ཤར་ཕྱོགས་ཁུག་རྟ།
༡ སེང་གེའི་བཀའ་ཤག་ངོ་སྤྲོད་སྔོན་མེད་མ།
སྐབས་ ༡༥ པའི་ཚོགས་དུས་གཉིས་པ་མཇུག་སྒྲིལ་བ་དང་། བཀའ་ཤག་གསར་བས་གྲོས་ཚོགས་ལ་འགན་ཁུར་སྟངས་ཐད་སྲིད་དོན་པ་དག་གིས་དཔྱད་བརྗོད་སྤེལ་བཞིན་པའི་སྐབས་འདིར། ཨ་རི་དང་ཡུ་རོབ། ཐའེ་ཝན་ན་ཡོད་པའི་གྲོགས་པོ་སྐོར་ཞིག་གི་མཉམ་དུ་གླེང་མོལ་གྱིས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་རོབ་ཙམ་བལྟས་པ་ཡིན། ངའི་གྲོགས་པོ་ཚོས་སོ་སོའི་གནས་ཡུལ་གྱི་སྲིད་དོན་གནམ་ངོ་དང་འབྲེལ་ནས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་བསམ་ཚུལ་རེ་རེ་གསུང་གི་འདུག ང་ཚོས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་ལྟ་དགོས་ན། གཙོ་བོ་བཀའ་ཁྲི་དང་བཀའ་བློན་གཞན་གྱི་ནུས་པ་དང་རྣམ་དཔྱོད་ལའང་ལྟ་དགོས།
བཀའ་ཁྲི་འདི་ཉིད་རང་གི་བློ་ཡུལ་ལས་འགོངས་པའི་སྲིད་ཁྲིར་བསླེབས་པ་ལ། སྲིད་དོན་པ་མང་པོས་ཁོང་གི་རྨི་ལམ་མངོན་གྱུར་བྱས་པར་གླེང་གི་མེད་ལ། ཁོང་ལ་འདི་འདྲའི་རྨི་ལམ་ཞིག་ཡོད་པར་ཉེ་བོ་དང་འདྲིས་བོ་ཚོས་ངོས་འཛིན་གནང་མེད། དེ་ལས་ལྡོག་སྟེ་འོལ་ཚོད་དོན་དངོས་གྱུར་བ་དང་། རླུང་རྟ་ཡག་རབས་ཀྱི་གཏམ་གྱིས་སྡོམ་ཚིག་བཀོད་ཡོད། ཡིན་ནའང་། ཁོས་འོས་འགྲན་སྐབས་ནས། ” རྩ་དོན་གསུམ་”ཟེར་བའི་དམ་བཅའ་ཁྲི་བརྩེགས་སུ་ཟློས་ཤིང་། བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱི་ཤུགས་རྐྱེན་ཡོངས་གྲགས་ཀྱིས་ཉོས་ཤིང་། བུད་མེད་དང་ཆོལ་ཁ་རིས་མེད་ཟེར་བའི་བཀའ་བློན་ཡོང་ཁུངས་ཀྱིས་ཁོང་ལ་རོགས་འདེགས་རླབས་ཆེན་ཐུབ་ཡོད། ཡིན་ནའང་། དོན་དངོས་ལག་བསྟར་ཁྲོད། ཁོང་གིས་བཀའ་བློན་འདེམས་ཕྱོགས་ཀྱིས་མི་རྣམས་ཧ་ལས་ཤིང་ཧང་སང་དུ་བཅུག་ཡོད། གསལ་བོར་བཤད་ན། བཀའ་བློན་འབྲོང་ཆུང་དངོས་གྲུབ་དང་ཚེ་རིང་དོན་གྲུབ་རྣམ་གཉིས་ཞལ་རས་ནག་ཅིང་བཞུགས་སྟངས་བརྗིད་པོའི་རྣམ་པ་དེས། སྲིད་དོན་པ་མང་པོར་སེང་གེའི་བཀའ་ཤག་གི་ལྗིད་ཁོག་ཚོད་བགམ་ཐུབ་པ་བྱུང་ཡོད།
བོད་ནས་འབྱོར་བ་སེར་སྐྱ་རྒན་གཞོན་མེད་པར་འབྲོང་ཆུང་དངོས་གྲུབ་ཚང་གི་རྣ་མིག་མ་འགྲིམས་པ་ཞིག་མེད་ལ། བོད་ནང་ནས་རྩ་དོན་ཐད་ལས་ཀ་མ་འདྲ་བ་གནང་མཁན་གཅིག་ཀྱང་མ་ལུས་པར་ཁོང་ལ་ཐུག་འཕྲད་གནང་ཡོད། ཁོང་གིས་དེ་དག་གི་སེམས་ཁམས་དང་ལྟ་ཚུལ་བཅས་ལ་མཐུན་པའི་བཀའ་མོལ་གནང་ཕྱོགས་ནས་ཐག་གཅོད་ཅི་ཞིག་བྱེད་དགོས་མིན་བར་གྱི་ལས་དོན་ཡོངས་རྫོགས་ཀྱིས། ཆོལ་གསུམ་རིས་མེད་སྐྱེས་བོ་ཀུན་ལ་འབྲོང་ཆུང་དངོས་གྲུབ་ཚང་སྤྱི་མི་ཚད་དང་ལྡན་པ་ཞིག་ཆགས་ཡོད། དེ་བཞིན་ཁོང་ཉིད་འཛིན་སྐྱོང་ནང་ལོ་མང་བཞུགས་པས་ལས་བྱེད་རྣམས་ཀྱི་བརྩི་བཀུར་ཀྱང་ད་ལྟའི་ཆ་ལ་བློ་སེང་ལས་བརྒལ་བ་ཡིན་པ་མིག་མཐོང་རང་རེད། དེ་ལས་ཀྱང་འུ་ཚོའི་ཆེ་དྲགས་དབང་ལྡན་རྣམ་པ་ཚོས་ཀྱང་འབྲོང་ཆུང་ཚང་གི་བབ་བརླིང་ལ་ཞེ་འདར་ཤོར་བའི་བརྩི་བཀུར་བྱེད་ཀྱི་ཡོད། རྒྱུ་མཚན་དེས་ན་སེང་གེའི་བཀའ་ཤག་གི་ཕྱི་ནང་གསང་གསུམ་གྱི་ཤུགས་རྐྱེན་ཆེ་ཤོས་དེ་བདེ་སྲུང་བཀའ་བློན་འདི་བ་ཚང་ལས་གཞན་ཞིག་འཇོག་རྒྱུ་མི་འདུག
དེ་བཞིན་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ཀྱང་བཙན་བྱོལ་བོད་གཞུང་གི་ལས་དོན་ཐམས་ཅད་ལ་གཞན་དྲིང་མི་དགོས་པའི་རྣམ་དཔྱོད་ཡོད་ཅིང་། སྒམ་ཚུགས་ཀྱི་ཆ་ནས་ཞུས་ན་བདེ་དཔལ་བཀའ་བློན་གཉིས་ལ་དམིགས་བསལ་གྱི་མཚུངས་ཆོས་མང་པོ་འདུག མ་ཟད་རྣམ་པ་གཉིས་སྐུ་སྒེར་ནས་ཀྱང་བློས་ཐུབ་ལྟ་བུའི་སྣང་ཚུལ་མངོན་བཞིན་ཡོད། འདི་ནི་ཕལ་ཆེར་སེང་གེའི་བཀའ་ཤག་གི་མ་གདན་དང་ཕྱོགས་དང་མཚམས་གང་དུའང་ཟགས་ནས་དྲུད་མི་འགྲོ་བའི་ཡིད་ཆེས་བྱེད་ས་ཉག་ཅིག་ཏུའང་བཙན་བྱོལ་བོད་མིའི་དཀྱིལ་འཁོར་དུ་ངོས་འཛིན་བྱེད་བཞིན་ཡོད།
གཞན་པད་མ་ཆོས་འབྱོར་གྱི་ན་རྒ་རྫི་ལྡིབ་དང་། རྒྱ་རི་སྒྲོལ་མའི་ལྷག་བསམ་མིག་ཆུ། གསར་བུ་གསར་མོ་གཞན་བཅས་དུས་ཚོད་ལ་ལྟོས་ཏེ་ཅི་ཆགས་ལྟ་རྒྱུ་ལས་དཔྱད་གླེང་བྱེད་རིན་མ་མཐོང་།
༢ སེང་གེའི་ཤག་གི་ལས་ཀ་རབ་རིབ་མར་དཔྱད་པ།
འོ་ན། ད་བཀའ་ཤག་འདི་ཉིད་ལས་དོན་ཐོག་ཅི་ལྟར་མདུན་བསྐྱོད་བྱ་རྒྱུ་ཡིན་ནམ་ཟེར་ན། དེ་ནི། བློ་སེང་གིས་སྔོན་ནས་གཡར་དམ་ཅི་ལྟར་བཅས་པ་བཞིན། བོད་མི་རྒན་གཞོན་ཚོར་སྐྱོར་རྒྱུ་ཡོད་པའི་ ” ཆིག་སྒྲིལ། གསར་གཏོད། རང་མགོ་རང་ཐོན། ” གསུམ་ཡིན་ཞིང་། ཚིག་འདི་དག་ཐོན་མ་ཐག་བློ་སེང་གཞན་གྱི་ཆབ་སྲིད་ལ་དབྱིངས་ཡོད་པ་རྟོགས་ཤིང་། བསམ་ཚུལ་དེས་མི་རབས་གསར་བར་ལས་འཆར་གསར་བ་འདྲ་སྟོན་རྒྱུ་ཨེ་ཡོད་བསམས་ནས། དམ་འབུལ་གཏམ་བཤད་ནས་ཁ་སང་ཚོགས་དུས་གཉིས་པའི་བཀའ་ཤག་གི་གསལ་བཤད་བར་བོད་མི་འགན་ཁུར་ཅན་རྣམས་ཀྱིས་ས་ཆའི་ཁ་ཐག་ལ་མ་ལྟོས་པར། མིག་གོར་གོར་དང་རྣ་ཅོར་ཅོར་བྱས་ཏེ་བསྡད་པ་རེད། ཡིན་ནའང་། བློ་སེང་གིས་ཚོར་སྣང་ཤུགས་ཆེན་གྱི་ཐ་ཀ་ཐད་ཀར་གང་དྲན་རྣམས་ཡིག་ཐོག་ཏུ་ཕབས་བཅུགས་ནས་བཤད་རྐྱང་བྱས། གཏམ་བཤད་གང་དེ་དང་འབྲེལ་བའི་སྔར་གནས་ལ་མིག་བཤེར་ཙམ་ཡང་མི་འཕེན་པར། དམ་འབུལ་གཏམ་བཤད་དང་། མང་གཙོའི་གཏམ་བཤད། གྲོས་ཚོགས་གསལ་བཤད། ཆོས་ཚོགས་གཏམ་བཤད་བཅས་རིམ་པར་སྤེལ་ཡང་། གྲོས་ཚོགས་འཐུས་མི་ཚོའི་འདོད་བློ་ཁེངས་པ་ཞིག་གཏན་ནས་མ་བྱུང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་མཇུག་སྡོམ་གསུང་བཤད་དུ་མ་འོངས་པར་བཀའ་ཤག་གི་གཏམ་བཤད་ཡར་རྒྱས་འགྲོ་རྒྱུའི་རེ་སྐུལ་གནང་། གཏམ་གང་བཤད་དང་ལས་གང་བྱེད་ལ་གཟབ་ནན་དང་གཞུང་ལུགས་དགོས་ཚུལ་གྱི་ཚིག་མདའ་ཅིག་ཀྱང་མཉམ་དུ་འཛིན་སྐྱོང་བཀའ་ཤག་ལ་བསྩལ།
ད་ཐེངས་བློ་སེང་གི་མཉམ་སྡེབས། མགོ་སྦྲེལ། ཆིག་ཁྲི་ཆིག་འབུམ། གདན་ཞུ། ཤེས་ཡོན་སྲིད་བྱུས་བཅས་ཀྱི་ཐད་གྲོས་ཚོགས་འཐུས་མི་ཚོར་གསལ་ཁ་དེ་ཙམ་མ་བྱུང་བ་དེ། བཙན་བྱོལ་བོད་མིའི་དཀྱིལ་འཁོར་དུ་རེ་དོགས་གང་ཡོད་མ་ཐོས་མོད། ཁོ་བོས་བསམས་ན་དེ་ནི་ཁོང་གི་ཤེས་བྱའི་ནང་ཁོག་དང་འབྲེལ་བ་ངེས་ཅན་ཞིག་ལོས་ཡོད་དེ། འཆར་གཞི་རེ་རེར་ཚུལ་མཐུན་སྒྲུབ་ལུགས་ཀྱི་གཞུང་ལུགས་གསར་གཏོད་བྱ་རྒྱུ་མ་རྙེད་པ་དེས་ངེད་ལ་ཁོང་གི་འབུམ་རམས་པའི་ཤེས་ཚད་ལ་དོགས་གཞི་ནམ་མཁའ་འདྲ་ཞིག་བྱུང་།
ཁོང་གི་མགོ་སྦྲེལ་ལ་མཚོན་ན། ད་ལྟ་ཁ་ཎ་སྒྲ་དཔེ་མཚོན་ཞིག་ཏུ་གྱུར་ཟིན་པ་ལྟར་ཁོང་གི་རེ་བ་དེ་མ་མཐའ་སློབ་མ་གཅིག་གི་སློབ་ཡུན་གྱི་སྟེང་དུ་བབས། དེ་བཞིན། མཉམ་སྡེབས་ཀྱང་མཐར་གཏུག་ན་སྒོར་འབུམ་ཁ་ཤས་ཀྱི་མཐུན་རྐྱེན་ལ་ཐུག་ཡོད་པ་ཙམ་ལས། ཞིབ་འཇུག་པ་འདེམས་སྒྲུག་བྱེད་སྟངས་ཚིག་ཟུར་ཙམ་ཡང་ཐོན་མེད། དེ་ནི་གཅིག་བྱས་ན་ཚད་ལྡན་ཞིག་གིས་ཁོང་ལ་ཁས་ལེན་མ་གནང་བས་ཀྱང་ཡིན་སྲིད།
ཆིག་ཁྲི་ཆིག་འབུམ་ནི་རི་བོང་གི་རྭར་གྱུར་མིན་ལ་མ་ལྟོས་པར། ༧གོང་ས་མཆོག་ནས་ཀྱང་བསྟོད་བསྔགས་གནང་ཡོད། སྤྱིར་བཏང་༧གོང་ས་མཆོག་གི་བསྟོད་བསྔགས་དེ་བེད་སྤྱོད་ལོག་པར་བཏང་ན་མི་རེ་འགའ་མགོ་འཁོར་ངེས་ཀྱང་། ཅི་ལྟར་སྤྱི་འཐུས་གནས་ཚད་མཐོ་གྲས་བོན་པོ་བ་སྨོན་ལམ་མཐར་ཕྱིན་པས་བཤད་པ་ལྟར། དང་པོ་བཙན་བྱོལ་དུ་བོད་ཡིག་ཐོག་ཁྱད་ལས་པ་ ༥༠༠ ཐོན་ཐུབ་བྱས་ན་ཟེར་བ་དེ་གནད་འགག་དང་དོན་དངོས་ཐག་ཉེ་བོ་འདུག ཅིའི་ཕྱིར་ལོ་ཉི་ཤུའི་དམིགས་ཚད་བཟུང་བ་རེད་དམ། ལོ་ཉི་ཤུར་དེ་འདྲ་ཞིག་ཐོན་ཐུབ་བམ། བོད་ནང་གནས་སྐབས་བཞག་ནས། བཙན་བྱོལ་དུ་ཁྱད་ལས་པ་དེ་དག་ས་ཆ་གང་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་ནམ་ཟེར་ན། བློ་སེང་ལ་འདིའི་དྲིས་ལན་གསལ་བོ་ཞིག་མེད། དེ་བས་ལོ་ཉི་ཤུ་འདི་ནི་ལོ་ལྔ་ཚན་ཕྱི་མ་དེའི་མ་གདན་ནམ་འོས་ཤོག་དངོས་གནས་དེ་རེད།
གདན་ཞུའི་ཐད་ནས་ཉུང་ཙམ་སྤྲོས་ན། དེང་བཙན་བྱོལ་ནང་གི་ལས་བྱེད་པའི་བློ་འགུགས་བྱེད་ཐབས་སུ། བོད་ནང་གི་སྤུན་གཉེན་དག་ལ་ཞི་དྲག་གི་ཐབས་ཤེས་བསྟུད་མར་བྱེད་པ་བདེ་སྲུང་བཀའ་བློན་གྱིས་གསུངས་བ་ལྟར། རྒྱ་ནག་གི་འདོད་པར་མ་བབས་ན་བོད་མི་དཀྱུས་མ་ཞིག་ཀྱང་བོད་དུ་ལོག་རྒྱུ་མེད་པ་རེད། ཕྲན་ལྟ་བུས་ལས་བྱེད་པ་འཐབ་རྩོད་པ་ཐབས་ཆག་ཅིག་ལའང་ཕ་ཡུལ་དུ་ལོག་འདོད་ན་ལས་ཀ་དེ་འདྲ་མ་བྱས་ན་བཟང་བས་འཇིགས་སྐུལ་སླེབས་སོང་། དངོས་ཡོད་དེས་ད་བར་བློ་སེང་གིས་བོད་མིའི་དད་འདུན་སྲིད་དོན་ནང་བེད་སྤྱོད་བྱས་པ་དེ་རྦད་དེ་ནོར་འཁྲུལ་ཆེན་པོ་རེད་ལ། བྱུང་ན། ༧གོང་ས་མཆོག་གདན་ཞུ་ཟེར་བ་འདི་མང་པོ་མ་གསུངས་ན་ཡག་ཅིང་། བོད་ལ་རང་དབང་བྱུང་མཚམས་༧གོང་ས་མཆོག་གི་སྲིད་འགན་མི་བཞེས་རྒྱུ་མ་འོངས་རྩ་ཁྲིམས་སོགས་སུ་བཀོད་ནས་ཁྱབ་བསྒྲགས་གནང་བ་དང་། དེང་སྐབས་ཡོངས་སུ་སྲིད་འགན་རྩིས་སྤྲོད་ཞུས་ཟིན། དེ་དག་རྒྱ་ནག་ལ་༧ཏཱ་ལའི་བླ་མ་མི་གཅིག་གི་ཆེད་དུ་གླེང་རྒྱུ་གང་ཡང་མེད་པ་དང་། ལྷག་ཏུ་༧ཏཱ་ལའི་བླ་མས་ཞིང་བྲན་བསྐྱར་གསོ་བྱེད་ཀྱི་མེད་པས་བརྡ་ལན་མཚོན་ཆེད་ཡིན་པ་གསལ་བོ་ཡིན་སྟབས། དེང་སྐབས་༧གོང་ས་མཆོག་གདན་ཞུ་ཟེར་བའི་ཚིག་འདི་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་སྲིད་དོན་སྡིངས་ཆའི་སྟེང་དེ་ཙམ་འབྲེལ་བ་མེད་ལ། འདི་ནི་༧ཏཱ་ལའི་བླ་མར་བཅངས་བའི་དད་འདུན་བེད་སྤྱོད་བྱས་པ་ཞིག་ཀྱང་རེད་འདུག་པས། ཁོང་དངོས་གནས་གདན་འདྲེན་ཞུ་མཁན་ནི་ཆབ་སྲིད་དང་འབྲེལ་བ་མེད་པའི་དགའ་ལྡན་ཕོ་བྲང་བ་ཡིན་ལ། དེས་འབྲེལ་བ་བྱེད་ས་འང་རྒྱ་ནག་གི་ཆོས་ལུགས་སྡེ་ཚན་ཁག་ཡིན་པས། བཀའ་བློན་ཁྲི་པའི་འོས་འགན་དང་དེ་ཙམ་འབྲེལ་བ་མེད།
ཤེས་ཡོན་ཐད། བཀའ་ཁྲི་གསར་བས་དམིགས་བསལ་གནང་གི་ཡོད་པ་དེས་མི་རྣམས་ལ་བག་ཆགས་ཡག་པོ་བཞག་ཡོད་ལ། བོད་ཀྱི་རིག་གཞུང་བྱུང་རབས་སྐད་ཡིག་ཚུགས་ཐུབ་མེད་མཁན་ཞིག་ཤེས་རིག་བཀའ་བློན་དུ་བསྡད་ཀྱང་བཙན་བྱོལ་ནང་བསམ་ཚུལ་གང་བྱུང་གི་ཡོད་མེད་ངས་མ་ཐོས་མོད། ཤེས་རིག་སློབ་གསོའི་ལས་དོན་འདི་འཛིན་སྐྱོང་གི་རིགས་ལམ་གཅིག་པུས་མཐའ་འཁྱོངས་པ་ཞིག་མིན་པ་གསལ་བོ་ཡིན་ཡང་། བཀའ་ཁྲིས་གྲོས་ཚོགས་སུ་གསུངས་བ་ལྟར་ན་ཤེས་ཡོན་ཐད་སྔར་མེད་ལས་འཆར་སྒྲིག་དང་སྒྲིག་རྒྱུ་ཡོད་པའི་བསམ་ཚུལ་ཤུགས་ཆེར་བཏོན་ཡོད། འདི་ནི་གཅིག་བྱས་ན་འགལ་རྐྱེན་དུའང་འགྲོ་སྲིད་མོད། ང་ཚོས་ཡོང་རྒྱུར་ལྷགས་པའི་ནོ་བྷེལ་གཟེངས་རྟགས་དུས་དྲན་སྐབས། ཁོང་གི་བོད་ཡིག་ཀློག་སྟངས་ལ་ལྟོས་ན་ཁོང་གིས་བོད་སྐད་ཡིག་གི་ཤེས་བྱར་ཅི་ཙམ་དོ་ནན་བྱེད་བཞིན་པ་རྟོགས་ཐུབ་ལ། དེས་ཁོང་ལ་བསྐྱར་གསོ་བྱེད་དགོས་པའི་རང་དང་འདྲ་བའི་བཙན་བྱོལ་བོད་མིའི་བོད་ཀྱི་ཤེས་རིག་གི་འབྱུང་འགྱུར་མཐོང་འཇུག་གི་རེད་ལ། མྱོང་འཇུག་གི་རེད།
དེས་ན་སེང་གེའི་བཀའ་ཤག་གི་ལས་འཆར་ལས་རིམ་འདི་དག་གིས་བོད་མི་ཞིག་ལ་བསམ་ཚུལ་ཅི་ཞིག་སྤྲོད་ཀྱི་རེད་དམ།
༣ རང་ངོས་ནས་རང་ལུགས་བཞག་སྟེ་བོད་ཀྱི་མདུན་ལམ་ལ་ལྟ་བ།
གོང་དུ་རོབ་བཤད་བྱས་པའི་བཀའ་ཤག་དང་དེའི་ལས་འཆར་ལས་རིམ་ཐད་དཔྱད་པ་བྱས་ནས་མཚམས་འདིར་བསླེབས་པ་ན། བོད་ནང་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མཆོད་མེར་སྒྲོན་པའི་ལས་འགུལ་བྱུང་དང་འབྱུང་བཞིན་པས། སེང་གེའི་བཀའ་ཤག་གིས་ལམ་དབུ་མ་རྒྱུན་འཁྱོངས་ཀྱིས་མཆོད་མེ་སྦར་བའི་རྒྱུ་མཚན་ཐག་གིས་གཅོད་ཀྱི་ཡིན་ན། བཀའ་ཤག་སྐབས་གོང་མའི་”དབུས་གཞུང་ལ་ཕུལ་བའི་” “བསམ་འཆར་” དང་དེའི “འགྲེལ་བརྗོད་” ཐད་གསལ་ཁ་བྱེད་དགོས་ཀྱི་འདུག་ལ། སེང་གེའི་བཀའ་ཤག་གི་སྐབས་སུ་བྱུང་བའི་རང་ལུས་མཆོད་མེར་སྒྲོན་པའི་གནས་སྟངས་ནི་ལོ་རྒྱུས་གསར་བ་ཞིག་ཡིན་པས། ” བསམ་འཆར”་དེ་ལ་བསྐྱར་ཞིབ་བྱ་དགོས་མིན་དང་དེས་དེང་བོད་ནང་བྱུང་བཞིན་པའི་མངོན་འདོད་མཚོན་གྱི་ཡོད་ན། “བསམ་འཆར་”དེའི་མཇུག་སྣོན་ཅི་ལྟར་སྐྱོང་མིན་ལ་འབྲེལ་མོལ་གྱི་སྒོ་མོ་ཕྱེས་ཡོད་ཟེར་བའི་ཚིག་ཙམ་གྱིས་འཐུས་བར་མི་འདོད།
དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཕོ་འགྱུར་བྱུང་བ་དང་། ན་ནིང་ཟླ་ ༣ ཚེས་ ༡༠ ནས་འཛམ་གླིང་གི་དོ་སྣང་མ་འདྲ་བ་གནང་གི་ཡོད་ན། རྒྱ་ནག་གི་མཁས་དབང་ཁག་དང་འབྲེལ་འདྲིས་གཏིང་ཟབ་ཡོད་པ་ཡིན་ན། སེང་གེས་བཀའ་ཤག་གིས་ཕྱི་སྡོད་རྒྱ་རིགས་གང་ན་ཅི་ཡོད་རྣམས་ངྷ་སར་མགྲོན་འབོད་ཀྱིས་ཚོགས་ཆེན་དམིགས་བསལ་བ་ཞིག་བསྡུས་ཏེ་བོད་མིར་རང་དབང་ཐོབ་ཐབས་སུ་ཞུ་འབོད་བྱེད་དགོས་ཤིང་། ” བསམ་འཆར་”སྤྲད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དེས་བོད་དོན་ལ་ཕན་མིན་གྱི་གནས་སྟངས་གསལ་བོ་བཟོ་དགོས་པར་སྙམ་ལ། གལ་སྲིད་དེར་ད་དུང་རྔོ་ཐོགས་པ་ཞིག་མེད་ན། རྒྱ་ནག་རང་གིས་རང་གི་རྩ་ཁྲིམས་འབྲུ་འགྲེལ་དང་རྩ་ཁྲིམས་བརྩི་མིན་གྱི་ཡ་ལན་ལ་སྒུག་ནས་མི་སྡོད་པར། བཀའ་ཤག་གསར་བའི་ལོ་གཉིས་ཀྱི་ནང་གནས་སྟངས་དེ་ཁ་གསལ་བཟོ་མ་ཐུབ་ཚེ། སེང་གེའི་བཀའ་ཤག་གི་རྒྱ་བོད་འབྲེལ་ལམ་གྱི་གསར་གཏོད་རི་བོང་གི་རྭ་དང་། ལོ་རྒྱུས་ཀྱི་མགོ་བསྐོར་སྔ་ན་མེད་པ་ཞིག་ཆགས་ཀྱི་རེད་ལ། “རྩ་དོན་གསུམ་” “ནག་ཉེས་གསུམ་”གྱི་ངོ་བོར་འགྱུར་གྱི་རེད།
གལ་སྲིད་དེ་ལྟར་དུས་ཡུན་ངེས་ཅན་ནང་རྒྱ་བོད་ཆབ་སྲིད་ཐད་རེ་བ་མ་མཐོང་ཚེ། བཀའ་ཁྲི་གསར་བས་བརྒྱུད་ལམ་སྣ་ཚོགས་ནས་བོད་ཕྱི་ནང་གཉིས་དང་། བོད་དང་རྒྱ་ནག་བར་ལ་རིག་གཞུང་གི་བརྗེ་རེས་གསར་གཏོད་བྱེད་དགོས་པར་འདོད་ལ། བོད་ཕྱི་ནང་གཉིས་སུ་ཡོངས་སུ་འགྲོ་བསྐྱོད་རང་དབང་ལྡན་པ་ཞིག་ཆགས་རྒྱུར་འབད་བརྩོན་གནང་སྟེ། རྒྱ་བོད་བར་ལ་ཆབ་སྲིད་ཀྱི་གནད་དོན་ཕུད་གཞན་རྙོག་གླེང་གང་ཡང་མེད་པ་དོན་དངོས་ཐོག་ལག་ལེན་བསྟར་ཐུབ་པ་ཞིག་ལ་ལས་འཆར་སྒྲིག་དགོས་པར་འདོད། དེ་འདྲའི་མཐུན་ཟབ་ཞི་གནས་ཀྱི་ལྟ་ཚུལ་ལ་ཡ་ལན་བྱེད་རྒྱུའི་རེ་བ་མ་མཐོང་ཚེ། སྐབས་དེ་ནས་བཟུང་འཚེ་མེད་ཞི་བ་བེམ་པོར་གྱུར་སོང་བ་རེད་ལ། དྲང་བདེན་ཀྱང་རུལ་སོང་བ་ཡིན་པས། ཚེ་སྲོག་རྒྱུ་འབྱོར་ཕངས་མེད་ཀྱིས། གསོན་གནས་གཉིས་ཀྱི་གཅིག་བདམས་སྟེ་བློ་ཐག་ཆོད་པོས་ལམ་དུ་བསྐྱོད་དགོས་ཤིང་། ཉི་མ་དེར་ཤི་སོང་བའི་བོད་མི་རིགས་ཤིག་ཡོད་ན་དེ་ནི་སྐྱེ་བ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ལྡན་པ་ཞེས་པ་དེ་ཡིན། སྐབས་དེ་ནས་བཙན་བྱོལ་བ་འབོར་ཆེན་བོད་དུ་ཞི་བའི་གོམ་བགྲོད་ཀྱིས་སྲོག་གཏོང་དགོས་ཤིང་། བོད་ནང་དུ་ཞི་བའི་ལས་འགུལ་སྤེལ་ཕྱོགས་ཀྱི་བཀོད་གདམ་བཙན་བྱོལ་བོད་གཞུང་གིས་བྱེད་དགོས། དེ་ལྟར་བོད་ཕྱི་ནང་གཉིས་ནས་བོད་མི་འབུམ་གཅིག་གིས་རྒྱལ་ཁབ་ཀྱི་དོན་དུ་སྲོག་དོར་བ་ཡིན་ན། ང་ཚོར་གང་མགྱོགས་རང་དབང་ཐོབ་ཀྱི་རེད།
༢༠༡༡། ༡༠། ༤། ཉིན།
རྩོམ་ཡིག་འདི་དུས་བབ་དྲ་བའི་བསམ་ཚུལ་ལེ་ཚན་དང་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་བ་ལས་བརྒྱུད་ལམ་གཞན་དུ་བཀོད་མེད་སྟབས། དོ་སྣང་ཅན་མང་པོ་ཞིག་གི་རེ་འདུན་བཞིན་དྲ་ངོས་འདིར་བསྐྱར་དུ་བཀོད་པ་ཡིན།
ཕྲ་ཞིབ་རིགས་པའི་ལམ་དང་མི་མཐུན་ཞིང་། །བརྟག་དཔྱད་མེད་པའི་རང་སྣང་ལོག་པའི་ཚིག །དུས་ངན་རྦ་ཀློང་འཁྲིགས་པའི་ཁུགས་སོ་ནས། །ཆོལ་གསུམ་ཆིག་སྒྲིལ་གཏོར་བའི་གད་སྙིགས་ལགས། །ཕྱོགས་ལྷུང་གདོན་གྱིས་ཟིན་པའི་དོག་འཕྲེང་དུ། །སྐྱ་སེར་རྩོད་པའི་ཁུག་རྟས་དཀྲུགས་པ་ཡི། །ཕན་མེད་ཐོ་ཅོ་སྒྲོག་པའི་བརྟུལ་ཞུགས་དག སྤངས་ནས་མང་བསྐུར་རྒྱལ་ན་མི་ལེགས་སམ།
མི་འདིས་བོད་རྩ་གཏོར་དང་། བློ་བཟང་སེང་གེའི་ཆིག་སྒྲིག་ལ་གས་ཆག་ཞིག་གཏོང་ཐུབ་རྒྱུའི་རེ་བ་ཡོད་ལ། ཁོང་ཉིད་གོང་མ་དམ་པ་བསྟན་པ་དར་རྒྱས་དང་ཨོ་སོ་ཁྲོ་ལི་ཡའི་ཆབ་ཆ་སོགས་ཀྱི་དོ་ཟླའང་ཡོང་བའི་རེ་བ་བརྒྱབ་སཡོད།
བོད་ཡིག་དང་། བོད་ཡིག་བརྒྱུད་ལམ་ཁག་གོ་སྲོག་མ་འཕྲོག་པ་ཤོག དཀོན་མཆོག་མཁྱེན། བོད་ལ་རྒྱ་མིས་རང་དབང་གི་སྣང་བ་བཀག་ཅིང་། རྒྱ་གར་རང་དབང་ལུང་པར། རང་དབང་ལྡན་པའི་རྩོམ་པ་པོའི་ཚེ་སྲོག་གི་ལམ་བར་ནག་པོར་བསྐྲུན་བཞིན་པར་ལྷ་ཡིས་གཟིགས་པ་ཤོག
ད་དུང་རྩོམ་པ་པོས་གཙོས་བོད་ཡིག་གི་ཚེ་སྲོག་གི་སྐུ་བསྲུངས་བ་རྣམས་ཀྱི་ཚེ་ལ་བར་ཆད་མེད་པར། བོད་ཡིག་གི་བང་རྩལ་འགྲན་པར་རྒྱ་ཆེ་ལ་གུ་ཡངས་པའི་ཐང་ཞྀག་འཐོབ་པའི་རེ་བ་ཡོད་པ་ལས། རྡ་སའི་རི་ཁུག་ཏུ་ཡོད་པའི་སེང་གེའི་ལྷས་རར་བོད་ཡིག་གི་སྲོག་རྒྱུན་ཆད་རྒྱུར་ཐེ་ཚོམ་མིན་འདུག་པས་སྨྱུག་ཐོག་པ་རྣམས་ཀྱི་སྨཡུག་རྩེ་ནས་དྲང་བདེན་གྱི་རི་མོ་ཕབ་རན་འདུག་པས་ཐུསག་འཇགས་འཚལ།
དྲང་པོའི་ཚིག་གིས་ལོག་པའི་མཚང་བཏོན་ཅིང་།
བདེན་པའི་ལ་རྒྱས་ལོག་པའི་སྲོག་རྩ་གཅོད།
དྲང་བདེན་མེད་པའི་དཔོན་ངན་སྲིད་གཞུང་དང།
ལོག་ལམ་བཞུགས་པའི་དཔོན་ངན་བསད་ལ་བལྟོས།
ཆར་སྡོད་བྱེའུ་སྐོམ་ན་ཡང་།།ས་ལ་བབས་པའི་ཆུ་མི་འཐུང་།།
རྩོམ་པ་པོ་ཁུག་རྟས་དཔྱད་པ་ཡག་པོ་བཏང་ནས་བྲིས་ཤག
དེ་རིང་བསྐྱར་དུ་རྩོམ་ཡིག་འདིར་བཀོད་ཚུལ་ལ་བལྟས་ན་ལྷག་བསམ་གྱི་བ་དན་གཡོན་ནས་གཡོན་དུ་བསྐྱོད་ཅིང་། ཆོལ་གསུམ་བོད་མའི་དཀྱིལ་འཁོར་ལ་རྒོལ་བའི་རྣམ་པ་ཞིག་ཟུར་ནས་མངོན་ཡོང་གི་འདུག
ཕྱོགས་སུ་མ་ལྷུང་བའི་མི་རིགས་ཤིག་གི་འགྲིན་ཚབ་ཞིག་ཉན་པའི་རེ་བ་རྨང་ནས་འགྱེལ་དུ་ཆུག། བསམ་ཞིག་གི་འཁོར་བསྐྱོད་མ་ལག་བསྐྱར་བཅོས་ཐེང་ཤིག་གི་རྗེས་ནས་སླར་ཡང་མཇལ་བའི་སྨོན་འདུན་དྲག་པོ་ཡོད།
ངན་ཁག་གཞན་ལ་འཇོག་པ་པོད་པའི་ལུགས་སྲོལ་རེད། དྲང་མོར་ཤོད་མཁན་གྱི་མགོ་གནོད་རྒྱུ་ཡང་ང་ཚོའི་
རིག་གཞུང་རེད་འདུག། རྒྱུ་འབྲས་ཀྱི་རྣམ་བཞག་གླེང་མཁན་ངེད་ཅག་རེད་ལ་། དེ་དབྱུགས་མཁན་ཡང་ང་
ཚོ་ོ་ཡིན་འདོད། བགྲོ་གླེང་མེད་ས་ན་ཡར་རྒྱས་མེད་ལ། སྨྲ་་བརྗོད་རང་དབང་མེད་ས་ན་འགྲོ་མིའི་ཐོབ་ཐང་
མེད། བཀའ་ཁྲི་གསར་པས་ཁས་ལེན་གསུམ་ནི་རྫུན་ཆོས་་ཞིག་ཡིན་པ་ང་ལ་མཚོན་ན་རྙིང་བ་ཆགས་ཡོད།
རང་འགོ་རང་ཐོན་ཞེས་པ་ཡག་རྩོག་གཉིས་ལས་གང་གི་ལམ་ཁ་འགྲོ་མིན་་རྗེས་མར་མཇལ་ཡོང་།
ངོ་མ་ཡ་མཚན་རེད། བློ་བཟང་ཆོས་འབྱོར་ཤར་ཕྱོགས་ཁུག་རྟ་ལན་འདེབས་ཚོགས་ཆུང་དུ་ཞུགས་ནས་རྒྱ་ནག་ལ་ལན་འདེབས་ཀྱི་རྩོམས་ཡིག་སྤེལ་བ་དག་ལ་ནི་འདི་འདྲའི་གླེང་སློང་དང་དྲིལ་བསྒྲགས་བྱས་མ་སོང་ཡང་། བློ་བཟང་ཆོས་འབྱོར་ཁོ་རང་གི་ཉིན་གླའི་ལས་ཡུན་རྫོགས་རྗེས། ཁོ་རང་གི་སྤྱ་སྤྱོད་ཀྱི་རྐྱེན་པས་ལས་བྱེད་པའི་སྒྲིག་གཞི་དང་མ་མཐུན་གྱིས་སླར་ཡང་ལས་ཐོབ་མ་བྱུང་སྟབས། བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལ་དགག་པའི་གླེང་སློང་ཞིག་ཡང་ནས་བསྐྱར་དུ་བཟློ་ཞིང་། ཉིན་མཚན་མེད་བསྒྲགས་སོང་ལ། སྨྱུག་ཐོག་པ་དང་མཁས་མིང་འཛིན་པ་ལ་ལས་ཀྱང་གོ་སྐབས་དམ་འཛིན་གྱིས་སྨྲ་ལྕེ་ཀླུང་རྟ་བཞིན་ཉིན་མཚན་མེད་པར་བརྡར་སོང་། བོད་ནང་དུ་གཞིས་བཞུགས་སྤུན་ཟླ་མང་པོ་ཞིག་གིས་སྐུ་སྲོག་མེ་རུ་སྤར་ནས་ཛ་དྲག་གི་དུས་ཚོད་འདི་འདྲའི་སྐབས་སུ་ཡང་། བཙན་བྱོལ་ནང་བོད་ཀྱི་སྲིད་པར་སྐྱོན་འཛུག་བྱེད་རྒྱུར་གོ་སྐབས་དམ་འཛིན་བྱེད་སྟངས་འདི་སྟབས་ཁེལ་བ་ཞིག་ཀྱང་མིན་ཚོད་དུ་སྣང་། དེ་ན་སེང་གེའི་བཀའ་ཤག་གི་མདུན་ལམ་ཅེས་པའི་རྩོམ་ཡིག་དེ་ལས་སྤྲོས་ཏེ་ཆེད་དུ་ཇི་ཞིག་ལ་གླེང་སློང་བ་དེ། དོན་ངོ་མར་དམིགས་ཡུལ་ཇི་ཡིན་སྙམ་པའི་ཚོར་བ་ཞིག་སྟེར་བར་བྱེད་ལ། ཅུང་ཁ་གསལ་བོས་བཤད་ན་དགའ་མིན་དགའ་དོགས་ཀྱི་ཀུན་སློང་དྲི་མ་ཅན་ཞིག་གིས་ཀྱང་མིན་ནམ་སྙམ་པ་བྱུང་། གང་ལྟར། ད་དུང་ཡང་གནས་ཚུལ་འདི་གླེང་སློང་རྒྱུར་མི་ལ་ལས་གོ་སྐབས་འཚོལ་བ་དང་། འགའ་རེས་གོ་སྐབས་སྤྲད་པ་བཅས་ནི་བོད་ཀྱི་ཆིག་སྒྲིལ་དང་། རྩ་དོན་ལ་གནོད་པའི་རྒྱུ་རུ་འགྱུར་རྒྱུ་ལས་ཕན་པའི་བྱ་བར་ངོས་འཛིན་བྱེད་ཐབས་ཅིག་ཡོད་དམ་སྙམ།
རང་གིས་མ་འཇོན་གཞན་གྱིས་མ་གུར་ན། །
ཁོང་ཁྲོ་ཟོས་ཀྱང་རང་སྡུག་རང་གིས་ཁུར། །
ཕྱོགས་རིས་ཆེ་ཞིང་ཕྲག་དོགས་མང་བའི་མི། །
ནམ་ཡང་བདེ་ཞིང་གང་དུའང་སྡོད་མི་ཚུགས། ། ཅེས་ཀྱང་སྨྲའོ།།
ནོར་བཅོས།
ངོ་མ་ཡ་མཚན་རེད། བློ་བཟང་ཆོས་འབྱོར་ཤར་ཕྱོགས་ཁུག་རྟ་ལན་འདེབས་ཚོགས་ཆུང་དུ་ཞུགས་ནས་རྒྱ་ནག་ལ་ལན་འདེབས་ཀྱི་རྩོམས་ཡིག་སྤེལ་བ་དག་ལ་ནི་འདི་འདྲའི་གླེང་སློང་དང་དྲིལ་བསྒྲགས་བྱས་མ་སོང་ཡང་། བློ་བཟང་ཆོས་འབྱོར་ཁོ་རང་གི་ཉིན་གླའི་ལས་ཡུན་རྫོགས་རྗེས། ཁོ་རང་གི་སྤྱ་སྤྱོད་གཞུང་གི་ལས་བྱེད་པའི་སྒྲིག་གཞི་དང་མཐུན་མིན་གྱི་རྐྱེན་པས་སླར་ཡང་ལས་ཐོབ་མ་བྱུང་སྟབས། བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལ་དགག་པའི་གླེང་སློང་ཞིག་ཡང་ནས་བསྐྱར་དུ་བཟློ་ཞིང་། ཉིན་མཚན་མེད་བསྒྲགས་སོང་ལ། སྨྱུག་ཐོག་པ་དང་མཁས་མིང་འཛིན་པ་ལ་ལས་ཀྱང་གོ་སྐབས་དམ་འཛིན་གྱིས་སྨྲ་ལྕེ་ཀླུང་རྟ་བཞིན་ཉིན་མཚན་མེད་པར་བརྡར་སོང་། བོད་ནང་དུ་གཞིས་བཞུགས་སྤུན་ཟླ་མང་པོ་ཞིག་གིས་སྐུ་སྲོག་མེ་རུ་སྤར་ནས་ཛ་དྲག་གི་དུས་ཚོད་འདི་འདྲའི་སྐབས་སུ་ཡང་། བཙན་བྱོལ་ནང་བོད་ཀྱི་སྲིད་སྐྱོང་པར་སྐྱོན་འཛུག་བྱེད་རྒྱུར་གོ་སྐབས་དམ་འཛིན་བྱེད་སྟངས་འདི་སྟབས་ཁེལ་བ་ཞིག་ཀྱང་མིན་ཚོད་དུ་སྣང་། དེ་ན་སེང་གེའི་བཀའ་ཤག་གི་མདུན་ལམ་ཅེས་པའི་རྩོམ་ཡིག་དེ་ལས་སྤྲོས་ཏེ་ཆེད་དུ་ཇི་ཞིག་ལ་གླེང་སློང་བ་དེ། དོན་ངོ་མར་དམིགས་ཡུལ་ཇི་ཡིན་སྙམ་པའི་ཚོར་བ་ཞིག་སྟེར་བར་བྱེད་ལ། ཕྱོགས་གཞན་ཞིག་ཅུང་ཁ་གསལ་བོས་བཤད་ན་དགའ་མིན་དགའ་དོགས་ཀྱི་ཀུན་སློང་དྲི་མ་ཅན་ཞིག་གིས་ཀྱང་མིན་ནམ་སྙམ་པ་བྱུང་། གང་ལྟར། ད་དུང་ཡང་གནས་ཚུལ་འདི་གླེང་སློང་རྒྱུར་མི་ལ་ལས་གོ་སྐབས་འཚོལ་བ་དང་། འགའ་རེས་གོ་སྐབས་སྤྲད་པ་བཅས་ནི་བོད་ཀྱི་ཆིག་སྒྲིལ་དང་། རྩ་དོན་ལ་གནོད་པའི་རྒྱུ་རུ་འགྱུར་རྒྱུ་ལས་ཕན་པའི་བྱ་བར་ངོས་འཛིན་བྱེད་ཐབས་ཅིག་ཡོད་དམ་སྙམ།
རང་གིས་མ་འཇོན་གཞན་གྱིས་མ་གུར་ན། །
ཁོང་ཁྲོ་ཟོས་ཀྱང་རང་སྡུག་རང་གིས་ཁུར། །
ཕྱོགས་རིས་ཆེ་ཞིང་ཕྲག་དོགས་མང་བའི་མི། །
ནམ་ཡང་བདེ་ཞིང་གང་དུའང་སྡོད་མི་ཚུགས། ། ཅེས་ཀྱང་སྨྲའོ།།
མང་པོ་བཤད་ནས་གང་ཕན། སེང་གེ་ལ་བོད་ཡིག་བསླབས་ནས་བོད་ཡིག་དགེ་རྒན་ཟོས། ཁུག་རྟ་ལ་སྲིད་དོན་བསླབས་ནས་བཀའ་ཁྲིར་སྐོས་དང་། དེ་ནས་བློ་ཚིམ་པ་འདུག་གེ ལགས།
ལས་ཀའི་དུས་ཡུན་རྫོགས་ནས་བསྐྱར་དུ་ལས་ཐོབ་མ་བྱུང་བ་རེད། དེར་ལས་གནས་ནས་ཕུད་མ་ཕུད་ཀྱི་གནས་དོན་མེད། གང་ལྟར་ཡང་ད་གཟོད་ཆོ་མེད་ཀྱི་ལབ་རྒྱུ་རྫོགས་ཚོད་ཡིན། དུས་ཚོད་དང་རྒྱལ་ཞེན་ཡོད་ན། སྨྱུག་ཁ་དགྲ་བོར་གཏོད།
ཁ་བརྡ་དྲྭ་རྒྱར་ཞུ་རྒྱུར། ཆབ་སྲིད་དང་ཆོས་བརྒྱུད་གང་ལ་མི་ཕན་པའི་རྩོམ་མཆན་སྒོ་རྒྱག་ན་ལེགས་མི་འདུག་གམ། ཤེས་ཡོན་གྱིས་དབུལ་བའི་རྩྭ་ཕུང་དུ་མེ་མི་ཤོར་བའི་ངེས་པ་མི་འདུག་གོ
ལྟས་ངན་འདི་ཚོ་ལ་ངོ་ཚ་རྒྱུ་མི་འདུག་
བོད་ནང་ནས་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བཞིན་པ་ལ་བསམ་བློ་མེད་པར་
ཕུ་དཀྲུགས་མདའ་དཀྲུགས་དཔུང་བསྒྲིགས་འདྲ་ཡོད་མདོག་
ཤར་ཕྱོགས་ཁུག་རྟས་དཔྱད་གསུམ་དག་པའི་ལམ་ནས་སྲིད་དོན་ལ་སྨན་ངེས་ཀྱི་དཔྱད་རྩོམ
སྤེལ་བ་ལ་ཆེས་ཡིད་རངས་ཡོད་ལ། དེ་བཞིན་གོམ་ཁ་མདུན་སྐྱོད་བྱེད་པ་ལས་
འགལ་རྐྱེན་ཕྲན་ཚེགས་ཀྱིས་རིག་ལྡན་པའི་རྣམ་དཔྱོད་ཞོམ་མི་ཐུབ་པས་གསོན་རྟགས་
ཞིག་ཀྱང་རེད།
ཁུག་རྟ་ཁྱོད་རང་དགོད་ཀྱང་ངུ་བའི་སྣང་བ་མ་གཏོགས་མི་འདུག
ཁྱོད་རང་ལས་ཀ་ལས་སྤུད་པས་སྡུག་བསྔལ་ཡོད་རྒྱུ་རེད། ཡིན་ནའང་དགྲ་དགའ་གཉེན་སྡུག་གི་བྱ་བ་དེ་སྤང་ན་འོས་སྙམ།
བློ་སེང་ཁྱོད་གཉིས་ལྗིད་ཁོག་རྒྱ་མར་གཞལ་ན་གྲུབ་འབྲས་ཀུན་གྱི་མཁྱེན་རྒྱུ་རེད།
ཟམས་གདང་ཚང་དང་བཀའ་བློན་པདྨ་གཉིས་དགུང་ལོ་སུས་བགྲེས་ས་རེད། རྒྱུ་མཚན་དེ་འགྲོ་མ་སོང་། གཞན་རྣམས་རྒྱུས་མེད་ན་མཇུག་སྡོམས་བརྒྱབས་རྒྱུ་ཡོད་མ་རེད།
ལས་ཀ་མ་རེད་པའི་སྡུག་བསྔལ་དེ་ཆེ་རྒྱུ་རེད། ཡིན་ནའང་རང་གི་ལྟོ་གོས་ཙམ་ལ་བསམ་ནས་བོད་གཞུང་མང་དཀྲུགས་ན་ཁྱོད་རང་ལས་ངན་རེད། དེ་མིན་བོད་ཀྱི་ལས་དོན་དེ་གཟི་བརྗིད་དང་ལྡན་པ་འགྱུར་རམ་སྙམ་ནས་འཇིགས་ནས་ཡིན་ན་ང་ཚོས་ཁྱོད་རང་ལ་ཇི་ཙམ་བཤད་ཀྱང་དེ་ཙམ་གྱིས་ལས་ཀ་སྡུག་ཏུ་གཏོང་གི་རེད།
ཁྱོད་རང་གི་ལས་ཀ་དེ་དགྲ་དགའ་གཉེན་སྡུག་ཡིན་པར་མ་ཤེས་པས་སམ་ཡང་ན།
ཁ་སྔོན་ལྷ་མོ་སྐྱབས་ཀྱི་ཆོས་འབྱོར་དཔྱད་བརྗོད་རྩོམ་ཡིག་ཅིག་ཅེས་འུར་སྒྲོག་བྱས་སྟབས། ཅུང་རེ་བ་མཐོན་པོ་ཞིག་གི་ངང་ནས་ཀློག་འདོད་སྐྱེས་སོང་། ཡིན་ནའང་། དེ་རིང་འདིར་བཀོད་འདུག་པའི་རྩོམ་ཡིག་ལྟ་བུ་འདི་ཡིན་དུས་ཡ་མཚར་བོ་ཅི་གང་མི་འདུག་པས། ཇ་ཁ་ཆང་ཁའི་ཆིག་ལབ་ཤ་སྟག་ཅིག་ལས་བརྩི་རིན་མཐོང་མ་སོང་ཞེས་བརྗོད་དགོས་པ་རང་རེད། ཁྱེད་རང་ཉིན་གླ་དེ་རག་མ་ཐག་གཞུང་གི་སྲིད་དོན་ལམ་ལུགས་ལ་སྐྱོན་བརྗོད་བྱེད་མཁན་ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་བདེན་མིན་གྱི་སྐད་ཆ་བཤད་དེ་སྤྱི་ཚོགས་ཁྲག་དཀྲུག་དཀྲུག་བྱས་པ་བརྗེད་སོང་ངམ། ད་ནི་སོ་སའི་ཐོག་སླེབས་པ་རེད། སོ་སོའི་འཁུར་ཐུབ་པ་དགོས་པ་རེད། དཀྲོག་གཏམ་མང་བོ་མ་བཟོ་རོགས། ཁྱེད་རང་སྔོན་གྱི་རིག་གནས་གསར་བརྗེ་ནང་བཞིན་ཞིག་གི་དུས་ལ་འཕྲད་ཡོད་ན། ཕ་མའང་ཁ་གཏད་གཅོག་མཁན་གྱི་རིགས་དེ་ཡིན་ས་རེད།
རང་གི་ལས་ཀ་ཞིག་གི་གོ་སྐབས་འཆོར་བ་ལ་དེ་འདྲའི་འཁོན་འཛིན་དང་ཕུ་དཀྲུག་འདའ་དཀྲུག་གི་བྱ་སྤྱོད་སྤེལ་དགོས་དོན་མི་འདུག བློ་སེང་གི་ལས་དོན་ཚང་མ་རྗེས་ནས་ཤེས་ཡོང་གི་རེད་མོ་སྟོན་ཕག་མགོ་བཞིན་དུ་ཁྱོད་ཀྱིས་སྔོན་ནས་ཚོད་བགམ་དགོས་ཀྱི་མ་རེད། བོད་ཡིག་ཕྲན་བུ་ཤེས་མཁན་ཚོས་ཕྱོགས་ཞེན་གྱི་ཀུན་སློང་དོར་ནས་མི་རིགས་ཀྱི་དོན་དུ་སྨྱུག་ཁ་ཕྱི་ལ་ཕྲན་བུ་རེ་བསྐོར་ཐུབ་ན་ཕན་ལེ་ཆེ།
ཁུག་རྟ་ལགས། ངས་ཁྱོད་ངོ་མི་ཤེས་ན་ཡང་། མཛངས་མ་ཚེ་རིང་སྐྱིད་ཀྱིས་རེ་བ་བཞག་མྱོང་བའི་གསར་བུ་སྟག་འདྲ་བོ་ཞིག་ཡིན་པ་གོ་མྱོང་། རེད། རེད། ཡར་བཤད་མར་བཤད་ཇི་ལྟར་བྱས་ཀྱང་རུང་། ཁྱོད་ཀྱི་རྩོམ་ཐུང་དེ་ངའི་ཡིད་ལ་བབས་སོང་། རྒྱུ་མཚན་ནི། ང་ལ་མཚོན་ན་བཀའ་ཁྲི་བློ་སེང་ལ་འོས་ཤོག་བླུགས་མཁན་གྱི་གྲས་སུ་ཡོད་པ་མ་ཟད། ཁོང་གི་གཏམ་བཤད་ཁག་ཅིག་ལ་ཡིད་ཆེས་བྱས་མྱོང་བའི་བོད་མི་ཞིག་ཀྱང་ཡིན། ཡིན་ན་ཡང་། ཁོང་གིས་བཀའ་བློན་ཕྱག་རོགས་འདེམས་ཕྱོགས་དང་། ཁ་གསལ་གཏིང་གསལ་གང་ཡང་མེད་པའི་གཏམ་གྱི་མངར་ཟས་དེ་དག་ལ་ཕྲན་རང་ཞེན་པ་གཏིང་ནས་ལོག་བསྡད་ཡོད། གང་ལྟར་དེ་བཞིན་སྤྱི་སྒེར་ཕན་ཚུན་གྱི་དགེ་སྐྱོན་གཉིས་ཕྱོགས་ནས་གླེང་སྟེ་མི་རིགས་ཀྱི་རྩ་དོན་བསྒྲུབ་རྒྱུ་གལ་ཆེ། ཁག་ཅིག་གིས་ཆོལ་ཁའི་ཕྱོགས་འཐེན་དུ་འགྲོ་བར་དོགས་ཁུལ་གྱི་དོན་མེད་ཀྱི་གླེང་སྙོག་སྤེལ་སྲིད་ཀྱང་། དོན་ངོ་མ་བཤད་ན། ང་ཚོ་བོད་ཀྱི་སྤྱི་ཚོགས་ཁྲོད་གོང་རིམ་གྱི་ལས་དོན་གང་ཞིག་ལ་མཛད་པ་དང་འཕྲིན་ལས་ཞེས་མིང་སྙན་པོ་ཞིག་གིས་གཡོག་རྐྱང་བྱས་པས། ཁོང་ཚོའི་དྲི་ངན་ཕྱི་ལོག་ཏུ་བྲོ་མ་བཅུགས་པ་རེད། གོང་རིམ་གྱི་སྐྱོན་དག་ཐེར་འདོན་བྱ་མ་ཐུབ་པའི་རྐྱེན་གྱིས་བོད་ཀྱི་རང་དབང་དང་དམངས་གཙོའི་ལམ་ལུགས་ལ་དེ་ཙམ་གྱིས་བྲོ་བ་བྱུང་མེད་པས་ངས་འདི་ནས་ཁྱོད་ཀྱིས་རྩོམ་ཡིག་གདོང་ལ་ཐུག་པ་ཞིག་གླེང་བ་ལ་ཐུགས་རྗེ་ཆེ་ཟེར་གི་ཡོད། །
འོ། གོང་དུ་་་་ཚེ་སྐྱིད་ཀྱིས་རེ་བ་བཞག་མྱོང་་་་་་ཟེར་བ་གཞན་གྱི་ངག་ལས་གོ་ཐོས་ཙམ་ཡིན། གང་ལྟར་དེ་ནི་ངས་ཁྱོད་ཀྱི་མིང་གོ་རྒྱུད་རིམ་ཙམ་གླེང་བའོ། །
ཁུག་རྟས་འཛམ་བུ་གླིང་རིལ་རིལ་ཡིན་པ་མཐོང་ས་མ་རེད། གང་ཡིན་ཟེར་ན་འཛམ་གླིང་ཆེ་དྲགས་པ་དང་ཁུག་རྟ་ཆུང་དྲགས་པའི་རྐྱེན་གྱིས་རེད། ཁུག་རྟའི་སྣང་ཚུལ་ཉི་ཚེ་བ་དང་འཇིག་རྟེན་ལེབ་ལེབ་ཀྱི་སྣང་ཚུལ་དེ་ནི་དུས་དང་བར་སྣང་གི་རྒྱ་ཁྱོན་ཆུང་ངུ་ཞིག་ཡོད་པས་རེད། །དངོས་པོའི་གནས་ཚུལ་རྗེན་པ་ཞིག་རྟོགས་འདོད་ན་རང་གི་སྣང་ཚུལ་འདི་ལས་བརྒལ་དགོས་པ་རེད། དེའི་རྒྱུ་མཚན་ནི་དངོས་པོའི་གནས་ཚུལ་དང་སྣང་ཚུལ་གཉིས་མི་མཐུན་པའི་རྐྱེན་གྱིས་རེད། དཔེར་ན། ཁུག་རྟའི་རྩོམ། དགེ་ཚུལ་སློང་གི་སྡོམ་པ་ལ་དཔྱད་པ་ཟེར་བ་ལྟ་བུ་རེད། མགོ་ནས་མཇུག་བར་དུ་ལོག་བཤད་ཀྱིས་ཁེངས་ཡོད་པར་མ་ཟད། དགེ་ཚུལ་སློང་གི་སྡོམ་པ་ནི་མཁན་པོས་སྩོལ་རྒྱུ་ཞིག་གཏན་ནས་མིན་ཚུལ་བརྗོད་འདུག་པ་ལྟ་བུ་རེད། དེ་ནི་གཏན་ཚིགས་དང་མི་མཐུན་པ་ནང་འགལ་གྱི་ཕུང་པོ་རེད་མ་རེད། །ཝར་ནའི་འོད་དུས་དེབ་ཅིག་ཏུ་རྩོམ་དེ་བཀོད་འདུག །འདི་ཡང་སོ་སོའི་སྣང་ཚུལ་རྒྱ་ཁྱོན་ཆུང་ངུ་དེ་ལས་བརྒལ་མ་ཐུབ་པའི་དབང་གིས་རེད།
ཤར་ཕྱོགས་པས་བཤད་ཚུལ་ལྟས་ན་ཁོ་ནོ་ནི་ཤེས་འཇོན་སོགས་ཡོད་འདོག་བཤད་ཀྱི་འདུག
རེད་རེད་ང་ཚོ་ནི་མང་གཙོ་ཡིན་པའི་ཁྱེད་རང་ལ་ནུས་བ་དང་ལྷག་བསམ་། ད་དུང་ཤེས་འཇོན་སོགས་ཡོད་ན་། ཁ་སྟོང་ནང་གི་ཚིག་སྟོང་མ་བཤད་པར་མི་མང་གི་གནས་ཁྲིད་དང་མི་མང་རྣམས་ལ་དགོས་བ་ནི་དེ་ཡིན་།
ཤར་ཁུག་འདིས་ངོ་མ་ཅི་ཞིག་བསམ་པ་ཡིན་ནམ། རྩོམ་ཡིག་གཅིག་ཡང་འགོད་བསྐྱར་འགོད་བྱེད་པ་འདི་དམིགས་ཡུལ་ཡག་པོ་ཞིག་རྩ་ནས་མ་རེད། ད་མཚམས་བཞག་ན་ཡག་གི་རེད། ར་མ་འཕག་ནས་ར་ཁང་བཤིག་ཐུབ་ཀྱི་མ་རེད། སྲིད་འཛིན་ཧུའུ་ཅིན་ཐོ་ཡིས་ཀྱང་ཁ་ནས་སྤྱི་ཚོགས་འཆམ་མཐུན་ སྤྱི་ཚོགས་འཆམ་མཐུན་ཟེར་གྱི་མི་འདུག་གམ། ཁོད་ཀྱི་ཉིན་གླའི་ལས་ཀ་དེ་ལ་དེ་ཙམ་ནད་མ་ཁྱོགས་པ་་རེ་འདུག་གམ། རྩོམ་འབྲི་བའི་སྨྱུག་ཁ་དེ་ད་ནང་ལ་གཏོད་མཚམས་བཞག་ནས་ཕྱི་ལ་བསྐོར་ན་མི་དགའ་འམ། ད་ལྟའི་ཛ་དྲག་གི་དུས་འདིར་ང་ཚོར་མཁོ་བ་ནི་ཆིལ་སྒྲིལ་རང་ཡིན་པས་ཚང་མས་དགོངས་པ་ཡག་པོ་བཞེས་རྒྱུ་གལ་ཆེའོ།
མཆན་འགོད་མཁན་འགའ་རེས་མི་གཤིས་ལ་མཐོང་ཆུང་བྱེད་རྒྱུ་མང་དྲགས་འདུག ཤ་ལ་རུས་པ་ཡོད་ན་རྩོམ་ཡིག་ལ་དགག་པ་རྒྱག་དགོས་པ་རེད། དེ་མིན་ཁྱོད་ཀྱི་ཁ་དང་ངའི་སྣ་ཟེར་ནས་སྨྱོ་ལབ་བརྒྱབ་བསྡད་པས་ཕན་ཐོགས་གང་ཡང་མེད།
འོ་རེད། བཀའ་ཁྲི་དེས་གཞིས་ལུས་བོད་མིའི་ཛ་དྲག་གི་གནས་སྟངས་ཡོད་བཞིན་དོར་ཏེ་རང་ཉིད་ཀྱི་སྐྱོན་མཚང་འདོན་མཁན་ལ་གཅེར་བཞིན་ཤར་ཕྱོགས་ཁུག་རྟ་ལྟབུར་བསྙོན་འཛཱུགས་བྱེད་བབས་ལ་གཞིགས་ན་ཁྱེད་ལ་བོད་ཞེན་མེད་ཅིང་། སྤྱི་སེམས་མེད་པས་མ་ཟད། རང་ཉིད་གྲགས་འདོད་དང་། རང་ཉིད་ཁོ་ནའི་དོན་དུ་རྒྱུགས་བཞིན་པ་གསལ་པོ་རེད། དེས་ན་ཤར་ཕྱོགས་ཁུག་རྟས་རང་ཉིད་ཀྱི་བདེན་ཁ་རང་ཉིད་ཀྱི་མ་སླེང་ན། བོད་པ་ཚང་གི་རྩོམ་པ་པོ་མི་འདྲ་བ་ཞིག་གི་ལམ་ནག་པོར་གྱུར་རྒྱུ་མ་ཡིན་ནམ།
བཀའ་བློན་ཁྲི་བའི་སྲིད་སྐྱོང་གི་ཐད་ནས་གླེང་སློང་བགྱི་བ་ནི་བོད་མི་བྱིངས་ཀྱི་འོས་འགན་ཡིན་པ་དང་། ལྷག་པར་དུ་ཁོང་ལ་འོས་འཕེན་ཚོའི་འགན་འཁྲི་གཡོལ་དུ་མེད་པ་ཞིག་ཡིན། རང་གི་འགོ་ཁྲིད་ལ་ལྟ་རྟོག་དང་རྒྱབ་རྫི་བྱེད་པ་འདི་ནི་བཙན་བྱོལ་བོད་ལ་མཚོན་ན་དེ་བས་ཀྱང་ཁ་ཚ་དགོས་གཏུག་ཏུ་མཐོང་། གང་ཡིན་ཞེ་ན། བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ནུས་མེད་ངང་བག་ལ་ཞ་ཡོད་པས་སོ།།
བོད་ནང་གི་གནས་སྟངས་ཛ་དྲག་པར་ཁ་གཡོགས་ནས་བཀའ་ཁྲིར་སྐྱོན་བརྗོད་མི་ཆོག་ཟེར་བ་དེ་སྨྲ་བརྗོད་རང་དབང་གི་ཁྲིམས་དང་འགལ། ང་ཚོས་ཕྱོགས་ཐམས་ཅད་ལ་བགྲོ་གླེང་དང་བསམ་ཚུལ་འདོན་རྒྱུ་ཤིན་ཏུ་ནས་གལ་ཆེ་སྙམ།
མི་མང་གི་གླེང་སློང་མེད་ན། བོད་གཞུང་གི་དབུ་ཁྲིད་མཐོ་དམན་བར་མ་ཀུན་ན་ཕོ་རོག་ནག་པོ་མང་བས། བློ་སེང་འདི་ཡང་དེང་རབས་རིག་གནས་ཀྱི་ཕྱི་ལྤགས་འོག་གི་རྣམ་པའ་འགྱུར་བའི་སྒེར་གཅོད་པ་ཞིག་ཏུ་འགྱུར་ཉེན་ཡོད་མི་སྲིད་པ་མིན། གལ་སྲིད་ཁོ་ལྟ་བུ་རྣམ་པ་འགྱུར་བའི་སྲིད་དབང་སྒེར་གཅོད་པར་གྱུར་ན། བོད་ཕྱི་ནང་གཉིས་ནས་བཙན་བྱོལ་བོད་ཀྱི་སྲིད་སྐྱོང་པར་རེ་བ་རྦད་དེ་ཆད་པའི་འཇིགས་ཉེན་ཀྱང་འབྱུང་ངོ་།།
ཁུག་རྟས་བྲིས་པ་དེ་འགྲིགས་པ་རེད། ཁུག་རྟ་རང་གི་གནས་སྣེ་ཤོར་བ་དེ་ཡང་འགྲིགས་པ་རེད། ད་ང་ཚོས་རྩོད་རྒྱུ་གང་ལྷག་འདུ་གམ།
གནས་སྣེ་དེ་ལས་སྣེ་ལ།
རྩོམ་འདི་སྒྲིག་གཞི་དང་འགལ་ན། མང་གཙོའི་རང་དབང་ལུང་པར་འཚར་ལོངས་བྱུང་བའི་བཀའ་ཁྲི་བློ་སེང་གི་བསམ་བློའི་འཁོར་རྒྱ་ལ་གད་མོ་འཆོར་གྱི་འདུག ང་ཚོར་བཅོས་འགྱུར་དགོས་ཀྱང་བཅོས་འགྱུར་མཁན་པོ་བློ་སེང་ལྟ་བུར་རེ་བ་བཅོལ་བ་ནོར་སོང་། ཞེས་ངས་དེ་སྔོན་ནས་ཐེངས་མང་ཞུས་ཡོད།
བློ་སེང་བཀའ་ཁྲིར་སླེབས་པ་འདི་ང་ཚོ་མི་མང་ཉམ་ཐག་རྣམས་ཀྱི་ཆག་སྒོ་ཉིས་རྩེག་རེད་དོ།
རྣམ་པ་ཚོ་ཕེབས་ནས་བསམ་ཚུལ་སྣ་ཚོགས་གསུངས་བ་དང་། དོ་སྣང་གནང་བའི་རིན་ཐང་འདི་དངོས་གནས་རྩ་ཆེན་པོ་རེད། དོ་སྣང་གནང་བ་དང་དེའི་སྐོར་ལ་སྐད་ཆ་བཤད་རྒྱུ་འདི་སྒོར་མོས་ཉོ་མི་ཐུབ་པ་ཞིག་ཡིན་པས་ལྷན་རྒྱས་ཚང་མས་བགྲོ་གླེང་གནང་བ་ཡག་བྱུང་།
མཆན་བུ་རྣམས་ལ་མིག་བཤེར་ཞིག་བྱས་དུས་ལན་རྒྱག་དགོས་པ་འདྲ་མི་འདུག གལ་སྲིད་སུས་ཀྱང་རྩོམ་ཡིག་གི་ནང་དོན་དང་འབྲེལ་བའི་དོགས་འདྲི། བགྲོ་གླེང་། དགག་བཞག་ཅི་ལྟར་བྱས་ཀྱང་ངས་ལན་འདེབས་བྱེད་ངེས་ཡིན། དེ་མིན་མདུན་གྱི་དཀའ་ངལ་བཞག་ནས་རྒྱབ་ཀྱི་བདེ་སྐྱིད་ལ་རྨི་ལམ་གཏོང་ནས་འདུག་སྲོལ་དེར་ང་རང་གནའ་ནས་མི་དགའ་མཁན་ཞིག་ཡིན། དེ་ཙམ་ཡིན།
ལན་རྒྱག་ཆོག་ཆོག་འདྲ་ཡོད་ན་རྒྱ་གུང་ཁྲན་ལ་ལན་འདྲ་ཨེ་ཕོག་ལྟོས་ཕ་བཟང་གི་བུ། ཤེས་འཇོན་གྱི་བློ་རིགས་ལྡན་ན་དེང་གི་དུས་སུ་དགོས་ངེས་ཀྱི་ལས་དོན་ཞིག་སྒྲུབ་དང་ཕ་བཟང་གི་བུ། མང་གཙོ་དང་རང་དབང་ཟེར་བ་འདི་འཐའ་གཅིག་ཏུ་ཚོགས་སྡེ་ག་གེ་མོ་ཞིག་གི་ནང་དུ་འཛུལ་མི་དགོས་པར་མ་བསྐུལ་དང་ལེན་གྱི་ཐོག་ནས་ལས་འགུལ་ཤིག་སྤེལ་དང་། རྣམ་དཔྱོད་དང་ལྡན་ན་མང་གཙོ་དང་རང་དབང་ལོངས་སུ་སྤྱོད་ས་གང་མང་ཞིག་ཡོད་ཚོད་འདུག རྩོམ་རིག་གི་རྒྱུ་རྩལ་ཡོད་ན་ཉམས་ཆུང་གི་བོད་མི་ཚེ་སྲོག་ལ་རྒོལ་བའི་གཤེད་མ་ཚོར་སྐྱོན་བརྗོད་དང་འཚང་འབྲུ་རེ་བྲིས་དང་།
ད་ཡིན་ན་བལྟས་མོ་འདུག
རང་གི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།།
གཞན་གྱི་ཕྱོགས་ལ་ཞེན་སྡང་མི་ལྟར་འབར།།
བླང་དོར་འབྱེད་པའི་གཏི་མུག་མུན་ནག་ཅན།།
ཕྱོགས་ཞེན་སྤོང་བ་དྲང་པོའི་ཡོན་ཏན་ཡིན།།
བཀའ་ཁྲིའི་སྐྱོན་ལ་སྐྱོན་དུ་ལྟས་ནས་སྐྱོན་བརྗོད་བྱས་ན་དགེ་ལས་སྐྱོན་མེད་སྙམ་མོ།། །།
རང་ཉིད་བློ་སེང་བཀའ་ཁྲིར་སླེབས་པར་རྒྱབ་སྐྱོར་མི་བྱེད་མཁན་ཞིག་ཡིན་རུང་། ཉིན་འགའི་སྔོན་གནས་ཚུལ་དེར་ཞིབ་འཇུག་དགོས་པ་ལས་ལམ་སེང་ཅལ་འདྲོགས་མ་བྱེད་ཅེས་བྲིས་ཡོད་ལ། ཉིན་འགའ་ཞིབ་འཇུག་ཀྱང་བྱས་པ་ཡིན། དེ་ནི་དྲང་ཚུགས་མ་དོར་བའི་རྟགས་ཡིན། བཀའ་ཁྲི་བློ་སེང་གིས་ཁུག་རྟའི་རྩོམ་འདི་ལ་བརྟེན་ནས་ཁུག་རྟའི་ལས་ཀའི་ཆོད་གན་མ་རྫོགས་གོང་། ལས་གནས་བཀག་འདུག དེ་མིན་ཉིན་གླའི་ལས་བྱེད་ཅིག་གིས་གཞུང་ཞབས་ཀྱི་སྒྲིག་གཞི་འཁུར་མི་དགོས་པ་ཡོངས་གྲགས་ཡིན། དྲིལ་བསྒྲགས་དྲུང་ཆེ་ཡང་གནས་ཚུལ་དེའི་ཐོག་ཁག་པོ་བྱུང་འདུག གཞུང་གིས་ཕོགས་བཟས་ན་གཞུང་ཞབས་ཀྱི་སྒྲིག་གཞི་འཁུར་དགོས་ཟེར། དེ་ལྟར་ན་སྤྱི་འཐུས་ཁ་བདེ་པོ་རྣམས་ཀྱང་ཕུད་དགོས་འདུག བཀའ་ཁྲིས་ཆེད་དུ་རང་ཉིད་ཀྱི་ཉེས་སྐྱོན་འཐེར་འདོན་བྱེད་པོ་རྣམས་ལ་སྒེར་གྱི་འཁོན་ནད་བཟུང་ནས་མི་ཚེར་ནག་ཐིག་བརྒྱབ་པ་གསལ་པོ་འདུག་གོ
བློ་ཆོས་ལབ་ཡག་གི་མི་འདི་དངོས་གནས་ཁྱད་མཚར་འདུག ད་དུང་འཇོང་འདོག་དང་འགྲིགས་འདོག་བསྟན་ཡག་འདི་དགོད་བྲོ་ཡག་རང་མ་རེད་པས། མི་ངན་ཁོ་པས་ཕྱིན་ཅི་ལོག་པའི་ལྟ་སྤྱོད་ཀྱི་བྱེད་སྟངས་དེ་བསམ་ཡོད་མིའི་བྱེད་སྟངས་ཤིག་ཨ་ཡིན་ནམ། འགོ་འཇུག་མེད་པའི་བྱེད་སྟངས་དང་ཚོད་འཛིན་མེད་པའི་ལས་དོན་འདིའི་རིགས་སྤེལ་དགོས་དོན་གང་ཡིན་ནམ། ཕྱི་དགྲ་བརྡུང་རྭ་ཅོ་ཨོག་ཏུ་འཁུར། ནང་གནོན་བྱེད་མཆེ་བ་ལན་ཕུར་ཙམ་ཞིག་འཁྱེར་ནས་ངར་ངར་ཤོར་ཤོར་གྱིས་སྤྱི་དོན་གནོད་ཡག་གི་ལས་ལ་བྲེལ་དོན་འདི་ཅི་ཡིན་ནམ།
ད་ཐེངས་འདུག་ཚོད་མ་ཟིན་པའི་སྟག་ཕྲུག་ཅིག་སེངྒེའི་མདུན་དུ་བསླེབས་ནས་རང་གི་མདུན་ལམ་རང་གིས་བཀག་སོང་། ཤེས་དགོས་རྒྱུ་ཞིག་ལ། ད་ཐེངས་རྩོམ་འདིའི་སྣང་ཚུལ་ནི་བསམ་བློའི་རྒྱབ་ལྗོངས་དང་བཀའ་ཤག་གི་མདུན་ལམ་ལ་བསམ་ཚུལ་བཏོན་པ་ཙམ་རེད། དེ་ལ་སྐྱོན་དུ་བཟུང་ནས་ཁུག་རྟ་ལས་གནས་ནས་མཚམས་འཇོག་བྱེད་དུ་བཅུག་པ་ནི་རྩོམ་པ་པོའི་མགོ་གནོན་པ་ཙམ་ཞིག་རེད། རང་རེའི་སྤྱི་ཚོགས་ཁྲོད་དུ་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་འདོན་མཁན་ཡོད་ན་ཕྱོགས་ངོས་ཀུན་ནས་དགའ་བསུ་ཞུ་འོས་པ་ལས་དེ་ལས་ལྡོག་སྟེ་ཧ་ལས་མདོག་གིས་ཆོལ་ཁ་དང་ལུང་ཚན་གྱི་མིང་ཁྱེར་ནས་རྩོམ་པ་པོའི་ཐོག་ལ་རྒོལ་བརྡུང་བྱེད་པ་ནི་བསམ་བློ་ཉི་ཚེ་བའི་ཕྱོགས་བཟུང་བ་མངོན་སུམ་རེད།
ཤར་ཕྱོགས་ཁུག་རྟའི་རེ་བ་རི་ལས་མཐོ།།
རང་གི་གཤོག་པ་རི་བོང་སྤུ་ལས་ཐུང་།།
གཤོག་རྩལ་དབེན་པའི་ཉམ་ཆུང་བྱིའུ་ཁྱོད།།
རེ་ཞིག་ཀུ་ཅོ་མ་སྒྲོག་ཁ་རོག་སྡོད།།
ལས་བྱེད་བླང་དོར་སྒྲིག་གཞི་དྲ་ངོས་འདིར་འཇོག་ཐུབ་མཁན་ཡོད་དམ། ང་ཚོས་དེ་དང་འབྲེལ་ནས་གླེང་ན་རང་གཞན་གཉིས་ཕན་ཡིན་ས་རེད།
རང་དོར་སྒྲིག་གཞིའི་དོན་ཚན་གང་དེ་དང་འགལ་ཡོད་ན་འགལ་ཚུལ་རྩོམ་གྱིས་ར་སྤྲོད་དགོས་པ་ཞིག་དང་། དེའང་ཁྲིམས་རྭ་ནས་ཐག་གིས་གཅོད་ཐུབ་ན། དེ་མང་གཙོའི་སྤྱི་ཚོགས་ཤིག་གི་འགྲོ་སྟངས་མ་རེད་དམ།
ཁ་རྡ་ཚང་གི་བྱེད་བབ་འདི་ངོ་མ་ཡ་མཚན་རེད། སྤྱི་ཚོགས་ཆུང་ཆུང་འདི་ཕུ་སྐྲུག་མདའ་སྐྲུག་བྱེད་མཁན་གྱི་རྩོམ་ཡིག་འདི་ཡང་ནས་སྐྱར་དུ་དྲ་ངོས་སུ་འཇོག་དགོས་དོན་གང་ཡིན་ནམ། མ་གཞི་ཁ་རྡ་ཚང་བཀའ་ཁྲིའི་འོས་བསྡུའི་སྐབས་ནས་བཀྲེས་འཐོང་ལགས་ཀྱི་རྒྱབ་སྐྱོར་བ་ཡིན་ཞིང་བློ་བཟང་སེང་གེ་ལགས་ལ་སྐྱོན་བརྗོད་གང་ཐུབ་ཅི་ཐུབ་བྱས་སོང་ལ། དེ་ནི་ཁ་རྡ་དྲ་རྒྱ་འདི་མི་སྒེར་ཁ་ཤས་ནས་གཉེར་བའི་དྲ་རྒྱ་ཞིག་ཡིན་པས་མི་སྒེར་གྱིས་འོས་མི་གང་རུང་ལ་རྒྱབ་སྐྱོར་བྱེད་པ་ནི་དམངས་གཙོའི་འགྲོ་སྟངས་ཤིག་ཡིན་པས་འོས་ཤིང་མཚམས་པ་ཞིག་ཀྱང་རེད། འོན་ཀྱང་ད་ལྟ་ནི་བློ་བཟང་སེང་གེ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡིན་པས་སྔར་མཁོན་ཞེ་འཛིན་གྱིས། རང་གི་དབུ་ཁྲིད་ཀྱི་ཞབས་ལ་ཐག་པ་བཏག་སྟེ་མར་འཐེན་གང་ཐུབ་བྱེད་པ་ནི་སྐྱུག་བྲོ་བའི་བྱེད་སྟངས་ཤིག་རེད་ལ། རང་ཤ་བཅད་ནས་ཁྱི་ལ་སྟེར་བ་ཞེས་པ་དེ་འདི་འདྲ་ཞིག་ལས་གཞན་ཅི་ཡིན།
ཁ་སང་དེ་རིང་ཁ་བརྡའི་དྲ་ངོས་ན།།
ཁ་ལ་བདག་པོ་མེད་པའི་ཁ་ཅིག་གིས།།
ཁ་རོགས་མི་འདུག་ཁ་ནས་ཅི་བྱུང་དུ།།
ཁ་བ་ཅན་གྱི་ཁ་ལས་དཀྲུགས་བཞིན་འདུག
ཁ་སང་དེ་རིང་ཁ་བརྡའི་དྲ་ངོས་ན།།
ཁ་ལ་བདག་པོ་མེད་པའི་ཁ་ཅིག་གིས།།
ཁ་རོགས་མི་འདུག་ཁ་ནས་ཅི་བྱུང་དུ།།
ཁ་བ་ཅན་གྱི་ཁ་ལས་དཀྲུགས་བཞིན་འདུག།
མཆན་འདེབས་པ་ཁག་གཅིག་གིས་མིག་ཡ་གཅིག་བཙུམ། མིག་གཞན་པ་དེས་དཔྱད་རྩོམ་ལེགས་པོ་སྤེལ་མཁན་གྱི་ཕུལ་བྱུང་གི་རྩོམ་པ་པོ་ཞིག་མེད་བཟོ་རྒྱུའི་ཐབས་ཤེས་གཏོང་གི་འདུག དེ་ནི་ཅིག་བྱས་ན་ཆོལ་ཞེན་དང་། ཡང་ན་བློ་སེང་གིས་སྒོར་མོས་ཉོས་ཚར་བ་ཡིན་ས་རེད། བློ་སེང་ཐོག་མར་བཀའ་ཁྲིའི་འོས་མིར་ལངས་སྐབས་བཤད་ན་བཤད་ས་ཡོད་པའི་བཀའ་ཤག་ཞིག་བཟོ་ཡི་ཡིན་ཞེས་པའི་རྫུན་ཚིག་འདི་ཁྱེད་ཚོས་བརྗེད་སོང་བ་མ་རེད་དམ། བོད་ནང་ནང་རྒྱལ་གཅེས་བོད་མིས་རང་སྲོག་བློས་བཏང་གི་དུས་ཚོད་ཛ་དྲག་འདིར་བློ་སེང་དགྲ་རྒྱ་དམར་ལ་ཁ་གཏད་བཅོག་རྒྱུ་ཕར་བཞགས་ཏེ་ལེགས་ཉེས་བླངས་དོར་གྱི་བསླབ་བྱ་སྐྱོན་མཁན་གྱི་མི་སྣ་གལ་ཆེན་ཞིག་ལ་ཁོན་ལན་སློག་པའི་ལས་དན་དེ་ལ་ཁྱོད་ཚོས་འགྲེལ་བཤད་གང་རྒྱབ་ཀྱི་ཡིན་ནམ།
མཆན་བུ་༡༣༽རིག་པའི་རལ་གྲི་ལགས་ཀྱིས་གསུངས་པ་ཤིན་ཏུ་མད། དེ་ལུགས་ཐུགས་ལ་འཛིན་རྒྱུ་གལ།
མཆན་བུ་༡༣༽རིག་པའི་རལ་གྲི་ལགས་ཀྱིས་གསུང་པ་ཤིན་ཏུ་མད།
མཆན་བུ་༡༣༽ རིག་པའི་རལ་གྲིས་“ཁ་བརྡ་དྲྭ་རྒྱར་ཞུ་རྒྱུར། ཆབ་སྲིད་དང་ཆོས་བརྒྱུད་གང་ལ་མི་ཕན་པའི་རྩོམ་མཆན་སྒོ་རྒྱག་ན་ལེགས་མི་འདུག་ གམ། ཤེས་ཡོན་གྱིས་དབུལ་བའི་རྩྭ་ཕུང་དུ་མེ་མི་ཤོར་བའི་ངེས་པ་མི་འདུག་གོ”ཞེས་གསུངས་པ་ནི་ཤིན་ཏུ་མད།
ནག་ཕྲན་པ་ལགས་ཤར་ཁུག་གྱི་གནས་ཚུལ་འདི་ཁྱེད་རང་བྱུང་ན་ཁྱད་ནས་བསམ་ཤེས་(ཅུང་ཁ་གསལ་བོས་བཤད་ན་དགའ་མིན་དགའ་དོགས་ཀྱི་ཀུན་སློང་དྲི་མ་ཅན་ཞིག་གིས་ཀྱང་མིན་ནམ་སྙམ་པ་བྱུང་།)འདི་ལྟ་བུ་གཅིག་བྱེད་ཐུབ་བམ། གཞུང་ལས། རང་གི་ལུས་ལ་དཔེ་ལོང་ལ། གཞན་ལ་གནོད་པ་མ་བྱེད་གཅིག། བཅས་པར་བསམ་བློ་ཡག་པོ་ཞིག་མཐོང་ལོ།
དགའ་ལྡན་ལགས་ང་ཚོའི་མིག་ཡ་གཅིག་མ་བཙུམས་ཏེ་བཀུར་དགོས་པ་དང་བཀུར་འོས་པ་ལ་གོང་བཀུར་ཞུ་གིན་ཡོད། དེ་ཡང་ཁྱེད་ཀྱི་ཕུལ་བྱུང་རྩོམ་པ་པོ་དེ་སུ་རེད་མེད་པ་སུ་ཡིས་བཟོས་སོང་རྨི་ལམ་མ་རེད་བ། ད་དུང་་བློ་སེང་གིས་སྒོར་མོས་ཉོས་ཚར་བ་ཡིན་ས་རེད་ཅེས་པའི་རྒྱུ་མཚན་སྤུ་རྩེ་ཙམ་ཡང་མེད་པར་དེ་ལྟ་བུའི་གཞི་མེད་སྙོན་འཛུགས་བྱེད་ཡག་གི་ཚིག་དེ་དག་བསམ་ནོ་ནང་དུ་དྲན་ཡང་ཁ་ནས་ལབ་མི་སྲིད་པ་ཞིག་དང་ལབ་མི་ཐུབ་པ་ཞིག་རེད། རེད་དེ་མིག་ཡ་གཅིག་ཡིན་པའི་རྒྱུ་མཚན་གྱིས་ཞ་འགྲོག་རང་ཡིན་པར་ཡིད་ཆེས་ཡོད། ཡང་ཁྱོད་ཀྱིས་བློ་སེང་ཐོག་མར་བཀའ་ཁྲིའི་འོས་མིར་ལངས་སྐབས་ཀྱི་རྫུན་ཚིག་ཞེས་པ་ནི་ཧང་སང་དགོས་པའི་སྒྲོ་བཏགས་ཤིག་ཡིན་པ་ལས་རྒྱ་ཆེའི་མང་ཚོགས་ངོས་སུ་ནམ་ཡང་ཁྱེད་ཉིད་ཤི་ཡང་ཡིད་ཆེས་བྱེད་ཀྱི་མ་རེད། ཡང་ཁྱོད་ཀྱིས་བོད་མིས་རང་སྲོག་བློས་བཏང་གི་དུས་ཚོད་ཛ་དྲག་འདིར་བློ་སེང་དགྲ་རྒྱ་དམར་ལ་ཁ་གཏད་བཅོག་རྒྱུ་ཕར་བཞགས་ཏེ་ལེགས་ཉེས་བླངས་དོར་གྱི་བསླབ་བྱ་སྐྱོན་མཁན་གྱི་མི་སྣ་གལ་ཆེན་ཞིག་ལ་ཁོན་ལན་སློག་པའི་ལས་དང་ཞེས་པ་དེ། དངོས་གནས་ཁྱེད་ཉིད་མིག་ཡ་གཅིག་མ་ཟད་མིག་གཉིས་ཀ་བཙུགས་ནས་བསྡད་ཡོད་ས་རེད། དེང་སྐབས་བཀའ་སྤྱིའི་གཉིས་ཀྱི་ལས་འགུལ་དེང་བར་མ་བྱུང་བ་མང་པོ་རབ་རིམ་བྱས་ནས་སྤེལ་བཞིན་པ་མི་མཐོང་བས་མིག་གཉིས་བཙུམས་ཡོད་པར་དེ་ཡིས་རྟོགས་སོང་། ཡང་བཀའ་ཁྲི་ལ་སློབ་སྟོན་ནམ་སླབ་བྱ་བྱེད་མཁན་དེ་སུ་ཡིན་ན་མིང་དང་བཅས་པ་གསལ་པོ་ཞིག་གསུང་རོགས། དེ་ལྟ་བུས་བཀའ་ཁྲི་ལ་ཐབས་ཟད་ཐུགས་རོགས་སླབ་བྱ་བྱེད་མཁན་ཞིག་དགོས་པའི་སྐད་ཆ་དེ་ཡང་གསར་པ་རེད་ངོ་མཚར་ཆེ།
བཀུར་དགོས་པ་དང་བཀུར་འོས་པ་ལ་གོང་བཀུར་ཞུས་ན་ཆོག་མོད། སྐྱོན་ལ་ཡོན་ཏན་དུ་མཐོང་ནས་ཕྱོགས་ཞེན་ཁོ་ན་ལ་འབད་ན་དགེ་ལས་སྐྱོན་ཆེ་བ་འབྱུང་སྲིད། དེ་ཡང་གྲོགས་པོ་མཛའ་ན་སྐྱོན་ལ་མཛུ་མོ་ཚུགས་ཞེས་པ་ལྟར་སྐྱོན་ལ་སྐྱོན་དུ་ཤེས་ནས་ཡོ་སྲང་བྱས་ན་ཕན་ལས་གནོད་མེད་སྙམ་མོ།། །།
བཀའ་ཁྲིའི་མཚན་གནས་ཀྱི་ཆེད་དུ་བློ་བསང་སེང་གེས་བབ་བརླིང་གཏན་གྱི་སྒོ་ནས་དཀའ་ལས་བརྒྱག་དགོས་པ་ལས། བློ་བཟང་སེང་གེའི་མིང་གྲགས་ཀྱི་ཆེད་དུ་བཀའ་ཁྲིའི་མཚན་གནས་དབྱུག་པ་ནང་བཞིན་རྡོག་རྡོག་ཚང་མ་བརྡུང་སྤྱད་བྱེད་བཞིན་ཡག་པོ་མ་རེད། ཚང་མས་ཤེས་ནས་འགོག་དགོས་པ་ཞིག་མ་རེད་དམ།
བློ་སེང་དང་བཀའ་ཁྲི་གཉིས་ཀྱི་དབྱེ་མཚམས་མ་འདྲེས་པའི་ཐོག་ནས་གླེང་རོགས། བློ་སེང་བཀའ་ཁྲིར་འོས་མིན་བཤད་ཀི་ཡོད་པ་ལས། བཀའ་ཁྲི་རང་ལ་སྐྱོན་བརྗོད་བྱེད་ཀི་མེད་པ་ཤེས་དགོས་པ་རེད། དཔེར་ན་སྲོང་བཙན་སྒོམ་པའི་རྣམ་ཐར་འཁྲབ་མཁན་ལ་སྐྱོན་བརྗོད་བྱས་ན། སྲོང་བཙན་སྒམ་པོར་སྐྱོན་བརྗོད་པ་མ་ཡིན་པ་ཤེས་རོགས་གྱིས། དེ་མཚུངས་བློ་སེང་གནས་སྐབས་བོད་ཀྱི་བཀའ་ཁྲི་འཁྲབ་མཁན་གྱི་མི་སྣ་དེ་ཡིན་པ་རེད། ཡིན་ཡང་ཁོས་བོད་ཀྱི་བཀའ་ཁྲི་འཁྲབ་མ་ཤེས་པའི་ཉེས་པ་ཆེན་པོ་ལྷག་རྒྱུ་མ་ཟད། བོད་ཀྱི་བཀའ་ཁྲིའི་ཞབས་འདྲེན་ཆགས་རྒྱུའི་སེམས་འཚབ་ལངས་ཀི་ཡོད་པ་རེད།
སྲིད་འཛིན་ཡིན་བཞིན་པའི་ཨོ་བྷ་མ་ལ་སྐྱོན་བརྗོད་བྱེད་པ་དེ་ཨ་རིའི་སྲིད་འཛིན་ལ་སྐྱོན་བརྗོད་བྱས་པ་མ་རེད་ཅེས་བཤད་ན་སུས་རྣ་བ་ལ་འགྲོ་སྲིད་དམ།
རིག་བྷི་གསུང་ཚུག་ལ་རྟགས་ན་བཀའ་ཁྲི་གསར་པ་ཁྲི་ལས་དབྱུང་ཡག་གིས་ཐབས་ཤེས་དེ་ཡིན་པ་རེད། ཅི་འདྲའི་ལྷག་བསམ་ཅན་ཞིག ད་ཁྱོད་ཀྱིས་རྒྱལ་སྤྱིའི་ཁྲིམས་ལས་ཡོངས་སུ་འགལ་བའི་ལམ་སང་བཀའ་བློན་གསར་པ་དེ་སུ་ལ་དམིགས་ཡོད། ཁྱོད་ཀྱི་རང་གི་གྲོགས་པོ་ལ་རྒྱ་ཅན་དེ་མ་རེད་བ།
རིག་བྷི་གསུང་ཚུག་ལ་རྟགས་ན་བཀའ་ཁྲི་གསར་པ་ཁྲི་ལས་དབྱུང་ཡག་གིས་ཐབས་ཤེས་དེ་ཡིན་པ་རེད། ཅི་འདྲའི་ལྷག་བསམ་ཅན་ཞིག ད་ཁྱོད་ཀྱིས་རྒྱལ་སྤྱིའི་ཁྲིམས་ལས་ཡོངས་སུ་འགལ་བའི་ལམ་སང་བཀའ་བློན་གསར་པ་དེ་སུ་ལ་དམིགས་ཡོད། ཁྱོད་རང་གི་གྲོགས་པོ་ལ་རྒྱ་ཅན་དེ་མ་རེད་བ།
ཛ་དྲག་གི་གནས་སྟངས་འདིར་ངེད་ཀྱི་རྩོམ་ཡིག་དང་བཀའ་ཁྲིའི་ཐག་གཅོད་གླེང་ཕྱོགས་ལ་ཁྱེད་རྣམ་པས་དགོངས་འཆར་གནང་བ་འདི་རིན་ཐང་ཆེ་ལ། ངེད་ཀྱི་མི་ཚེའི་ལོ་རྒྱུས་དེབ་ཐེར་ཁྲོད་འགོད་འོས་པ་ཞིག་དང་། འགོད་རྒྱུའི་ལས་འཆར་གྱིས་ཕྱོགས་སྡོམས་ཀྱིས་དེབ་གཟུགས་བཟོ་འགོད་ཅིག་ཀྱང་བར་གསེང་ནས་བྱེད་མུས་ཡིན་སྟབས། ངས་བསམ་ཚུལ་ཁ་ཤས་ཤིག་མི་བརྗོད་ཐབས་མེད་ཆགས་སོང་།
༡ ཉིན་གླའི་ལས་བྱེད་ཟླ་བ་ ༡༡ རེའི་མཚམས་སུ་བསྐོ་བཞག་བྱེད་སྲོལ་ཡོད་པ་ལྟར། འབྲེལ་ཡོད་ཚོགས་གཙོས་རྒྱབ་གཉེར་ཤུགས་ཆེན་ཐེངས་ ༢ བཀའ་དྲུང་བརྒྱུད་བཀའ་ཤག་ལ་སྙན་གསེང་ཞུས་ཀྱང་། བཀའ་ཁྲི་མཆོག་གིས་དགོངས་བཞེས་གནང་ཐབས་མེད་རྐྱེན་རྩོམ་ཡིག་དེ་ག་རང་ཡིན་པ་ཡིག་ཐོག་ཏུ་གསལ་བ་ལྟར། རྩོམ་ཡིག་དེར་བླང་དོར་སྒྲིག་གཞིས་དམ་བསྒྲགས་གནང་བའང་གསལ་བོ་ཡིན་སྟབས། བླང་དོར་སྒྲིག་གཞིའི་ཁྲིམས་ཀྱིས་མ་ཁྱབ་པའི་གནས་སྟངས་ཤིག་དེའི་ཁོངས་བཙན་སྦྱར་བྱས་པ་དང་། བཀའ་ཤག་སྔོན་མའི་སྐབས་ཀྱི་ལམ་ལུགས་དེའང་མ་མཐུན་པ་བཅས་ཀྱིས་ཐག་གཅོད་གནང་ཕྱོགས་ཀྱི་དགོས་དམིགས་དོགས་གཞིར་གྱུར་བ་ནི་གནས་སྟངས་གཅིག་རེད།
༢ དཔྱད་གླེང་བ་རྣམས་ཀྱིས་ཕྱོགས་གཉིས་ཀྱི་དོན་དངོས་ཡིག་ཐོག་ཏུ་ཡོད་པ་དཔང་པོར་བཞག་ནས་འཛིན་སྐྱོང་དང་ཁྲིམས་སྒྲིག་གི་འབྲུ་དོན་དང་ཁྱབ་ཚད་ལ་དཔྱད་པ་བྱེད་ཐུབ་པ་ཡིན་ན། དཔྱད་གླེང་པས་སྙིང་དོན་འཇུ་ཐུབ་པ་དངོས་ཡོད་གནས་ཚུལ་རང་རེད། དེ་ལྟར་དཔྱད་གླེང་གནང་རྒྱུ་ནི་རང་རང་སྒེར་གྱི་ཤེས་བྱའི་ནང་ཁོག་དང་འབྲེལ་བ་ཡོད་པར་ངེད་ནས་ངོས་འཛིན་བྱེད་ཀྱི་ཡོད།
༣ བཀུར་འོས་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་སོགས་ཀྱིས་ཕྲན་ལ་རྒྱབ་སྐྱོར་གནང་བ་ནི། རྩོམ་གྱི་ནང་དོན་དང་སྒྲིག་གཞིའི་ཁྱབ་ཚད་ལས་མ་བརྒལ་བ། གཞུང་གི་འཛིན་སྐྱོང་འགྲོ་སྟངས་མཁྱེན་པའི་གནས་བབ་ཐོག་བྱུང་བ་ཡིན་པར་ངེད་ནས་ངོས་འཛིན་ཞུ་བཞིན་ཡོད་པ་ལས། ཚོར་སྣང་དང་ཧམ་བརྗོད་བྱ་ཉག་ཅིག་བྱ་མིན་སོ་སོའི་འདོད་པ་རེད།
༤ རྩོམ་ཡིག་གི་བརྗོད་གཞི་དང་འབྲེལ་ནས། ཡང་ན་བཀའ་ཁྲིའི་ལས་འཆར་དག་གི་གནས་བབ་རྒྱལ་སྤྱི་དང་བོད་ཀྱི་ཤེས་ལྡན་པ་ཚོས་ད་བར་ངོས་འཛིན་གང་བྱུང་ཡོད་མེད་ཕྲན་གྱི་དཔྱད་གཏམ་དེའི་རྒྱ་ལས་བརྒལ་ཡོད་མེད། ཡང་ན་དོགས་འདྲི་དང་བགྲོ་གླེང་། དེ་ལས་ཀྱང་རྦད་དེ་དགག་གཞག་གིས་དབང་རྟུལ་ལབ་བརྡོལ་གྱི་གྲས་སུ་འདོགས་ཐུབ་ན་ངས་དེ་ལ་སྙིང་ནས་དགའ་བསུ་ཞུ་རྒྱུ་ཡིན་ལ། དེ་བཞིན་སེང་གེའི་བཀའ་ཤག་གི་མདུན་ལམ་ཐད་ཕྱོགས་གང་ཞིག་ནས་ཅི་ལྟར་བགྲོ་གླེང་གནང་ཡང་། ངེད་ནས་ཡི་ག་ན་གཅིག་ཕར་ཞོག ཚེག་གཅིག་ཀྱང་རང་དགར་མི་འཇོག་པར་ཁྱེད་ཚོར་དུས་ཚོད་བཏང་ནས་ལན་འདེབས་ངེས་ཡིན།
༥ ངའི་རྩོམ་ཡིག་གི་ནང་དོན་མ་རྟོགས་པར་འོལ་ཚོད་ཀྱི་ལས་འབའ་ཞིག་བསྟེན་མཁན་དག་ལའང་ཤེས་འདོད་ཀྱི་དྲི་བ་གང་ཞིག་ཡོད་ཀྱང་། ཚ་འདྲི་གནོང་དང་ལན་མེད་ཚེ་ཁྱེད་ཅག་གི་ཞབས་ཕྲན་གྱི་སྤྱི་བོའི་གཙུག་ལ་ལན་ངེས་ཡིན།
༦ དེ་ཙམ་མ་གཏོགས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་ལས་དོན་སྣེ་མང་ཡོང་བཞིན་པས། གོང་བཀོད་དག་དང་མཐུན་པའི་བགྲོ་གླེང་བ་སླེབས་ན་མ་གཏོགས། ཡ་ལན་བྱེད་ཁོམ་མི་འདུག་པས་དགོངས་འགལ་མེད་པ་ཞུ།
ད་ཡིན་ན་བལྟས་མོ་འདུག ཆགས་སྡང་རྣམས་ཟད་པར་འགྱུར་ཅིག བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཁྱེན་ནོ། བོད་མིའི་ལས་དབང་ལ་དུས་ཐམས་ཅད་དུ་གཟིགས་པར་མཛོད་ཅིག ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བོད་མི་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་འཕྲིན་ལས་མཛོད་ཅིག བོད་མི་རྣམས་མཐུན་པར་འགྱུར་ཅིག བོད་དོན་ལ་ཆིག་སྒྲིལ་ངང་འབད་པར་འགྱུར་ཅིག བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ། ་བླ་མ་རྒྱལ་བ་རིན་པོ་ཆེ་མཁྱེན་ན།། །།
མཁྱེན་ན། མཁྱེན་ནོ་ལ་བཅོས་རོགས་
རྩོམ་པ་པོ་ཤར་ཁུགས་ལགས་གུས་པས་ཁྱེད་ཀྱི་ལྷག་བསམ་དང་དྲང་བདེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བཞུ་རྒྱུ་མ་ཟད། ཉིད་ནས་ཀྱང་སྔར་བཞིན་བཙན་རྒོལ་རྒྱལ་སྐྱོབས་ཀྱི་ལས་དོན་ཁག་ལ་འབད་བརྩོན་གནང་རོགས་ཞེས་ཡང་སྐྱར་ཞུ་བཞིན་མཆིས་ལགས།། །།
ངེད་ཚང་གི་གོ་ཐོས་བྱས་ན། ཤར་ཁུག་འདི། དབུ་མ་བ་ཞིག་ཡིན་སོ་ཡོད། དབུ་མའི་རྩ་དོན་གཙོ་བོ་དེ། ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་བྱེད་རྒྱུ་དེ་རེད། ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་ཚར་དུས། ད་ཀྲུང་དབྱང་སྲིད་གཞུང་ལ་ལན་ག་རེ་འདེབས་དགོས་རས། ལན་འདེབས་རྒྱུ་ག་རེ་ལྷག་ཡོད་རས། འདི་སུས་སོའི་མགོ་སྐོར་བཏང་གི་ཡོད་རས། འོ་ན། ངེད་བོད་མི་ཉམ་ཆུང་རྣམ་ཁྱེད་ཚོའི་ཚོང་ཟོག་རེད་པས།། ་་་་དེ་ལས་ཤར་ཁུག་ཁྱོད་དབུས་ཀྱི་མིའི་བཟང་སྤྱོད་ལ་སློབ་སྦྱོང་ཕྲན་ཙམ་བྱས་ན་བསམ། ཁྱོད་ཀྱི་མཐོང་གསལ་བཞིན། དབུས་ཀྱི་མི་རྣམ་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་ནང་ནས་ཕུད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནས་ཕུད་ཀྱང་། དེར་རྒོལ་མཁན་མི་འདུག་ན་དེ་བཟང་སྤྱོད་རེད་ལགས། ཡིན་ཀྱང་འདི། སྲིད་སྐྱོང་བ་བློ་བཟང་སེང་གེ་ལགས་ཀྱི་བྱས་ཉེས་མ་རེད་ཞུ་རྒྱུ་ཡིན་ལགས། ་་་བོད་པ་ཚང་གི་གཏམ་དཔེ་ཞིན། ལག་པར་ཤ་ཡོད་ན། ནམ་མཁར་བྱ་ཁོར་ཟེར་བ་རེད། མིང་ཆེན་རྩོམ་པ་པོ་ཁྱེད་ཉིན་གླ་ཞིག་ནས་ཕུད་པར་འཛམ་བུ་གླིང་ལ་ཐོན་ནས་ངུ་རྒྱུ་ཅང་མ་ཐོང་།།
ཁ་བརྡ་ཚང་ལ་ཞུ་རྒྱུར། ངེད་ཚང་གི་མཚན་བུ་འདི། དུས་ཡུལ་སྐར་ཆ་ཁ་ཤས་ནང་། ནག་སུབ་ཏུ་བཏང་འདུག་པས་དེ་དོན་མཚན་བུ་འདིས་ཁ་བརྡའི་ཁྲིམས་ཀྱི་དོན་མཚན་གང་དང་འགལ་ཡོད་མེད་ཀྱི་གསལ་བཤད་ཞིག་གནང་བའི་རེ་བ་ཡོད།།
བོད་ལ་རྒྱའི་སྲོག་དམར་འཐབ་རྩོད་ནང་། །སྡུག་རང་དོན་དཔའ་བའི་གོ་ཆ་ཅན། །མིང་བློ་ཆོས་གྲགས་པའི་མི་ངན་ཁོར། །སེམས་བསམ་བཞིན་སྙིང་རླུང་གཏིང་ནས་ལྡང་། །
བློ་ཆོས་ནག་ཉེས་དེ་བསྐལ་བ་བརྒྱ་རུ་འགྱོད་བཤད་བྱས་ཀྱང་དག་གིན་མ་རེད། ད་རང་ཁ་རང་གིས་བདག་པོ་དང་རང་ཉིད་ལྟ་སྤྱོད་ལ་བསམ་གཞིགས་ཤིག་མི་བྱེད་པར་ད་དུང་སྐྱོན་ཅན་མི་ཡིས་གསལ་བཤད་ལ་སྐྱོན་མེད་བྱ་བ་ལམ་འགྲོ་ཞིག་མི་སྲིད་པ་ཞིག་རེད།
བོད་ཕྲུག་ཚོ་གང་ལྟར་ཀྱང་ཁ་ཤེས་ཀྱི་སྐྱོན་ལ་ཡོན་ཏན་དུ་མཐོང་ནས་ཕྱོགས་ཞེན་ཁོ་ན་ལ་འབད་ན་དགེ་ལས་སྐྱོན་ཆེ་བ་འབྱུང་སྲིད། ཟེར་བ་དང་གཅིག་འགའ་ཞིག་གི་སྐྱོན་ལ་སྐྱོན་དུ་ཤེས་ནས་ཡོ་སྲང་བྱས་ན་ཕན་ལས་གནོད་མེད་ཟེརབ་དང་གཉིས། ཁ་གཅིག་ནི་ཁུག་ལྟས་ནོར་བར་འདོད། ཡང་རེ་འགའ་ནི་བློ་སེང་གི་ཐག་གཅོད་དེ་ཐལ་གྲགས་སོང་ཟེརབ་་སོགས་དང་། ཡང་ལ་ལས་བློ་སེང་དང་བཀའ་ཁྲི་གཉིས་ཀྱི་དབྱེ་མཚམས་མ་འདྲེས་པའི་ཐོག་ནས་གླེང་རོགས། བློ་སེང་བཀའ་ཁྲིར་འོས་མིན་བཤད་ཀྱི་ཡོད་པ་ལས། བཀའ་ཁྲི་རང་ལ་སྐྱོན་བརྗོད་བྱེད་ཀྱི་མེད་པ་ཤེས་དགོས་པ་རེད། དཔེར་ན་སྲོང་བཙན་སྒོམ་པའི་རྣམ་ཐར་འཁྲབ་མཁན་ལ་སྐྱོན་བརྗོད་བྱས་ན། སྲོང་བཙན་སྒམ་པོར་སྐྱོན་བརྗོད་པ་མ་ཡིན་པ་ཤེས་རོགས་གྱིས། དེ་མཚུངས་བློ་སེང་གནས་སྐབས་བོད་ཀྱི་བཀའ་ཁྲི་འཁྲབ་མཁན་གྱི་མི་སྣ་དེ་ཡིན་པ་རེད། ཡིན་ཡང་ཁོས་བོད་ཀྱི་བཀའ་ཁྲི་འཁྲབ་མ་ཤེས་པའི་ཉེས་པ་ཆེན་པོ་ལྷག་རྒྱུ་མ་ཟད། བོད་ཀྱི་བཀའ་ཁྲིའི་ཞབས་འདྲེན་ཆགས་རྒྱུའི་སེམས་འཚབ་ལངས་ཀྱི་ཡོད་པ་རེད།༽ གོང་གི་དཔེ་དེ་དོན་ལ་འཇུག་མིན་ལ་མ་ལྟོས་པར། ཕྲན་བུ་བསམ་བློ་གཏོང་ས་ཞིག་ཡོད་པར་སྣང་། མཐའ་དོན་བསྡོམས་ཤིག་བརྒྱབ་ན་ཁུག་ལྟས་ལྷག་བསམ་ཡིན་ཤག་གི་སྣང་བ་གདོང་ཐད་ཀྱི་མི་རིགས་ཤིག་གི་ལ་རྒྱ་དང་སྙིང་ཁོང་གི་རྩ་དོན་སྐད་ཡིག་གི་སེམས་འཚབ་སོགས་ཀྱི་སྐོར་ལ་རང་གི་དཔག་ཚོད་ཀྱི་འགན་ཞིིག་བླང་ནས་སེམས་ནང་དྲན་ཚོད་གཅིག་ཡིག་ཐོག་ཏུ་བཀོད་པ་དེར་འགྲག་མིན་སྣ་ཚོགས་ཀྱང་།
བློ་སེང་གི་རྐྱན་ངན་འདིའི་ཐད་ཞིམ་འཇུག་ཐིལ་ཕྱིན་པ་གཅིག་མ་བྱས་པར་རང་མཚམས་སམ་ཧོལ་ཁྱུག་གི་ཐག་གཅོད་བྱས་པ་དེ་ནི་བློ་སེང་རང་ལ་འཛིན་སྐྱོང་གི་ཉམ་མྱོང་གང་ཡང་མེད་པའི་རྟགས་ཤིག་བསྟན་དང་། ཆབ་གཅིག་རང་གི་གཤམ་འོག་ལས་བྱེད་ཚོར་སྡིག་ར་བསྐུལ་བ་དེ་ལམ་འགྲོ་ཡོང་བསམ་ཏེ་རྨིསལམ་སྐྱིད་པོ་ཅིག་ལ་རེ་བ་བརྒྱབ་ཀྱང་དེ་ལམ་འགྲོ་མ་སོང་པར་ད་ཆ་ཅི་བྱ་ལྟོལ་མེད་ཀྱི་བཀའ་ཁྲིའི་ངང་ཚུལ་དང་མི་རབ་གསར་འི་རྐུག་རྟགས་ཤིག་རང་བསྟན་འདུག་གོ།
བློ་སེང་རང་ལ་འཛིན་སྐྱོང་གི་ཉམ་མྱོང་གང་ཡང་མེད་པའི་རྟགས་ཤིག་བསྟན་པ་དང་། ཞེས་པར་བཅོས་རོག་གནང་
འདི་བློ་སེང་རང་ལ་འཛིན་སྐྱོང་གི་ཉམ་མྱོང་གང་ཡང་མེད་པའི་རྟགས་ཤིག་བསྟན་དང་།
ཁུག་རྟའི་སྐོར་བློ་སེང་ལགས་ཀྱིས་རྟོག་ཞིབ་མ་བྱས་ནས་གནས་ཚུལ་འདི་བྱུང་བ་ཡིན་རྒྱུ་མ་རེད། རྟོག་ཞིབ་བྱས་ཏེ་ཐག་བཅད་པ་རེད་སྙམ། རྒྱུ་མཚན་ངོ་མ་དེ་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོས་གསལ་པོ་ལབ་འདུག དེ་རྒྱུ་མཚན་ཡང་དག་ཅིག་ཏུ་འགྲོ་གི་མེད་ན་མེད་པའི་རྒྱུ་མཚན་ཡང་དག་བཤད་དགོས་པ་རེད། དེ་མིན་མང་པོ་བཤད་ན་རང་གཞན་ཚང་མ་མ་བདེ་བ་དང་མ་སྐྱིད་པ་ཡོང་རོགས་རེད།
ཁ་ཅིག་ན་རེ། བོད་དོན་ཛ་དྲག་གི་སྐབས་འདིར་ཁུག་རྟའི་སྐོར་མ་གླེང་ཟེར།
ཁ་ཅིག་ན་རེ། ཁུག་རྟ་ཕུལ་བྱུང་རྩོམ་པ་པོ་རེད་ཟེ།
ཁ་ཅིག་ན་རེ། བློ་སེང་ལ་སྦྱོར་དངོས་མཇུག་གསུམ་གར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
ཁ་ཅིག་ན་རེ། ཁ་བརྡ་འདི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་རྒྱབ་སྐྱོར་བ་རེད་ཟེར།
དང་པོ་ལྟར་ན། བོད་དོན་ཛ་དྲག་གི་སྐབས་འདིར་དབང་འཛིན་པས་མི་མང་ཕལ་པའི་ལུས་སེམས་ལ་མནར་གཅོད་གང་འདྲ་ཞིག་བཏང་ཡང་། སྣང་མེད་དུ་བསྡད་རྒྱུ་ཡིན་ནམ། ཤོད་མཁན་རང་ཉིད་ཀྱི་ལུས་ཐོག་ཏུ་འདི་ལྟ་བུའི་གནས་ཚུལ་ཞིག་འབྱུང་ན། བོད་དོན་ཛ་དྲག་རེད་ཅེས་འདོར་ཨེ་ཐུབ། ད་དུང་ཁུག་རྟའི་གནས་ཚུལ་འདི་སྒེར་ཙམ་མ་ཟད། ང་ཚོའི་སྤྱི་དཔོན་བཀའ་ཁྲི་བློ་སེང་གི་བྱ་སྤྱོད་ཡིན་པས། ངས་བལྟས་ན། འདི་གླེང་ནས་གཙང་མ་བཟོ་རྒྱུ་སྤྱི་སྒེར་གཉིས་ཀའི་དོན་རེད།
གཉིས་པ། ཁུག་རྟས་རྩོམ་སྤེལ་བཞིན་པ་དངོས་ཡོད་རེད། རྩོམ་འགའ་ཞིག་ལེགས་པོ་འདུག འོན་ཀྱང་ཁུག་རྟ་མེད་ན། རྒྱ་ནག་ལ་ལན་འདེབས་པ་པོ་མེད་པ་མ་རེད་ལ། ཁོ་ལ་དམིགས་བསལ་གྱི་རྩོམ་པ་པོའི་ཁྱད་ཆོས་མི་ཚང་བ་དང་། ད་དུང་ཁོ་པ་བྱེད་རྒྱུ་མང་བའི་མི་ཞིག་ཀྱང་རེད། ཁུག་རྟའི་ལུས་སེམས་ལ་མནར་གཅོད་ཕོག་པ་དངོས་ཡོད་རེད། འུར་བསྟོད་བྱས་དྲག་ན། ཕྱོགས་ཞེན་རེད། དེའི་སྐྱོན་ཤོད་མ་དགོས་པ་རེད།
གསུམ་པ་ལྟར་ན། བློ་སེང་བཀའ་ཁྲིར་ཞུགས་སྐབས་རྒྱབ་སྐྱོར་བྱས་པ་དེ་ཁྱོད་ཀྱི་ཐོབ་ཐང་ཡིན་རུང་། ནོར་འཁྲུལ་ཤོར་སྐབས་མཛུམ་བོ་རི་སྟོན་མ་བྱས་ཚེ། བློ་སེང་གཡང་སར་དེད་ཀྱི་ཡོད་རེད། དེས་ཚད་ཀྱི་མ་རེད། ད་དུང་ང་ཚོ་ཚང་མ་གཡང་སར་དེད་ཀྱི་ཡོད་རེད། རྨོངས་དད་ཅེས་པ་ངོ་ཤེས་ན་དེ་རེད། ཤེས་པ་གྱིས། རྒྱ་མིས་ཀྱང་དེ་ལས་ལྷག་བྱེད་རྒྱུ་ཡོད་མ་རེད།
བཞི་པ་ལྟར་ན། ཁ་བརྡ་དྲྭ་རྒྱ་བཀྲས་མཐོང་གི་རྒྱབ་སྐྱོར་བ་རེད་ཟེར། ང་ཁ་བརྡར་ཞུགས་མཁན་གྲས་ཡིན། དེ་འདྲའི་མངོན་རྟགས་ཅི་ཡང་མཐོང་མ་སོང་། དེ་ལས་བང་ཆེན་ཞེས་པ་དེ་ནས་མངོན་གསལ་ཆེ་ཞིང་། ཉེན་འཚབ་ཆེ་བའི་བྱ་སྤྱོད་སྤེལ་བ་མཐོང་སོང་། ཁྱོད་ཀྱིས་ཨེ་ཤེས། རྫ་ཆུའི་བརྡ་རྟགས་ཞེས་པ་དེའི་རྩོམ་འཆལ། དེ་ཚོ་མི་མང་གི་སེམས་ལ་བཅངས་ཡོད་རེད།
མདོར་ན། བློ་སེང་ང་ཚོའི་བཀའ་ཁྲི་རེད། རྒྱབ་སྐྱོར་བྱེད་པ་བརྗོད་མ་དགོས། ད་སྐབས་བློ་སེང་ལ་རྒྱབ་སྐྱོར་མི་བྱེད་ན་ཚོར་སྣང་གཅིག་པུའི་དབང་དུ་བཏང་སྟེ། སྤྱི་དོན་བོར་བའི་རྟགས་རེད། ཁུག་རྟ་ང་ཚོ་བོད་ཀྱི་མི་མང་ཕལ་པ་གཅིག་པ་རེད། ཁོ་ལ་མནར་གཅོད་ཕོག་དུས་ང་ཚོས་དྲང་བདེན་གྱི་རྒྱབ་ཏུ་ལངས་ནས་བདེན་འབོད་ངེས་པར་ཞུ་དགོས། དེར་བརྟེན་གནས་ཚུལ་དེར་བརྟག་ཞིབ་བྱེད་དུས་ཆོལ་ཁ་དང་ཕྱོགས་ཞེན་གྱི་སྐོར་ཡོད་མ་རེད། འགོ་དཔོན་པོས་དམངས་ཕལ་པར་ཉེས་མེད་ཉེས་འགེལ་བྱས་པའི་གནས་ཚུལ་རེད། དེར་བརྟེན། རྩད་ཞིབ་སྐབས་བཀའ་ཁྲིས་ཁུག་རྟ་གང་འདྲ་བྱས་ནས་ཆོད་གན་མ་རྫོགས་གོང་ལས་གནས་བཀག་མིན་དང་། དེའི་རྒྱུ་རྐྱེན་བཅས་ལ་རྩད་ཞིབ་བྱས་ནས་རྩོམ་སྤེལ་ཐུབ་ན། དོན་དང་ལྡན་པའི་ཡར་རྒྱས་ཀྱི་སྐུལ་འདེད་དུ་འདོད་དོ།།
བཀའ་ཁྲི་སེང་གེ་དང་ཁུག་རྟ་གཉིས་ཀྱི་སྐོར་ལ་མཆན་འགྲེལ་དང་བསམ་ཚུལ་བཤད་མཁན་འདུག
ལྷག་པ་ལགས། ཁྱེད་རང་བློ་གཟུ་བོར་གནས་མདོག་ཇི་ལྟར་བསྟན་ན་ཡང་བཀའ་ཁྲིའི་ཐག་གཅོད་དེ་ནོར་འཁྲུལ་ཡིན་ཤག་དང་། ཤར་ཕྱོགས་ཁུག་རྟས་བཤད་པ་དེ་བདེན་པ་ཡིན་ཤག་བྱེད་པ་འདིས་རང་མཚང་རྗེན་པར་བསྟན་སོང་། ཁྱེད་ཀྱིས་ཤར་ཁུག་ལ་བདེན་པ་ཡོད་ལུགས་བཤད་བཞིན་འདུག་ཀྱང་ལེན་འདེབས་ཚོགས་ཆུང་གི་ཚོགས་གཙོ་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ནས་ “ གནད་དོན་དེ་ནི་ལས་བྱེད་བླང་དོར་སྒྲིག་གཞི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ལས་བྱེད་ཀྱི་ཀུན་སྤྱོད་བླང་དོར་དོན་ཚན་ལས། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད། འོན་ཀྱང་། བློ་བཟང་ཆོས་འབྱོར་ལགས་ལས་གནས་ནས་ཕྱིར་འཕུད་བཏང་བའི་སྐད་ཆ་མ་ཡིན་པར། ཉིན་གླའི་ལས་གནས་དེར་མུ་མཐུད་བསྐོ་བཞག་གནང་ཡོད་པ་མ་རེད།” ཅེས་གསུང་འདུག་ལ། འདི་ནི་ཤར་ཕྱོག་ཁུག་རྟའི་དབུ་ཁྲིད་ནས་གསུང་པའི་སྐད་ཆ་ཡིན་པ་ལས་བཀའ་ཁྲིས་གསུང་པའི་སྐད་ཆ་མ་རེད། དེས་ན་ཁྱེད་རང་ལ་དྲིལ་བསྒྲགས་དྲུང་ཆེའི་སྐད་ཆ་དེ་རྫུན་པ་དང་ཤར་ཕྱོགས་ཁུར་རྟའི་སྐད་ཆ་དེ་བདེན་པ་ཡིན་པའི་ཁུང་སྐྱེལ་ར་སྤྲོད་བྱེད་རྒྱུ་ཡོད་ན་འདིར་ཤོད་ལ་ཤོགས། དེ་མིན་ཇི་ལྟར་བཤད་ཀྱང་སྟོང་བཤད་རེད།
ལུང་རྟོགས་ལགས། ཉིན་གླ་བ་ཞིག་གིས་གཞུང་ཞབས་པའི་སྒྲིག་གཞི་འཁུར་དགོས་ན། དེ་མཚུངས་ཀྱི་གཞུང་ཞབས་དང་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་པ་རེད། ཉིན་གླ་བས་གཞུང་ཞབས་པའི་སྒྲིག་གཞི་འཁུར་དགོས་པའི་རྒྱུ་མཚན་གསུངས་དང་། སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དེ་ལྟར་གསུངས་ཀྱི་རེད། དེའི་རྒྱུ་མཚན་ཁོང་རང་གིས་ལན་འདེབས་གནང་བ། འདི་ལྟར། ལས་བྱེད་ཟེར་བ་དེ་སྒང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་དང་ལག་ལེན་བསྟར་མཁན། མི་མང་ལ་འགྲེལ་བཤད་རྒྱག་མཁན་རེད།” ཅེས་གསུངས་འདུག བཀའ་ཁྲིས་ཁུག་རྟའི་ལས་གནས་བཀག་རྒྱུའི་བཀའ་ཕབས་ནས་ལག་བསྟར་བྱས་རྗེས་སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བཀའ་ཁྲིས་ལག་བསྟར་གནང་བ་ལས་ལོགས་སུ་གཞན་ཞིག་ཇི་ལྟར་གསུངས་ཤེས།
ཁུག་རྟའི་ལས་ཡུན་མ་རྫོགས་གོང་ལས་གནས་བཀག་པ་དེ་ཁ་ཐུག་བཤད་ན། ཕུད་པ་རང་རེད།
ད་བློས་ཆོས་སྐོར་མ་གླེང་ན་ཡག་ཁོང་ཉིད་བསམ་ཡོད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མིའི་སྤྱི་དོན་གནོད་པའི་རྒྱུ་རུ་འགྲོ་བ་ཧ་གོ་གིན་ཡོད། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་རང་ཡན་སོང་བ་དེ་ཚོས་ཚོགས་སྡེ་དང་སྒྲིག་འཛུགས་གང་ལ་གནོད་དེ་རང་ཉིད་ཀྱང་ཕོ་རོག་དཀར་པོར་ཆགས་འགྲོ་གིན་ཡོད་པར་གཟོད་ནས་རྟོགས་ཡོད་ཤས་ཆེ། འུ་ཅག་རྣམ་པར་ད་ནི་རྙོགས་གྲའི་ལབ་གླེང་དེའི་རིགས་རྒྱུན་སྤང་བྱེད་དེ་མདུན་སྐྱོད་ཀྱི་རྡོག་རྩ་སྒྲིག་ན་བཟང་།
ལྷག་པ་ལགས་ཀྱིས་ལུང་རྟོགས་སྨྲ་བ་ལན་མེད་དུ་བྱས་སོ།།
ལྷག་པ་ལགས། ཉིན་གླ་བས་ལས་བྱེད་ཀྱི་སྒྲིག་གཞི་ཁུར་དགོས་པའི་རྒྱུ་མཚན་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ནས་“གཞུང་གིས་ཕོགས་གནང་གི་ཡོད་སྟབས། གཞུང་གི་སྒྲིག་གཞི་གཞིར་བཟུང་ཡིན་གཅིག་མིན་གཅིག་འགྲོ་དགོས་གྱི་ཡོད་པ་རེད། ཅེས་གསུང་འདུག་ལ། ཡང་ཁྱེད་ཀྱིས་ཁུག་རྟའི་ལས་ཡུན་མ་རྫོགས་གོང་ནས་ཕུད་པ་རེད་ཅེས་བཤད་འདུག་ཀྱང་དྲིལ་བསྒྲགས་དྲུང་ཆེ་ལགས་ནས་”ངས་གོང་དུ་ཞུས་པ་ནང་བཞིན་ཉིན་གླ་དེ་རྫོགས་ཚར་པ་རེད། བསྐྱར་དུ་ཉིན་གླའི་ལས་བྱེད་བསྐོ་བཞག་མ་གནང་པ་རེད།” ཅེས་ཉིན་གླ་དེ་རྫོགས་ཚར་བ་གསལ་པོ་གསུང་འདུག་ན་སུ་ལ་བདེན་ཁ་སྦྱིན་དགོས་སམ། ང་ཚོ་ནི་དམངས་གཙོའི་སྤྱི་ཚོགས་ཡིན་པ་ལས་གཅིག་སྡུད་ཀྱི་སྤྱི་ཚོགས་མ་ཡིན་པས་བདེན་པ་མིན་བཞིན་དུ་བཀའ་ཁྲིའི་བཀའ་ཕབས་ཚད་དྲིལ་བསྒྲགས་དྲུང་ཆེས་སྒྲུབ་དགོས་པ་ཞིག་ག་ལ་ཡིན། མ་ཟད་དྲིལ་བསྒྲགས་དྲུང་ཆེ་དང་ཁུག་རྟ་གཉིས་ནི་ཚོགས་པ་གཅིག་གི་མི་ཡིན་པས་གལ་ཏེ་ཁུག་རྟ་ལ་བདེན་པ་ཡོད་ན། ཁོང་གིས་མཐའ་ན་གནད་དོན་འདི་ངས་ཤེས་ཀྱི་མེད་ཙམ་ཡང་མི་གསུངས་བར་གསལ་ཁ་འདི་འདྲ་ཞིག་གསུངས་ག་ལ་སྲིད། དེས་ན་ཁྱེད་རང་གིས་དྲིལ་བསྒྲགས་དྲུང་ཆེ་བཀའ་ཁྲི་ལ་ཕྱོགས་རབས་བཤད་པ་ནི་དྲིལ་བསྒྲགས་དྲུང་ཆེའི་མི་གཞི་ལ་སྨ་འབེབ་བྱས་པ་མ་ཟད། ཧམ་པ་རི་ཙམ་བཤད་ནས་བདེན་པ་གཡག་ཙམ་ཐོབ་ཐབས་བྱེད་པ་ལས་རྒྱུ་མཚན་ཡང་དག་གང་ཡང་མི་འདུག་པས། འདི་ལྟ་བུ་བཤད་ནས་དཔྱོད་ལྡན་སུ་ཡང་མགོ་བསྐོར་གཏོང་ཐུབ་གི་མ་རེད།
ཉིན་གླའི་དུས་ཡུན་ཕྱི་ཟླ་༡༡་ཚེས་༣༡་ལ་རྫོགས་ཀྱིན་ཡོད་པ་དུས་བབ་དྲ་ཐོག་གི་གསལ་བཤད་དེར་མ་ཡིག་རང་བཀོད་འདུག་པས་མངོན་སུམ་ལ་སུ་ཞིག་བསྙོན།
ཁུག་རྟས་བོད་ཡིག་གི་འགྱུར་ཁུག་སྒྲོག་བཞིན་པར་རྒྱབ་སྐྱོར་ཡོད། བཀའ་ཁྲིས་ཀྱང་བོད་ཡིག་སྲུང་སྐྱོབ་གནང་རྒྱུར་ཡིད་ཆེས་ཡོད། གཉིས་ཀའི་བར་གྱི་དོན་དག་ཡིན་ན་སྒེར་ངོས་ནས་ཐག་བཅད་ན་བཟང། ང་ཚོས་མི་ཤེས།
ད་རེས་གློ་བུར་དུ་ཚ་ཚ་འུར་འུར་གྱིས་བློ་སེང་དང་ཤར་ཁུག་གཉིས་ཀྱི་གནད་དོན་བསྐོར་ནས་ཤེས་མིན་གཉིས་ཀས་མང་བོ་མང་བོ་བཤད་སོང་། ངས་བལྟས་ན་ད་ནི་མཚམས་བཞག་ན་རེད་བསམ་གྱིན་འདུག བློ་སེང་བཀའ་ཁྲིད་ལ་མ་ཕེབས་གོང་དུ་ཁོང་གི་མི་གཞི་དང་ལོ་རྒྱུས་ལ་ཞིབ་འཇུག་ཡག་པོར་གནང་ནས་མི་དམངས་ལ་ཤེས་སུ་འཇུག་དགོས་པ་རེད། ད་ནི་ཁོང་གི་མི་གཞི་དང་འབྲེལ་བའི་ལོ་རྒྱུས་ག་ཚད་ཅིག་རྙེད་ཀྱང་ཕན་གྱིན་མ་རེད། དེ་བཞིན་ཤར་ཁུག་ལགས་ཀྱི་ཉིན་གླ་དེ་ཡང་ཤོར་སོང་བ་དངོས་ཡོད་གནས་ཚུལ་རེད། གསར་འབྱོར་བ་ཞིག་ལ་མཚོན་ན་ཡིད་སྐྱོ་དགོས་པ་དང་སེམས་ཁྲལ་ལོས་ཡོད། རེད་དེ་ཚང་མས་ཐུགས་བསམ་ཡག་པོར་གནང་རྒྱུ་གལ་ཆེན་པོ་རེད། བོད་ནང་ལ་ལྟོས་དང་་་་་གཅེས་པའི་རང་སྲོག་ལའང་མ་འཛེམས་པར་བོད་མིའི་ཆེད་དུ་མེར་བསྒྲོན་གྱིན་པ་རེད། ང་ཚོས་འདི་ནས་འདི་ལྟའི་རླབས་ཆེ་བའི་ལས་འགུལ་འདི་འདྲ་ཞིག་སྤེལ་མ་ཐུབ་ཀྱང་ནང་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ལ་འབད་དགོས་པ་ལས། འབྲེལ་མེད་རྩོད་པ་བྱས་བསྡད་ན་ཅང་ཕན་གྱིན་འདུག་གམ་མི་འདུག་་་གྲོགས་པོ་ཚོ།
ཡིག་ནོར་ཁ་ཤས་ཤོར་སོང་འདུག་་་་དགོངས་དག
ང་ཚོས་ཤར་ཁུག་ཟེར་བ་སྐྱོབས་ཆེད་བཀའ་ཁྲི་དགག་པ་མ་ཡིན་པར། འཀའ་ཁྲི་སྐྱོབས་ཆེད་རེད། བཀའ་ཁྲི་ཡིན་ཟེར་མཁན་ཞིག་གིས་བཀའ་ཁྲིའི་མཚན་གནས་བེད་སྤྱོད་གཏོང་ཤེས་དགོས་པ་རེད། འཆར་གཞི་དགོས་དུས་འཆར་གཞི་དག་དག་དགོས་པ་རེད། གང་ལྟར་བློ་སེང་ལ་བཀའ་ཁྲི་ཐོབ་པ་ནི་སྨྱོན་པ་གཏུམ་པོ་ཞིག་གི་ལག་པར་གསར་གྱི་དབྱུག་པ་རྩ་ཆེན་ཞིག་ཐོབ་པ་དང་གཅིག་རེད། ཁོ་རང་གི་མིག་ལ་བདེ་བོ་མེད་པའི་འབུར་འབུར་ཚང་མ་བོད་སྤྱི་བའི་དབྱུག་པ་རྩ་ཆེན་པོ་འདི་སྤྱད་ནས་བརྡུང་གི་འདུག བྱས་ཙང་རང་སྣང་ཁོ་ན་དང་གཏུམ་སྤྱོད་ཙམ་ལས་མེད་པའི་བཀའ་ཁྲི་སྨྱོ་འཚུབ་འཚབ་འདིའི་ལག་པ་ལས་ནས། བོད་ཀྱི་དབྱུག་པ་རྩ་ཆེན་པོ་འདི་འཕྲོ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་འདུག
བློ་སེང་གིས་བཀའ་ཁྲིས་འོས་འགན་མ་འགྲུབ་པར། བཀའ་ཁྲིའི་མཚན་གནས་བློ་སེང་ཁོ་རང་སྒེར་གྱི་དགྲ་བོ་ཚོའི་གཞུ་ཡག་གི་རྒྱུགས་པ་བྱེད་ཀྱི་འདུག དེ་ནི་དགའ་བསུ་ཐུབ་ཐབས་ཡོད་མ་རེད།
བཀའ་ཁྲིའི་འོས་འགན་འགྲུབ་ཆེད་བློ་སེང་གིས་ལས་ཀ་བྱེད་དགོས་པ་ལས། བློ་སེང་སྒེར་གྱི་མིང་གྲགས་ཆེད་བཀའ་ཁྲིའི་མཚན་གནས་རྩེད་སྤྱད་བྱས་ན་འགྲིག་གི་མ་རེད། སྔོན་ལ་ལབ་ཡོད།
ཤར་ཕྱོགས་ཁུ་རྟས་བྲིས་པའི་སེངྒེ་བཀའ་ཤག་གི་མ་འོངས་པའི་མདུན་ལམ་ཞེས་པའི་རྕོམ་ཡིག་དེ་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པ་དང་ལྷན་དུ་ཁོང་གི་རྕོམ་ཡིག་དེར་མཆན་བུ་འདེབས་མཁན་ཡང་མང་པོ་འདུག དེ་ནི་བཙན་བྱོལ་ནང་ཡོད་པའི་དྲ་ཚིག་མང་པོའི་སྟེང་བཀོད་དེ་གླེང་གཞི་ཆེ་རུ་བཏང་ནས་མཆན་བུ་པ་འགས་ཆོལ་ཁ་འཐེན་འཁྱེར་གྱི་དཀྲོགས་གཏམ་བཟོ་བ་དང་ཤར་ཕྱོགས་ཁུ་རྟའི་མི་གཤིས་ལ་ཐེར་འདོན་བྱེད་སོགས་ལ་བལྟས་ན་ཕལ་ཆེར་བཀའ་ཁྲི་སེང་གེའི་རལ་པ་བཅད་པ་ལྟ་བུ་སྣང་བ་སྟེར།ཡང་ཁ་ཤས་ཀྱིས་མི་རིགས་ཀྱི་ལ་རྒྱ་དང་ཞེན་འཁོག་བཟུང་ནས་ཁ་སྟོང་ནང་གི་ཚིག་སྟོང་བཤད་ཀྱིན་འདུག།ཕྱོགས་ཡོངས་ནས་བལྟས་ན་སུ་ནོར་བ་དང་བདེན་པ་ཡིན་མིན་ད་ལྟ་བཤད་ན་སྔ་དྲག་འདུག
ཤར་ཕྱོགས་ཁུ་རྟ་ལགས་ཀྱིས་སེང་གེ་བཀའ་ཤག་གི་མ་འོངས་མདུན་ལམ་གྱི་སྐོར་ལ་རྩོམ་ཡིག་བྲིས་་པ་ཧ་ཅང་སྔ་དྲག་ཡོད།བཀའ་ཁྲི་སེང་གེ་ལགས་ཀྱིས་བཀའ་ཤག་ལས་ཁུངས་སུ་ལས་ཞུགས་བྱས་ནས་ཟླ་གསུམ་ལྷག་མ་གཏོགས་སོང་མེད་ལ་དུས་དང་འཁོར་ཡུག་གང་ནས་བལྟས་ཀྱང་ལེགས་པོ་ཞིག་མཐོང་མ་སོང་།གལ་སྲིད་བཀའ་ཁྲི་སེང་གེ་ལགས་བོད་ཀྱི་སྐད་ཡིག་ལ་ཡག་པོ་ཡོད་མེད་དང་འཇོན་ཐང་ཡོད་མེད།ཁོང་གི་དེབ་ལྗང་ཁུའི་དཔྱ་ཁྲ་སྔོན་མ་སྤྲད་ཡོད་མེད་ཀྱི་རྒྱབ་ལྗོངས་སོགས་ཤར་ཕྱོགས་ཁུ་རྟར་རྒྱབ་སྐྱོར་དང་བསྟུན་ནས་བཤད་པ་ནི་ཤེས་ལྡན་ཚོས་བཤད་སྟངས་ཞིག་གཏན་ནས་མ་རེད།ཁོང་ཚོ་དོན་དངོས་ཐོག་བོད་མི་རིགས་ཀྱི་རང་དབང་ལ་སེམས་ཤུགས་ཡོད་ན་བཀའ་ཁྲི་འོས་བསྡུས་མ་བྱས་གོང་ལ་མི་དམངས་ལ་གསལ་བཤད་དང་དྲིལ་བསྒྲགས་མ་བྱས་པར་སྐབས་དེར་ཁོང་ཚོ་ངག་ལྐུག་པ་དང་རྣ་འོན་པ་ཆགས་དགོས་དོན་གང་ཡིན་ནམ།
ཤར་ཕྱོགས་ཁུ་རྟའི་རྩོམ་རིན་བྱ་དགའ་ནི་ཁོ་ལས་གནས་མཚམས་འཇོག་དགོས་པ་དེ་རེད་།ཡིན་ནའང་བཀའ་ཁྲི་སེང་གེ་ལགས་ཀྱིས་ཁོང་གི་དབང་ཚད་བེད་སྤྱོད་བཏང་པ་དེ་མིག་སྔའི་ཁོང་གི་ལས་ཡུན་ནང་གཞུང་ཞབས་པ་ཚོ་ལ་ཐོག་མའི་སྔོན་བརྡ་ཞིག་ཀྱང་ཡིན།ཤར་ཕྱོགས་ཁུ་རྟའི་རྩོམ་ཡིག་ལ་ཁོང་གི་གདེངས་འཇོག་དང་ཚད་འཛིན་ཡག་པོ་གནང་བ་དེ་ཤར་ཕྱོགས་ཁུ་རྟའི་ཐ་མའི་རྒྱལ་ཁ་ཞིག་ཡིན།འོན་ཀྱང་།བཀའ་ཁྲི་སེང་གེ་ལགས་ཀྱིས་གལ་ཆུང་གལ་ཆེ་ལ་བརྩིས་ནས་དབང་ཚད་བེད་སྤྱོད་བཏང་བ་དེ་ཁྲིམས་ལུགས་ཆེད་ལས་མཁས་པའི་ཐག་གཅོད་བྱེད་སྟངས་ཞིག་མ་རེད་སྙམ།
མིའི་རང་དབང་དང་ཐོབ་ཐང་འདྲ་མཉམ་གསུམ་ནི་ཆེས་མེད་དུ་མི་རུང་པའི་དམངས་གཙོའི་ཁྱད་ཆོས་ཤིག་ཡིན་ཡང་ཁྲིམས་ལུགས་དང་སྒྲིག་འཛུགས་གང་རུག་གི་འོག་ནས་ལོངས་སྤྱོད་བྱེད་དགོས།དེ་བས་ཤར་ཕྱོགས་ཁུ་རྟས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་ནས་རྩོམ་ཡིག་སྤེལ་པ་དེ་གཞུང་ཞབས་སྒྲིག་འཛུགས་དང་འགལ་བ་རེད་ཟེར་བ་བདེན་པ་རེད།ཁོང་གི་གནས་བབས་དང་བསྡུར་ན་འོས་འཚམས་ཞིག་མཐོང་མ་སོང་ལ་ཁོང་གི་རྩོམ་ཡིག་དེས་བོད་མིའི་འཐབ་རྩོད་དང་ལས་དབང་ལ་དུང་ཞེན་གྱི་དབང་གིས་བྲིས་པ་ལས་ཕུང་དཀྲུགས་ཀྱི་དགོས་དམིགས་གང་ཡང་མིན།
དཔྱད་རྩོམ་བྲིས་ནས་རང་གི་ལས་གནས་ཤོར།།
ཤོར་ཡང་རང་གི་སྨྲ་བརྗོད་སྲོག་ལྟར་སྲུངས།།
བཀའ་ཁྲི་སེང་གེ་ཁྲིམས་ལ་མཁས་པ་ཡིས།།
ཆུང་ཆུང་ཡིན་ཡང་ཆེན་པ་བཟོས་པར་ལྟོས།།
བཀའ་ཁྲི་སེང་གེ་བཙན་བྱོལ་བོད་མིས་བདམས།།
བཟང་རུང་ངན་རུང་བཀའ་ཁྲི་སེང་གེ་ཡིན།།
རང་གི་དཔོན་པོ་རང་གིས་མ་བརྩི་ན།།
རང་གི་ངོ་ཚ་རང་གི་ཉོས་པ་ཡིན།།
གུས་པ་གོང་དུ་ཞུས་ཟིན་པ་རྣམས་གུས་པ་བསམ་ཚུལ་ཙམ་ཡིན་པས་ཀློག་པ་པོ་རྣམས་ཀྱི་ཡིད་བློར་མ་མཐུན་ན་དགོངས་དག་ཞུ་རྒྱུ་མེད།
རྣམ་པ་ཚོས་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པ་ཐུགས་རྗེ་ཆེ།
ཡིན་ནའང་སོ་སོས་འཐེན་ཁྱེར་དང་ནག་སེམས་མེད་པར་མི་རིགས་འདིའི་བདེ་སྡུག་ལ་དམིགས་པའི་བསམ་ཚུལ་ཞིག་གླེང་ན་ཕྱོགས་གང་སར་ཕན་དང། བཀའ་ཁྲི་ཡིན་པའི་ངོ་ལ་མི་བལྟ་བ་དང། ཤར་ཁུག་ཡིན་པས་ཚུལ་མི་ལྟ་བར་བློ་གཟི་བོར་གནས་པའི་བསམ་ཚུལ་རེ་གླེང་ན་བོད་སྤྱིའི་དོན་ལ་ཕན་ཐོགས་ཡོང་སྲིད་པ་རེད། སོ་སོའི་དགའ་མི་དགའ་མི་སེམས་ལ་གཉར་ནས་བོད་ལ་སྤྱི་ལ་གནོད་པ་མ་གཏང་ན་བསམ།
སེངྒེ་བཀའ་ཤག་གི་མ་འོངས་པའི་མདུན་ལམ་ཞེས་པ་་སེངྒེ་བཀའ་ཤག་གི་མདུན་ལམ་བསྒྱུར་བཅོས་བྱས་པ་ཡིན་ཐུགས་སྣང་བྱ་རོགསྲ
སེངྒེ་བཀའ་ཤག་གི་མ་འོངས་པའི་མདུན་ལམ་ཞེས་པ་་སེངྒེ་བཀའ་ཤག་གི་མདུན་ལམ་ལ་བསྒྱུར་བཅོས་བྱས་པ་ཡིན།
དྲ་གྲོགས་འགའ་ཤས་ནས་ཕྱོགས་ཞེན་གྱི་སྐད་ཆ་་མ་བཤད་ན་ལེགས་ཚུལ་གསུངས་མཁན་འདུག་པས་དེ་བདེན་པ་རང་རེད་རྒྱབ་སྐྱོར་ཡོད། ཡིན་ནའང་མགོ་འཛུགས་མཁན་ཤར་ཕྱོགས་ཁུག་རྟས་ཕྱོགས་ཞེན་བྱས་པ་སོང་ཙང་རྗེས་སུ་འཆན་འགོད་མཁན་ཚོ་ཀྱང་དེ་དང་མཐུན་པ་བྱས་ཏེ་མ་འགྲོ་རང་འགྲོ་མ་རེད་དམ། མགོ་ནས་རྒན་ལགས་ཀྱིས་ཡི་གེ་ཀྱོག་ཀྱོག་ཅིག་བྲིས་ཡོང་དུས་དེའི་རྗེས་སུ་ཡོང་མཁན་གྱི་རྒན་ཕྲུག་དེ་ཚོས་ཀྱང་ཀྱོག་ཀྱོག་ཅིག་མ་གཏོགས་འབྲི་རྒྱུ་ཁ་པོ་རེད། ཆུ་མགོ་ནས་རྙོག་ན་དྭངས་མེད་ཡིན་ཅེས་པ་ལྟར་རོ། ད་ལྟའི་བཀའ་ཤག་ནང་མདོ་སྟོད་མི་སྣ་གསུམ་ཡོད་པ་རེད་ཁུག་རྟས་དེ་གསུམ་ཀ་ལ་ཟུར་ཟ་དང་མཐོང་ཆུང་བྱས་ཡོད། དཔེར་ན། ཁུག་རྟས་པད་མ་ཆོས་འབྱོར་གྱི་ན་རྒ་རྫི་ལྡིབ་དང་། རྒྱ་རི་སྒྲོལ་མའི་ལྷག་བསམ་མིག་ཆུ། ཞེས་བརྗོད་ཡོད། རྣམ་དཔྱད་ཡོད་མཁན་ཞིག་གིས་ལྟས་ན་ཁོང་གཉིས་ལ་དེ་ལྟར་བརྗོད་པར་རྒྱུ་མཚན་ག་རེ་འདུག བོད་བསྟན་སྲིད་ལ་ཕན་པའི་བརྗོད་པ་ཤིག་རེད་འདུག་གམ། ལོ་རྒན་ནས་ཆོས་སྡེ་བཀའ་བློན་བྱེད་མ་ཆོག་ན་བཀའ་བློན་ཁྲི་བ་དེ་བས་ཀྱང་བྱེད་ཆོག་མདོག་ཁ་པོ་མ་རེད། དེ་མ་ཆོག་ན་པདྨ་ཆོས་འབྱོར་ལས་བཀྲས་མཐོང་མ་རྒན་ཀྱང་ཆུང་མི་སྲིད་པའི་ཁོང་ལ་ཁུག་རྟས་རྒྱབ་སྐྱོར་བྱེད་དོན་གང་རེད། རྒྱ་རི་སྒྲོལ་མའི་མིག་ཆུ་དེ་ལྷད་མེད་པའི་བོད་མི་རིགས་ལ་བརྩེ་བའི་སེམས་ཀྱི་ཀུན་ནས་སློང་བ་ལས་བྱུང་ཞིང་སྐྱབས་བཅོལ་ནང་གི་བོད་མི་ཉམ་ཐག་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་བྱུང་ཡོད་པ་དེ་འདྲ་རེད་མ་གཏོགས་རང་ཕྱོགས་ལ་ཆགས་གཞན་ཕྱོགས་ལ་སྡང་སེམས་ཀྱིས་ཀུན་ནས་སློང་བ་ལས་བྱུང་བ་ཞིག་མ་རེད། མདོར་བསྡུས་ན་ཁུག་རྟ་ཁོ་མདོ་སྟོད་མི་རིགས་ལ་མི་དགའ་མཁན་ཞིག་དང་སྡང་སེམས་བྱེད་མཁན་ཞིག་ཡིན་པ་གསལ་པོ་གསལ་ཀྱང་རེད། རྒྱུ་མཚན་དེ་འདྲ་ལ་རྟེན་ནས་མགོ་ཁུག་རྟའི་སྐད་ཆ་་ནས་མ་འོང་པ་འཇུག་མ་རྫོགས་ཀྱི་བར་བཀྲིས་པ་ཞིག་དང་དོན་གྲུབ་པ་ཞིག་ཡོང་ཁ་པོ་རེད་སྙམ།
ལུང་རྟོགས་ལགས་བྱོན་པར་ཐུགས་རྗེ་ཆེ།
ཁུག་རྟ་དང་འབྲེལ་བའི་གནས་ཚུལ་དེར་ངས་ཐོག་མར་ཅལ་འདྲོགས་མ་བྱེད་ཅེས་བཤད་ཡོད། ངའི་མཆན་སྔོན་མ་རྣམས་ལ་གཟིགས་ན་མཁྱེན་ཐུབ། དེ་རྗེས་ངས་འབྲེལ་ཡོད་མི་ལ་མོལ་བ་དང་ཡིག་ཆ་ཁག་ལ་བརྟག་དཔྱད་བྱས་པ་ཡིན། གནས་ཚུལ་དེའི་བར་ནས་བཀའ་ཁྲི་བློ་སེང་གི་སྲིད་དབང་སྒེར་གཅོད་པའི་དྲི་མ་དེ་བྲོ་བྱུང་། རྒྱུ་མཚན་དེར་བརྟེན་ངས་མཆན་འདེབས་པའི་ངལ་བ་བསྟེན་གྱི་ཡོད།
ཁྱོད་རང་གི་མཆན་སྔོན་མ་དང་ད་ལྟའི་མཆན་གཉིས་ཀར་དྲིལ་བསྒྲགས་སྐུ་ངོ་དྲུང་ཆེ་བསམ་འཕེལ་ལགས་ཀྱི་གསུང་གཅིག་པུར་གཞི་འཛིན་གནང་འདུག རྩོད་རྙོག་གང་ཞིག་ཡིན་རུང་། ཕྱོགས་གཉིས་ཀར་རྒྱུས་ལོན་གནང་སྟེ་ཐག་ཆོད་གནང་དགོས་པའི་གནད་ལུགས་དེ་ཁྱོད་ཀྱིས་མཁྱེན་གྱི་མེད་པ་འདྲ།
དྲིལ་བསྒྲགས་སྐུ་ངོ་དྲུང་ཆེས་གསུངས་པ་སྟེ། གཞུང་གིས་ཕོགས་གནང་གི་ཡོད་སྟབས། གཞུང་གི་སྒྲིག་གཞི་གཞིར་བཟུང་ཡིན་ཅིག་མིན་ཅིག་འགྲོ་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་འདུག
དེ་ལྟར་ན། སྤྱི་འཐུས་རྣམས་ལ་གཞུང་གིས་ཕོགས་གནང་གི་ཡོད་པས། གཞུང་གི་སྒྲིག་གཞི་གཞིར་བཟུང་ཡིན་ཅིག་མིན་གཅིག་འགྲོ་དགོས་སམ། འགྲོ་དགོས་ན། གྲོས་ཚོགས་ནང་ཁ་སྔོན་བཀའ་ཁྲི་བློ་སེང་སྨྲ་བ་ལན་མེད་དུ་བཟོ་མཁན་སྤྱི་འཐུས་རྣམས་གཞུང་ཞབས་ཀྱི་སྒྲིག་གཞི་དང་འགལ་བས་བཀའ་ཁྲི་བློ་སེང་གིས་ག་དུས་ཕུད་ཀྱི་རེད་དམ།
ཁུག་རྟའི་ཉིན་གླའི་དུས་ཡུན་རྫོགས་མིན་སྐོར་དེ་ངས་ལན་འདེབས་མ་དགོས་པར། བོད་ཡིག་སྐྱབས་ནས་གསལ་པོར་གསུངས་འདུག
ཁྱོད་ཀྱིས་གསུངས་པའི་ང་ཚོ་ནི་དམངས་གཙོའི་སྤྱི་ཚོགས་ཡིན་པ་ལས་གཅིག་སྡུད་ཀྱི་སྤྱི་ཚོགས་མ་ཡིན་པས་བདེན་པ་མིན་བཞིན་དུ་བཀའ་ཁྲིའི་བཀའ་ཕབས་ཚད་དྲིལ་བསྒྲགས་དྲུང་ཆེས་སྒྲུབ་དགོས་པ་ཞིག་ག་ལ་ཡིན།ཅེས་པ། ངས་ཀྱང་དེ་ལྟར་ཡིན་ཤག་གིས་མཆན་འགོད་ཀྱི་ཡོད་ལ། ལམ་ལུགས་དེར་མོས་པ་དང་དེའི་ཆེད་འབད་བརྩོན་ཞུ་གི་ཡོད། འོན་ཀྱང་ཁ་ནས་མང་གཙོ་དང་གསར་གཏོད་སོགས་བཟང་རྒུ་གླེང་མཁན་བཀའ་ཁྲི་བློ་སེང་གིས་ཁུག་རྟའི་སྐོར་དེ་སྡིག་པ་མིག་བཙུམ་བྱས་རྐྱེན། དྲིལ་བསྒྲགས་དྲུང་ཆེ་ཡང་སྐུ་མཉེལ་པོ་བྱུང་ཚུལ་འདུག
དྲིལ་བསྒྲགས་དྲུང་ཆེ་དང་ཁུག་རྟ་གཉིས་ནི་ཚོགས་པ་གཅིག་གི་མི་ཡིན་པས་གལ་ཏེ་ཁུག་རྟ་ལ་བདེན་པ་ཡོད་ན། ཁོང་གིས་མཐའ་ན་གནད་དོན་འདི་ངས་ཤེས་ཀྱི་མེད་ཙམ་ཡང་མི་གསུངས་བར་གསལ་ཁ་འདི་འདྲ་ཞིག་གསུངས་ག་ལ་སྲིད། ཅེས་པ། གཞན་མང་པོ་ཞིག་གིས་བཀའ་ཁྲིའི་བྱ་སྤྱོད་དེ་སྐྱོན་འཚང་དུ་རིགས་ནས་གསར་འགོད་པར་ཤེས་ཀྱི་མེད་ཅེས་པའི་ལན་འདེབས་གནང་ཡོད། འོན་ཀྱང་དྲིལ་བསྒྲགས་དྲུང་ཆེས་དེ་ལྟར་གསུངས་འདོད་ཀྱང་། ཁྱོད་ཀྱིས་གསུངས་པ་ལྟར། དྲིལ་བསྒྲགས་དྲུང་ཆེ་དང་ཁུག་རྟ་གཉིས་ལས་ཁུངས་གཅིག་གི་མི་ཡིན་པ་ཙམ་མ་ཟད། ཁུག་རྟའི་དབུ་འཁྲིད་དྲིལ་བསྒྲགས་དྲུང་ཆེ་ཡིན་ཙང་ཐད་ཀར་འབྲེལ་བ་ཡོད་རྐྱེན་ལན་འདེབས་ཀྱག་ཀྱོག་དེ་མི་གནང་ཀ་མེད་བྱུང་བ་རེད།
ཁྱོད་ཀྱིས་གསུངས་པ། དེས་ན་ཁྱེད་རང་གིས་དྲིལ་བསྒྲགས་དྲུང་ཆེ་བཀའ་ཁྲི་ལ་ཕྱོགས་རབས་བཤད་པ་ནི་དྲིལ་བསྒྲགས་དྲུང་ཆེའི་མི་གཞི་ལ་སྨ་འབེབ་བྱས་པ་མ་ཟད། ཧམ་པ་རི་ཙམ་བཤད་ནས་བདེན་པ་གཡག་ཙམ་ཐོབ་ཐབས་བྱེད་པ་ལས་རྒྱུ་མཚན་ཡང་དག་གང་ཡང་མི་འདུག་པས། འདི་ལྟ་བུ་བཤད་ནས་དཔྱོད་ལྡན་སུ་ཡང་མགོ་བསྐོར་གཏོང་ཐུབ་གི་མ་རེད། ཅེས་པ།
ད་ལྟའི་གཞུང་དེ་བཀའ་ཁྲི་བློ་སེང་གིས་གཞུང་རེད། དེ་ཡིན་ཙང་། དྲིལ་བསྒྲགས་དྲུང་ཆེས་གཞུང་གིས་ཐག་གང་བཅད་པ་དེ་བསྒྲུབ་དགོས་པ་ཁོང་གིས་ལས་འགན་ཡིན་པར་བཤད་པ་ལས། དྲིལ་བསྒྲགས་དྲུང་ཆེ་ཁོང་བཀའ་ཁྲི་བློ་སེང་ལ་ཕྱོགས་པར་བཤད་མེད་ལ། མ་འོངས་པ་ཡང་ཕྱོགས་རྒྱུ་མ་ཡིན་པ་ང་ལ་ཡིད་ཆེས་ཡོད། རྒྱུ་མཚན་གང་ཞེ་ན། ཁོང་མི་བློ་མིག་ཅན་ཞིག་ཡིན་པས་སོ།
བཙན་བྱོལ་སྤྱི་ཚོགས་ནང་། ངའི་སེམས་ཁོངས་ནས་བརྩི་བཀུར་ཞུ་འོས་པའི་མིའི་ནང་ནས་་དྲིལ་བསྒྲགས་དྲུང་ཆེ་སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་གཅིག་ཡིན། མི་ཚེ་གང་པོ་བོད་མི་རིགས་ཆེད་ཞབས་ཞུ་གནང་བ་སོགས་ཡོན་ཏན་ཀུན་འཛོམས་ཤིག་ཡིན་པ་དྲན་པས་ཟིན་ཡོད་ན། ཁོང་གི་མི་གཤིས་ལ་སྨ་འབེབས་རྨི་ལམ་ནང་དུ་ཡང་འཁོར་མྱོང་མེད་པས། གཞི་མེད་ཀྱི་སྐྱོན་འདོགས་མ་མཛད་ཅིག
བློ་སེང་གི་ལག་རྡོར་གྱུར་བའི་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཕྱིས་སུ་མ་གཏོགས་རྩོམ་ཡིག་ཁོ་རང་ཀློག་རྒྱུ་བྱུང་མི་འདུག དེ་ནི་ཁོང་བོད་ཡིག་གི་འབྲི་ཀློག་མི་འགྲོ་བ་དང་། གཉིས་ནས་བློ་སེང་དང་ཕྱི་དྲིལ་བཀའ་བློན་གཉིས་ཀྱིས་གཉའ་ནས་དེད་རྐྱེན་སྡིག་པ་མིག་བཙུམས་མི་རྒྱག་ཐབས་མེད་བྱུང་འདུག ཡིན་ནའང་། རྗེས་སུ་བརྒྱུད་ལམ་གཞིན་ནས་རྩོམ་ཡིག་ཨིན་བསྒྱུར་མ་མཐོང་འཕྲལ་ཁོ་རང་འགྱོད་པ་སྐྱེས་པ་དང་། ཉེས་འགལ་བྱས་པ་རྣམས་ཁོ་རང་གིས་གཞུང་ཞབས་གནང་རིང་གི་གཞན་གྱི་བེད་སྤྱོད་འོག་ཕྱིན་པའི་བྱ་སྤྱོད་སྡུག་ཤོས་དེ་ཆགས་ཡོད་པར་ངོས་འཛིན་ཐོབ་འདུག
བསམ་འཕེལ་ལགས་ཀྱིས་གཞུང་ཕོགས་ཟ་ན་བླང་དོར་སྒྲིག་གཞི་སྲུང་དགོས་ཟེར་བ་དེ་ནི་ཁོང་གིས་ཨུ་ཚུགས་བསྐྱོན་པ་རང་རེད། བླང་དོར་སྒྲིག་གཞི་རུ་སྒྲིག་གཞི་འདི་གཞུང་ཕོགས་ཟ་མཁན་ཚང་མས་སྲུང་དགོས་ཚུལ་གྱི་དྲི་ཙམ་ཡང་འཁོད་མི་འདུག དེས་ན་ཁོང་གི་རང་ཚུགས་ཕྲ་མོ་ཤོར་སོང་བ་དེ་གསང་ཀྱང་མི་ཁོགས་པའི་ཁྲམ་པའི་གནས་ཚུལ་རང་རེད།
ད་ལྟའི་ཆར། བློ་སེང་གི་དགའ་བོ་དང་ཁོང་ཚོ་འཁོར་བཅས་ཀྱིས་བསམ་འཕེལ་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་གཙོར་བསྐོས་འདུག་སྟབས། ཁོང་ལ་དེ་བས་ཀྱང་འགོ་མ་འཚོས་པའི་གནད་དོན་གཅིག་རྗེས་གཉིས་མཐུད་དུ་ཡོང་བཞིན་ཡང་། མིང་དང་གོ་གནས་ཀྱི་ཆ་ནས་ཞུས་ན་འདི་ཤར་ཁུག་ལ་ལག་རྡོ་བྱས་ནས་ཁྲལ་མེད་བྱས་པའི་ཁེ་ཕན་ཡང་ཡིན་ངེས་འདུག་པས། བློ་སེང་གིས་འུར་བརྒྱབས་ནས་སྲིད་བྱུས་ཉམས་ཞིབ་ཁང་རྫིག་པོ་དེ་ད་ནི་ཁྲལ་འབུལ་ཐབས་དང་། ཁ་སྐོང་ཐུབ་ཅིག་ཡིན་ཐག་ཆོད་ཡིན་པ་དེས་ཀྱང་། ཤར་ཁུག་གིས་ཁོང་གི་མཉམ་སྡེབས་སྐོར་ལ་དཔྱད་པ་གནང་བ་དེ་ལུང་བསྟན་དུ་ཕྱིན་འདུག
དེ་བས་། བློ་སེང་གི་ནོངས་འགྱོད་དང་ངོ་ཚ་མ་ཁེབས་ནས། ཤར་ཁུག་ལ་ལས་མཚམས་འཇོག་དགོས་དོན་ཕེབས་པའང་དོན་ལ་ཁོང་གི་རྐུབ་མི་མང་གི་མདུན་དུ་བཏོན་པས་རེད་མི་འདུག་གམ། ཁྱེད་ཚོས་རྩོམ་ཡིག་དེ་གཞི་ནས་ཅིག་ཀློག་དང་མཁྱེན་ངེས་ཡིན།
ཕྲག་དོགས་ཁྲག་གིས་མྱོས་པའི་ཨུ་ཚུགས་བློ་བཟང་སེང་།།
འཇིགས་པའི་ང་རོ་སྒྲོག་པའི་ཚང་ཚིང་ན།།
གཅིག་པུར་ལུས་པའི་བདེན་པའི་ཤར་ཕྱོགས་ཁུག་ཆུང་ལ།།
ཤེས་རབ་སྤྱན་གྱིས་ཐུགས་རྗེས་དབྱིངས་ནས་དགོངས།།
སེང་གེའི་བཀའ་ཤག་འདི་སེང་གེའི་ནང་མི་ལྟ་བུ་ཞིག་ཆགས་གྲབས་འདུག བདེ་སྲུང་བཀའ་བློན་དང་རྒྱ་རི་སྒྲོལ་མ། དཔལ་འབྱོར་བཀའ་བློན་བཅས་ཀྱིས་བཀའ་བློན་ཁས་བླངས་མེད་ན།་སྲིད་སྐྱོང་ཧམ་པ་ཅན་གྱིས་ད་ལོ་བཀའ་བློན་རེག་ཚོད་མི་འདུག་གཱ
ཁོང་གིས། མི་མང་པོར་ཞུ་བ་འཐེན་འདུག་ཀྱང་ཁོང་གི་ནང་ཁོག་མཐོང་རྐྱེན་བཀའ་བློན་དུ་འདུག་རྒྱུར་ཁས་ལེན་ཞུས་མི་འདུག དཔེར་ན། ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་། ཨ་རྒྱ་རིན་པོ་ཆེ། ཚེ་རྒྱམ་སོགས་མང་པོ་འདུག གོ་ཐོས་བྱས་ན་བདེ་སྲུང་བཀའ་བློན་གྱིས་ཀྱང་ཡག་པོ་ཞིག་ཁས་བླངས་མི་འདུག་ཟེར། རྒྱ་རི་སྒྲོལ་མར་ད་གུའུ་ཅུས་གུའུ་ཅུས་ལབ་འདུག་གཱ འདི་གཅིག་པུས་ཀྱང་བློ་སེང་གིས་ཁུངས་འཁྱོལ་གྱི་མེད་པ་མི་ཤེས་སམ།
འོད་ལྡན་ལགས་་་་་ཁྱེད་རང་གི་བཀའ་ཁྲི་མཆོག་ལ དམའ་འབེབས་སྐད་ཆ་མང་པོ་ཞུས་འདུག སྲིད་སྐྱོང་ཧམ་པ་ཅན་ཟེར་བརམ་ཟད་བློ་སེང་གེས་ཁུངས་འཁྱོལ་གྱི་མེད་པ་མ་ཤེས་པ་རེད་ཟེར་བ་སོག རྣམ་ཏོག་ཟ་ཡ་མང་པོ་ཞུས་འདུག དེ་ཚོ་མཐོང་དུས་གངས་ཅན་བོད་པའི་སེམས་པ་སྐྱོ།དཔའ་བོ་དཔའ་མོ་མང པོ་བོད་དོན་དུ་སྐུ ་གཟུགས་མེ་ལ་བསྲེགས་ཕོད་མོད།ཀླད་མེད་ཁྱེད་ཚོས་རང་མགོ་རང་གིས་རྡུང་།བཀའ་ཁྲི་མཆོག་ནས་བོད་པའི་རྩ་དོན་དུ ཨ་རིའི ཧ་བར་བཞག་ནས་སྡ་སར་ཕེབས་ལ། ཉིན་མཚན་མེད་པར་རང་གི་མི་རིགས་ཆེད སྐུ་ངལ་མཛད་མེད་གནང་པའ་དྲིན་ལན་དུ ཚིག་རྩུབ་མཚོན་གྱི་ཆར་བ་ཡང་ཡང་ཕབ།བཟང་ཀྱི་དྲིན་ལན་ངན་ཀྱི་མཇལཔའི་ན མི་ཚེ་དུད་འགྲོ་ལས་ཀྱང་དམན་པར་གྱུར ལ། ང་ཚོ་དམངས་གཙོ་ཡིན་པས་བསམ་ཆར་ཞུ་ལོས་ཆོག ཡིན་ན་ཡང སྲིད་སྐྱོང་ཧམ་པ་ཅན་ཟེར་བའི་དམའ་འབེབས་སྐད་ཆ་དེ་ཚོ་རང་རྟག་ཕྱི་ལ་ངོམ་པ་རེད བསམ་ཆར་ཞུས་ན་ཆེ་མཐོང་ལྡན་པའི་ཞུ་དགོས།
གདོང་དམར་བོད་པའི་ཕོ་རྒོད་ནས སེངྒེ་བཀའ་ཤག་གི་འདུན་ལམ་ནི ཡང་ཤང་རྒྱ་ཆེ་ལ འཛམ་གླིང་གོ་ལ་ཆེན་པོ་དེར གངས་ཕྲུགས་བློ་བཟང་སེངྒེ་དང གངས་རེས་དར་སེང་དཀར་པོ་གཉིས གངས་ཅན་བོད་མེས་བདེན་དཔང་ཡིན སྲིད་འཛིན་ལགས བཀའ་དྲིནཆེ ཨ་རི་དང་རྒྱ་པན་ཡོ་རབ་སོག་ལ་ཕེབས་ནས ང་ཚོས་གངས་ཅན་བོད་པའི་བདེ་སྡུག འཛམ་གླིང་གི་དཔོན་རིག་སོག་ལ་ཞུ་འབོད་བྱེས ད་ལྟ་ཨ་རི་ལ་སོག་པའི་རྒྱལ་ཁབ་མང་པོ ཁྱེད་ལ་དགའ་བསུ་ཆེན་པོ་ཐོབ་ཡོད བོད་བཙན་པོ་རྒྱུད་འཛིན་བཀའ་ཁྲི་མཆོགས བོད་ཕྱི་ནང་གཉིས་ཀྱིས་སྤུན་ཟླ་ཚོ ལག་ཐལ་མོ་རྒྱར་ནས་གུས་བ་ཞུ