་དབང་ཆ་བེད་སྤྱོད་ཆོག་མིན་བཅས་ལ་ཐག་ཆོད་མ་བྱུང་བར་དུ་སྐད་ཆ་བཤད་ས་མེད་པས་རེད། མདོར་ན་ད་རེས་ཀྱི་གནས་ཚུལ་འདི་བདེན་པ་དང་གནས་ལུགས་ཁོ་ནས་ཁ་ཅི་ཞིག་གྲག་པ་ལ་བལྟ་ནས་ཐག་བཅོད་གཙང་མ་དགོས་པས་དེ་ལུགས་མཛོད་ཟེར་རྒྱུ་དེ་ཡིན”ཁྲིམས་བདག་ཆེན་མོའི་དབང་ཚད་འདི་འདྲ་ཞིག་ང་ལ་གནང་བར་དགའ་མོས་དང་བཅས། བཀའ་ཁྲི་ནི་མང་མོས་ཀྱིས་བསྐོས་པ་ཡིན་པས་ཁོང་གི་གོ་གནས་དང་ཐོབ་ཐང་སོགས་སྔར་བཞིན་ཡང་རང་འཇགས་ཡིན་མུ་མཐུད་དེ་ཕྱག་ལས་གནང་ན་ཆོག་པའི་ཆོག་མཆན་གནང་བ་ཡིན། ཧ་ཧ་ཧ་་ཁྱོད་ཀྱིས་ཀུ་རེ་རྩེ་གིན་ཡོད་པ་འདྲ་་་བས་་་ངས་ཀྱང་རྩེད་མོ་ཞིག་བརྩེས་པ་ཡིན།
་་ང་ས་རཱའི་སྤྱིར་བཏང་གི་རྩོམ་དགེ་ཞིག་ལས་དེའི་ནང་ལ་གོ་གནས་ཅི་ཡང་མེད་པས་ང་མ་དྲང་ན་ང་ལ་བཤད་མ་ནུས་ཀྱང་ངའི་གོང་རིམ་དག་ལ་ཞུས་ན་ལོས་ཆོག
“ཁྱོད་རང་གི་བརྗིད་ཉམས་སྟངས་འཛིན་འོག་དེའི་ཐོག་ལ་དྲི་བ་འདོན་མཁན་ཙམ་ཡང་མ་བྱུང་དེ་གཅིག་པུའི་སློབ་ཕྲུག་ཚོའི་གནས་སྟངས་གསལ་སྟོན་བྱས་པ་མ་རེད་དམ།”་ངས་དེ་རིང་བར་ལ་ང་དེ་འདྲའི་གཟི་བརྗིད་ལྡན་པ་ཡིན་པ་ཡང་ཚོར་མ་མྱོང། ད་ཡིན་ན་ཁྱོད་ཀྱིས་ང་ལ་བསྟོད་ཀྱིན་ཡོད་དམ་སྨད་ཀྱིན་ཡོད། ང་འཐོམ་སོང།
ཁྱོད་ཀྱིས་ངའི་ཞན་ཆ་དང་ནོར་འཁྲུལ་ངོ་མ་དེ་རིགས་ཧ་གོ་གི་མི་འདུག ཁྱོད་ལ་ཤེས་འདོད་ཡོད་ན་ང་རང་གིས་ཁྱོད་ལ་བཤད་དགོས།
རང་མཉམ་དུ་ཁ བརྡ་བྱས་ན་དགོད་བྲོ་ནས་སྐྱིད་པོ་འོང་ས་རེད། ད་ངས་རང་ཁྲོན་པའི་སྦལ་རེད་ཅེས་པའི་ཚིག་དེ་ཡང་ཕྱིར་འཐེན་བྱས་པ་ཡིན། ད་ཁྲོན་པའི་ནང་ནས་ཁ་ན་བུད་མ་ཐག་མའི་སྦལ་བ་ཞིག་རེད། ངས་ཤེས་སོང།
ཆབ་ལྷ་ཁྱོད་ལ་ཞན་ཆ་མ་གཏོགས་ལེགས་ཆ་ནམ་ཡང་མཐོང་གི་མི་འདུག ཁྱོད་ཀྱི་ལུས་ངག་་ཡིད་གསུམ་གྱི་སྤྱོད་ཚུལ་དེ་ལས་ངན་པའམ་ཞན་པ་ཞིག་འཛམགླིང་འདིའི་ནང་བཙལ་ཀྱང་རྙེད་རྒྱུ་མེད་པ་ལྟ་བུ་ཞིག་རེད། ཁྱོད་དང་བློ་ཆོས་ངན་པ་ལ་སྦྲེལ་བྱེད་ནས་ཨམ་མདོ་དང་ཁམས་པ་ཞེས་པ་ཞིག་ངང་གིས་བཟོས་ཚར་སོང་། དེ་ནི་ཁྱོད་ཀྱི་རིན་ཐང་ཡིན་བསམ་ན་རྗེས་སུ་འབྲས་བུར་ཧ་གོ་ཡོང་།
ཆབ་ལྷ་ཁྱོད་ལ་ཞན་ཆ་མ་གཏོགས་ལེགས་ཆ་ནམ་ཡང་མཐོང་གི་མི་འདུག ཁྱོད་ཀྱི་ལུས་ངག་་ཡིད་གསུམ་གྱི་སྤྱོད་ཚུལ་དེ་ལས་ངན་པའམ་ཞན་པ་ཞིག་འཛམགླིང་འདིའི་ནང་བཙལ་ཀྱང་རྙེད་རྒྱུ་མེད་པ་ལྟ་བུ་ཞིག་རེད། ཁྱོད་དང་བློ་ཆོས་ངན་པ་ལག་སྦྲེལ་བྱེད་ནས་ཨམ་མདོ་དང་ཁམས་པ་ཞེས་པ་ཞིག་ངང་གིས་བཟོས་ཚར་སོང་། དེ་ནི་ཁྱོད་ཀྱི་རིན་ཐང་ཡིན་བསམ་ན་རྗེས་སུ་འབྲས་བུར་ཧ་གོ་ཡོང་།
འཇམ་དཔལ་རལ་གྲི་ལགས། ཆོས་ཁ་ཟེར་བ་དེ་ཁྱེད་ནས་རྟག་ཏུ་སྨྲ་རྒྱུར་ཐེ་ཚོམ་གང་ཡང་མེད་པ་འདི་ཅུང་དོགས་གཞི་ཞིག་སྐྱེས་སོང་། དེ་བས་མཆན་བུ་རྣམས་ལ་ཞིབ་བཤེར་ཐེངས་གཅིག་བྱས་ནས་རང་གི་རྐུབ་རང་གིས་མ་བསྟན་ན་ཡག་གི་རེད་བསམས།
རྒན་རབས་པ་ཚོས་ཆོལ་ཁ་ཟེར་བ་ཞིག་གང་དུའང་གསུངས་མེད་པ་ཡིག་ཐོག་ཏུ་མི་འདུག་གམ། ཁྱེད་ཚོས་དོན་མེད་རྣམ་རྟོག་ལ་སྒྲོ་བཏགས་ནས་ཟེར་རྒྱུའི་ཕོངས་པའི་སྐད་ཆ་འདི་དག་བཤད་ན་གྱོང་ཁྱེད་ཚོར་རེག་གི་རེད། བོད་བསྟན་སྲིད་ལས་ལོག་པ་ཞིག་ཡིན་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས། ལས་འབྲས་ཀྱིས་ཀྱང་ཐར་བ་གཏོང་གི་མ་རེད་གདའ།
ཧ་ཧ་ཨ་ལྷ་ད་འུ་ཐུག་པའི་སྐད་ཆ་དང་ཧོན་ལོག་པའི་སྐད་ཆ་མ་བཤད། ཡར་འཛུལ་ས་ཤིང་སྒོ་ཡིན་ན་མར་དོན་ས་ལྕག་སྒོ་ཡིན་པས་དེ་ཕྱོགས་ལ་གྲ་སྒྲིགས་མི་ངོ་གདོང་གཏུག་གི་གནང་དགོས་པ་དེ་བཤད་པ་ལས། བློ་སེང་གི་ལས་ཀ་མུ་མཐུད་ཆོག་མིན་ཁྱོད་ལ་ཐག་ཆོད་ལབ་མེད། ༼ཨ་ལྷ་དང་དགེ་རབ་སོགས་ནས་ཀྱང་ཤར་ཁུག་རྟ་དཀར་གྱི་རྒྱབ་དང་དར་དཀར་གྱི་གཞུང་ལྟ་བུ་ཞིག་ད་རེས་ཀྱི་གནས་ཚུལ་འདིའི་ཐོག་ནས་ར་སྤྲོད་མ་བྱུང་ན། ཁམས་པའི་མི་ཞིག་བཀའ་ཁྲི་དུ་འཇོག་འདོད་མེད་པའི་གནས་ཚུལ་ལས་ཅི་ཡང་མ་རེད་པས་འདི་གནས་ཚུལ་ཆུང་ཆུང་ཞིག་ག་ལ་ཡིན། ༽མི་ངོ་གདོང་གཏུག་གི་དཀར་ནག་དབྱེ་འབྱེད་བྱས་ན་བདེན་བརྫུན་གནས་ལུགས་ཀྱི་ཁ་གྲག་ཡོང་གི་རེད། དེ་བར་དུ་ཞིབ་འཇུག་ཚོགས་ཆུང་སོགས་བཤད་ས་བསྡད་ཡོད་མ་རེད་ལ་བློ་སེང་གི་མུ་མཐུད་ལས་ཀ་ལས་དགོས་མིན་ཡང་དེའི་དུས་ཐག་ཆོད་ཡོང་བ་ལས་ཁྱོད་ལྟ་བུ་ལ་དྲིས་མེད་ལ་འདྲི་དོན་ཡང་མེད། གལ་སྲིད་ཁྱོས་མི་ངོ་གདོང་གཏུག་མ་ནུས་ཤིང་འུད་སྒྲོགས་ལས་གཞན་པའི་གནས་ལུགས་ཤིག་བཤད་རྒྱུའི་ཕོངས་སོང་བ་ཡིན་ན། བསམ་གཟས་ཏེ་བཀའ་ཁྲིའི་ལས་དོན་ལ་བར་ཆད་བཟོ་བའི་བསམ་ངན་འཆང་བ་རེད་པས་དེ་ལུགས་དང་དཔག་པའི་བཤད་ལས་རྗེས་སུ་ཡོང་རྒྱུ། གཞན་ཁྱོད་རང་རྩོམ་དགེ་ལས་ལྷག་པའི་དབང་ཐོབ་བླ་མེད་ཅིག་ཡོད་པ་བཤད་མེད་ཀྱང་སློབ་ཕྲུག་དང་དོ་མཉམ་མིན་པའི་གོ་ཐོབ་ཐབས་ཆག་དེ། རང་གི་ཁ་འོག་ཏུ་ཡོད་པའི་སློབ་ཕྲུག་ཚོའི་གཉའ་བར་སྟག་གྲི་བཞིན་ཕྱར་བའི་སྟངས་སྟབས་དེ་ཁྱོད་རང་གི་ངོས་མ་ཟིན་པའི་བརྗིད་ཉམས་རེད། ད་དུང་ང་ལ་ཁྱོད་རང་གི་ཞན་ཆ་ངོས་མ་ཟིན་པ་མང་པོ་ཡོད་རྒྱུ་རེད་པེན་ཚོགས་ཀྱི་ཚོགས་དངུལ་སྒེར་བདག་བྱས་པ། པེན་ཚོགས་ཀྱི་ཚོགས་གཙོའི་མིང་ཐོག་ནས་མི་ཚོང་བརྒྱབས་པ་སོགས་གོ་རྒྱུ་མང་ཡང་མིག་མཐོང་ལག་ཟིན་གྱི་གནས་ཚུལ་མིན་པས་ངོས་ནས་མ་གླེང་བ་ཡིན། ཁྱོད་རང་གི་ཞན་ཆ་གཅིག་ངའི་མིག་དང་ཡིད་ལ་སིམས་ནས་ཡོད་པ་དེ། ཁྱོད་རང་དང་ལྷན་སྐྱེས་ཀྱི་གཤིས་རྒྱུད་མ་དྲང་པ་རེད། འདིར་བརྗོད་པའི་ཚིག་དུམ་འདི་ཚོས་གནས་ལུགས་ཤིག་གླེང་བ་ལས་ཁྱོད་ལ་བསྟོད་སྨད་གང་ཡང་བྱེད་ཀྱི་མེད་པས་ཤེས་པ་གལ། དེ་བཞིན་ཁྱོད་ལ་དགའ་སྡུག་གང་ཡོང་འདི་ནས་བསམ་བྱ་མིན་པས་དེ་སེམས་ཟུར་ལའང་བཞག་མེད། འོན་ཀྱང་ཚིག་འདི་ཚོའི་རྐྱེན་པས་ཨ་ལྷ་འགག་སྟེ་སོང་བའམ་ཡང་ན་གཡང་ལ་མཆོང་ཡང་ང་ལ་ཇུས་དང་འགན་ཁུར་སོགས་གང་ཡང་མེད་པས་དེ་ལུགས་སྔ་གྲབས་མཛོད། འུ་གཉིས་བཤད་དགོས་པའི་དུས་ཤིག་ཤར་བའི་ཉིན་མོ་དེ་ལ་དགོད་བྲོ་དང་ངུ་བྲོ་དགའ་དང་སྡུག་གང་ཡོང་ཡང་བཤད་ཆོག འདི་ལ་འགྱུར་བ་སྤུ་ཙམ་མེད། ད་དུང་གསལ་པོ་ཞུ་རྒྱུ་ལ་ང་བཤད་སྟངས་ནོར་མེད་ལ་བཤད་རྒྱུ་ཡང་ནོར་མེད།
བཟང་ངན་དཔྱོད་ཤེས་ཤིང་། དབུ་ནག་རྩམ་ཟན་འདིའི་དོན་དུ་ཐུགས་ཁུར་ཡོད་རིགས་སུ་ཡིན་ནའང་། གླུ་བ་ཤེར་བརྟན་གྱིས། མཐུན་པའི་ལག་གདངས་སྦྲེལ། རྡོག་རྩ་གཅིག་སྒྲིལ་བྱོས་ཞེས། སྙན་མོའི་ངག་ལ་དྲངས་ནས་ཕྱི་ལོག་ཏུ་ཡོད་པའི་བོད་ཀྱི་བུ་ཆུང་བསམ་མེད་རྣམས་ལ་ཁ་ཏ་ཟབ་མོ་ཞིག་བྱས་ཡོད་པ་དེ་སྙིང་དུ་བཞགས་ན་ལེགས།
བློ་ཁུག་གཉིས་མི་ངོས་ནས་བཤད་ན་གསལ་ཐང་ཐང་ཆགས་ཚར་ཡོད་པ་རེད། ཏྰ་ལའི་བླ་མ་དང་བོད་མི་སྤྱི་ཁྱབ་ཀྱིས་ངོས་ལེན་གནང་ཟིན་པའི་སྲིད་འཛིན་དེ་བློ་བཟང་སེངྒེ་རེད། དུད་འགྲོ་རྣམས་ཀྱི་ནང་ནས་ཀྱང་སེངྒེ་ནི་སྤྱི་ཕན་གྱི་བསམ་པ་ཡོད་པ་དང་བློ་སྤོབས་ལྡན་པས་རི་དྭགས་ཀྱི་རྒྱལ་པོ་ཞེས་གྲགས་པ་རེད། ཁུག་རྟ་ནི་རང་འདོད་ཀྱི་བྱ་ཚང་ཁོ་ན་གཡེང་བས་འདབ་ཆགས་ཀྱི་རྐུན་མ་ཞེས་ཡོངས་གྲགས་རེད། དེ་ལ་བསམ་ཞིབ་གཏོང་དགོས་པར་འདུག
ཆོས་གྲུབ་་ལགས། དོ་བདག་ཁུག་རྟས་བཀའ་ཁྲིའི་མདུན་ལ་ཐེངས་མང་བཅར་ན་ཡང་གནད་དོན་ཐད་གླེང་སློང་གནང་མི་འདུག་ག ད་ཁྱོད་རང་གིས་བར་འདུམ་ཞིག་གནང་དང་ང་བཀའ་ཁྲིས་ནམ་ཤོག་ལབ་ན་ཡོང་ཐུབ། གལ་ཏེ་མ་ཡོང་ན་ང་རེད། མ་བོས་ན་ཁྱོད་རང་ཚོ་རེད་ད།
དོན་དག་འདི་བཀའ་ཁྲིས་ཕྱག་ལས་མཚམས་བཞག་ནས་ཐག་གཅོད་ཅིག་ལ་སྒུག་དགོས་རབས་ཁྱོད་རང་མ་གཏོགས་སུས་བཤད་སོང། ངས་བལྟས་ན་བཀའ་ཁྲི་ལ་མཚོན་ན་དོན་དག་འདི་ཧ་ཅང་ཆུང་ཆུང་ཞིག་ལས་ཅང་མིན་པ་དེ་ཁོང་གིས་ཐག་གཅོད་དང་མུ་མཐུད་ཕྱག་ལས་གནང་སྟངས་ཀྱིས་ཧ་གོ་གི་འདུག རང་གིས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རང་གནང་དགོས་དོན་མི་འདུག
བསྐྱར་འདྲི་གསུམ་པ། ་“ས་རཱའི་སློབ་ཐོན་སློབ་མ་ཞིག་ནས་སྐྱོན་མཚང་དེ་རིགས་ཐེར་འདོན་བྱས་རྐྱེན་སློབ་ཐོན་ལག་འཁྱེར་དུས་སུ་མ་རག་པའི་གནས་ཚུལ་འོན་པ་མིན་ན་གོ་ཚོད་ཡིན།” འདི་སུ་ཡིན་དུས་ཚོད་ནམ་ཡིན་གསལ་བཤད་བྱ་རྒྱུ་མེད་པ་ད་ལྐུགས་སོང་བ་མིན་ནམ།
འགྲོ་བ་སེམས་ཅན་ཐམས་ཅད་ལ་སྐྱོན་ཡོན་གཉིས་ཆ་ཡོད་པས་ཁྱབ་པས་ན་འཇམ་དཔལ་རལ་གྲིས་ངའི་ལེགས་ཆ་གང་ཡང་མ་མཐོང་བ་དེ་ནི་གཡག་ཞ་རས་རྩྭ་ཟ་བའི་དཔེ་གསོན་པོ་ཞིག་རེད། དེ་བས་ངས་རང་ལ་ཁག་མི་འདུག་ཟེར་ཆོག
ལྷ་མོས་མི་འཇོན་བཞིན་ནུ་བཀའ་ཁྲིའི་མཇིང་པ་ནས་འཐམ་པ་དེ། ཅལ་འདྲོག་ནང་ནས་སྡུག་ཤོས་དེ་ཡིན་པ་ཤེས་དགོས།
ད་ཉི་མ་ཁ་ཤས་ཤིག་ནང་ཆབ་ལྷའི་གནས་ཚུལ་གསལ་པོ་རྟོགས་སོང་ད་དུང་ཞིབ་འཇུག་གིས་ལས་ལ་གཉེར་ཡོད།
སློབ་དཔོན་མཆན་བུ་པ་ཞེས་པ་འདིས་འབྲེལ་མེད་ཞིག་གླེང་གིན་འདུག་པར་ཧར་སོང་ཤིག
སློབ་དཔོན་མཆན་བུ་པ་ཞེས་པ་འདིས་འབྲེལ་མེད་ཞིག་གླེང་གིན་འདུག་པས་ཧར་སོང་ཤིག
ཁུག་རྟས་བཀའ་ཁྲི་མི་གྲལ་ནས་དུད་འགྲོའི་གྲས་སུ་བཀུག་འདོད་ཁ་ཞེད་གཉིས་མེད་འདུག་རུང་། དགོས་རྒྱུ་མ་ཁུག་པ་བྱེད། མི་དགོས་པ་དང་མི་འདོད་བཞིན་དུ། རྒན་ལྷ་མོ་སྐྱབས་མི་བསམ་ཡོད་ཤེས་ལྡན་གྱི་གྲས་ནས་ཚ་ཚ་འུར་འུར་བཀུག་ཏེ། ལྷ་མོ་སྐྱབས་ཕ་བོང་སྐྱ་ལྷེབ་ཀྱི་གྲས་སུ་བཞག་པ་འདིས། བོད་ཀྱི་ཤེས་ལྡན་གཅིག་གྲོངས་སོང་བའི་ཚོར་བ་ཞིག་སྐྱེས།
ཨ་ལྷ་གཏམ་ལ་རང་བཞིན་གྱི་ནུས་པ་མེད་ན་ཁྲོ་ཚིག་སྨྲས་ཀྱང་གོ་ཆོད་ཀྱི་མ་རེད། བློ་སེང་གི་ཁྱོད་རང་ཤོག་ལབ་སྲིད་ཀྱི་མ་རེད་ལ་ལབ་དགོས་དོན་ཡང་ཡོད་མ་རེད། གང་ཡིན་ཟེར་ན་བློ་སེང་རང་ཉིད་ནས་སེམས་ཐག་ཆོད་པོས་ཐག་གཅོད་གནང་ཚར་བ་རེད། ད་དེ་ལ་སྡུག་ནད་མི་ཁྱོག་མཁན་ཁྱོད་རང་མ་རེད་བས། དྲང་བདེན་གྱི་སྐད་ཆ་ཡོད་མདོག་བྱེད་མཁན་དེ་ཁྱོད་རང་མ་རེད་བས། ད་ཡོད་ན་ས་ལྐོག་ནས་གཅིག་བཤད་མ་འདུག་པར་གདོང་དང་གདོང་སྤྲད་བདེན་བརྫུན་ཐག་གཅོད་དགོས་པ་མ་ཡིན་ནམ། གལ་སྲིད་ཁྱོད་ལ་དེ་ལྟར་བྱེད་རྒྱུའི་ཕོད་པ་མེད་སོང་ན་ད་ཁྱོད་བུ་མལ་དུ་ཁྱི་སྐྱེས་པ་རེད་པས་ཉི་མ་ད་ནས་གཟུང་ཁྱི་དང་མཉམ་དུ་ལྟོ་ཟོས། ཁྱི་དང་མཉམ་དུ་གཉིད་ཉོལ། དུས་ནམ་ཡང་མི་སྐད་སྨྲ་སའི་ཧྲག་བར་དུ་འཚང་མ་ཡོང་། ད་དུང་ཁྱོད་རང་ལ་སྒེར་ནད་སྡུག་འཁོན་ཅི་ཞིག་ཡོད་ན་ཡང་བློ་སེང་སྔུན་དུ་ལོབ། ཤར་ཁུག་དཀར་པོ་ཡིན་པའི་སྒྲུབ་བྱེད་ཅི་ཞིག་ཡོད་ན་ཡང་བློ་སེང་སྔུན་དུ་ཁོད། བློ་སེང་གི་ཁས་ལེན་པ་ལས་འོས་སུ་མེད་པའི་རྒྱུ་མཚན་རང་བཞིན་གྱི་གཏམ་ཞིག་ཁྱོད་ལ་བཤད་རྒྱུ་མ་ཡོད་ན་ཁྱོས་བཤད་ཚད་ཚང་མ་མི་བདེན་བརྫུན་གྱི་འཁོར་ལོ་ཡིན། ད་ངས་བཤད་མཚམས་འདི་ནས་འཇོག དགོས་གལ་བྱུང་ན་ངོ་ཐུག་བྱ་ཆོག་འགྱུར་བ་སྤུ་ཙམ་མེད། དེ་ནས་ཁྱོས་ང་ལ་ཚིག་གཅིག་ལེན་མང་དྲིས་པ་དེ་ལ་ཁྱོད་ནང་བཞིན་ང་སྐབས་དོན་ལས་གཡོལ་བ་མིན་ལ། ཁྱོད་ནང་བཞིན་ང་བཤད་རྒྱུའི་ཕོངས་སོང་བ་དེ་བས་ཀྱང་མིན། ཁྱོད་དང་ཁད་ཉེ་བའི་ཤེས་བྱ་རགས་པ་དེ་ཙམ་ཞིག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་མེད་ན། སྨྲ་ལ་ཐོགས་པ་མེད་པའི་མི་ང་ལྐུགས་སོང་བ་མ་ཡིན་པར། ཕྱོགས་རེས་འཐེན་ཁྱེར་ལས་མེད་པའི་ཨ་ལྷ་མ་འོན་ལོང་གཉིས་འཛོམ་གྱི་ཡོན་པོའི་བློ་ཅན་ཞིག་དུ་གྱུར་བ་རེད། དེ་ཁྱོད་དང་ཁད་ཉེ་ཚུལ་གནས་ཚུལ་དེ་ཐོན་ནས་རིང་མིན་གྱི་དུས་ཤིག་ལ་ཁྱོད་ས་རཱའི་འཁོར་ཡུག་ནང་སློབ་ཁྲིད་དུ་བསྙད་པའི་མུ་ཅོར་གྱི་གཏམ་འགའ་སྨྲ་བཞིན་འཆིས་པ་མ་ཡིན་ནམ། ཧཧཧཧཧ ག་འདྲ་འདུག་ལྐུགས་འདུག་བས།
བདེ་སྐྱོང་ལྷ་མོས་མཆན་བཀླགས་ནས། །
ཆོལ་ཁ་གསུམ་གྱི་བདེ་དོན་དང་། །
སེང་གེ་ཁུག་རྟའི་གནད་དོན་གཉིས། །
འབྲེལ་མེད་མཐོང་ཡང་དགའ་བདེ་འཕེལ། །
ཆོས་འཕེལ་ལགས་ཁྱོད་ཀྱི་རྒན་སོག་པོའི་ལྷ་མོ་སྐྱབས་ལགས་ཤེས་ལྡན་མི་སྣ་ཞིག་རྩིས་པར་དངོས་དོན་དང་མཐུན་མིན་གཤིབ་སྡུར་དང་རྒྱུན་ལོན་ཞིག་བྱེད་ན་ཤེས། ཁོང་ཉིད་ཀྱི་ཁོག་པར་བཤོད་རྒྱུའི་ཁུགས་པ་བཅོ་བརྒྱད་ཡོད་པར་ཤེས་ལྡན་རྣམས་ཀྱི་དགོངས་པ་མངའ་ཡང་། དུས་དེང་བར་དངོས་སུ་གསལ་མིན་ནོག་མིན་གྱིས་མ་རུང་བའི་སྤྱོད་ཚུལ་གྱི་ལྟ་བ་ཞིག་ཡོད་པ་ནི་གོ་སྐབས་ནས་གོ་སྐབས་འཇུས་ནས་བོད་ཀྱི་བདེན་མཐའ་གསལ་རྒྱུ་གེགས་རྐྱེན་བཟོ་ཅི་ཐུབ་བྱེད་ཡག་ལས་མེད་པ་གཟུ་གནས་ཀུན་གྱིས་ཁོ་པར་དམིགས་འབེན་བཟུང་བསྡད་ཡོད། སྤྱོད་རྒྱུ་དང་གླེང་རྒྱུ་ལས་ཡོད། དགོངས་ལམ་བསྟི་བ་ཞུ།
ཆོས་འཕེལ་ལགས་ཁྱོད་ཀྱི་རྒན་སོག་པོའི་ལྷ་མོ་སྐྱབས་ལགས་ཤེས་ལྡན་མི་སྣ་ཞིག་རྩིས་པར་དངོས་དོན་དང་མཐུན་མིན་གཤིབ་སྡུར་དང་རྒྱུན་ལོན་ཞིག་བྱེད་ན་ཤེས། ཁོང་ཉིད་ཀྱི་ཁོག་པར་བཤོད་རྒྱུའི་ཁུགས་པ་བཅོ་བརྒྱད་ཡོད་པར་ཤེས་ལྡན་རྣམས་ཀྱི་དགོངས་པ་མངའ་ཡང་། དུས་དེང་བར་དངོས་སུ་གསལ་མིན་ནོག་མིན་གྱིས་མ་རུང་བའི་སྤྱོད་ཚུལ་གྱི་ལྟ་བ་ཞིག་ཡོད་པ་ནི་གོ་སྐབས་ནས་གོ་སྐབས་འཇུས་ནས་བོད་ཀྱི་བདེན་མཐའ་གསལ་རྒྱུ་གེགས་རྐྱེན་བཟོ་ཅི་ཐུབ་བྱེད་ཡག་ལས་མེད་པ་གཟུ་གནས་ཀུན་གྱིས་ཁོ་པར་དམིགས་འབེན་བཟུང་ནས་བསྡད་ཡོད། དགོངས་ལམ་བསྟི་བ་ཞུ།
གོང་དུ་རྒན་ཆབ་བྲག་ལྷ་སྐྱབས་དང་ཆོས་གྲུབ་ཅན་གཉིས་ཀྱི་བགྲོ་གླེང་བྱས་པ་རྣམས་ཀློག་མཚམས་རེ་རང་དབང་མེད་པར་གད་མོ་ཤོར་དགོས་པ་དང་།སྐབས་རེ་ངུ་གྲོ་བ།ལ་ལར་སྐྱོ་དགོས་པ་དེ་འདྲའི་བརྗོད་མི་ཤེས་པ་ཞིག་འདུག
ཆབ་བྲག་གིས་རྩོམ་པ་པོའི་མཐུན་ཚོགས་ཀྱི་མིང་བེད་སྤྱོད་བྱས་ནས་ཤར་ཁུག་ལ་རྒྱབ་དཔུང་བྱས་པ་དེར་ལེགས་པོ་དང་ལན་པོ་ཞིག་མ་མཐོང། ཁྱོས་འཁྱེར་རྒྱུ་ཡོད་ན་མེད་ན་མིང་དེ་འཁྱེར་ནས་རྒྱབ་དཔུང་བྱེད་པའི་ནུས་བ་དང་ལྗིད་ཁོག་ཡོད་ན་རྒྱ་ནག་གི་བཙོན་ཁང་ནང་གནར་གཅོད་མྱོང་བཞིན་པའི་བོད་ནང་གི་རྩོམ་པ་པོ་གྲགས་ཅན་མེ་ལྕེ་སོགས་ལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་མིང་ཐོག་ནས་རྒྱབ་དཔུང་བྱེད་པའི་གསལ་བསྒྲགས་ཙམ་ཡང་མ་སྤེལ་བ་དེར་ངོ་ཚ་དགོས་པ་ཞིག་རེད། དེ་བཞིན་དྲ་འབུ་རྣམས་ཀྱིས་ཀྱང་བོད་ནང་གི་རྩོམ་པ་པོ་གྲགས་ཅན་མེ་ལྕེ་འཛིན་བཟུང་བྱས་པ་དེ་ལ་དཔའ་ངོམ་དཔུང་བསྒྲིགས་ཀྱིས་ཡིག་ཕྲེང་གཅིག་འབྲི་རྒྱུ་མེད་པར་ད་རེས་འདིར་དཔུང་བསྒྲིགས་བྱས་ན་ངོ་ཚ་དགོས་པ་ཞིག་རེད། ཤར་ཁུག་མ་འགྱུར་ཡར་སྔོན་གྱི་རྩོམ་ཡིག་ཁོ་ན་ལ་མ་ལྟས་བར་ཤར་ཁུར་འགྱུར་བའི་རྗེས་ཀྱི་ཅི་ལས་ལ་ལྟས་ཏེ་གཟོད་སྐད་ཆ་ཤོད།
སོག་པའི་ལྷ་མོ་སྐྱབས་ཁྱོད་ཀྱི་གསུང་སྟངས་ལ་རྟགས་ན་ཁྱོད་ཉིད་ལེགས་པའི་ཆ་ཡང་གང་མང་ཞིག་ལྡན་ཡོད་པར་རང་ཚོར་ཤེས་པས་གཏན་ལ་འབེབས་གཤིས། ཅི་སྟེ་ཁྱོད་ལ་ལེགས་ཆ་ཞིག་ལྡན་དེ་ནི་ཁྱོད་ཀྱི་ལྟོ་དང་མུ་གེའི་དོན་ཁོ་ན་ལས་བོད་ལ་ཤ་ཚའི་འབྲས་བུ་ཞིག་མིན་པར་ད་གཟོད་ངང་གིས་རྟོགས་ཚར་སོང་། མ་ཟད་ཁྱོད་ཉིད་ཀྱིས་རང་མོས་རིང་ལུགས་དང་རྣམ་རྟོག་རྒྱ་ཡན་དུ་བཏང་བའི་མུན་རྩོམ་སུག་བྲིས་རྫུན་དེབ་གང་དག་ལེགས་ཉེས་མི་འཛོར་བའི་དཔྱོད་ལྡན་ཀུན་གྱིས་མཆི་མའི་རྒྱ་ལམ་དུ་གཡུགས་པ་ཇི་བཞིན་ལེགས་པའི་འབྲས་བུ་སྣ་གཅིག་མེད་ཤེས་ཀྱི་ཡོད། དོན་དང་མཐུན་མིན་ཁྱོད་ཉིད་ཉལ་བསམ་འགྲིལ་ལོགས་ཤིག་རྒྱབ་ནས་ཧ་ཞིག་གོ་ཡོང་། སོག་པོའི་ལྷ་སྐྱབས་ལགས།
སོག་པའི་ལྷ་མོ་སྐྱབས་ཁྱོད་ཀྱི་གསུང་སྟངས་ལ་རྟགས་ན་ཁྱོད་ཉིད་ལེགས་པའི་ཆ་ཡང་གང་མང་ཞིག་ལྡན་ཡོད་པར་རང་ཚོར་ཤེས་པས་གཏན་ལ་འབེབས་གཤིས། ཅི་སྟེ་ཁྱོད་ལ་ལེགས་ཆ་ཞིག་ལྡན་ཡོད་ན་དེ་ནི་ཁྱོད་ཀྱི་ལྟོ་དང་མུ་གེའི་དོན་ཁོ་ན་ལས་བོད་ལ་ཤ་ཚའི་འབྲས་བུ་ཞིག་མིན་པར་ད་གཟོད་ངང་གིས་རྟོགས་ཚར་སོང་། མ་ཟད་ཁྱོད་ཉིད་ཀྱིས་རང་མོས་རིང་ལུགས་དང་རྣམ་རྟོག་རྒྱ་ཡན་དུ་བཏང་བའི་མུན་རྩོམ་སུག་བྲིས་རྫུན་དེབ་གང་དག ལེགས་ཉེས་མི་འཛོར་བའི་དཔྱོད་ལྡན་ཀུན་གྱིས་མཆི་མའི་རྒྱ་ལམ་དུ་གཡུགས་པ་ཇི་བཞིན་ལས་ལེགས་པའི་འབྲས་བུ་སྣ་གཅིག་མེད་པར་ཤེས་ཀྱི་ཡོད། དོན་དང་མཐུན་མིན་ཁྱོད་ཉིད་ཉལ་བསམ་འགྲིལ་ལོགས་ཤིག་རྒྱབ་ནས་ཧ་ཞིག་གོ་ཡོང་། སོག་པོའི་ལྷ་སྐྱབས་ལགས།
ད་ལྷ་སྐྱབས་དང་བློ་ཆོས་གཉིས་ཀྱི་རང་མོས་སྙན་ངག་གིས་བོད་ཀྱི་བདེན་མཐའ་གསལ་ཐུབ་མིན་ལ་ལྟ་ན་དགའ་ཡ།
རྒྱ་མིའི་དམ་སྒྲགས་བྱེད་ཡུལ་གཅིག་ཀརྨ་དགོན་དང་ཀརྨའི་སྡེ་བ།
སྔོན་༢༠༠༨ལོ་ནས་སྲིད་གཞུང་གིས་རྒྱ་ཡུལ་ནས་རྒྱ་མི་ནང་འདྲེན་དང་སྤོ་སྡོད་བྱེད་སའི་ཁང་པ་སྐྱར་དུ་བཟོས་ཡོད་པའི་ནང་། མང་ཚོགས་རྣམས་མ་གྲོས་གཅིག་མཐུན་གྱིས། རང་བཞིན་གྱི་རྒྱ་མི་འཚོ་སྡོད་བྱས་ན་མོས་མཐུན་མེད་ཚུལ་མངས་ཚོགས་རྣམས་ཀྱིས་ཡིག་ཆ་བཟོས་པ་དང་སྲིད་གཞུང་ལ་ཞུ་གཏུགས་ཀྱིས་བསམ་འཆར་བཏོན་ན་ཡང་། སྲིད་གཞུང་གིས་ཆ་འཇོག་མེད་པར་རྒྱ་མི་སྤོ་སྡོད་བྱས་པར་བརྟེན་ ཕྱི་ཟླ་༡༠ ཚེས་༢༦ གི་ཐོ་རངས་རྒྱ་ནག་གི་ཆུ་ཚོད་༤ཐོག་བོད་ལྗོངས་ཆབ་མདོ་རྫོང་ཀརྨ་ཤང་དུ་རྒྱ་གཞུང་གིས་རྒྱ་མི་ནང་འདྲེན་བྱེད་སའི་ཚུན་ཁང་ཁག་ལ་འབར་རྫས་དང་མེར་བསྲེག་ཅུང་བཏང་བའི་རྐྱེན་གྱིས། ཡུལ་དེའི་ཉེ་སར་ཡོད་པའི་ཀརྨ་དགོན་དུ་ཚེས་༢༧ཉིན་རྒྱ་མི་དངོས་སུ་ཐོན་ནས།གྲྭ་པ་རྣམས་ཀྱི་ལུས་ནས་ཁྲག་བླང་། ལག་གིས་ཡིག་གཟུགས་སྣ་ཁ་གསུམ་རེ་མི་རེ་ལ་འབྲི་རུ་བཅུག་པ་དང་། གྲྭ་བཙུན་ལོ་བཅོ་བརྒྱད་མ་ལོན་པ་རྣམས་ལ་གྲྭ་པ་བཟོ་བའི་རང་དབང་མེད་པས་གྲྭ་པ་བཟོ་མི་ཆོག་ཅེས་བརྗོད་དེ་བཙན་ཤེད་ཀྱིས་ལོ་བཅོ་བརྒྱད་མན་ཆོད་རྣམས་རྒྱ་ཆས་སྤྲད་པ་དང་ཀརྨ་དགོན་གྱི་གྲྭ་མང་ཡོངས་ལ་ནག་ཉེས་བཙན་འགེལ་བྱས་ནས་ཞིབ་དཔྱོད་ཚ་ནན་བཟོ་བཞིན་པ་རེད་ ༢༠༡༡ ལོ་ཟླ་༡༠པའི་ཚེས་༣༠ཉིན་ནམ་ལང་དུས། རླང་འཁོར་ཆེ་ཆུང་བཅུ་གཉིས་སླེབས་འདུག ཀརྨ་དགོན་གྱི་རི་གླིང་ཚང་མ་རྒྱ་དམག་གི་བསྐོར་ནས་ཡོད་པ་མ་ཚད་དགོན་པའི་རྒྱུན་སྡོད་དགེ་འདུན་པ་ཉིན་བརྒྱ་ཡར་ལྷག་གར་སོང་ཆ་མེད་དུ་གྱུར་ནས་དགོན་པའི་ནང་གྲྭ་པ་གཅིག་ཀྱང་མེད་པར་གྱུར་འདུག དགོན་པ་དང་ཡུལ་མི་གཅིག་གིས་ཤེས་རྟོགས་བྱུང་མེད། ད་དུང་གྲྭ་པའི་ཁྱིམ་ཚང་སོ་སོ་ལ། དོག་འདྲི། བཅར་རྡུང་། བཀག་ཉར་སོགས་དམ་སྒྲགས་ཆེས་ཆེར་བཏང་གི་ཡོད་པ་རེད།མ་ཚད་ཡུལ་མི་ཚོའི་ཁེ་ལས་སོགས་འཚོ་བའི་ཆ་རྐྱེན་སྒྲུབས་ཐབས་ཡོད་ཚད་སྔོན་འགོག་བྱས་ཚར་འདུག ཡུལ་དེའི་འགྲོ་ལམ་ཐམས་ཅད་ནས་འགྲིམ་འགྲུལ་པ་གཅིག་ཀྱང་བགྲོད་དབང་མེད་པར། རྒྱ་དམག་གིས་ལམ་ཁ་ཚངས་མ་འགོག་སྲུང་བྱས་ནས་མི་དམངས་ཀྱི་ཁྱིམ་ཚང་སོ་སོར་རྒྱ་མི་ཡོང་ནས་ཉིན་བཞིན་ཁྱིམ་ཚང་རེ་རེ་བཞིན་ཞིབ་གཤེར་དང་། གྲྭ་པ་རྣམས་སྐྱར་གཏུགས་མ་ཡོང་ན་ཕྱི་ནས་ཉེས་མེད་ཉེས་ཆེན་དུ་འགྲོ་ཚུལ་སོགས་གཡོ་གཏམ་མང་པོ་བཤད་ཀྱང་དགེ་འདུན་པ་དེ་ཚོ་ཁྱིམ་ཚང་གིས་ཀྱང་རི་ལ་བྲོས་པ་དང་བཙོན་འཇུག་བྱས་པ་སོགས་གནས་ཚུལ་གང་ཡིན་ཤེས་རྟོགས་བྱུང་མེད། ཤེས་རྟོགས་མ་བྱུང་བའི་དོན་རྐྱེན་ནི་རྒྱ་མའི་བྱ་འགུལ་དེ་མཚན་སྨག་ལ་ངོ་གཡར་ནས་སྤེལ་སོང་བས་རེད།། ཕྱི་ལོ་༢༠༡༡ ༡༠ ༣༠ཉིན།
༢༠༡༡ལོའི་ཟླ༡༠ཚེས༣༡ཉིན་ཆབ་མདོ་ཀརྨ་དགོན་དུ་རྒྱ་མིས་འཐབ་རྩོད་བྱེད་ཚུལ་ཁག་ཅིག དེ་རིང་ནི་སྤྱི་ཟླ་༡༠པའི་ཚེས་༣༡ཡིན་ལ། ཆབ་མདོ་ཀརྨ་དགོན་དུ་རྫོང་ཁུལ་གྱི་ལས་བྱེད་པ་འབོལ་ཆེན་ཞིག་གསར་དུ་ཐོན་ནས།གྲོང་གསེབ་ཏུ་ཡོད་པའི་གྲྭ་པ་འགའ་ཤས་ལ་འབྲེལ་གཏུག་བྱས་ཏེ་དགོན་པའི་ནང་གི་གྲྭ་པ་ཡོངས་ལ་ཆོས་ལུགས་ལག་ཁྱེར་ཡོད་མེད་དང་། ་ཕྱི་ནང་གི་འགྲིམ་འགྲུལ་ཡོད་མེད་དགོན་སྡེ་གཞན་དག་ཏུ་བསླབ་སྦྱོང་སོང་བའི་གྲྭ་བཙུན་ཡོད་མེད། གྲྭ་པ་རྣམས་ཀྱི་ཁ་པར་ཨང་གྲངས་ཁྱིམ་ཚང་གི་ཁ་པར་ཨང་གྲངས་སོགས་ཞིབ་དཔྱོད་བཟོ་བཞིན་པ་རེད། ད་དུང་ཡང་དགོན་ནང་དུ་རྒྱུན་གསོལ་ཙམ་ཡང་འདོན་མི་མེད་པར་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཚང་མ་བཙན་བཀག་བྱས་ཡོད། ཁོ་ཚོས་ནམ་རྒྱུན་ཆོས་ལུགས་དད་པའི་རང་དབང་ཡིན་ཞེས་བརྗོད་ན་ཡང་། ལག་ལེན་བྱེད་སྟངས་ནི་དེ་ག་རང་རེད།
དགོན་སྡེ་གཞན་དག་ཏུ་ཡོད་པའི་གྲྭ་བཙུན་ཚང་མ་འཛོམས་དགོས་པར་མ་ཟད། ད་ཆར་དགོན་ནང་དུ་ཡོད་པའི་གྲྭ་ཚང་མ་འདུ་འཛོམས་མ་བྱས་ན་རྗེས་ནས་ཉེས་པ་ཆེ་ཚུལ་སོགས་བརྗོད་ན་ཡང་།
དམར་ཤོག་ཚོགས་པས་རྒྱུན་ལྡན་གྱི་བྱེད་སྟངས་དེ་ལྟར་ཡིན་པ་ལ། ཡིད་ཆེས་མ་ཕོད་ནས་ད་ཆར་གྲྭ་པ་སུ་ཡང་འབྲེལ་གཏུག་བྱས་མེད། ཀརྨ་དགོན་མི་སེར་གྱི་འགྲིམ་འགྲུལ་ཚང་མ་ད་དུང་ཡང་བཀག་སྡོམ་བྱས་འདུག ཟླ་འདི་༣༡་ནས་གཉིས་བར་གྱི་དྲག་གནོན་གོང་ལྟར་ལས་འགྱུར་བ་མི་འདུག ཀརྨ་ཤང་གི་དོན་རྐྱེན་དེ་ད་ལྟ་ཡང་ཁོ་ཚོས་ཤེས་རྟོགས་བྱུང་མེད།
དེ་རིང་ཟླ་ ༡༡ སྤྱི་ཚེས་༢ གི་གནས་ཚུལ་ལྟར་ན་ཉིན་ལྔ་ཡི་ནང་ཚུན་དགོན་པའི་གྲྭ་པ་ཡོངས་རྫོགས་སྐྱར་གཏུགས་མ་ཡོང་ན་ད་དུང་དྲག་གནོན་མུ་མཐུད་དུ་གཏོང་སྐད་དང་འབྲེལ་གཏུགས་ཡོང་ན་དམིགས་བསལ་གྱིས་ཉེས་པ་ཅན་གུ་ཡང་བཏང་བ་དང་བཙོན་ཁང་ནང་ཚུད་སྐབས་འབྲེལ་གཏུག་བྱེད་ཆོག་པ་དང་ཟ་མ་ཡང་ནམ་རྒྱུན་སྐྱེལ་ཆོག་སོགས་ཁ་ཡག་མང་པོ་བཤད་ན་ཡང་རྒྱག་བརྡུང་དང་དྲག་སྤྱོད་ཀྱི་ལས་ལ་འཇིགས་ནས་ད་དུང་ཡིད་རྟོན་ཐུབ་མེད། རྗེས་ནས་ཉེས་པ་ཆེ་མདོག་ཉིན་རེ་བཞིན་བཤད་ན་ཡང་དེ་ནི་ནམ་རྒྱུན་གྱི་བཙན་གནོན་དེ་ལས་མ་འདས་སོ། ཡུལ་མི་རྣམས་ཕར་ཚུར་འགྲོ་སྡོད་དགོས་ཚེ་རིམ་པ་མང་པོ་རྒྱུད་ནས་འགྲོ་སྡོད་ཆོག་པའི་དཔང་ཡིག་ལེན་དགོས་པ་དང་།
མ་བླང་ན་གམ་པ་གང་ལ་འགྲོ་དབང་མེད་པར་བཀག་སྡོམས་བྱས་འདུག རྒྱ་མི་དགོན་པ་ནང་གཏན་སྡོད་བྱས་ཡོད་པ་སྔར་བཞིན་ཡོད་པ་དང་ད་དུང་མུ་མཐུད་དུ་འདུག་སྐད་བཤད་འདུག
སྦྱར་ཡིག་གི་ནང་དོན་གཙོ་བོ་ནི། ང་ཚོ་ལ་རང་དབང་དགོས། ང་ཚོ་ལ་འགྲོ་མའི་ཐོབ་ཐང་དགོས། ང་ཚོ་ལ་རང་བཙན་དགོས། བཙན་གནོན་དང་སྡུག་གཏད་ལ་འཚམས་འཇོག་མེད་ན་ང་ཚོས་ཡུན་རིང་ལ་སྲན་ཐུབ་ཀྱིན་མེད་ཅེས་བཤད་འདུག
གནས་ཚུལ་འདི་རླུང་ཕྲིན་སོ་སོ་དང་ཀུན་གླེང་དྲྭ་སྣང་གི་བོད་སོགས་ཀྱི་ལས་འཛིན་པ་ཚང་མས་སྣང་མེད་དུ་མི་འཇོག་པའི་རེ་བའི་མཐེ་བོང་བོད་ནས་སྒྲེང།
འཇམ་དཔལ་རལ་གྲིའི་གཟས་ཕྱོགས་དེ་ཆོལ་ཁ་ལས་ཀྱང་བརྒལ་ནས་མི་རིགས་ཀྱི་འདྲ་མཉམ་དང་འཆམ་མཐུན་ཡང་གཤགས་རྩིས་ཡིན་པ་འདྲ། ད་ཡིན་ན་ཁ་རོག་ལ་འདུག་གི་ཡིན་ད།
པེན་བོད་ཀྱི་མཐུན་ཚོགས་ནས་སྲིད་འཛིན་ཧུའུ་མཚན་ཐོག་ལ་ཕུལ་བའི་སྙན་ཞུ་ཞིག
http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/
སོག་པོ་ལྷ་ཁྱབ་ཁ་རོགས་འདུག་ན་དགའ་རྒྱུ་དང་མ་འདུག་ན་སྡུག་རྒྱུ་དེ་བས་ཀྱང་མེད། གང་ལྟར་གང་ཉིད་ཀྱི་འོག་འགྱུས་བྱ་སྤྱོད་མ་རུང་གཏིང་རིང་དེ་ནམ་ཡང་མ་དོར་བར་ཁྱོད་ལུས་གྲིབ་མ་ལྟ་བུར་རྗེས་སུ་རྙེགས་རྒྱུ་ལས་ནམ་ཡང་ཡན་པོར་བཞག་རྩིས་དེ་བས་ཀྱང་མེད། ཁྱེད་ཉིད་ལ་དགོས་པའི་དགའ་རྒྱག་དང་མཁྱེན་པའི་རིག་རྩལ་ཞིག་ཡོད་ན་བོད་གཞིས་བྱེས་གཉིས་ནང་མ་ཐོབ་པའི་དགྲ་བོ་ལག་དམར་དེ་གུང་ཁྲན་རིང་ལུགས་ཀྱི་བྱ་སྤྱོད་ལས་མེད་ཀྱང་ཁྱེད་ཉིད་ཀྱི་ལྟ་སྤྱོད་ཕྱིན་ཅི་ལོག་པའི་འཁྲབ་ཚན་ནང་མ་ཐུབ་པའི་དགྲ་བོ་ཆེན་པོ་དེ་རྒྱ་ཆེའི་མང་ཚོསག་ཀྱི་གོང་དུ་སྟེགས་པའི་བཀའ་ཁྲི་མཆོག་དང་དེ་འབྲེལ་ཕྱག་རོགས་ཀུན་ལ་དམིགས་པ་ནི་ཧ་ཅང་གིས་ཉེས་ཚབ་ཅན་ཞིག་ཏུ་མ་ཡིན་ནམ། སོམས་དང་སོག་ལྷ་ལགས། ད་དུང་ཁྱོད་ལ་ནམ་ཡང་དཔའ་བའི་གོ་ཆ་དང་འཇོང་པའི་གཟེངས་སུ་བསྟོད་པ་ཡིན་ན་བོད་མི་རིགས་ཀྱི་བླ་འཚོན་རྒྱ་རུ་ཚུད་རྒྱུ་ལས་ཡ་རབས་གྲས་སུ་མི་རྩི་ཁོ་ཐག་ཆོད།
དཔྱད་བརྗོད་པ་འགའ་ལས་མཐོང་ཐུབ་པ་ནི་འདི་འདྲ་གདའ་སྟེ། རང་དབང་གིས་བསམ་ཚུལ་གླེང་བ་ནི་ནང་འཛིང་ངམ་སྤྱི་ཚོགས་དཀྲུག་ཤིང་དུ་ལྟ་བ་དང་། དམངས་བྱིངས་ནི་སྐྱེས་བུ་དབང་འདུད་ཅན་ཞིག་གིས་ཁ་ལོ་བསྒྱུར་དགོས་པར་ལྟའོ།།
འདི་ནི་ལོ་ངོ་ཆིག་སྟོང་ལོན་པའི་བོད་ཀྱི་སྐྱ་མིན་སེར་མིན་རིག་གནས་ལས་བྱུང་བའི་བསམ་གཤིས་ཤིག་ཡིན་ལ། བཙལ་བྱོལ་བོད་ཀྱི་སྤྱི་ཚོགས་འཁོར་ཡུག་ན་ད་དུང་སྔར་བཞིན་དུ་སྤྲིན་ནག་ལྟར་ནག་རོག་གེར་འཁྲིགས་པའི་བསམ་གཤིས་ཡིན། ཕྱོགས་གཞན་ནས་བཤད་ན། རྒྱ་ནག་གུང་ཁྲན་ཚོགས་པ་དང་དེའི་རྒྱུག་ཁྱི་ཤེས་ཡོན་པ་ཚོས་འཛམ་གླིང་གི་ཀུན་ཁྱབ་རིན་ཐང་ལ་དགག་བྱ་གཏོང་ཆེད་དུ་འདྲེན་པའི་རྒྱུ་མཚན་དེའང་ཡིན།
འོ་ན། ལྟ་ཚུལ་འདིའི་འབྱུང་ཁུངས་གང་ལ་ཐུག་ཅེ་ན། དེ་ནི་སྐྱ་མིན་སེར་མིན་དང་ཆོས་མིན་སྲིད་མིན་གྱི་སྤྱི་ཚོགས་ཀྱི་རིག་གནས་དང་བསམ་བློའི་ནད་རྙིང་ལ་རག་ལུས། བླ་སློབ་ཀྱི་དམ་ཚིག་གི་འདུ་ཤེས་དེ་ཁྱིམ་པས་སྲིད་སྐྱོང་གི་ལུགས་སུ་འདྲེས་ཤིང་། ཁྱིམ་པའི་འདོད་ཡོན་གྱི་བརྐམ་ཆགས་དེ་རབ་བྱུང་བའི་སྡོམ་སེམས་ལ་འདྲེས་པས། ང་ཚོས་དེང་རབས་ཀུན་ཁྱབ་རིན་ཐང་གི་རིགས་སྟེ། དམངས་གཙོ་དང་། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་། སྐྱེས་བུ་འདྲ་མཉམ་གྱི་ལྟ་བ་དེ་དག་ཉམས་སུ་ལེན་པའི་དུས་ནི་ད་དུང་ཆེས་ཆེར་རིང་།
གང་ལྟར་རང་རིགས་ཤེས་ཡོན་པ་ཚོས་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་བཀུར་བའི་རྨང་གཞིའི་སྟེང་ནས། བོད་སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་བ་ནི་རླབས་ཆེའོ།།
ངའི་མིང་ལ་བོད་ཡིག་སྐྱབས་ཟེར། བོད་ཡིག་ནི་ང་དང་ངའི་མི་རིགས་ཀྱི་མགོན་སྐྱབས་ཁོ་ན་ཡིན། དེ་བས་ངས་རང་གི་སྐྱབས་གནས་འདི་དད་གུས་ཆེན་པོས་ཐོད་ལ་བཟུང་ན། ང་ལ་ཐུན་མོང་མ་ཡིན་པའི་མིག་ཤེས་གཞན་ཞིག་འབྱུང་གིན་འདུག
སུ་ཞིག་གིས་བོད་ཡིག་ལ་མཐོང་ཆུང་དང་རྒྱབ་འགལ་བྱས་ན་དེ་དག་ནི་བོད་ཡིག་གི་མགོན་སྐྱབས་འོག་འཚོ་བའི་མི་རིགས་དེར་མི་གཏོགས། སུ་ཞིག་གིས་བོད་ཡིག་བཀུར་ཅིང་བོད་ཡིག་གིས་བོད་རིགས་ལ་མགོན་སྐྱབས་གནང་རོགས་བྱེད་པ་དེ་དག་ནི་ཤ་ཁྲག་རུས་གསུམ་གང་ལ་གཏོགས་ཀྱང་བོད་ཡིག་གི་རྗེས་རབས་པ་ངོ་གནོང་མི་དགོས་པ་ཞིག་ཅི་ལ་མིན།
ཁྱོད་ཚོས་རྩོད་བཞིན་པ་འདི་ཡང་མཐར་གཏུགས་ན་བོད་ཡིག་གི་གནད་དོན་ལ་ཐུག་འདུག་པས་་་འདང་ཞིབ་མོ་རེ་བརྒྱབ་ནས་་སྐད་ཆ་དོན་སྙིང་ཅན་རེ་བཤད་རྒྱུར་ང་བོད་ཡིག་སྐྱབས་ཀྱིས་སྐྱབས་འཇུག་ཞུ་གིན་ཡོད།
ངེད་ཚང་གི་གོ་ཐོས་བྱས་ན། ཤར་ཁུག་འདི། དབུ་མ་བ་ཞིག་ཡིན་སོ་ཡོད། དབུ་མའི་རྩ་དོན་གཙོ་བོ་དེ། ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་བྱེད་རྒྱུ་དེ་རེད། ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་ཚར་དུས། ད་ཀྲུང་དབྱང་སྲིད་གཞུང་ལ་ལན་ག་རེ་འདེབས་དགོས་རས། ལན་འདེབས་རྒྱུ་ག་རེ་ལྷག་ཡོད་རས། འདི་སུས་སོའི་མགོ་སྐོར་བཏང་གི་ཡོད་རས། འོ་ན། ངེད་བོད་མི་ཉམ་ཆུང་རྣམ་ཁྱེད་ཚོའི་ཚོང་ཟོག་རེད་པས།། ་་་་དེ་ལས་ཤར་ཁུག་ཁྱོད་དབུས་ཀྱི་མིའི་བཟང་སྤྱོད་ལ་སློབ་སྦྱོང་ཕྲན་ཙམ་བྱས་ན་བསམ། ཁྱོད་ཀྱི་མཐོང་གསལ་བཞིན། དབུས་ཀྱི་མི་རྣམ་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་ནང་ནས་ཕུད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནས་ཕུད་ཀྱང་། དེར་རྒོལ་མཁན་མི་འདུག་ན་དེ་བཟང་སྤྱོད་རེད་ལགས། ཡིན་ཀྱང་འདི། སྲིད་སྐྱོང་བ་བློ་བཟང་སེང་གེ་ལགས་ཀྱི་བྱས་ཉེས་མ་རེད་ཞུ་རྒྱུ་ཡིན་ལགས། ་་་བོད་པ་ཚང་གི་གཏམ་དཔེ་ཞིན། ལག་པར་ཤ་ཡོད་ན། ནམ་མཁར་བྱ་ཁོར་ཟེར་བ་རེད། མིང་ཆེན་རྩོམ་པ་པོ་ཁྱོད་ཉིན་གླ་ཞིག་ནས་ཕུད་པར་འཛམ་བུ་གླིང་ལ་ཐོན་ནས་ངུ་རྒྱུ་ཅང་མ་ཐོང་།།
སྐྱིད་ཆུ་ལགས་ད་ཁྱེད་རང་གི་དངས་རྒྱུ་མེད་པའི་གསིང་སྐྱུར་ཞིག་འཐུང་ཡོད་པ་འདྲ། གཞན་ཤར་ཁུག་གི་ཕྱི་ནང་གསང་གསུམ་གྱི་སྐྱོན་ཡོན་ཐམ་ཅད་ཉ་མྱུང་མཉམ་སྲས་བྱེད་དོན་ཅི་ཡིན། ལར་ནས་ཡི་ཚོགས་བྲི་བ་དང་གཏམ་ཉོག་དེ་རིག་བརྗོད་སྐབས་བག་ཡོད་བསྟན་པར་མཛོད་ཅིག གཞན་ཡང་མི་སུ་འདྲ་ཞིག་ཡིན་ཡང་ཆགས་འདང་གི་གཞན་དབང་དུ་མ་ཤོར་གོང་ལ་ངེས་པར་གཟབ་དགོས་པར་སོམས་ཤིག དེ་མིན་ཁྱོད་ཀྱི་འདོད་པ་ལྟར་མི་མང་གི་འདམ་པའི་སྲིད་སྐྱོང་པ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་རང་འདོད་ལྟར་གཤམ་འོག་གི་ལས་བྱེད་ཚོར་རྒོལ་རྡུང་བཏང་ཆོག་ཆོག་དང་གནས་ལས་དབྱུང་ཆོགཆོག་གི་རྫུབ་མོ་གང་བསྟན་ཤར་དུ་འདོད་པ་ནི། རྒྱ་དམར་གྱི་བྱེད་སྟང་དང་ལེ་བྷེ་ཡི་ནང་གྷ་ཐ་ཕི་ཡི་བྱེད་སྟང་ལ་ཁྱེད་པར་ག་རེ་འདུག་ལེགས་སོམ་དང་ཕ་བཟང་གི་བུ་སེམས་འཚབ་མ་བྱེད་ག་ལེར་འགྲིག་འགྲོ་གི་རེད་། བློ་སེང་ལ་ཉམས་མྱོང་མེད་པའི་རྟགས་རྣམས་རིམ་པས་མཐོན་ཡོང་གི་རེད་དེ་དུས་ང་མཚོས་སེམས་དང་སྤུང་འདེག་ངེས་པར་དུ་བྱེད་དགོས་ངེས་ཡིན་ནོ། ༼ངེས་ལྟས་ན་བློ་སེང་གི་ད་རེས་ཀྱི་ཐག་གཅོད་བྱེད་སྟང་དེ་ནི་གཤམ་འོག་ལས་ཚོར་སྡིག་ར་བསྐུལ་ཆེད་ཀྱི་ཧ་ལོག་པའི་ཐག་གཅིག་ཏུ་གྱུར་འདུག་གོ༽ཡ་ད་དུས་ཚོད་རྫོགས་སོང་ལས་ཀར་འགྲོ་དགོས་ཡོད།
སྐྱིད་ཆུ་ལགས་ད་ཁྱེད་རང་གི་དངས་རྒྱུ་མེད་པའི་གསིང་སྐྱུར་ཞིག་འཐུང་ཡོད་པ་འདྲ། གཞན་ཤར་ཁུག་གི་ཕྱི་ནང་གསང་གསུམ་གྱི་སྐྱོན་ཡོན་ཐམ་ཅད་ཉ་མྱུང་མཉམ་སྲས་བྱེད་དོན་ཅི་ཡིན། ལར་ནས་ཡི་ཚོགས་བྲི་བ་དང་གཏམ་ཉོག་དེ་རིག་བརྗོད་སྐབས་བག་ཡོད་བསྟན་པར་མཛོད་ཅིག གཞན་ཡང་མི་སུ་འདྲ་ཞིག་ཡིན་ཡང་ཆགས་འདང་གི་གཞན་དབང་དུ་མ་ཤོར་གོང་ལ་ངེས་པར་གཟབ་དགོས་པར་སོམས་ཤིག དེ་མིན་ཁྱོད་ཀྱི་འདོད་པ་ལྟར་མི་མང་གི་འདམ་པའི་སྲིད་སྐྱོང་པ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་རང་འདོད་ལྟར་གཤམ་འོག་གི་ལས་བྱེད་ཚོར་རྒོལ་རྡུང་བཏང་ཆོག་ཆོག་དང་གནས་ལས་དབྱུང་ཆོགཆོག་གི་རྫུབ་མོ་གང་བསྟན་ཤར་དུ་འདོད་པ་ནི། རྒྱ་དམར་གྱི་བྱེད་སྟང་དང་ལེ་བྷེ་ཡི་ནང་གྷ་ཐ་ཕི་ཡི་བྱེད་སྟང་ལ་ཁྱེད་པར་ག་རེ་འདུག་ལེགས་སོམ་དང་ཕ་བཟང་གི་བུ་སེམས་འཚབ་མ་བྱེད་ག་ལེར་འགྲིག་འགྲོ་གི་རེད་། བློ་སེང་ལ་ཉམས་མྱོང་མེད་པའི་རྟགས་རྣམས་རིམ་པས་མཐོན་ཡོང་གི་རེད་དེ་དུས་ང་མཚོས་སེམས་གསོ་དང་སྤུང་འདེག་ངེས་པར་དུ་བྱེད་དགོས་ངེས་ཡིན་ནོ། ༼ངེས་ལྟས་ན་བློ་སེང་གི་ད་རེས་ཀྱི་ཐག་གཅོད་བྱེད་སྟང་དེ་ནི་གཤམ་འོག་ལས་ཚོར་སྡིག་ར་བསྐུལ་ཆེད་ཀྱི་ཧ་ལོག་པའི་ཐག་གཅིག་ཏུ་གྱུར་འདུག་གོ༽ཡ་ད་དུས་ཚོད་རྫོགས་སོང་ལས་ཀར་འགྲོ་དགོས་ཡོད།
ཁུག་རྟ་ཟེར་བའི་བྱིའུ་འདི་བོད་ཡིག་གི་གནམ་ཆུར་རེ་ནས་ངུ་གིན་འདུག དེ་བས་ངུ་རིན་འདུག བོད་ཡིག་མི་ཤེས་པ་དག་བོད་ཡིག་ཤེས་མཁན་ལ་སྡང་དོན་ཅི་ཡིན་ནམ། དེ་སྔོན་ཞིག་ལ་པད་མ་འབུམ་ལགས་ལ་ཡང་བོད་ནང་དང་རྒྱ་ནང་གཉིས་ནས་ངོ་རྒོལ་བྱས་རབས་ཡོད། ད་དུང་ཡང་འདི་འདྲ་ཡོད་དོན་ཅི། སྤུན་ཟླ་ཚོ་་མེ་ལོང་ནང་ལ་རང་གི་གདོང་པ་འཚོལ་རོགས།
ངོ་མ་དགོད་འཆོར་བའི་རྩོམ་ཡིག་ཅིག་འདུག་ལ། ཟུར་ཟ་བྱེད་ཐབས་དེར་སྒྱུ་རྩལ་གྱི་ཉམས་གསོན་པོ་ཞིག་འདུག་པས། གད་མོ་ཤོར་ཤོར་ངང་ཆ་ཚང་བཀླགས་པ་ཡིན། བདེན་པ་དང་གནས་ལུགས་ཀྱི་ཐད་ནས་མཐོ་དམན་ཀུན་ལ་ལེགས་ཉེས་ཀྱི་ཆ་འབྱེད་པ་ནི་དམངས་གཙོའི་ཁེ་དབང་རྣལ་མ་དེ་ཡིན་པའི་རིན་ཐང་ཡང་གསལ་པོར་རྟོགས་བྱུང་།