དགེ་འདུན།
——–
མེ་ལྕེ་ཞིག་མཆེད། མེ་ལྕེའི་ཚ་ཚད་ནི་ཧ་ཅང་ཚད་མཐོ་པོ་ཞིག་རེད། ཐབ་ན་འབར་བཞིན་པའི་མེ་དེའི་ཚ་ཚད་ལས་ཀྱང་བརྒལ་འདུག མེ་ཚ་བོ་དེའི་དཀྱིལ་དེ་སྣུམ་གྱིས་ཁེངས། སྣུམ་དེ་དཔའ་བོའམ་དཔའ་མོ་ཞིག་གི་སྐུ་ལུས་ལ་སིམ། དེས་དྲངས་པའི་མེ་ལྕེ་དེ་དག་ནི་ཡོམ་ཡོམ་གྱིས་མཆེད། ལྷོག་ལྷོག་ཏུ་མཆེད། བ་སྤུ་ཞིག་མེས་ཚིག་པའི་ན་ཟུག་ཀྱང་བཟོད་དཀའ་བ་རེད། འོན་ཀྱང་མེ་ལྕེས་ལག་པ་འཚིག མེ་ལྕེས་རྐང་པ་ཚིག མེ་ལྕེས་རྣ་བ་དང་མིག་འབྲས་ཀྱང་འཚིག དབང་པོ་རེ་རེ་འཚིག་སྐབས་མེ་ལྕེས་སྤྲད་པའི་ན་ཟུག་ནི་བཟོད་དཀའ་བ་ཞིག་རེད། ཡན་ལག་རེ་རེ་ནས་འཚིག་སྐབས་མེ་ལྕེས་མཆེད་པའི་ན་ཟུག་ནི་བཟོད་དཀའ་བ་ཞིག་རེད། མིའི་གཤིས་ཀའི་ཐོག་ནས་ངུ་ངག་འདོན་པ་ནི་ ཨ་ཚ་ཚ་ ཞེས་པ་དེ་ཡིན། འོན་ཀྱང་དཔའ་བོ་དང་དཔའ་མོ་ཚོའི་ངུ་ངག་ནི། “བོད་རང་དབང་རང་བཙན་གཙང་མ་ཡིན།” “༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་སོགས་རེད། འདི་ནི་སྤུན་ཟླ་བཅུ་གྲངས་ཤིག་མེས་འཚིག་པ་མ་རེད། འདི་མི་རིགས་ཤིག་མེས་འཚིག་པ་རེད། དེའི་རྐྱེན་གྱིས་ བོད་དང་ཕྱི་རོལ་གྱི་འཇིག་རྟེན་གང་ཡིན་ལ་གནས་བཅས་པའི་བོད་མི་ཡོད་དོ་ཅོག་གི་སེམས་འདི་མེ་ལྕེ་ལ་མཆེད། དཔའ་མོ་དང་དཔའ་བོས་མྱངས་པའི་ན་ཟུག་དེ་སྒོམ། མིག་མཐའ་མཆི་མས་གཡོགས། མཆི་མ་དེ་ཡང་ས་སྣུམ་ཞིག་དང་མཚུངས། མེ་ལྕེ་དྲག་ཏུ་མཆེད་པའི་རྒྱུར་གྱུར། འདི་ནི་ད་ལྟའི་བོད་ཀྱི་སེམས་ཁམས་རེད།
དཔའ་བོ་དང་དཔའ་མོ་བཅུ་པོ་འདིའི་སྐུ་ལུས་མེ་ལ་སྒྲོན་པའི་གནས་ཚུལ་འདི་ བོད་མ་ཡིན་པའི་ས་ཆ་གཞན་ཞིག་ཏུ་བྱུང་ཡོད་ན། འཛམ་གླིང་གི་གཟིགས་ཚུལ་གང་འདྲ་ཡོད་དམ། གནས་ཚུལ་འདི་ ནིའུ་ཡོག་དང་ཇུ་རེ་སི་ལིམ་ལྟ་བུར་བྱུང་ཡོད་ན་གང་འདྲ་ཡིན་ནམ། རྟོག་པ་མཐའ་བཟུང་གི་དྲི་བ་འདི་དག་གིས་ང་ཚོའི་སེམས་ཁོང་དུ་ཆུད་པར་བྱེད། དཔའ་བོ་དང་དཔའ་མོ་དེ་ཚོའི་ཆེད་དུ་ཨོམ་མ་ཎི་པད་མེ་ཧུམ།
དེ་འདྲའི་སེམས་ཁམས་ཤིག་གིས་མནར་བཞིན་པའི་སྐབས་སུ་གངས་ཅན་སྐྱིད་གཤོངས་སུ་ཤར་ཕྱོགས་ཁུག་རྟ་ལ་འབྲེལ་བའི་གླེང་སློང་ཞིག་བྱུང་འདུག དྲ་བ་དག་ན་འདི་བསྙད་པའི་གླེང་སློང་ཆེས་མང་བོ་ཞིག་འབྱུང་བཞིན་འདུག སྐད་ཆ་ཚིག་གསུམ་བཤད་འདོད་ཀྱང་མིད་པ་བརྣངས་ནས་རེ་ཞིག་འགག་པར་འགྱུར། བློ་བཟང་སེང་གེ་ལགས།
༢༠༠༨ ནས་བོད་དུ་གསར་བརྗེའི་ལས་འགུལ་ལངས་ཏེ་ད་བར་ཇེ་ཆེ་ལས་ཇེ་ཆུང་དུ་མ་གྱུར་བའི་དུས་ཚོད་དེའི་རིང་ལ། ང་ཚོ་བཙན་བྱོལ་བ་ཚོས་བསྒྲུབས་པ་ནི་བློ་བཟང་སེང་གེ་ལགས་རེད། བློ་བཟང་སེང་གེའི་འོས་འདེམས་ཀྱིས་བཙན་བྱོལ་བའི་ཁ་དང་སེམས། ལུས་པོ་བཅས་བཟུང་བ་རེད། བློ་བཟང་སེང་གེ་ཁྲི་འདོན་སྐབས་སྡེ་སྲིད་གསར་པ་རྩིས་ལེན་རྩིས་སྤྲོད་ཀྱི་མཛད་རིམ་སྣ་ཚོགས་ཤིག་བྱུང་བ་དང་། དེ་འབྲེལ་གྱི་སྟོན་མོ་ཡང་ཆེ་དགུ་འཛོམས་ཐོག་ནས་བྱས་པ་རེད། ད་ནི་སྟོན་མོའི་དུས་ཚོད་མཇུག་རྫོགས་སོང་། ལས་ཀའི་དུས་ཚོད་ལ་སླེབས་པ་རེད།
ལས་ཀའི་དུས་ཚོད་ལ་སླེབས་སྐབས། དོན་དག་རྣམས་བཤད་དགོས་པ་རེད་ལ། དོན་དག་རྣམས་སྒྲུབ་དགོས་པ་རེད། བཤད་དགོས་རྒྱུའི་དོན་དག་གཅིག་ནི་ཤར་ཕྱོགས་ཁུག་རྟའི་གནས་ཚུལ་ལ་སྦྲེལ་ནས་བཤད་ཆོག་པ་འདུག དམངས་གཙོ་དང་སྒྲིག་གཞི་ཟེར་བ་འདི་ཁ་བྲལ་ཐབས་ཡོད་མ་རེད། རང་དབང་ལ་ས་མཚམས་ཤིག་འཇོག་པ་ནི་སྒྲིག་གཞི་རེད། སྒྲིག་གཞི་ལ་བརྟེན་ནས་ལས་ཀ་ཐོབ་པའམ་ལས་ཀ་ཤོར་བ་ནི་རྒྱུ་མཚན་ལྡན་ལྡན་པ་ཞིག་རེད། གནད་དོན་འདི་ལ་རྩོད་པ་ཡོད་མ་རེད། ད་རྩོད་པ་དེ་གང་ན་འདུག་ཅེ་ན། བློ་བཟང་སེང་གེས་དབང་ཆ་སྤྱོད་སྟངས་དེ་ན་འདུག བློ་བཟང་སེང་གེ་ལ་མི་མང་གི་བསམ་ཚུལ་མགོ་གནོན་བྱེད་སླད་ཅི་ཡང་བྱེད་ལ་ཅི་ཡང་བཤད་པའི་གཤིས་ཀ་ཞིག་མངོན་པ་དེ་རེད། གཤིས་ཀ་འདིས་མི་མང་པོའི་ཡི་ག་འགག་བཅུག་པ་རེད། གཤིས་ཀ་འདི་གླེང་སྐབས་སྔོན་གྱི་ལོ་རྒྱུས་འགའ་རེ་ལ་ཡང་དགོངས་པ་བཞེས་དགོས་པ་རེད།
ད་བར་བོད་སྐད་དུ་གླེང་སློང་དེ་ཙམ་མ་བྱུང་བ་ནི། བློ་བཟང་སེང་གེས་འོས་འགྲན་སྐབས་བཤད་པའི་ཚིག་དེ་དག་རེད། གཅིག་ནི་ཁོང་ཧར་ཝ་ཌི་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིན་རབས་བཤད་པ་དེ་རེད། འོན་ཀྱང་ཁོས་བཤད་མེད་པ་ནི། ཧར་ཝ་ཌི་སློབ་གྲྭ་ཆེན་མོར་རང་ཉིད་ལ་ཞིབ་འཇུག་པའི་མིང་གནས་བྱུང་བ་དེ་ནི་འཕྲལ་སེལ་ཙམ་ཡིན་པ་དང་། དེ་ནི་ལོ་རེ་བཞིན་སྙན་ཞུ་ཕུལ་ཏེ་ཞུ་དགོས་པ་མ་ཟད། དེ་ནི་ཤར་ཕྱོགས་ཁུག་རྟའི་ལས་ཀ་དང་བསྡུར་ཆོག་པའི་ཆོད་གན་ལྟ་བུ་ཞིག་ཡིན་པ་རེད། འདི་ནི་ཁོང་གིས་བཤད་མེད་པ་དེ་རེད།
ཡང་བློ་བཟང་སེང་གེས་བཤད་པ་ནི་ ཁོང་ལ་སློབ་གྲྭ་ཆེན་མོས་དགོངས་པ་སྤྲད་དེ་བཀའ་ཁྲིའི་ཕྱག་ལས་གནང་ཐུབ་པ་བྱུང་སྐོར་དེ་རེད། འོན་ཀྱང་ཁོང་གིས་མ་བཤད་པ་ནི། དབྱིན་སྐད་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱིས་འདི་དག་ལ་ཞིབ་འཇུག་བྱས་ཤིང་མཐའ་ན། ཁོང་དང་སློབ་གྲྭ་ཆེན་མོའི་ལས་ཀའི་བར་ན་ཐེ་ཝན་གྱི་ཚོགས་པ་ཞིག་ཡོད་པའི་ལོ་རྒྱུས་ཀྱང་བྱུང་ཡོད་པ་དེ་རེད། ད་དུང་ཁོང་གི་སྒེར་གཞིས་ཁྱིམ་གྱི་གནས་བབ་སོགས་ལ་འབྲེལ་བ་ཡོད་པའི་གནས་ཚུལ་སྐོར་ཞིག་ལ། གསལ་བཤད་བྱེད་རྒྱུ་ཞིག་ད་དུང་ལྷག་ཡོད་པ་རེད། དེ་ནི་བློ་བཟང་སེང་གེ་ལ་རང་གི་ལོ་རྒྱུས་བོད་མིར་འཆད་སྐབས་འདམས་གསེས་བྱེད་པ་དེ་རེད། དེས་ན། བློ་བཟང་སེང་གེར་ཡོད་པའི་གཤིས་ཀ་སྐོར་ཞིག་ང་ཚོས་ད་དུང་ཤེས་མེད་ལ། དེའི་ཆེད་དུ་ད་དུང་ང་ཚོ་མུ་མཐུད་ནས་སྒུག་རྒྱུ་རེད། འོན་ཀྱང་གཤིས་ཀ་དེའི་ཟུར་གཅིག་ནི་ཤར་ཕྱོགས་ཁུག་རྟའི་གནས་ཚུལ་དེ་ཡིན་པ་ནི་གོར་མ་ཆག
སེང་གེས་སྡེར་བགྲད་བྱས་པའི་རྨ་ཁ་ལ་སྨན་བཅོས་ད་དུང་བྱས་མེད་པའི་སྐབས་འདིར། ང་ཚོ་སེང་གེ་ལ་བལྟ་བཞིན་ཡོད་ལ། སེང་གེའི་གཡུ་རལ་དང་། སེང་གེའི་སྡེར་མོ་དེ་ཡང་རྒྱ་ནག་གིས་བཟོས་པའི་འགྱིག་གཟུགས་ལྟ་བུ་ཞིག་མིན་ཅིང་། སེང་གེ་ངོ་མའི་གཡུ་རལ་དང་སྡེར་མོ་ཞིག་ཡིན་པ་ཤེས་རྒྱུ་ལའང་ང་ཚོ་སྒུག་བཞིན་ཡོད་པ་རེད།
སྐུ་ཞབས་རྩོམ་པ་པོ་ལགས་ཐུགས་རྗེ་ཆེ། དོན་བརྗོད་སྙན་དངགས་གསོན་ཉམས་དོད་པོ་འདིས་ཁོ་བོར་སེམས་འགུལ་འགུལ་ཚད་མེད་ཐེབ་བྱུང་ལ་
བདག་གི་བསམ་ཚུལ་ཡང་དེ་རང་ཡིན་པས་མྱུར་དུ་ནང་དམེ་ཞི་ནས་བོད་ཀྱི་སེངྒེའི་མཆེ་སྡེར་རྣོན་པོ་དེ་ཉིད་
བོད་ནང་ཁུལ་དུ་འགྱིག་དང་ཕྱི་རོལ་ན་ལྕགས་ཀྱི་མཆེ་སྡེར་འབའ་ཞིག་ཏུའཕྲལ་མར་འགྱུར་བར་སྨོན།
རྩོམ་པ་པོ་རབ་གསལ་ལགས་ཐུགས་རྗེ་ཆེ་ཞེ་དྲག་སྙན་པོ་འདུག སྲོང་པོས་ལྟས་ན་བདེན་པ་རང་རེད། རང་ཕྱོགས་ལ་ཆེ་ཆེར་ཆགས་ནས་རང་རྐྱོན་ཞིམ་སྐྱག་ལྟར་བཀབ་མཁན་ཞིག་ལ་སྐྱོན་ཁོ་ན་ལས་མི་སྣང་བ་ནི་ཆོས་ཉིད་ཡིན། རང་ཉིད་བོད་ཡིག་མི་ཤེས་པའི་སྐྱོན་དང་ལྡན་པ་དངོས་ཡོད་ལ་དེ་ལྟ་བུའི་སྐྱོན་འདུག་ཅེས་བརྗོད་པར། ཡོ་བསྲང་བྱ་རྒྱུ་མེད་ཁར་བཟོད་སྒོམ་ཙམ་ཡང་མ་ཐུབ་པར། ཉམས་ཆུང་བཙན་རྒོལ་རྒྱལ་སྐྱོབས་ཞིག་ལ་དེ་ལྟ་བུའི་ཁྲིམས་བཅད་པ་ནི་ཁོ་པའི་དབང་ཚད་ལ་དེ་ལས་ལྷག་པའི་ཉེས་པ་གཅོད་དབང་མེད། དེས་ན་ཁོ་པའི་བྱ་སྤྱོད་ལ་སྲོང་པོར་དགའ་བས་བྱེས་བཞུགས་བོད་མི་ཡོངས་ནས་དུས་རྟག་ཏུ་ཡིད་གཟབས་བྱ་གལ་ཆེའོ།།
རྩོམ་འདིའི་མཇུག་ཀྱང་རྩོམ་མགོའི་དུམ་མཚམས་དང་པོ་དང་གཉིས་པ་ལྟ་བུ་ཞིག་ཡིན་ན་ཅི་མ་རུང་། མགོ་བཙུགས་ནས་ཀློག་དུས་ཞེ་སྨྲེང་ཞིང་ངུ་བྲོ་བས། མཇུག་ལ་སླེབས་དུས་སེམས་པའི་སྟེང་འོག་བརྗེ་དཀའ་བ་ཞིག་འདུག་ འ་ཤུ་རེ་གོ
ད་ཡིན་ན་རྒན་གཞོན་ཐམས་ཅད་ཀྱི་གདོང་རིས་དེ་མཐོང་སོང་།
རྒན་རབ་གསལ་ལགས། བོད་ནང་མེ་ལྕེ་འབར་དུས་བཙན་བྱོལ་དུ་ཆོལ་ཁའི་ཞེན་སྐམ་དེ་བཞག་ན་མ་རེད་དམ།
ཁ་བརྡའི་སྡིངས་ཆ་ཆུང་ངུ་འདིའི་ནང་སྨྲ་བརྗོད་ཀྱི་རང་དབང་བཀག་གི་མི་འདུག་གམ།
ཤར་ཁུག་མི་གཅིག་ལ་བསམ་ནས་གཞུང་གི་ལས་དོན་ལ་བར་ཆད་མ་བཟོ་རོགས།
བློ་སེང་ཡག་པོ་མ་ཆགས་ན་གྱོང་ཁ་མི་མང་ལས་ཁོ་ལ་རག་རྒྱུ་ཞིག་མེད།
མདོར་ན་ཕྱག་སྟོང་སྤྱན་སྟོང་ཡོད་ན་བཟང་ཕྱོགས་ལ་འཇུག་རོགས།
བློ་སེང་གིས་བོད་ཡིག་ཡག་པོ་མི་ཤེས་པ་ཡོངས་གྲགས་འདྲ། ད་དུང་ཡང་དེ་ཤེས་ཀྱི་མི་འདུག་ལབ་ནས་བསྡད་ན་དགོས་པ་ཅི་འདུག བོད་ཡིག་མ་ཤེས་ན་ལས་དོན་སྒྲུབ་མི་ཐུབ་པ་ཨེ་རེད།
བོད་ཡིག་ཤེས་མཁན་ཁུག་རྟ་དང་། མི་ཤེས་མཁན་བློ་སེང་གཉིས་ལ་བསྡུར་དང་། བོད་ཡིག་ཤེས་དང་མི་ཤེས་ལ་དེ་ཙམ་གྱིས་གནད་དོན་ཞིག་ཡོད་མེད་རྟོགས་ཐུབ།
ང་ཚོས་དང་པོ་ནས་བློ་སེང་བོད་ཡིག་ཡག་པོ་འདུག་ལབ་ནས་བཀའ་ཁྲི་ལ་བསྐོས་པ་མ་རེད།
མི་ཤེས་དུ་ལབ་ནས་ཕྱི་གསལ་ནང་གསལ་ཡིན་ཁུལ་གྱིས་གནམ་ས་གཉིས་ལ་ཁྱབ་བསྒྲགས་བྱེད་སོང་ང་།
ད་ཚར་རྒྱུ་མེད་པའི་རྩོད་རྙོག་དེ་བཞག་ན་སྙམ། བཀུར་འོས་རྒན་རྣམ་པ་ལགས། དགྲ་དགའ་གཉེན་སྡུག་གི་ལས་ལ་འདཇུག་གམ།
དགྲ་བོ་གསང་ཉུལ་བ་སུ་ཡིན་མི་ཤེས་ཡ།
དོན་དངོས་ཤིག་བཤད་འདུག ཡིན་ནའང་། དྲང་མོར་བཤད་ན་མི་མི་དགའ། དབྱུག་པ་བསྟན་ན་ཁྱི་མི་དགའ་ཟེར་བ་ཡིན་པས། དྲང་བཤད་རྣ་ལ་མ་གོམས་པ་ཚོས་ཅི་བཤད་ཅི་བསམ་ལ་ཡ་བྱེད་དགོས་དོན་མེད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པ་འདི་བོད་རྒྱལ་ཁབ་ལབ་ན། མི་རིགས་ལབ་ན། སྒྲིག་འཛུགས་ལབ་ན། རེ་སྙེགས་མཐོ་ཤོས་དེ་རེད། ང་ཚོས་འདི་ལྟར་བདེན་པ་བཤད་ཐུབ་དགོས།
ད་ལྟ། གནད་དོན་འདི། གཞོན་སྐྱེས་བོད་ཡིག་ཤེས་མཁན་ཚོ་དང་དབྱིན་ཡིག་ཤེས་མཁན་པྱོགས་གཉིས་ཀས་གླེང་བཞིན་འདུག་པ་ད་རེས་ཀྱི་ཐག་གཅོད་འདི་ཐལ་ཆེ་སོང་བས་རེད་དེ། ད་གླེང་མཚམས་འཇོག་རན་རེད།
རྒན་པ་ཚོས་ཀྱང་གླེང་ཡོང་ན། ཞེད་སྣང་འདུག རྒན་པ་ཚོས་ཤུགས་ཆེ་སེར་གླེང་ཡོང་དུས་འཇིགས་ཆེ་སེར་ཡོད་ད། རྒན་པ་འདི་ཚོས་བདེན་པ་ཟེར་བ་ཨེན་ཙམ་ཡང་གློད་ཀྱི་མ་རེད། རྒན་པ་འདི་ཚོས་བདེན་པ་བློས་གཏོང་གི་རིག་པ་དང་གོམས་གཤིས་སྦྱང་མྱོང་ཡོད་པ་མ་རེད།
གནས་དོན་འདིའི་རྙོགས་གླེང་འགོ་འཛུགས་བྱེད་མཁན་གཏི་བོ་བློ་ཆོས་ཁོ་པས་རྙོགས་གླེང་མགོ་ནས་འཇུག་བར་འགན་ཁུར་ཆ་ཚང་བྱེད་དགོས། བོད་གཞིས་བྱེས་གཉིས་ཀྱི་ནང་དུ་བོད་མི་རིགས་ལ་ཕན་ཡག་གིས་ལས་དོན་ཚ་ཚ་འུར་འུར་འབར་བཞིན་པའི་ཉན་འཕྲང་ཅན་འདིའི་ནང་དུ་ཁོ་པའི་གོ་སྐབས་བཟུང་སྟེ་བཀའ་ཁྲིའི་ལས་དོན་ཡོངས་རྫོགས་མི་འགྲུབ་པའི་གེགས་ཆེན་ཞིག་བཟོད་ཡག་གིས་དམིགས་ཡུལ་རྣལ་མ་ཞིག་འཆང་ནས་ངན་ཁག་ལ་དཀྲི་ལུང་དཀྲི་སོགས་ཀྱིས་བཀའ་ཁྲི་ལ་དམིགས་འདུན་མི་རབས་དང་། གུས་ཚིག་མི་འདུག་ལབ་ཡག་དང་། ཡ་རབས་མི་འདུག་ལབ་ཡག་དང་། འཇོན་སྟངས་མི་འདུག་ལབ་ཡག་དང་། ཁ་བཤད་དོན་གནས་མི་འདུག་ལབ་ཡག་དེ་དག་ནི་བཀའ་ཁྲིའི་ལས་དོན་ཙམ་དུ་མ་ཟད་བོད་གཞིས་བྱེས་གཉིས་དང་ལྷག་ཏུ་གོང་ས་མགོག་གི་དགོངས་དོན་ལ་ཡང་མི་འགྲུབ་པའི་ལྟས་ངན་པའི་བྱེད་སྟངས་དང་བཀྲ་མི་ཤིས་པའི་གཏམ་ཞིག་ལས་ལྷག་བསམ་རྣམ་དག་གིས་མིན་པ་བྱིས་པ་བསམ་མེད་མ་གཏོགས་མཁྱེན་ངེས་རེད། ཁྱེད་རྣམ་པ་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ་བཀའ་ཁྲིའི་བོད་ཡིག་ཤེས་ཀྱི་མི་འདུག་ལབ་ཡག་དེ་སོ་དངོས་གནས་ཇག་ཆུང་སྐད་ཆ་རང་རེད། སྤྱིར་སྟངས་བརྡ་སྤྲོད་གཞུང་ལུགས་ལ་མཁྱེན་རྒྱ་ཆེ་ན་ཡག་པར་ཧ་གོ་གིན་ཡོད་མོད། དེང་བོད་ཀྱི་ལས་དོན་སྒྲུབ་ཡག་ལ་བོད་སྐད་དང་བོད་ཡིག་གཅིག་པུས་རྒྱལ་སྤྱིའི་གདེང་ཆའི་སྒང་ལ་བོད་དོན་གླེང་མོལ་གྱི་ལས་དོན་སྒྲུབ་ཡག་དཀའ་ལས་ཁག་པོ་རེད། རྡ་སའི་ནང་ཁུལ་དུ་ཁ་རྩོད་རྒྱགས་ཡག་ནང་བཞིན་རྒྱལ་སྤྱིའི་ནང་དུ་བོད་དོན་འབྲེལ་བའི་བརྡ་སྤྲོད་སྐོར་ལ་གླེང་ས་མེད། སོང་ཙང་སྐད་རིགས་སྣ་ཚོགས་ནང་ནས་དབྱིན་སྐད་དེ་ཡང་བྱང་ཆུབ་པ་ཞིག་མེད་ན་ཧ་ལམ་བོད་དོན་གླེང་ཡག་གིས་སྒྲུང་ཡང་རྦད་དེ་རྫོགས་ཚར་བ་རེད། དེ་དག་ཆོ་མེད་སྐད་ཆ་དང་དགོས་མེད་གླེང་སློང་རང་རེད། བཀའ་བློན་གསར་པའི་ལས་དོན་འགོ་འཛུགས་བྱས་མ་ཐག་འདི་ལྟ་བུ་གཏམ་ངན་དག་སེམས་ཁོང་ནས་དྲན་ཀྱང་ཁ་ནས་འདོན་ཡག་དངོས་གནས་བྱས་ན་དཀའ་ལས་ཁག་པོ་རེད། རེད་དེ་བློ་ཆོས་ལགས་ཀྱི་རྒྱུ་མཚན་ཁ་ཤས་ཤིག་སྒྲུགས་ཡོང་པ་དེ་དག་ནི་ལྷག་བསམ་གྱིས་རྒྱུ་མཚན་བསགས་པ་ཞིག་མིན་པར་ཧ་གོ་གིན་འདུག ཁོ་པའི་ཁོག་པར་བོད་བསྟན་པ་དང་ཆབ་སྲིད་གང་ལ་ཡང་གཏིང་བརྗེད་དུ་གཏོང་མཁན་ནད་རོ་རྙིང་པའི་རིགས་མང་པོ་ཞིག་གིས་ཉན་འཕྲན་ཅན་འདིའི་ནང་ལའང་བཀག་ཀྱང་མི་ཁོག་པར་སྐྱུགས་ཡོང་པ་འདི་ནི་དངོས་གནས་བཀྲ་མི་ཤིས་པ་རང་རེད།
ཨ་ཤི་རེ་ཀོ། སྨྱུག་ཐོག་པ་ཁུག་རྟ་ལགས་ཀྱིས་དེ་སྔོན་བློ་སེང་བཀའ་ཁྲིའི་འོས་མིར་ལང་བཞིན་པའི་སྐབས་སུ་བཀའ་ཁྲི་བློ་སེང་ལགས་ཀྱི་འདས་བའི་ལོ་རྒྱུས་ལ་གཤད་བའི་ཡིག་ཆ་དེ་དག་མི་མང་འདུན་ལ་བཤམས་ཡོད་ན་ད་ལྟའི་ཚད་ལ་ལྷུང་མེད་ངེས་ཅན་རེད། འོན་ཀྱང་ད་ལྟ་བཤད་པས་ཡོངས་སུ་ཕྱིས་དྲག་པ་རེད། ཡིན་ན་ཡང་བཀའ་ཁྲི་མཆོག་དང་སྨྱུག་རྩལ་པ་ཁུག་རྟ་གཉིས་ཆར་སྐྱོན་ཡོན་རེ་ཡོད་པ་ཚངས་མས་མཁྱེན་གསལ་རེད།
ཡ་་་་་་་ད་ནི་ལྟས་མོ་འདུག དང་ཐོག་ཤར་ཕྱོགས་ཁུག་རྟ་ཡིས་རང་ཉིད་ལ་མ་ཉེས་ཁ་གཡོག་བྱས་ཚུལ་དང་རང་ཉིད་ནི་བོད་གྱི་སྒྲིག་འཛུགས་ལས་བྱེད་དངོས་ཀྱི་ཁོང་གཏོགས་མིན་པར་ལས་བྱེད་གཞན་དང་གཅིག་མཚུངས་ཀྱི་སྒྲིག་སྲོལ་ཁུར་མི་དགོས་ཚུལ་དང་། བཀའ་ཁྲི་བློ་སེང་ལགས་ཀྱི་རང་ཉིད་ཀྱི་བོད་ཡིག་མི་ཤེས་པས་བོད་ཡིག་ཤེས་མཁན་ཚོར་མཁོན་སེམས་བཅངས་ཚུལ་སོགས་ས་བསྒྲགས་རྡོ་བསྒྲགས་ཤིག་བྱས་པ་དང་། དེ་ནས་རྒན་ལྷ་མོ་སྐྱབས་ཀྱིས་རང་ཉིད་paris་ལ་བསྡད་དེ་ཅི་ཞིག་ལ་གཏིང་རྟོགས་བྱུང་པ་བཞིན་གནས་དོན་མངོན་གསལ་མེད་པ་འདི་ཉིད་དྲ་ལམ་དང་རྒྱུད་ལམ་ཁག་ཏུ་BBCབཞིན་བསྒྲགས་པ་དང་། དེ་ནས་སྤྱི་འཐུས་རྨོག་རུ་བསྟན་པ་སོགས་ཀྱིས་རང་ཉིད་གཞུང་སེམས་ཡོད་ཁུལ་དང་བློ་གཟུར་བོ་གནས་ཚུལ་གྱི་བཟང་པོའི་ལམ་ནས་གནད་དོན་འདིའི་མེ་ཐོག་སྣུམ་གང་ཐུབ་བཀླུགས་པ་དང་། དེ་ནས་རྒན་རབ་གསལ་ལགས་ཀྱིས་ཀྱང་ཡུན་རིང་མིད་ནས་བརྣགས་པའི་འཁོན་སེམས་རྙིང་པ་དེ་ཚོ་རོ་ལངས་རྒྱག་པ་གོ་སྐབས་ཤིག་རེད་སྙམ་ཏེ་སླར་ཡང་རི་བོང་ཅལ་འདྲོགས་ཀྱིས་སྙན་སྐྱུར་འདྲེས་མའི་རྩོམ་ཐུང་རེ་སྤེལ་ཁུལ་བྱས་པ་སོགས་ནི་གོམ་རིམ་ལྡན་པའི་འཁྲབ་ཚན་ཞིག་མ་རེད་དམ།
རྩོམ་པ་པོ་ཞེས་པ་དེ་འབྲི་མཁས་པ་ལ་ནི་ཧ་ལམ་གཞན་གྱིས་བསྡུར་ཐབས་ག་ལ་ཡོད། ལྟོས་དང་། རྩོམ་ཡིག་གི་དང་ཐོག་བོད་ཀྱི་ད་དེང་ཛ་དྲག་གི་གནས་སྟངས་གླེང་ཁུལ་བྱས་པ་དང་། ང་ཚོས་ཅིས་ཀྱང་བོད་ཀྱི་ད་དེང་ཆབ་སྲིད་ཀྱི་གནད་དོན་ཐད་ཐུགས་བསམ་བཞེས་དགོས་པ་ལས་དོན་མེད་རྩོད་རྙོག་དག་ལ་འཇུག་མི་རིགས་ཚུལ་བཤད་ཁུལ་བྱས། དེ་ནས་ཤར་ཕྱོགས་ཁུག་རྟའི་གནས་དོན་རྟིལ་འབྲི་ཙམ་འདི་འཁྱེར་ཡོང་ནས་དྲ་ལམ་ཁག་དུ་ངན་སློང་བྱེད་པ་དང་དགྲ་དགའ་རང་སྐྱོ་ཡི་སྐད་ཆ་ཁུང་ལུང་མེད་པ་ཐ་དག་བཤད་ནས་བསྡད། ཡ་མཚན་རེད་ཨྭ།
ད་དུང་ལྟོས་དང་། ང་ཚོས་མང་གཙོ་ཡང་དག་སྤྱོད་ཀྱིན་ཡོད་དུས་མང་གཙོའི་ཐོབ་ཐང་རྩོད་པ་ནི་རང་དབང་ཡིན་པ་སོགས་བཤད་པ་ལས་མང་གཙོ་ཡང་དག་ཞིག་ལ་ཐོབ་ཐང་མ་ཚད་འོས་འགན་ཡང་མང་པོ་ཡོད་པ་སོགས་ཚིག་གཅིག་ཀྱང་མ་བཤད་པ་ནི་མང་གཙོ་གཏོར་གཤིབ་གཏོང་པ་ལས་ཅི། ཤར་ཕྱོགས་ཁུག་རྟ་ལ་ཞེན་ཆེན་ཡོད་པ་དང་བཀའ་ཁྲི་ཡི་ལས་དོན་ཐད་བསམ་ཚུལ་ཡོད་ན། སྒྲིག་འཛུགས་ཀྱི་ལས་ཁུང་ཁག་དང་འབྲེལ་ཡོད་དབུ་ཁྲིད་ཁག་ལ་སྙན་ཞུ་ཕུལ་པ་དང་ཡང་ན་དོ་བདག་སོ་སོ་རྒྱ་གར་ལ་ཡོང་ནས་གདོང་ནས་གདོང་ཐུག་གིས་བཀའ་མོས་ནོངས་། སྒྲིག་འཛུགས་དང་འབྲེལ་ཡོད་ལས་ཁུང་སུ་ཡིན་ཡང་བརྡ་ལན་ཞིག་གཏན་གཏན་ཡོད་སྙམ། མཐར་འབོད་སྐུལ་ཞུ་རྒྱུ་ཞིག་ཡོད་པ་ནི།
དགེ་སློང་ན་བཟའ་ལུས་ལ་གོན་ནས་སྤྱོད་ཚུལ་འདྲེ་ལས་ཞན་པ་དང་།
སྒོ་མང་ཆོས་སྡེ་ཆུ་བཞིན་དཀྲུག་ནས་ངོ་ཚ་མེད་པ་འབུད་པ་ནས།།
མདོ་སྨད་ལ་ཞེན་དགོང་དུ་འཕྱར་ནས་སྤྱི་འཐུས་གནས་སུ་འཁོད་པ་སོགས།།
ཐ་ཤལ་མི་ཡི་གཤིས་ངན་སྤངས་སྟེ་གཞུང་དོན་མང་ཙམ་བསྒྲུབ་རོགས་གནང་།།
རྩོམ་པ་པོ་ཡི་མཚན་དུ་བཟུང་ནས་རྩོམ་མཆལ་འདྲ་མིན་སྤེལ་པ་དང་།།
སྤྱི་ཟུར་མཚན་གྱི་ཁ་གཡང་བསྒྲོགས་ནས་དོན་མེད་གཏམ་ལ་བཞུགས་པ་དང་།།
ཉོམ་ཆུང་ཚུལ་གྱིས་བྱ་སྤྱོད་སྤེལ་ཏེ་ཤེས་མེད་བོད་མིར་དཀྲུག་པ་སོགས།།
ཐ་ཤལ་མི་ཡི་གཤིས་ངན་སྤངས་སྟེ་གཞུང་དོན་མང་ཙམ་བསྒྲུབ་རོགས་གནང་།།
དུས་བབས་ཁ་ཕྱོགས་ཨ་མདོར་བསྒྱུར་ནས་དོན་མེད་གླེང་སློང་གང་མང་རྗེས།།
རང་ཉིད་འཚོ་ཐབས་འབའ་ཞིག་དོན་དུ་དཔལ་འབྱོར་ལྐུབ་ལ་རྒྱུགས་པ་དང་།།
འཇོན་མེད་འཁོན་སེམས་བྲག་ལྟར་བཅངས་ནས་འཁོན་ལན་ག་ཐུབ་སློགས་པ་སོགས།།
ཐ་ཤལ་མི་ཡི་གཤིས་ངན་སྤངས་སྟེ་གཞུང་དོན་མང་ཙམ་བསྒྲུབ་རོགས་གནང་།།
ངོ་མ་ཡ་མཚན་། ཁ་བརྡ་དྲ་བའི་ནང་སེང་གེ་ལ་ལྟ་ཚུལ་ལེགས་པའི་རྩོམ་བྲིས་པ་དང་མཆན་བུ་བ་མེད་པ་ཅི་རེད།
འདི་ཁར་སྔོན་བློ་བཟང་སེང་གེ་བཀའ་བློན་ལང་པའི་སྐབས་སུ་ཕྱོགས་འགལ་ཚོགས་པའམ་འོས་ཤོག་རང་གིས་བླུགས་པ་ལྟ་ཅི་གཞན་ལ་རྒྱུད་སྐུལ་ག་ཚོད་བྱས་ཀྱང་རང་གི་བཀའ་བློན་དེ་མ་ཐོབ་པར་ད་གཟོད་ཤིན་ཏུ་མི་བཟོད་པའི་ཆོ་ངའི་འདེབས་མཁན་ཚོགས་ལུས་དེ་དག་རེད་མ་གཏོགས་ཁ་བརྡ་དྲ་བ་རང་མ་རེད།
གླིང་དཀར་པོ་ཞོ་བཞིན་ཆག་པ་ལ། །
དཔོན་ཁྲོ་ལུས་ཁྲ་ལྟར་དཀྲུགས་པ་བཞིན། །
བོད་སྤྱི་པའི་བཀའ་ཁྲིའི་ལས་དབང་ནང་། །
འདྲེ་བློ་ཆོས་གཡོ་འཕྲུལ་ལས་ལ་བྲེལ། །
ད་བོད་པའི་ལས་དབང་མི་བསམ་མཁན། །
ལ་ལུང་པའི་འཐེན་འཁྱེར་དབང་སོང་སྟེ། །
གྲི་དཔའ་དམ་སོ་ཁ་ནང་བསྟན་ནས། །
ནང་ཕུ་ནུ་གསོད་པའི་ལས་བྲེལ་རིངས། །
མགོན་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་ཐོག །
ཁ་བློ་མིག་མ་ཡོ་བོད་མིའི་ཁྲོད། །
ཆེས་མང་མོས་འོ་བསྡུ་དབང་བཙན་པས། །
བུ་དཔའ་བོ་གསེར་ཁྲིའི་སྟེང་དྲངས་ཀྱང་། །
ཆེན་རློམ་པའི་གཅིག་ཤོས་ནད་རོ་དེས། །
རང་ཉེ་འཁོར་ཀུན་ལ་ཁོག་རྒྱང་སྟེ། །
བཀྲ་མི་ཤིས་སྐྱོན་དང་འཚང་འདྲུའི་རིགས། །
ཐབས་ཡོ་རྒུ་རྩལ་འདོན་བྱེད་འདི་ཅི། །
བུ་བློ་བཟང་ཆོས་འབྱོར་ཁོག་པའི་ནང་། །
གནའ་རུལ་སུངས་བཀའ་བློན་བཀྲོང་ངེར་བཞུགས། །
ཁོ་རང་དབང་མེད་པར་སྤྱོད་ལོག་བསྟན། །
འདི་ལྷག་བསམ་རེད་སོ་གདོན་འཕྲུལ་རེད། །
བོད་ཉན་འཕྲང་ཅན་གྱི་དུས་སྐབས་འདིར། །
རང་མི་རིགས་ཛ་དྲག་འཐབ་རྩོད་ནང་། །
འདྲེ་བློ་ཆོས་འཐབ་རྩོད་རང་རྒྱག་འདི། །
བོད་སྲི་ཞུ་རེད་སོ་ཕུང་དཀྲུགས་རེད། །
མི་གཡོ་ཅན་ཁོག་པའི་བར་གསེང་ཀུན། །
ཕྱོགས་འགལ་བའི་ཚོགས་པ་སྐྱིད་ཉལ་འཐེན། །
རྒྱ་ནག་པོའི་བྱིན་རླབས་སྙིང་དུ་སྦྲུམ། །
འདི་ངོ་ནག་རེད་སོ་ངོ་དཀར་རེད། །
བོད་ལས་དབང་དར་ལྕེ་རླུང་འདེད་ནང་། །
གཞི་ཚུགས་པའི་རྩིག་ར་མི་སྐོར་བར། །
རླུང་མཉམ་དུ་སྦུད་པ་གཏོན་མཁན་འདི། །
འདི་བྱ་ར་དགོས་སམ་རྒྱབ་སྐྱོར་དགོས། །
དམངས་གཙོའི་འགོ་གཙོ་ལ་ལེགས་ཉེས་ཀྱི་རྩོམ་ཡིག་དགོས་པ་ནི། དམངས་གཙོའི་རང་དབང་དང་ཁེ་ཕན་ཡིན་པས་ངེས་པར་དུ་དགའ་བསུ་ཞུ་འོས་ལ། འོན་ཀྱང་ལུང་ཚན་གྱིས་ཞེན་ཆགས་དང་བོད་ཡག་པོ་མི་ཤེས་སྟངས་སོགས་འོས་བསྡུའི་སྔོན་ལ་བཤད་དགོས་པ་ད་ལྟ་གཞི་ནས་བཤད་པ་ནི་ཕན་ལས་གནོད་ཆེ། མཇུག་ཏུ་འོས་ལངས་སྐབས་སུ་བཤད་མ་བཤད་སོ་སོར་ཁ་གསལ་སྟོན་པ་བྱས་པ་ནི། མཁས་ལ་དྲང་ཚུགས་ཆེ་བའི་རྩོམ་ཡིག་ཏུ་མཐོང་ལགས།
དུས་དང་ཐོག་མ་འོངས་བཀའ་ཁྲི་དེ།
ན་གཞོན་ཞིང་འཛངས་མི་དགོས་པ་དང་།།
དེང་ད་དུས་ཤེས་འཇོན་དགོས་པ་ལས།།
དཔོན་སྐུ་དྲག་རིགས་རྒྱུད་མི་དགོས་སྨྲས།།
དུས་བར་མ་བོད་ཀྱི་བཀའ་ཁྲི་དེ།།
སྐུ་བརྗིད་ལ་གདེང་ཚོད་ཡོད་པ་དང་།།
བོད་མ་འོངས་རེ་བ་ཡོད་ལུགས་སོགས།།
སྟོད་མེ་ཏོག་ཆར་པ་བབས་བབས་གཏོར།།
ད་སྐུ་ཉིད་མཛད་འཕྲེན་སྐྱང་མུས་སུ།།
བོད་རང་གི་སྐད་ཡིག་རྨོངས་པ་དང་།།
རང་འཁོན་སེམས་བསྐྱངས་ནས་མི་གསོད་སོགས།།
དམའ་མདོང་རྕེ་བྲང་ལ་གཏད་པར་བྱེད།།
བོད་ལས་དབང་འདི་ལྟར་གཉེན་འཕྲང་འདིར།།
སྨྱུག་ལག་ཐོག་བོད་མི་ཐ་ཤལ་གྱིས།།
རིགས་ཝ་མོའི་ཚུལ་གྱི་བྱེད་ལུགས་འདིར།།
ང་བུ་ཆུང་མི་བཟོད་མཆི་མ་ཤོར།།
བོད་ཁ་བའི་ལྗོངས་ཀྱི་བདེ་སྐྱིད་འདི།།
གོང་སྐུ་བཞུགས་སྐྱབས་མགོན་བླ་མ་དང་།།
དེའི་ཞོར་རུ་བཀའ་བླུན་སྤྱི་འཐུས་ཚོའི།།
དོན་ཁོ་ན་མིན་པར་མི་རྟོགས་ཅི།།
མཚོན་སྨྱུག་རྕལ་ཡོད་ཀྱང་བེད་སྤྱོད་དེ།།
ཕྱོགས་ཁ་གཏད་དགྲ་ལ་མ་གཏད་པར།།
ནང་རང་རིགས་བོད་ལ་གཏད་དོན་ཅི།།
འདི་ང་ཚོའི་བོད་མིའི་བྱེད་ལུགས་སམ།།
ཁོ་ཁུག་རྟ་བྱིའུ་གནས་འབྱུངས་དེ།།
དོན་ཆེན་པོ་མིན་པར་སྒེར་གྱི་དོན།།
གོང་བཀའ་ཁྲི་ལྡིག་པའི་ཚིག་རྩུག་རྣམས།།
བོད་སྤྱི་ལ་ཐུག་མིན་མི་ཤེས་ཅི།།
དུས་དེང་སང་རྒྱ་ཡི་གསང་ཉུལ་སོགས།།
མིག་ཅེར་བཞིན་དཀྲུག་རྒྱུ་འཚོལ་པ་དང་།།
བོད་ཆིག་སྒྲིལ་ཐོར་བའི་དུས་དེ་ཉིད།།
གང་མགྱོགས་མགྱོགས་ཡོང་པར་སྒུག་ནས་ཡོད།།
དགྲ་དགའ་ཞིང་གཉེན་སྡུག་ཚིག་རྙོག་རྣམས།།
དུས་ད་ནས་མཚམས་འཇོག་ཡོད་པ་དང་།།
བོད་སྒྲིག་འཛུགས་གོང་ན་བཞུགས་ཡོད་པས།།
མགྱོགས་མྱུར་ཏུ་གསལ་ཁ་བཟོ་ཡོང་སྙམ།།
༼སེང་གེའི་བཀའ་ཤག་གི་མདུན་ལམ༽བླང་དོར་སྒྲིག་གཞིར་འགལ་འདུག་ཟེར། འགོ་བརྗོད་འོག་ལ།
ངའི་འདི། ང་ཚོ་ཆོལ་གསུམ་མི་རིགས་སོ་སོ་ལ་སྐྱོན་དམིགས་བསལ་རེ་རེ་མཐོང་བ་ལྟར་ཕྱྭ་དམོད་བྱས་པ་མ་ཡིན་པར་ང་ཚོ་ཡར་རྒྱས་ཀྱི་ཆེད་དུ་ང་རང་ལ་ཡང་མི་དགའ་མཁན་བྱུང་སྲིད་ནའང་སེམས་ཀྱིས་མ་བཟོད་ནས་འདིར་བརྗོད་འདོད་པ་ནི། ང་རང་སྟོད་ནས་ཡིན་པས་དབུས་གཙང་ཁུངས་སུ་གཏོགས་ཀྱང་།
ང་ཚོ་དབུས་གཙང་པ་རྣམས་ནི། ཆོས་དད་ཆེ་ཡང་གཡོ་སྒྱུ་ཆེ་ཙམ་འདུག ང་ཚོའི་མདོ་སྨད་ཨ་མདོ་བ་ཚོ་ནི། བློ་གྲོས་བཀྲ་ལ་ཁ་རི་ཁ་ཐུག་ཚ་དྲགས་པས་གླེན་རྟགས་ཆེ་ཙམ་འདུག དེ་བཞིན་རང་རིགས་ཁམས་པ་ཚོ་ནི། དགོས་པའི་དཔའ་རྩལ་ཆེ་ཡང་ཁོང་ཁྲོ་ཆེ་ཙམ་འདུག འདི་ནི་ཕལ་ཆེ་བས་དབང་དུ་བྱས་པ་ཡིན་གྱི། དེ་མིན་ན་ང་ལ་ཁ་སྡིག་ཆེན་པོ་གསོག་འདོད་མེད། ཆོལ་གསུམ་ཆིག་སྒྲིལ་ཀུན་ཁྱབ་སྲ་བརྟན་ཤོག །སྨྲ་བ་པོས་ཀུན་སློང་ལ་སྐྱོན་མེད་པས། དགེ་བར་འགྱུར་ཅིག །བཀོད་ཐུབ་མི་འདུག གང་ཡིན་ནམ།
བོད་ནང་དུ་དཀའ་སྡུག་ཚད་མེད་མྱོང་བཞིན་པ་དང་། ལྷག་པར་རྒྱལ་གཅེས་དཔའ་བོ་གཅིག་རྗེས་གཉིས་སུ་རང་ལུས་མཆོད་མེར་འབུལ་བཞིན་པའི་གནས་སྐབས་ཆེས་ཛ་དྲག་གི་དུས་འདིར། ང་ཚོས་བློ་ནང་དུ་བཀུག་ནས་ཞིབ་ཏུ་བསམ་ན། རྒྱལ་གཅེས་པ་ཁོང་ཚོའི་རེ་འདུན་བཞིན་རྒྱལ་སྤྱི་དང་རྒྱལ་ནང་གང་དུ་ལས་འགུལ་དང་དངོས་ཡོད་གནས་ཚུལ་ཁྱབ་སྤེལ་གཏོང་དགོས་པའི་དུས་རེད། དེ་ལས་ལྡོག་ཏེ། དུས་གཏན་དུ་ཆོལ་ཁ་དང་། ཆོས་ལུགས། བོད་ཡིག་ཤེས་མི་ཤེས་ཟེར་བའི་གནད་དོན་དེ་འདྲ་གླེང་ན་ལས་རྒྱུ་འབྲས་ལ་མ་སོང་ཞིང་། རྒྱལ་གཅེས་འདས་པོ་ཚོའི་རྣམ་ཤེས་ལ་ངོ་ཚ་དགོས་པ་ཞིག་རེད། ལྷག་པར་གཞིས་བཞུགས་བོད་རིགས་སྤུན་ཟླའི་འགྱུར་མེད་ལྷག་བསམ་དང་རེ་བའི་མིག་ཟུང་གཏད་ས་རབ་རིབ་ཏུ་འགྱུར་ན་ཆེས་མཐོ་ས་ནས་བོད་མི་རིགས་ལ་གྱོང་ཆེན་པོ་རེད་ལ། དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་ལས་མ་འདས་སོ། དེས་ན། ད་གཟོད། གང་ཟག་བྱེ་བྲག་པ་བློ་བཟང་ཆོས་འབྱོར་གྱི་གནས་ཚུལ་གྱིས་བོད་མིའི་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་གནོད་སྐྱོན་མ་སོང་བ་བྱེད་དགོས། བློ་བཟང་ཆོས་འབྱོར་རང་ཉིད་དྲང་བདེན་མ་བྱུང་བར་འདོད་ན་རང་གཞུང་དང་། རྒྱ་གར་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་ཆོག སྔར་ཡིན་ཟླ་བ་རྒྱལ་མཚན་ཟེར་བར་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་དྲང་པོ་བྱུང་མིན་གྱིས་རྒྱ་གཞུང་ཁྲིམས་ཁང་ལ་གཏུགས་པའི་ལུགས་སྲོལ་བྱུང་ཡོད། དེ་ནི་དམངས་གཙོའི་ཁྲིམས་དང་མཐུན་ཞིང་༧གོང་ས་མཆོག་གི་དགོངས་གཞི་ཡང་རེད་འདོད། བོད་རྒྱལ་ལོ།།
དུས་བབས་ནང་ལ་༼ང་ཚོ་ཆོལ་གསུམ་་་་་་་་་་་་་་་་་་་་་་་་་་་་་་་་ མེད་པས། དགེ་བར་འགྱུར་ཅིག༽ཅེས་པ་འདི་ཆད་འདུག་ དགོངས་དག
རབ་གསལ་གྱིས་ད་ཐེངས་རྩོམ་གྱི་ཁ་བྱང་དུ། གླེང་མི་དགོས་གླེང་ཞེས་ཁོས་གླེང་མི་དགོས་པ་ཞིག་ཡིན་པ་ཤེས་བཞིན་དུ་དེ་ལྟར་ཆེད་དུ་གླེང་པ་ནི་སུ་ཞིག་ལ་གསང་བའི་བརྡ་ལན་རེད་དམ། Enough is enough…ཞེས་དེང་སང་བོད་མི་ཚོས་འབོད་ཚིག་དེ་རྒྱ་ནག་སྒྲོག་བཞིན་ཡོད་པའི་སྐབས་དེར་ང་ཚོས་ནང་དུ་ཡང་དེ་ལྟར་བྲག་ཅའི་ཚུལ་དུ་གསན་པ་གནང་རོགས།
བོད་ལ་རྒྱ་ཅན་གྱི་ན་གཞོན་དག །རང་མི་རིགས་བདེན་པའི་འཐབ་རྩོད་ནང་། །དགྲ་ཕྱི་དགྲ་ལས་ཀྱང་ནང་དགྲ་སྡུག །ད་ནང་དགྲའི་གཏི་བོ་སྒྲལ་ལ་རིངས། །
རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག བསམ་ཚུལ་རྗེས་ལ་བཤད་ཆོག་པ་ཞུ།
འོ་ཡ། ད་ཡིན་ན་འདྲེ་ཡི་སེམས་ལ་མ་ཤར་སྔོན་ནས་ནད་པའི་སེམས་ལ་ཤར་མཁན་མང་པོ་འདུག་ཨང་།
དངོས་གནས་བཤད་ན་ང་ཚོ་དགོས་པའི་བཀའ་ཁྲི་ནི། བཙན་པོའི་གཉའ་ནས་གནོན་ཅིང། སྙོམས་ཆུང་མཐའ་ནས་སྐྱོང་བ་ཞིག་དགོས་པ་རེད། འདི་ནི་ཇི་འདྲའི་མཚར་བོ་ཞིག་རེད།
ང་ཚོའི་སྤྱི་ཚོགས་ནང་དང་དྲ་ཐོག་གང་དུའང་མི་མང་ཆེ་བས་མི་མང་ཉུང་གི་ཁ་ཤེད་འདྲ་བོའི་འོག་བཞག་སྟེ་གཞན་ཕྱོགས་ནས་ལྷག་བསམ་བྱས་རྗེས་གང་འདྲ་བཞག་རུང་ཁྱད་བསོད་དང་སྣང་མེད་གཏོང་རྐྱང་བྱེད།
རང་ཕྱོགས་ལ་སྐྱོན་བརྗོད་ཅུང་ཙམ་ཡོང་དུས་དེ་རྒྱ་མིའི་སོ་པ་དང་བོད་མི་ནང་དཀྲུག་མཁན་སོགས་བདེ་སྡུག་བཤད་ས་མེད་པར་རྒྱ་མི་ལས་ཀྱང་གདུག་རྩུབ་ཆེ།འདི་འདྲ་རྐྱང་སྒྲུབ་ནས་ཡོང་ན་ཁ་ནས་ཆིག་སྒྲིལ་དང་བོད་སྤྱི་དོན་སོགས་ཅི་ཙམ་བཤད་རུང་རིམ་པར་རྫུན་མ་ཡིན་པ་དང་བེད་སྤྱོད་གཏོང་བཞིན་པ་ཤེས་ཡོང་དུས།བཟའ་ཚང་ཡིན་རུང་འཐོར་འགྲོ་བ་ཆོས་ཉིད་རེད།
དེ་འདྲ་སོང་བོད་མི་སུ་ཡིན་ན་ནང་ཁུལ་རྙོག་བྲ་ཡོང་དུས་མི་གཡོ་སྒྱུ་ཅན་ཚོའི་རྗེས་སུ་མི་རྒྱུགས་པར་རང་ཚུགས་བཟུང་ནས་དྲང་བདེན་གི་ཕྱོགས་ལངས་རྒྱུ་གལ་ཆེན་རེད།དེ་མ་གཏོགས་ནམ་རྒྱུན་གནས་ལུགས་ཡོད་མེད་མི་བལྟ་བར་རང་ཕྱོགས་ལ་རླུང་ཙམ་གཡུག་མི་ཆོག་པར་གཞན་ཕྱོགས་དེ་ག་དུས་ཡིན་ན་ཕངས་མེད་བེད་སྤྱོད་གཏོང་རྒྱུ་དང་།མཐོང་ཆུང་དང་ཁྱད་བསོད་ནག་པོ་བཟོ་གཞི་འདྲ་པོར་བརྩིས་བསྡད་ན་ང་ཚོ་མཉམ་དུ་གནས་ཐབས་ཁོ་རང་ཡོད་མ་རེད།བརྒྱ་ཆ་བརྒྱ་ཁ་ཁ་ཆགས་ཀི་རེད།གཞན་ཕྱོགས་ཀི་མི་དེ་ཚོའང་གླེན་པ་མ་རེད་པ།
ཁ་སང་དེ་རིང་འདི་ནས་རྩོམ་པ་པོ་རྒན་རབས་པ་ཆབ་བྲག་ལྷ་མོ་སྐྱབས་དང་། དགེ་འདུན་རབ་གསལ་གཉིས་ཀྱིས་ཀྱང་རང་གི་ལས་དོན་གྱི་ཞར་ ཞོར་ནས་ཁོམ་སྐབས་ཕྱུང་སྟེ་སྨྲ་བརྗོད་
རང་དབང་རྩལ་འདོན་གནང་བཞིན་པ་ནི། གཉོམ་ལག་མ་རྒྱས་པའི་བོད་དམངས་གཙོ་གཞུང་ཞིག་ལ་མཚོན་ན། ཇི་འདྲའི་ལག་ཆ་མང་པོ་ཞིག་ལེན་རྒྱུ་ཡོད་པ་ཨང་། འདི་ཚང་མ་༸གོང་ས་མཆོག་གིས་རིང་ནས་ཡིད་ལ་བརྣག་པའི་
དམངས་གཙོ་མཚན་ཉིད་ཚང་བ་ཞིག་ལ་མངོན་འགྱུར་ཡོང་རྒྱུར་རེ་བའི་ཞབས་ཞུ་རྨ་མེད་ཅིག་དང་། བོད་མི་རིགས་འདིའི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཀྱི་གོམས་སྟབས་གསར་བ་ཞིག་ཀྱང་ཡིན་པས་ཁ་དྲོ། ཡག་བྱུང་ཞེས་ཞུ་རྒྱུ་ཡིན།
བློ་བཟང་ཆོས་འབྱོར་གྱི་ལས་ཀ་འཕྲོག་དོན་རྩ་བ་བློ་སེང་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་གནད་འགག་ལ་ཐུག་ཡོད་པ་འདྲ། བློ་བཟང་ཆོས་འབྱོར་གིས་བློ་སེང་རྒྱབ་སྐྱོར་མེད་པ་མ་ཟད། བློ་སེང་གི་དངོས་ཡོད་ཞན་སྐྱོན་ཁག་བྲིས་ཡོང་དུས། དེ་ལ་བཀའ་ཁྲི་བློ་སེང་གིས་ཀྱང་སྒྲིག་གཞིར་འགལ་བར་ཁ་གཡར་ནས། རང་ཉིད་ལ་རྒྱབ་སྐྱོར་མེད་མཁན་ཞིག་ལ་མངོན་གསལ་གྱིས་ཉེས་ཆད་བཅད་པ་རེད། བློ་སེང་བཀའ་ཁྲི་ཡིན་པའི་ཆ་ནས་འུ་ཐུག་གི་ལས་ཀ་འདི་འདྲ་གནང་རྒྱུ་ཡོད་པ་མ་རེད། གནང་སྟངས་འདི་ནི་བློ་སེང་རང་ཉིད་བཙན་བྱོལ་སྤྱི་ཚོགས་ནང་དགོས་མཁོ་མེད་པའི་ཆབ་སྲིད་པ་རྙོགས་དྲ་ཚ་བོ་ཞིག་ཆགས་ན་འདོད་པ་རེད། དེ་ལས་བཀའ་ཁྲིས་རང་གི་ཁུར་དུ་བབ་པའི་ལས་འཆར་གཞི་རྣམས་དག་དག་བཟོས་ནས། ལས་རྣམས་དོན་འཁྲེགས་མཁྲེགས་སྒྲུབ་ཏེ་མི་མང་གི་འདོད་པ་ཁེངས་པ་བྱེད་དགོས་པ་དང་། ཁོ་རང་ལ་རྒྱབ་སྐྱོར་མི་བྱེད་མཁན་ཚོར་དམིགས་བསལ་སྐྱོན་བརྗོད་རྒྱུ་མི་རྙེད་པ་ཞིག་བཟོ་ཨེ་ཐུབ་འབད་བརྩོན་བྱེད་དགོས་ལས། རང་ཉིད་ལ་རྒྱབ་སྐྱོར་མེད་མཁན་ཚོར་ཉེས་ཆད་གཅོད་རྒྱུའི་བསམ་བློ་འཁོར་བ་ནི། ཡག་པོ་མ་རེད་ལ། དེ་ནི་སྲིད་དབང་སྒེར་གཅོད་མང་པོ་ཕམ་ཉེས་འགྲོ་རྐྱེན་གཙོ་ཆགས་ཡོད་པ་རེད། དཔེར་ན་ཉེ་དུས་ཀྱི་གནས་ཚུལ་ཚ་ཤོས། Ghadhafi ཕམ་ཉེས་འགྲོ་རྐྱེན་ཡང་བྱེད་སྟངས་འདི་ལ་ཐུག་པ་རེད། ཁོས་བསམ་པར་རང་ཉིད་ལ་རྒྱབ་སྐྱོར་མེད་མཁན་ཚོར་ཉེས་ཆད་གཅོད་རྒྱུ་ནི་ཐབས་ལམ་ཡག་ཤོས་སུ་རྩིས་ནས་ལག་ལེན་བསྟར་བ་རེད།
ཁ་ཤས་ནས་ཡང་བོད་ཡིག་ཤེས་མཁན་ཚོར་མཐོང་ཆུང་འདྲ་བོ་དང་བཀའ་བཀྱོན་འདྲ་ཕབ།བོད་ཡིག་དེ་དགོས་མཁོ་མེད་པ་དང་རྒྱལ་སྤྱིའི་ཐོག་ནས་དབྱིན་ཡིག་ཤེས་མཁན་ཚོས་ཤེ་བོ་ཅིག་བྱེད་མདོག་མདོག་བཤད་འདུག་མོད།ད་ལྟ་བར་རྒྱལ་སྤྱིའི་ཐོག་ནས་བོད་ལ་འགྱུར་བ་ཇི་ཞིག་བཏང་ཡོད།ཇི་གང་བཏང་མྱོང་མེད་པ།
དབྱིན་ཡིག་ཤེས་མཁན་ཚོས་བོད་དོན་ཐོག་ད་ལྟ་བར་བགས་ཆགས་ཇི་ཞིག་བཞག་མྱོང་ཡོད།གང་ཡང་མེད་པ།
རང་ལ་ཉེན་ཁ་མེད་ས་ནས་བོད་ནང་གི་མི་ཚོ་མདུང་རྩེ་ལ་ཐེངས་མང་སྐྱོན་མྱོང་ཡོད་དེ་བྱས་རྗེས་ཨེ་རེད།
ག་དུས་ཡིན་ན་བོད་པ་ཚོས་རྒྱལ་སྤྱི་ན་རྒྱལ་སྤྱི་ཅེས་གླེན་པའི་ས་སྒུག་དེ་ད་མཚམས་བཞག་ན་ཡག་པོ་ཡོད།རྒྱལ་སྤྱི་ན་ཁེ་བསང་མེད་པའི་བོད་པ་ཚོར་ཤ་ཚ་སྙིང་རྗེ་བྱས་ཡོང་མཁན་ཅིག་མེད་ཐག་ཆོད་ཡིན།
བོད་ཡིག་ཤེས་མཁན་ཚོར་བཀའ་དྲིན་ཞུ་ཚབ་ཏུ་ཅིག་ལབ་ཁུལ་འདྲ་བྱེད་པ་ནི་ཨ་མ་དང་འདྲེ་མོ་གོ་ནོར་བ་རང་རེད།
ད་ལྟ་བར་བོད་དོན་ཆེད་རང་སྲོག་བློས་གཏོང་མཁན་རྣམས་བོད་ནང་གི་ཞིང་འབྲོག་མི་མང་དང་འཕགས་པའི་་དགེ་འདུན་རྣམས་ཡིན་པ་ལས་ཕྱི་རྒྱལ་གྱི་བོད་མི་རྭ་མ་ལུག་དེ་ཚོ་མིན།
བོད་ནང་རྒྱ་ནག་གི་སྲིད་ཇུས་ཁག་རྣམ་དཔྱོད་ལྡན་པའི་བེད་སྤྱོད་བྱས་ཏེ་བོད་མི་ལ་མདུན་ལམ་འཚོལ་བ་དང་བཟང་ཕྱོགས་སུ་འགྱུར་བ་གཏོང་མཁན།༧ཀུན་གཟིགས་ཐམས་ཅད་མཁྱེན་པ་དང་ང་ཕོད་ངག་དབང་འཇིགས་མེད།འབའ་པ་ཕུན་དབང་དང་ཁམས་པ་གཡང་ལས་རྡོ་རྗེ།ཨ་མདོ་དོན་རྒྱལ་སོགས་ཡིན་མ་གཏོགས་ཕྱི་རྒྱལ་གི་བོད་མི་རང་ལ་ཁེ་བསང་མེད་པར་སྤྱི་དོན་སྒྲུབ་ན་གླེན་ལྐུག་ཏུ་བརྩི་མཁན་ཚོ་མིན།
བོད་མིའི་བདེ་སྡུག་རྒྱ་གཞུང་ལ་འཇིགས་ཞུམ་མེད་པར་བཤད་ཕོད་པ་བོད་ནང་གི་ཁམས་པ་ཚེ་དོན་དང་ཞོགས་དུང་སོགས་ཡིན་པ་མ་གཏོགས་དབྱིན་ཡིག་ཤེས་མཁན་ཚོས་མདུང་ཁ་ནང་དུ་བསྐོར་ནས་ཕ་རྒན་ཏཱ་ལའི་བླ་མ་ལ་སྐྱོན་བརྗོད་བྱས་ཏེ་རང་ཉིད་སྐད་གྲགས་ཆགས་ཐབས་རེ་ངན་འཆང་རྒྱུ་ལས་འཇོན་ཐང་གང་མེད་པ།
མཐའ་དོན་ད་ཆ་ང་ཚོ་བོད་མི་རིགས་ཟེར་བ་ཅིག་ལུས་ཡོད་པ་བོད་སྐད་བོད་ཡིག་ཁོ་ན་མ་ཉམས་པའི་དྲིན་ཡིན་པ་མ་བརྗེད་པ་ཀྱིས།དཔེ་མང་པོ་མི་དགོས་པར་དེང་སང་བོད་ནང་གང་ན་བོད་སྐད་བོད་ཡིག་ཤུགས་ཆེན་པོ་གནས་ཡོད་ན།དེ་རུ་བོད་མིའི་ཞེན་ཁོག་དང་ངོ་བོ་བརྟན་པོར་བཟུང་སྟེ་ས་གནས་ཆུང་ཆུང་རེའི་ནང་བོད་མི་མང་པོས་རང་ལུས་མེར་བསྲེག་དང་བོད་ཡིག་རྩོམ་པོ་བཅུ་ཕྲག་འགའ་བཙོན་འཇུག་བྱེད་བཞིན་པ་སོགས་མངོན་གསལ་དོད་པོ་རེད།
དེ་ཚོ་བོད་མི་རིགས་འཚོ་གནས་དང་བོད་མིའི་ཐོབ་ཐང་རྩོད་རྒྱུར་དབྱིན་ཡིག་ལས་བོད་ཡིག་དགོས་མཁོ་ཡོད་པའི་བདེན་དཔང་རེད།
ལར་བཙན་བྱོལ་བོད་གཞུང་གིས་ཁོ་ཚོ་ལ་རྒྱ་ནག་གི་ཁྲིམས་ལུགས་འོག་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀི་རང་དབང་དགོས་པ་ཁ་ན་ན་བར་བཤད་ཀི་ཡོད་པས།བཀའ་ཁྲིའི་རྒྱབ་སྐྱོར་པ་ཚོས་བོད་ཡིག་ཤེས་མཁན་ཚོར་སྡང་ཟུག་བྱེད་པ་དེ་མངོན་ལྐོག་མི་མཚུངས་པ་ཁྱད་མཚར་ཅིག་རེད།
འདི་གནའ་སྔ་མོའི་དུས་བབ་ཚང་གི་རྩོམ་སྒྲིག་པ་རབ་གསལ་ཟེར་བ་དེ་མ་རེད་པས། ཡ་མཚན་ཞིག་ལ། ཁོང་ད་ལྟ་ད་དུང་ཡང་འཇིག་རྟེན་འདིར་བསྡད་ཡོད་པ་གྲགས། བར་སྐབས་ཤིག་ནས་གོ་རྒྱུ་ཐོས་མེད་པ་ཆགས་སོང་། ངའི་བསམ་པར་བསྟན་འཛིན་མགོན་པོ་དང་མཉམ་རྡོ་རྗེ་གདན་ལ་སྒོམ་རྒྱག་ས་འགྲོ་ཡོད་དམ་སྙམ་བྱུང་། དེ་རིང་དྲ་ཐོག་ན་སླེབས་པ་དང་དུས་མཉམ་དུ་ཞེན་ཁོག་སྐམ་པོ་དེ་སྔར་བཞིན་འགྱུར་བ་འགྲོ་མི་འདུག ཁོང་གིས་ཁྱི་སྐད་རྒྱག་སྟངས་ལ་བལྟས་པ་ཡིན་ན་བོད་མི་མང་གི་བཀའ་ཤག་ལ་དྲིན་ལན་ལོག་མཇལ་དང་ཡང་ན་རྒོལ་ལན་ཞིག་ལོག་འདོད་པ་དེ་ཁོ་ན་ཡིན་པ་གྲགས། ཤར་ཕྱོགས་ཁུག་རྟ་ཟེར་བ་འདི་མི་གསོན་པོར་བསྡད་བསྡད་པ་རེད། ཁྱེད་རང་ནམ་ཞིག་ཀྱང་ཁོང་གི་རྒྱབ་མདུན་ན་ལངས་ཆོག་ཆོག་རེ། གལ་ཏེ་ངོ་མ་ཁྱོད་ལ་སྙིང་དམར་པོ་ཞིག་ཡོད་ན་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་གཏོང་བཞིན་པའི་སྤུན་ཟླ་ཚོའི་ཤུལ་ན་ཉི་མ་དེ་རིང་ནས་བཟུང་ཡར་ལོངས་ཤིག།
བོད་ནང་གི་ཨ་མདོ་བ་ཚོས་བོད་མི་ས་ཡ་དྲུག་གི་རང་དབང་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆེད་དུ་རང་ལུས་མཆོད་མེར་འབུལ་བཞིན་པའི་སྐབས་འདིར། བཙན་བྱོལ་ནང་གི་ཨ་མདོ་བ་ཚོས་ཆོལ་ཞེན་ལུང་ཞེན་གྱི་དབང་དུ་གྱུར་ཏེ་ཕྱོགས་སྒྲིལ་གྱིས་རང་གཞུང་བཀའ་ཤག་དང་བཀའ་ཁྲིའི་གདོང་ལ་བུད་བཞིན་པ་འདི་ནི་ཇི་འདྲའི་ཡིད་མུག་པ་ཞིག་རེད། ནམ་རྒྱུན་མི་བསམ་ཡོད་ཤེས་ལྡན་ལ་བརྩི་བའི་རྒན་ལྷ་མོ་སྐྱབས་དང་། རྩོམ་པ་པོ་རྒན་རབ་གསལ་ལགས། རྩོམ་པ་པོ་གསལ་ལེ་རྒྱལ་སོགས་བཙན་བྱོལ་ནང་ཅུང་ཟད་གོ་རྒྱུ་ཡོད་པའི་ཨ་མདོའི་རྩོམ་པ་པོ་ཧ་ལམ་ཡོང་རྫོགས་ཕྱོགས་གཅིག་ལ་སྒྲིལ་ནས་བཀའ་ཁྲིའི་གདོང་ལ་ཐོན་ནས་བློ་བཟང་ཆོས་འབྱོར་ལ་རྒྱབ་སྐྱོར་བྱེད་བཞིན་པ་དྲ་རྒྱ་ཉུལ་མཁན་ཞིག་ཡིན་ན་ཤེས་གསལ་རེད། འདི་ལྟ་བུའི་བྱེད་བབ་འདི་ནི་དགྲ་དགའ་གཉེན་སྡུག་ལས་སུ་ལ་ཡང་ཕན་ཐོག་མེད་པ་མ་ཟད་དོན་ཆུང་འདི་བཙན་བྱོལ་གཞུང་དམངས་བར་དང་། མི་མང་ནང་ཁུལ་ལ་སྐྲུག་གཞི་ཆེན་པོ་ཞིག་ལ་འགྱུར་སྲིད་པས་ཆོལ་ཞེན་ལུང་ཞེན་གྱི་བྱེད་བབ་འདི་རིགས་ངེས་པར་དུ་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།
ད་རེས་གི་དོན་དག་འདི་མི་ལ་ལས་ཆུང་ཆུང་རེད་ཟེར། ཡང་མི་ལ་ལས་ཆེན་པོ་རེད་ཟེར།
རེད། ཆུང་ཆུང་བྱས་ན་ཆུང་རེད། ཆེན་པོ་བྱས་ན་ཆེན་པོ་རེད། ཆུང་ཆུང་བྱས་ན། བློ་བཟང་ཆོས་འབྱོར་མི་སྒེར་གི་དོན་དག་ཅིག་རེད། ཡིན་ཡང་། ཆེན་པོ་བྱས་ན་ཆེན་པོ་རེད། བོད་གཞུང་གཉིས་གར་འགྲོ་གར་འཇོག་གི་འགན་དབང་ཆ་ཚང་ཡོད་པ། མི་མང་གི་ཡར་ཐོ་མིག་ཀོང་གཉིས་འབུར་ས། མི་མང་གི་སེམས་ཁོངས་སུ་རེ་བའི་བློ་གཏད་ས། དགྲ་ལ་ཁ་གཏད་ས། བཙན་པོའི་མགོ་གནོན་མཁན། མཉམ་ཆུང་བྱམས་གྱིས་སྐྱོང་མཁན། སྲིད་ཀྱི་སྲིད་སྐྱོང་བ། བཀའ་ཡི་བློ་ཆེན་པ། མཁས་པའི་དབང་བློ་བཟང་སེངྒེ་མཆོག་གི་གཤིས་རྒྱུད་དང་འབྲེལ་ཞིང་ཐུག་པ་རེད།
རེད། རྐྱེན་དེས་དོན ་དག་འདི་ཆུང་ཆུང་མ་རེད་ཆེན་པོ་རེད། སོང་ཙང་། མི་སུ་ཡིན་ཡང་དོན་དག་འདི་ལ་བལྟ་འདོད་ཅིང་ཤོད་འདོད་ཡོད་པ་ཡིན་ན། བློ་རིག་རབ་ཏུ་གསལ་བའི་རབ་གསལ་ལགས་དང་འདྲ་བར་ཕྱོགས་བཞི་དང་། ཕྱི་ནང་གཉིས་ནས་བལྟ་དགོས་པར་འདུག
མི་ཡི་རི་མོ་ནང་ན་ཡོད། །སྟག་གི་རི་མོ་ཕྱི་ན་ཡོད། །ཟེར་བའི་གཏམ་དཔེ་དེ་ཡི་གོ་བ་ལོན་ཐུབ་པ་བྱེད་དགོས་པ་རེད། གཏམ་དཔེ་དེར་གོ་བ་ལོན་ཐུབ་པ་བྱུང་ཚེ། གཏམ་དཔེ་དེ་བཀའ་ཁྲི་སེངྒེ་དང་ཡང་སྦྱར་ནས་བལྟ་དགོས་པ་རེད། བྱེད་སྟངས་དེ་ནི་ང་ཚོ་སེངྒེ་ལ་མ་དགའ་བ་བྱེད་པ་མ་རེད། བལྟ་སྟངས་དེ་ནི་སེངྒེ་སྲུང་སྐྱོབ་ཀྱི་ཆེད་དུ་རེད། ང་ཚོས་སེངྒེ་ལ་བལྟ་དུས་རས་ཡོལ་ངོས་གི་བརྙན་འཕྲིན་ཟློས་གར་ལ་བལྟ་བ་ནང་བཞིན་མ་ཡིན་པར། བལྟ་སྟངས་དེ་ནི་བང་རིམ་མཐོ་བའི་མཆོད་བརྟེན་ཞིག་ལ་བསྐོར་བ་བྱེད་པ་དང་མཚུངས་པར་་ཕྱོགས་བཞི་དང་མཚམས་བརྒྱད་ནས་བལྟ་དགོས་པ་རེད། དེ་ལྟར་བྱས་ན་ད་བཟོད་གཞི་ནས་རང་ཉིད་ལའང་བློ་རིག་དྭངས་མའི་བསམ་ཚུལ་ཡོང་གི་རེད།
རྩོམ་པ་པོ་ཚད་ལྡན་ཡིན་མིན་ནི་གལ་ལ་ཐུག་དུས་ཤེས་ཡོང་ལ། གལ་ལ་ཐུག་དུས་ལྷག་བསམ་དང་དྲང་བདེན་ལ་རྒྱབ་བཅོལ་མཁན་དག་ནི་ད་བཟོད་རྩོམ་པ་པོ་ཚད་ལྡན་ཞིག་རེད། བློ་བཟང་ཆོས་འབྱོར་གྱི་གླེངས་རྙོག་འདིའི་ཁྲོད་ནས་བཙན་བྱོལ་རྩོམ་པ་པོའི་ཁྲོད་གལ་ལ་ཐུག་དུས་ལྷག་བསམ་དང་དྲང་བདེན་ལ་རྒྱབ་བཅོལ་མཁན་ཉིན་དཀར་ལྟར་ཉུང་ཉུང་ཡིན་པའི་ཚོར་སྣང་སྐྱེས་སོང་ལ། ནམ་རྒྱུན་སེམས་ནང་ལ་གནས་བབ་མཐོ་ཙམ་གཟུང་མྱོང་བའི་རྩོམ་པ་པོ་ཁག་ཅིག་གི་རིན་ཐང་ཡང་སེམས་ནས་ཡལ་འགོ་ཚུགས་སོང་། འདི་འདྲའི་དུས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དྲང་བདེན་དང་ལྷག་བསམ་གྱིས་ཕྱུག་པའི་མི་གཞི་དག་ལྷག་ཏུ་དྲན་ཡོང་བ་ཞིག་རེད། འདི་ནི་བློ་བཟང་ཆོས་འབྱོར་གྱི་གླེངས་རྙོག་ཁྲོད་ནས་ང་ལ་སྐྱེས་པའི་སེམས་ཚོར་དག་ཡིན།
བཀའ་ཤག་གསར་བ་དང་ཁུག་རྟའི་གནས་ཚུལ།
ཁུག་རྟའི་ལས་མཚམས་འཇོག་ཏུ་བཅུག་པའམ་ཡང་ན་མུ་མཐུད་དུ་གནས་བབ་སྤྲོད་དང་མི་སྤྲོད་ཀྱི་བདག་དབང་བཀའ་ཤག་ལ་ཡོད།ལས་མཚམས་རྫོགས་པའམ་འཚམས་འཇོག་ཏུ་བཅུག་པ་གང་ལྟར་ཡང་བཀའ་ཤག་སྔོན་མའི་སྐབས་ལ་ཡོད་པ་རྗེས་མའི་དུས་སུ་ཡོད་དགོས་པའི་ངེས་པ་མེད་ལ།འཕོ་འགྱུར་མེད་པར་གནས་དགོས་པ་ནི་དེ་བས་ཀྱང་མེད།སྔོན་མ་གང་ཡོད་བསྒྱུར་བཅོས་དང་དུས་བབ་ལ་ལྟོས་ཏེ་བརྐྱངས་བསྐུམ་ལ་སོགས་པའི་བྱེད་བབ་བཀའ་སྤྱི་གཙོ་བོར་གྱུར་བའི་བཙལ་བྱོལ་བསྒྲིགས་འཛུགས་འདི་ལ་ཡོད་ལ།ཡོད་དགོས་པ་ཞིག་ཀྱང་རེད།བཀའ་ཡིག་དང་ཤར་ཁུག་རྩོམ་ཡིག་གཉིས་ལས་མཐོང་ཐུབ་པ་ནི་བཀའ་ཤག་གིས་མཚམས་འཇོག་བྱས་པར་ཤར་ཁུག་གིས་མ་འདོད་པ་ཙམ་རེད།ཤར་ཁུག་རང་ཉིད་ཀྱིས་ལས་ཀའི་ངོ་བོ་དང་སྦྱངས་འབྲས་མངོན་འགྱུར་གྱི་ལམ་བུ་སོགས་ཁོང་ལ་མཚོན་ན་ཤིན་ཏུ་ནས་གལ་ཆེ་མོད།དེ་ལྟའི་ལམ་བུ་བཙལ་ཏེ་སྤྱི་ཕན་རེ་སྒྲུབ་པའི་རེ་འདུན་མ་འདོར་བར་གནས་ན་ལས།བཀའ་ཁྲིའི་རྣམ་འགྱུར་ཚུན་ནས་འདི་ལྟར་བསྒྲགས་པས་ནི་རང་གི་མངོན་འདོད་དེ་ལས་ཕྱིར་ཕྱོགས་པ་རེད་ལ།དེ་ག་ཙམ་ལ་ཕྱོགས་རྒྱབ་འདི་ལྟར་ལངས་ཏེ་བཀའ་ཤག་གསར་བར་སྨད་པ་ནི་ལྟས་ངན་གྱི་དང་པོ་མངོན་པར་གྱུར་པ་ལས་མ་འདས་ཤིང།བཙན་བྱོལ་རྩོམ་པ་པོ་ཚོའི་གནས་བབ་ཀྱང་གསལ་ལེར་མངོན་པ་རེད།ཤར་ཁུག་གི་ལས་ཀ་མཚམས་འཇོག་གནང་བ་ལ་ལུང་ཞེན་གྱི་གནས་བབ་དྲག་ཏུ་འཕྱུར་བཞིན་པར་གཞིགས་ན།བཙན་བྱོལ་རྩོམ་པ་པོ་རྒན་རབས་མེད་པར་བོད་ནང་གི་ཛ་དྲག་གི་གནས་སྟངས་ནི་ཅི་སྟེ།ཤར་ཁུག་གི་ལས་ཀ་བས་ཀྱང་འཚབ་ཆེ་བ་མེད་དམ།ཛ་དྲག་པའི་དུས་སྐབས་ཏག་ཏག་རང་ལ།ཤར་ཁུག་ལ་རྒྱབ་སྐྱོར་ལྟ་བུའི་ཚུལ་གྱིས་བཀའ་ཤག་གསར་བའི་དབུ་ལས་རྣམས་ལ་སྐྱོན་བརྗོད་འདི་ལྟར་བྱེད་པ་ནི།དམིགས་གཟེས་ཏེ་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོའི་མཛད་འཕྲིན་རང་གར་ཡལ་དུ་འཇུག་ཅི་ཐུབ་བྱེད་ཀྱིན་པ་མ་ཡིན་ནམ།བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་ཞུགས་ལ་བསྐྱོན་པའི་དཔའ་རྒོད་རྣམས་ཀྱི་མཛད་པ་འཛམ་གླིང་ལ་ཁྱབ་དང་ཁྱབ་བཞིན་པའི་སྐབས་སུ་ཁ་བརྡ་དུས་བབ་སོགས་དང་མཐཪ་ལྷུང་རྩོམ་པ་པོའི་མིང་ཅན་ཚོས་བརྗོད་དགོས་པ་དང་དྲིལ་བསྒྲགས་དགོས་པ་གང་ཞིག་གཡས་སྐྱུར་གཡོན་བསྒྱུར་གྱིས་ཕྱོགས་ལ་མཐའ་གཅིག་ཏུ་ཞེན་པ་ནི་ངོ་རྣོངས་དགོས་པའི་གནས་སུ་མཆིས།གནས་བབ་འདི་མཐོང་སྐབས་ཉེ་རབས་ཀྱི་གནས་ཚུལ་ཞིག་དྲན་ངོའི་བག་ཆགས་ལས་སློང་བ་སྟེ།ཤར་ཁུག་གི་རྒྱབ་སྐྱོར་བ་འདི་ཚོ་ཀླུ་འཁར་བྱམས་མདོ་སྨད་པའི་གྲས་ནས་འདོན་མཁན་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ནས་གནས་འབྱུང་གཏོང་དགོས་ཀྱི་ལས་འགུལ་གནང་མཁན་ཤ་སྟག་མ་རེད་དམ།རབ་གསལ་ལགས་ཀྱིས་ཀྱང་རྒྱབ་སྐྱོར་གྱི་དཔྱད་རྩོམ་ཞིག་བྲིས་ཏེ།བཀའ་ཁྲིའི་ཨ་རིའི་ནང་གི་གནས་ཚུལ་སོགས་བརྗོད་འདུགལར་མང་གཙོ་རེད།ཅི་ཞིག་བརྗོད་འདོད་ཀྱང་ཆོག་གི་རེད་།བརྗོད་པའི་དབང་ཚད་ཡོད་པ་རེད།འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ནི་དཔྱད་རྩོམ་འབྲི་དོན་དང་བཀོད་པའི་དུས་བཅས་ལས་རང་ཉིད་ཀྱིས་བོད་སྤྱིའི་དོན་དུ་འགན་འཁུར་གནང་ཡོད་མེད་དེ་མངོན་པ་རེད།བཀའ་ཁྲིའི་ཕྱག་ལས་དང་གོ་གནས་སོགས་བརྗོད་པ་ལྟར་དུ་དོན་དངོས་ལ་དེ་ལྟར་ཡིན་ནའང་བཀའ་ཁྲིར་མི་འོས་པའི་རྒྱུ་མཚན་མེད་ལ།ཉེ་སྔོན་བཀའ་ཁྲིས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ་ལྟར་ནའང་བཀའ་ཁྲི་བཀའ་ཁྲིར་འོས་པའི་རྒྱུ་མཚན་མེད།བཀའ་ཁྲིར་འོས་ལངས་སྐབས་སུ་གྲག་འགུལ་མེད་པར་གནས་ཤིང།ཤར་ཁུག་གི་གནས་ཚུལ་བྱུང་བར་འདི་ལྟར་ངན་བརྗོད་བྱས་པས་ནི་ཅི་ཡང་མི་ཕན་ཏེ།དོན་ལ་བོད་སྤྱི་ལས་ཤར་ཁུག་ཁོ་ནའི་དོན་དུ་ལངས་ཡོད་པའི་ངོ་གདོང་སྟོན་པ་ཙམ་མ་རེད་དམ།གལ་ཏེ་ཤར་ཁུག་གི་ལས་ཀ་རང་འཇགས་ཡིན་པའི་དབང་དུ་བཏང་ན་ཁྱོད་རང་ཁ་བཙུམས་ནས་འདུག་རྒྱུ་ཡིན་ཤགད་ལྟའི་ཆ་ལ་ཕྱིས་དྲགས་པ་སྟེ།བཀའ་ཤག་གསར་བ་དབུ་བརྙེས་པས་རྒྱ་ནག་གཞུང་འདར་གསིག་རྒྱག་གིན་ཡོད་པ་ནི་ཞུས་ཅི་ལ་དགོས།གསར་འགྱུར་རྩོམ་སྒྲིག་པ་ཟུར་བ་དང་ཨ་རིར་གནས་བའི་བབ་ཀྱིས་འཛམ་གླིང་གི་གནས་ཚུལ་ལ་མཁྱེན་རྒྱ་ཡངས་པར་ངེས།བོད་སྤྱིའི་དོན་དུ་བཀའ་ཁྲིའི་ཁྲི་ལ་འཇོག་མཁན་ནི་འུ་ཅག་ཡིན་མོད་དེ།བྱེ་བྲག་སྒེར་བུའི་མངོན་འདོད་ཆེད་ཁྲི་སྟེང་ལ་དམོད་ཚིག་ཞུས་པའང་འུ་ཅག་རེད།མང་གཙོ་མང་གཙོ་ཟེར་བ་འདི་འདྲ་ཞིག་ཡིན་ལས་ཆེ།དེ་བས་བོད་ཆེན་པོའི་སྲིད་འགྱུར་བླ་ན་མེད་པ་ཉམས་སུ་བསྟར་བའི་སྐབས་སུ་བཀའ་ཤག་གསར་བ་ལ་ཕྱག་ལས་རྒྱུན་འཁྱོངས་གནང་གི་འཇོག་རོགས་ཞེས་འབོད་བསྐུལ་ཞུ།དོན་དངོས་བོད་ཀྱི་རིག་གཞུང་བསྟན་སྲིད་དང་བཅས་པའི་སྲི་ཞུ་སྒྲུབ་ལུགས་ལེགས་ཉེས་གང་འབྱུང་བ་འུ་ཅག་གི་མིག་མདུན་དུ་མངོན་ཡོང་གི་རེད།རྒན་ལྷ་མོ་སྐྱབས་ལགས་ཀྱིས་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་སོགས་མེད་ན་མ་གཏོགས་ཡོད་ཚད་སྤྱད་དེ།ཐེངས་འདིར་ཤར་ཁུག་གི་རྒྱབ་རྩའི་ཀ་བ་ལྟ་བུར་ལངས་ཏེ་བཀའ་ཤག་གསར་བར་སྐྱོན་བརྗོད་ཤུགས་ཆེར་སྤེལ་འདུགརྩོམ་པ་པོ་ཞིག་དང་རྩོམ་མཐུན་ཚོགས་པའི་གཙོ་བོའི་ངོས་ནས་བཤད་ན།ཧ་ལས་བའི་ནུས་ཤུགས་དུས་ཐོག་ཏུ་བད་སྤྱོད་ཐུབ་ཅིང་བྱེ་བྲག་ཤར་ཁུག་གི་རྩོམ་རིགས་འདུན་ལམ་ལ་ཕན་པའི་ཕྱག་ལས་ཁོ་ནར་མཐོང་གི་འདུགའོན་ཀྱང་བོད་བསྟན་སྲིད་ཀྱི་དོན་དུ་རྩོམ་པ་པོ་དང་རྒྱལ་གཅེས་པ་ཇི་འདྲའི་མང་བོ་ཞིག་ཤར་ཁུག་ལས་སྡེབ་སྟོང་འགྱུར་གྱིས་ངལ་བའི་གཡང་ལམ་དུ་བརྫིངས་ཡོད་པ་རེད།དེ་དག་གི་ཆེད་དུ་རྩོམ་མཐུན་དང་གཙོ་བོ་སོགས་གནས་བབ་དང་མཐུན་པའི་དྲིལ་བསྒྲགས་སོགས་ཀྱི་ཕྱག་ལས་ཅི་ཞིག་གནང་ཡོད་དམ།གོར་ཐིག་ཁོ་ན་རེད།རྩོམ་མཐུན་གྱི་གཙོ་བོའམ་ཡང་ན་རྩོམ་པ་པོ་ཞིག་གིས་རང་ཁ་ནང་བསྐོར་ཁོ་ན་ལས་རྒྱ་གཞུང་ལ་བསྐོར་ན་ཅི་མ་རུང།མཐུན་ཚོགས་ཚོགས་མི་ཀླུ་མཁར་བྱམས་ལའང་འདི་ལྟའི་རྒྱབ་སྐྱོར་ཞིག་ཐོབ་ན་དགའ་བ་ལ་ཨང་།ཀླུ་བྱམས་མདོ་སྨད་དང་དགུ་བཅུ་གསུམ་གཙོ་གཞོན་ནས་འདོན་དགོས་སྐོར་བརྗོད་དུས་སུ་རྩོམ་མཐུན་གྱི་ཁ་ཕྱོགས་ལངས་ཕྱོགས་ཅི་ལྟར་གནས་ཡོད་དམ།ཕལ་ཆེར་དགུ་གསུམ་ཚོགས་གཞོན་ནས་རྒྱང་འབུད་གཏོང་དགོས་པའི་གནད་ཡོད་ཆགས་ཡོད་ལས་ཆེ།ཁུག་རྟས་ལས་ཀའི་གནས་ཚུལ་ཞུས་ཆོག་ལ།ཞུས་ཀྱང་དགོས་ཤིང།ཞུ་ས་ཡང་རེད་དེ།དུས་བབ་དང་ཁ་བརྡའི་དྲ་ལམ་སོགས་ལ་ཐད་གར་གཏང་སྟེ་སྐྱོན་བརྗོད་བྱས་པ་ནི་སྒྲིག་གཞི་དང་འགལ་བ་མ་ཡིན་ནམ།ཤར་ཁུག་ལྟ་བུ་ལ་རྒྱབ་སྐྱོར་བྱས་ཤིང་ཀླུ་བྱམས་ལྟ་བུའི་རང་དབང་གི་བསམ་བློ་བར་སྦུགས་ནས་བརྣག་པར་བརྟེན་སྤྱི་འཐུས་ཐེངས་གཅིག་རེག་པས་འགྲིག་གི
ད་ལྟ་བཀའ་སྤྱི་གསར་བས་ནི་སྤྱི་འཐུས་སོགས་རྡ་སའི་མི་ངན་རེ་ཟུང་གིས་རང་ཕྱོགས་བཟུང་སྟེ་ས་འོག་དར་གིས་འདེམས་པའི་དུས་ཚོད་རྫོགས་པའི་མགོ་བརྩམས་པར་སྣང་སྟེ།བཀའ་ཤག་གསར་བས་གནང་ཚུལ་འདིའང་ས་འོག་དར་ཐག་མང་བོ་ནས་སྣ་སྣེ་ཐམས་ཅད་ཧྲིལ་གྱིས་གཅོད་པའི་རྟགས་མཚན་ཞིག་ཡིན་པས་སོ།སྤྱིར་བཀའ་ཤག་གསར་བར་སྐྱོན་གྱི་ཆ་ཡོད་པའི་དབང་དུ་བཏང་ནའང་འདི་འདྲའི་སྐྱོན་བརྗོད་ཚད་ལས་འདས་པ་ཞིག་བྱས་པར་མ་ཟད།མི་ལོ་ཉི་ཤུ་ལྷག་ལ་དགེ་རྒན་བྱས་པའི་སློབ་མ་ཡོད་ཚད་བསྐུལ་དགོས་པ་དེ་འདྲ་རང་མ་རེད་སྙམ།ཤར་ཁུག་གསོན་ཡོད་པ་ལས་བཀའ་ཤག་གསར་བས་བསད་པ་ག་ལ་ཡིན།དེ་བས་རྩོམ་མཐུན་ཟེར་བའི་མིང་ཐོག་ནས་ཕྱི་རྒྱལ་དུ་བསྐྱོད་པའི་བེ་ཟ་འཚོང་དང་དེ་ནི་རྒྱབ་སྐྱོར་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་རང་ཆགས་ངེས་ཡིན།མདོར་ན།ཤར་ཁུག་ལགས་ལ་ད་བཟོད་བསམ་བློ་ཐོངས་ཚར་བའི་གནས་ཚུལ་གཅིག་ལྷག་ཡོད་པ་སྟེ།ཀླུ་བྱམས་ཚོགས་གཞོན་ནས་རྒྱང་འཕུད་དུ་གཏོང་བའི་ལས་འགུལ་སྤེལ་ཟིན་པའི་མྱོང་ཚོར་རེ་རེ་བཞིན་མིག་ལམ་དུ་འཆར་བ་དེ་ཡིན་ལས་ཆེ།བཀའ་ཤག་གིས་ལས་མཚམས་འཇོག་དགོས་པའི་བཀའ་རྒྱ་ཕེབས་པ་ནི་འབྲེལ་ཡོད་ཀྱིས་འབྲེལ་ཡོད་ལ་གནང་བའི་བྱ་སྒོ་ཞིག་ཡིན་མོད།རང་ཉིད་དགུ་གསུམ་ཚོགས་པའི་སྒྲིག་གཞིར་འབྲེལ་བ་མེད་བཞིན་དུ་ཚོགས་གཞོན་ལས་མཚམས་འཇོག་དགོས་པའི་དྲིལ་བསྒྲགས་བྱས་པ་ནི་འབྲེལ་མེད་ཀྱིས་འབྲེལ་མེད་ལ་ཇུས་བྱས་པ་ཞིག་མ་རེད་དམ།ཤར་ཁུག་གི་འདུན་ལམ་ནི་བོད་སྤྱིའི་དམིགས་ཡུལ་ཁོ་ན་དེ་ཡིན་པས་ཆབ་བྲག་སོགས་ཀྱིས་དུས་ནམ་ཡང་རང་གར་མི་འཇོག་པར་མུ་མཐུད་གནང་རོགས་ཞེས་མཇུག་མཐར་ལྡོག་བསྐུལ་བྱས་པ་ཡིན་ལ།དེ་དང་ཆབས་ཅིག་བཀའ་ཤག་གསར་བ་དང་ཀླུ་བྱམས་ཀྱི་གནས་བབ་ནི་དྲ་ལམ་སྤྱད་དེ་རྩ་མེད་བཟོ་རྒྱའི་ལས་རིམ་མང་དུ་རྩོམས་ཤིག་ཅེས་ཀྱང་བསྐུལ་བའོ།།
གཟིགས་མཁན་ཚོས་མཆན་བུ་མང་པོ་བཏབ་འདུག ཐུགས་རྗེ་ཆེ།
རྩོམ་གྱི་མཆན་བུ་རྣམས་ཀྱི་ཁ་ཕྱོགས་དེ་སླར་ཡང་ཤར་ཕྱོགས་ཁུག་རྟ་ལ་འཁོར་འདུག ངས་སྒྲིག་གཞི་ལ་བརྟེན་ནས་ལས་ཀ་འཐོབ་ཆོག་གི་རེད་ལ་ལས་ཀ་ཤོར་ཡང་ཆོག་གི་རེད་ཅེས་ཞུས་ཡོད། འདི་གནད་དོན་དེ་མ་རེད། གནད་དོན་ངོ་མ་ནི། བློ་བཟང་སེང་གེས་རྐྱེན་རྩ་འདི་འདྲ་ཞིག་ལའང་འཇུས་ནས་དབང་ཆ་སྤྱད་པ་དེ་རེད། ཤར་ཕྱོགས་ཁུག་རྟའི་རྩོམ་གྱི་ནང་དོན་དེས་བཀའ་ཁྲིའི་དགོངས་པ་ཚོམ་ཡོད་པའང་གསལ་པོ་རེད། རང་གི་མིང་གནས་ལ་དོ་ཕོག་འགྲོ་གི་ཡོད་དུས་ ཁུག་རྟའི་ལས་ཀའང་མཚམས་འཇོག་བྱེད་བཅུག་པ་རེད། འདིའི་ཐོག་ནས་ཁུག་རྟ་ལ་བརྟག་པ་ལས་སེང་གེ་ལ་བརྟག་རྒྱུ་དེ་གལ་ཆེན་པོར་མཐོང་སོང་། སེང་གེ་ལ་བརྟག་པ་དེ་ཡང་བོད་སྤྱི་པའི་བདེ་དོན་ལ་འབྲེལ་བ་མི་འདུག་མ་གསུངས་རོགས། སེང་གེ་མི་རེད། མི་དེ་ཡང་འཇོན་པོ་ཞིག་རེད། འོན་ཀྱང་ཁོང་གི་གཤིས་ཀ་ཁག་ཅིག་ཁོང་གིས་ང་ཚོར་གསུངས་ཡོད་མ་རེད། ཁོང་གི་ལོ་རྒྱུས་ཁག་གཅིག་ཁོང་གིས་ང་ཚོར་གསུངས་ཡོད་པ་མ་རེད། ཡང་དྲང་པོར་གསུངས་ཡོད་པ་མ་རེད། དེ་ཚོ་ཡང་ཁོང་གི་གཤིས་ཀ་ཞིག་རེད། དེ་དག་ཀྱང་དབྱིན་སྐད་ཀྱི་གསར་ལམ་དག་ན་ཁུངས་དང་བཅས་ཏེ་བཀོད་འདུག བོད་ཡིག་ལ་ད་བར་གླེང་སློང་བྱས་མ་སོང་། བྱས་ཙང་འདིར་བཤད་པ་ཡིན།
སྐྱོན་བཤད་སྐབས་བཟང་ཡང་བཤད་དགོས་པ་དེ་ཡང་གལ་ཆེན་པོ་རེད། དེ་འདིར་ཆད་པ་རེད། དེ་ལ་དགོངས་དག་ཞུ།
ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་དང་འབྲེལ་ནས་གླེང་ན་དེས་སྒྲིག་གཞི་དང་འགལ་མིན་གསལ་བཤད་བྱེད་ཐུབ་ཀི་རེད།
ཁོང་ཉིན་གླའི་ལས་བྱེད་ཡིན་པས་བླང་དོར་སྒྲིག་གཞིར་ཉིན་གླའི་ལས་བྱེད་ཀྱི་གནས་བབ་གསལ་མེད་པ་ཁྱེད་ཚོས་བླང་དོར་སྒྲིག་གཞིར་གཟིགས་དང་གསལ་བོ་འདུག
ཁོང་ལ་གཡོག་པའི་ཞྭ་མོ་ནག་པོ་སྟེ་ལས་བྱེད་བྱེ་བྲག་པར་སྐྱོན་བརྗོད་བྱས་ནས་མི་མང་ལ་སྐུལ་སློང་བྱེད་པ་ཅེས་པ་འདི། རྩོམ་ཡིག་གི་ནང་དོན་དང་མཐུན་འདུག་མི་འདུག་བགྲོ་གླེང་བྱས་ན་ད་གཟོད་འབྲས་བུ་འབྱུང་ངེས་རེད། སྐབས་དེར་ཁྱི་སྤྱང་ལག་སྦྲེལ་གྱིས་ག་རེ་བྱེད་ཀྱི་ཡོད་མེད་གསལ་བོར་ཤེས་ཐུབ་ཀྱི་རེད།
རྩོམ་པ་པོས་གང་བཤད་བཞག་པ་ཅིག་ལ་གཡུག་ནས་གླེན་བཤད་རྒྱག་པ་འདི། མིག་ཡ་གཅིག་མེད་པའི་རྟགས་རེད། དེ་ཐབས་ཤེས་ཡོད་པ་མ་རེད། ལས་རེད། མ་ཤེས་ན་ཐབས་ཤེས་མེད་པ་རེད།
དེ་ནས་དཔུང་སྒྲིལ་ཟེར་བའི་སྐད་ཆ་རྫོབ་རོ་དེ་དག་མ་བཤད་ན་ཡག་གི་རེད། བདེན་པ་ཡོད་ན་དཔུང་སྒྲིལ་དགོས་ཀྱི་རེད། བདེན་པ་བོར་ནས་བཙན་བྱོལ་དུ་རོ་ཟ་རྒྱུ་ཡིན་ནམ། བདེན་པའི་ཆེད་དུ་༧གོང་ས་མཆོག་སྐུ་ཚེ་མང་ཆེ་བ་ཕྱི་ཡུལ་ནས་བཞུགས་ཡོད། གནད་འགག་འདི་ཚོ་འགོ་འཚོས་པ་གནང་ན་ཡག་གི་རེད།
སེང་གེ་ཨ་རི་ནས་ཡོང་བ་རེད། ཨ་རིའི་བོད་མི་ཚོས་ཁོ་སོང་ས་བསྡད་སའི་སྐྱག་པ་དང་གཅིན་དྲི་ཚོར་ཡོད་པ་རེད། ཨིན་ཡིག་ཐོག་ན་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་པས་ས་ས་དང་རྡོ་རྡོ་སར་བཞག་འདུག དེ་ཁུངས་སྐྱེལ་དང་བཅས་པ་འདུག དེ་བས་དེ་མཐོང་བྱེད་ཀྱི་མིག་མེད་ཀྱང་མིག་ཅིག་གཡར་ནས་ལྟོས་ན་དགའ་ནི་རེད།
འགྱུར་མེད་ཟེར་བ་དེས་དགོངས་སེལ་ཞུས་འདུག་ཟེར།་དེ་ལབ་ན་ག་རེ་ལབ་ཀྱི་ཡོད་པ་རེད་དམ། ཁོང་གི་༧གོང་ས་མཆོག་དང་རྒྱལ་བོ་གཉའ་ཁྲི་ནས་ཁྲིམས་མཐུན་བར་མ་ཆད་པར་ཡོང་བའི་གཞུང་དེ་བརྩི་བཀུར་བྱས་ནས་ལབ་གླེང་མི་ཡོང་ཆེད་གང་ཡོང་ཡོང་བསམ་ཤེས་བྱས་ཚུལ་གསལ་བསྒྲགས་དག་ཏུ་བཀོད་མི་འདུག་གམ། སེང་གེ་ཤོག་བུར་འགྱུར་བཞིན་པ་དེ་ཤོག་བུ་རང་རེད་མ་གཏོགས་གཞན་གང་ཡང་མ་རེད། དེ་བས་རྣམ་པ་ཚོས་སྐད་ཆ་བཤད་ན་འགོ་ཚོས་པ་གནང་རོགས། བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པའི་གཏམ་བོད་བསྒྱུར་ཁ་ཤས་ཤིག་གཤམ་གྱི་དྲ་གནས་དག་ཏུ་ཡོད།
http://www.khabdha.org/?p=16958
http://www.khabdha.org/?p=17312
http://www.khabdha.org/?p=15303
དེས་ཁྱེད་ཚོར་མིག་རེ་སྟེར་ཐུབ་པའི་ཡིད་ཆེས་ཡོད།
ནོར་བཅོས།
ཆོས་སྲིད་ཡང་ལ་ཡང་། གང་ལ་ཡང་བཅོས།
ཁྱེད་ཀྱིས་ཞེན་ཁོག ཁྱེད་ཀྱི་ཞེན་ཁོག
མ་འོངས་པའི། མ་འོངས་པར
བོད་ནང་དུ་ཛ་དྲག་གི་གནས་སྟངས་སུ་འགྱུར་བཞིན་ཡོད་ནའང་འདིར་བཙན་བྱོལ་དུ་སྐྱག་ཟས་རྩམ་གཟན་རྣམས་ཀྱིས་བོད་ནང་གི་གནས་སྟངས་སོགས་ལ་མ་ལྟོས་པར་ཆོལ་ཁའི་ཞེན་ཁོག་གིས་ཁུག་རྟའི་ངར་སྐད་ལ་མགོ་བོ་འཐོམས་ཤིང། གསར་དུ་འོས་འདེམས་བྱས་པའི་བཙན་བྱོལ་བོད་མིའི་ཆབ་སྲིད་དབུ་འཁྲིད་གསར་པར་རྒྱབ་སྐྱོར་མེད་པར་ཁ་གཏད་དུ་ལོངས་ནས་མགོ་བོ་བཅོམ་རྒྱུར་བྱ་བ་བརྩམས་པ་རྣམས་ནི་ཐ་ཤལ་གྱི་བྱེད་སྟངས་ཤིག་ཡིན། ལྷག་པར་བཙན་བྱོལ་ནང་དུ་ཀུན་གྱི་བཀུར་བར་འོས་པའི་རྩོམ་པ་པོ་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་དང། རྩོམ་པ་པོ་དང་དུས་བབ་ཚགས་ཤོག་གི་རྩོམ་སྒྲིག་པ་ཟུར་པ་དགེ་འདུན་རབ་གསལ་རྣམས་གཉིས་ཀྱང་ཆོལ་ཞེན་ཐོག་ནས་ཁུག་རྟའི་རྒྱབ་ཏུ་ལོངས་ནས་འཁྲབ་སྟོན་བྱེད་བཞིན་འདུག་པས་། དེ་ནི་ངོ་མ་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་ཅི་ལ་མིན། ཅི་སྟེ་རང་ཉིད་ལ་འཇོན་ཐང་ཡོད་ན་ཕྱིའི་རྒྱལ་ཁབ་ཏུ་དཔལ་འབྱོར་རྗེས་འབྲངས་ཤིག་མིན་པར་བཞུགས་སྒར་དུ་༸གོང་ས་མཆོག་གིས་བཙུགས་གནང་བའི་བཙན་བྱོལ་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་སུ་བཞུགས་ནས་ཞབས་ཞུ་བསྒྲུབ་པར་ཕེབས་དང།
མདོ་དོན་ང་རང་ཚོའི་དབུ་འཁྲིད་ལ་ང་རང་ཚོས་རྒྱབ་སྐྱོར་མ་ཞུས་ན་སུས་བྱེད་དམ། ལྷག་པར་ཤེས་ལྡན་མི་སྣ་རྣམས་ཀྱིས་རྒྱབ་སྐྱོར་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ། ཆོལ་ཁ་དང་ཆོས་ལུགས་ཀྱི་ལྐུགས་པའི་ཞེན་ཁོག་དེ་ཚོ་ངེས་པར་སྤོང་དགོས། །
སེང་གེ་དང་ཁུག་རྟ་གཉིས་ཀྱི་གནད་དོན་འདི། ཐད་ཐད་སོ་ནས་བཤད་ན། དཔོན་འབངས་ཀྱི་འབྲེལ་བ་རེད། ཐག་གཅོད་ཀྱི་ཐད་སོ་ནས་བཤད་ན། དབང་ཡོད་དང་དབང་མེད་ཀྱི་གནད་དོན་རེད།
ཁ་སང་སེང་གེ་བཀའ་ཤག་གིས་ལས་དབྱུང་བཏང་བའི་ཁུག་རྟ་དེ། དེ་རིང་དབུ་མའི་ལམ་སྲིད་བྱུས་ལས་འགུལ་ཁང་གིས་གདན་ཞུས་ཀྱིས་ལས་ཀ་མགོ་འཛུགས་བྱས་པ་འདི་གནད་འགག་གཅིག་རེད། གལ་སྲིད་བཀའ་ཁྲི་ཟམ་གདོང་གི་སྐབས་ལ་འདི་འདྲའི་ནོར་འཁྲུལ་གྱི་ཐག་གཅོད་ཅིག་གནང་བ་ཡིན་ནའང་། དབུ་མའི་ལམ་སྲིས་བྱུས་ལས་འགུལ་ཁང་གིས་ལག་པ་འཆང་ཕོད་ཀྱི་མ་རེད། མི་སྒེར་བ་ཚོས་ཀྱང་སྦུག་བཤད་རེ་བྱས་ནས་འཇོག་གི་རེད། ཁྱད་པར་འདི་ལ་གཟིགས་དང་། དེ་ན་གོ་རྒྱུ་མཐོང་རྒྱུ་གཞན་ཞིག་ཡོད།
དབུ་མའི་ལམ་ལས་འགུལ་ཁང་ནི་མི་གཅིག་གིས་དབང་བསྒྱུར་བྱེད་པ་ཞིག་མ་རེད། སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་ཁག་ཅིག་དང་། ད་དུང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་གནད་ཡོད་མང་པོས་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་བའི་ཚོགས་པ་ཞིག་རེད། འདིའི་ནང་ཆོལ་ཁ གསུམ་གྱི་མི་ཡོད་པ་རེད། འདི་ཚོས་ཤར་ཁུག་གདན་ཞུ་གནང་སྟངས་འདིས། སྤྱི ཚཽགས་ཀྱིས་བདེན་པ་ཟེར་བ་འདི་གཙིགས་སུ་བྱེད་པ་མཚོན་གྱི་ཡོད་པ་རེད།
དབང་ཡོད་ཀྱིས་དབང་མེད་ལས་དབྱུང་བཏང་བ་འདི་མང་ཚོགས་ཀྱིས་ངོས་ལེན་བྱེད་མ་ཐུབ་པའི་རྩོད་གཞི་ཆགས་པ་འདི་ལ། རྩོམ་པ་པོ་ཚོས་བསམ་བློ་མ་ཐོངས་པ་དང་། མཁས་པ་ཚོས་ཐུགས་གཞིགས་མ་མཛད་པ་གང་ཡང་མ་རེད། མི་མང་གིས་འདེམས་པའི་བཀའ་ཁྲིས་མི་མང་གི་བདེ་སྡུག་ལ་ལྟ་རྟོག་གནང་དགོས་པ་པ་ལས། སོ་སོར་བོད་ཡིག་གིཤེས་ཚད་མི་འདུག་ལབ་པ་སོགས་ཀྱི་ལན་དུ། བོད་ཡིག་ཡག་པོ་སྦྱངས་ནས་ལན་འདེབས་རྒྱུའི་ཚབ་ལ། དེ་འདྲ་བཤད་མཁན་ལ་གནག་སེམས་ཀྱིས་ལས་དབྱུང་བཏང་བ་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་བ་དེས་མ་འགྲིག་པ་རེད། མ་འགྲིག་པ་དེས་གླེང་ཉོག་འདི་བྱུང་བཅུག་པ་རེད།
བློ་བཟང་ཆོས་འབྱོར་ལབ་ཡག་འདི་ཚེ་སྲོག་རྟ་རྔ་ཙམ་དེ་དུམ་བུ་བཏང་བཞག་དགོས་ས་རེད། བོད་གཞིས་བྱེས་གཉིས་ཀྱི་འཐབ་རྩོད་དེ་མ་འོང་བོད་རང་འཐབ་རྩོད་ཁྱད་དུ་ལུས་སྲོག་ལ་ཡང་འཕང་མེད་གཏོང་གིན་ཡོད་ན། ལྟས་ངན་ཁོས་འཐབ་རྩོད་ནང་དུ་རྒྱག་ཡག་འདི་ཁོ་ལ་གཟོབ་ལྟ་ཡག་པོ་ཞིག་མ་ཟོས་ན་ག་ལ་འགྲིག
འཇམ་དཔལ་རལ་གྲི།
དེ་འདྲ་གནང་དགོས་ཨེ་ཡོད། བདེན་པ་བདར་རྒྱུའི་དབུགས་རྔ་འདི་མ་བཅད་ན་དགའ་བ་མེད་འགྲོ། བཀའ་ཁྲི་ལ་གནོད་པ་ཆེ་ཞིག་བསྐྱལ་འདོད་རེད་འདུག་ག
འཇམ་དཔལ་རལ་གྲི་ཞེས་པའི་མི་འདི་ལ་ལྟོས་དང་། སྐྱག་གཟན་ཡིན་ངོ་མ་དེ་ཁྱེད་རང་རེད། མིང་རྫུན་འོག་བཀབ་ནས་ཁྱི་སྐད་མ་རྒྱག ཁྱེད་ལ་དེ་འདྲའི་དཔའ་ཞིག་ཡོད་ན། བོད་ནང་རང་རིགས་འབུམ་བཅུ་རྒྱ་མིས་བསད་པ་རེད། ད་དུང་ཇི་ལྟར་བྱེད་བཞིན་འདུག་པ་སྐྱག་གཟན་ཁྱེད་ཀྱིས་མི་ཤེས་པ་ཅི་ལ་ཡོད། སྐྱག་གཟན་ཁྱེད་ནམ་ཡང་སྐྱག་གཟན་ཞིག་ཡིན། སྐད་ཆ་ཚང་མར་སྐྱག་དྲི་ཁ་ཡི་འདུག ཁྱེད་དེ་འདྲའི་བུ་ངར་ཞིག་ཡིན། ཁྱེད་ཀྱིས་དངོས་མིང་དང་སྡོད་གནས་གསལ་བོར་ཤོད་དང་ཁྱེད་རང་སྐྱག་གཟན་གྱི་མཚན་ནས་གླེན་པ་ལ་བསྒྱར་ན་ཆོག
དེ་རིང་དྲ་གི་ཐོགས་གི་གྲོགས་པོ་མང་པོ་ཞིག་གིས་སྐད་ཆ་བཤད་སྟངས་ནོར་འདུག་དགེ་འདུན་རབ་གསལ་དང་ས་ལེ་རྒྱལ་སོགས་དྲང་ཚུགས་ཅན་གྱི་སྐད་ཆ་བཤད་མཁན་ཡིན་པ་ལས་ཕྱོགས་རིས་མཐུན་ཁྱེར་དང་ངོ་བསྟོད་སྤྲེལ་ལད་འཁྲབ་མཁན་མིན་པ་ནམ་རྒྱུན་དྲ་ཐོགས་ཕེབས་མཁན་ཚང་མའི་ཤེས་གསལ་རེད། དགེ་རབ་ཁོང་གིས་གསུང་པ་ནང་བཞིན་བློ་སེང་གི་བཤིས་ཀ་ནི་ང་ཚོ་ཚང་མའི་མི་ཤེས་རྒྱུ་མང་པོ་རེད་ ཨ་རི་ཧ་ཝ་ཌི་སློབ་གྲྭའི་ནང་ལས་གནས་གང་ཡིན་སོགས་སྔར་ནས་རྩོམ་པ་པོ་ཁང་སར་རྡོ་རྗེ་དང་དགེ་རབ་སོགས་གིས་གསང་པ་ནང་བཞིན་རེད། ད་དུང་ང་ཚོ་ཚང་མའི་མི་ཤེས་བཞིན་དུ་ཨུ་ཚུགས་བྱེད་ནས་ཁོང་གཅིག་ཡིན་འདོག་འདོག་བཤད་སྡད་ན་ཕན་ཐོག་ཡོད་མ་རེད དེ་ལས་ང་ཚོ་ཚང་མའི་སྐྱོན་ཡོད་ས་སྐྱོན་བརྗོད་དང་ཡོད་ཏན་ཡོད་ས་བསྟོད་པ་བྱེད་དགོས་གི་རེད་ ཡིན་གཅིག་མིན་གཅིག་ཆོ་ཁ་དང་ཆོས་ལུགས་ཕྱོགས་རིས་ཞིག་བྱེད་སྡད་ན་ང་ཚོ་རང་ཉིད་གི་རང་བཅད་པ་ལས་དགེ་མཚན་གང་ཡོད། ཤར་ཁུ་སྙོགས་གླེང་ནི་ཚོགས་ཆུང་གི་ཚོགས་གཙོ་ཐུབ་བསྟན་བསམ་འཕེལ་གི་དྲི་བ་ལེན་འདེབས་ལ་ལྟོས་ན་གསལ་པོ་རེད་ཁོང་གིས་ལས་བྱེད་སྒྲིགས་གཞི་དང་འགལ་ཚུལ་དང་ཡང་ཆོད་གན་རྫོགས་ཚུལ་སོགས་ནང་འགལ་ཤ་སྟགས་གསུང་གི་འདུག ད་དུང་ཁ་ཤས་ཞིག་གི་ཤར་ཁུ་ཀླུ་མཁར་བྱམ་དང་སྡུར་ནས་བཤད་གི་འདུག་ཡིན་ཡང་ཀླུ་བྱམ་ཤར་ཁུ་དང་བསྡུར་ཐབ་གཏན་ནས་མེད་གང་ཡིན་ཟེར་ན་ཀླུ་བྱམ་ཁོང་གིས་བོད་མི་རིག་ཆེད་དུ་རྩོམ་ཡིན་འབྲི་གི་ཡིན་སྐད་ཆད་བཤད་གི་ཡིན་གསུང་པ་ལས་ངའི་རྩོམ་ཡིག་བྲིས་པ་དེ་ནོར་སོང་དགོངས་དག་ཐུགས་བདེན་ཞུས་མེད། ཤར་ཁུ་གི་ངའི་རྩོམ་ཡིག་སྤེལ་བ་ནོར་སོང་ཕྱིན་ཆད་དེ་འདྲའི་རྩོམ་ཡིག་སྤེལ་གི་མིན་དགོངས་དག་ཐུག་བདེན་ཞུས་པ་རེད་ དེའི་ཐོགས་ནས་རྩོམ་པ་པོའི་ཁ་ཕྱོགས་ལྟོ་གོས་ཆེད་ཡིན་དང་ཡང་ན་བོད་མི་རིག་ཆེད་གང་ཡིན་གསལ་པོ་བྱེད་ཡོད་པ་རེད།
བློ་ཆོས་སྲོག་དམར་ཐང་ལ་མ་ཕབ་ན་ཁྱི་དང་སྤྱང་ཀི་ཁག་ཅིག་ཁྱུ་ཚོགས་ཏེ། གངས་ཀྱི་སེང་གེ་དཀར་མོར་འདུག་མི་བདེ་བ་ཞིག་བཟོ་གིན་འདུག་ན་གནས་དུས་ངེས་མེད་ཞིག་ལ་བཀྲ་ཤིས་བདེ་ལེགས་ཀྱིས་ཁ་ཡག་མཉམ་དུ་རལ་གྲིས་སྣེ་ལེན་ཞིག་མི་ཞུ་ཐབས་མེད།
རྩོམ་ཡིག་གང་ཞིག་ལ་དགག་པ་དང་རྒྱབ་སྐྱོར་གང་རུང་སྤེལ་སྐབས་རྩོམ་གྱི་བརྗོད་བྱའི་ནང་དོན་ལ་དཔགས་ནས་སྤེལ་དགོས་པ་ལས། གང་ཟག་ལ་འདང་རྒྱག་ནས་ལན་འདེབས་སྤེལ་བ་ནི་མཁས་པའི་ལུགས་ཤིག་གཏན་ནས་མིན། དེས་ན་དགེ་འདུན་རབ་གསལ་གྱི་རྩོམ་གྱི་ནང་དོན་ལ་ལན་འདེབས་བྱེད་ནས་བགྲོ་གླེང་བྱེད་ན་ཕན་ཚུན་གཉིས་ཀ་ལ་གོ་རྟོགས་དང་བླ་རྒྱ་འཕེལ་རྒྱུ་ལས་ལུང་ཚན་སོགས་ཀྱི་ཉ་ཉུང་མཉམ་བསྲེས་བྱེད་ན་ཕན་ལས་གནོད་ཆེ་བ་དང་བགྲི་གླེང་གི་གཞི་རིམ་སྒྲིག་གཞི་དང་ཡོངས་སུ་འགལ་གིན་ཡོད། བྱས་ཙང་། བགྲོ་གླེང་དོན་སྙིང་ལྡན་པ་གནང་རོགས་ཟེར་ནས་འབོད་བསྐུལ་ཞུ་རྒྱུ་ཡིན། དེ་མིན་ལུང་ཚན་གྱི་རྙོག་གླེང་རིགས་བཤད་རེས་བྱེད་ན་སུ་ལ་ཡང་སྐྱོན་ཆ་ཞིག་བཤད་རྒྱུ་རེད་ཡོད་པ་ལས་སྐྱོན་ཆ་མེད་མཁན་ཞིག་གཏན་ནས་མིན།
རྡ་སའི་རི་གྲོང་གི་ཁྱི་སྤྱང་རྐང་ཆག་ལག་ཆག་འགའ་ཞིག་ཁྱུ་ཚོགས་ཏེ་ངུ་འབོད་གནམ་ས་ལྡིར་བ་འདིས་གངས་ཀྱི་སེང་གེ་དཀར་མོ་ཉིད་ཤི་ཡོད་མེད་མིག་ཏུ་འཛུབ་སྐོར་དང་། རུས་ཡོད་མེད་ཁོག་ཏུ་སྦར་དཀྱུས་རང་རེད་པས་ད་ནི་བོད་ཀྱི་ལས་དབང་འདི་ག་འདྲ་ཞིག་ཡོང་མིན་ཆ་མ་རྟོགས།
འཇམ་དཔལ་རལ་གྲི་ཟེར་བ་འདི་དོལ་རྒྱལ་རྗེས་འབྲངས་བ་དང་ཡང་ན་རྒྱ་ནག་གིས་མངགས་པ་ཞིག་ཏན་ཏན་ཡིན་ས་རེད། གནས་ལུགས་མི་བཤད་པར་དཀྲུག་ཤིང་རྒྱག་གི་འདུག དྲ་བདག་ལགས། ཁོ་འདྲ་བོ་གཏན་འགོག་བྱེད་དགོས་ཀྱི་འདུག
བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་ཤར་ཕྱོགས་ཁུག་རྟ་གཉིས་ཀྱི་རྙོག་གླེང་ལས་འཕྲོས་པའི་རྩོམ་དང་མཆན་བུ་རྣམས་བྐླགས་པ་ཡིན། ཤར་ཕྱོགས་ཁུག་རྟའང་སྲིད་སྐྱོང་གི་དཀྱིལ་འཁོར་དུ་བསྡད་ནས་ཁོང་ལ་དགག་པ་གནང་པ་འོས་མཚམས་ཤིག་ཏུ་མ་མཐོང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལའང་ཁྲིམས་དང་སྒྲིག་གཞི་ཞིག་ཡོད་པ་རེད། བློ་སེང་གིས་ཀྱང་རྩོམ་ཐུང་ཞིག་ལ་བསྙད་དེ་ཁུག་རྟ་ལགས་ལས་ཁུངས་ཀྱི་སྒོར་བཏད་པ་དེ་བས་ཀྱང་འོས་མཚམས་ཤིག་ཏུ་མ་མཐོང་། མདོར་བསྡུས་ན་གནད་འགག་འདི་ཡིན་པ་འདྲ། བོད་མི་ས་ཡ་དྲུག་གི་ཚེ་སྲོག་དང་འབོད་སྒྲ་དྲག་ཏུ་མཆེད་པའི་མེ་ལྕེ་ཞིག་གི་ྐློང་དུ་འཐིམ་བཞིན་པའི་སྐབས་ངན་འདི་འདྲ་ཞིག་ལ། ཨ། དོན་དག་ཆུང་ཆུང་འདི་ལ་‘‘དགོངས་པ་ཆེ་ཙམ་ཞིག་བཞེས་གནང་ན་མི་ཆོག་གམ་’’ཞེས་པ་འདི་རེད།
ངས་ད་དུང་ཡང་འདི་དྲན། ཉེ་ཆར་ང་ཚོས་བཀའ་བློན་ཁྲི་པའི་སྐོར་ལ་སྐད་ཆ་མང་པོ་བཤད། བགྲོ་གླེང་བྱས་སྐབས། བཀྲས་མཐོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་བློ་བཟང་སེང་གེའི་སྐྱོན་ཆ་གླེང་སྟེ་བཙན་བྱོལ་གྱི་སྤྱི་ཚོགས་འདིས་གོ་ཐུབ་པ་ཞིག་གནང་མ་བྱུང་སྙམ། བློ་བཟང་སེང་གེ་ཨ་རིར་ཕེབས་རྗེས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་གནང་མེད་པ་དང་། ཁོང་གིས་དཔྱ་དངུལ་ཕུལ་ཡོད་ཅེས་པའི་ཚིག་དུམ་འདི་རྫུན་ཡིན་པར་མ་ཟད། བློ་བཟང་སྙན་གྲགས་ཀྱིས་ལྐོག་ནས་དཔྱ་དངུལ་གནང་ཡོད་པའི་ཡིག་ཆ་རྫུན་མ་བཟོས་པ་ལྟ་བུ། ཁོང་རྒྱ་ནག་ཏུ་ཕེབས་ཡོད་པའི་ནག་ཉེས་འགེབས་ཆེད། ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་རྣམ་པ་གཉིས་ཀྱང་རྒྱ་ནག་ཏུ་ཕེབས་ཡོད་ཅེས་རྫུན་ནག་གསུངས་པ་ལྟ་བུ། ལི་ཐང་ཚོགས་པས་རྒྱལ་བ་རིན་པོ་ཆེ་བརྟན་བཞུགས་འབུལ་སྐབས། དེ་རིང་་‘‘ང་འདིར་དཔུང་བསྒྲིག་གི་ཡོང་བ་ཡིན་’’ཞེས་ཕྱོགས་ཞེན་ཅན་གྱི་གསུང་སྐད་ཤོར་བ་སོགས་གདན་ས་ཁག་དང་སློབ་གྲྭ་ཁག་ཏུ་གསལ་པོ་ཞིག་ཁྱབ་ཐུབ་མེད། དྲ་རྒྱ་ཁག་ཏུ་ཁྱབ་པ་བཞིན་བྱུང་མེད། འདི་དག་ཁྱབ་གདལ་ཞིག་བྱུང་ཡོད་ཚེ། ང་ཚོའི་སྲིད་སྐྱོང་ནི་བློ་སེང་ཡིན་ནམ།
སྤྱིར་བཏང་ཚོགས་པ་གང་ཞིག་ནས་མི་སུ་ཞིག་ལས་གནས་ལས་གནས་དབྱུང་གཏོང་བའི་ལུགས་སྲོལ་ཡོད་པ་སུས་ཀྱང་ཤེས་པ་རེད། ཡིན་ན་ཡང་ང་ཚོ་ཧ་ལས་ཤིང་ཧོན་ཐོར་ནས་འཆད་བཞིན་པ་ནི།
གཅིག བློ་བཟང་སེངྒེ་ལགས་ཀྱིས་རང་གི་ཞན་ཆ་བཤད་པའི་རྩོམ་ཡིག་ཅིག་ལ་ཁ་གཡར་ནས། དམངས་གཙོའི་སྒྲིག་འཛུགས་དང་སྨྲ་བརྗོད་རང་དབང་རྩིས་མེད་དབང་བ།
གཉིས། བོད་ཀྱི་དྲྭ་རྒྱ་ཁག་ཏུ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་སྣ་ཚོགས་ཡོང་བཞིན་པ་རྣམས་སྣང་མེད་དུ་བཞག་ནས། རང་ཉིད་ཀྱི་མཚང་ལ་ཕོག་དུས་ཅི་ཡང་བྱེད་ཕོད་པ་འདིས་ཁོའི་གཤིས་ཀར་སྲིད་དབང་སྒེར་འཛིན་པའི་གཡའ་ཡོད་པའི་རྣམ་པ་མངོན་པ།
གསུམ། རང་ཉིད་ལ་ཁ་གཏད་དང་འགྲན་བསྡུར་བྱེད་ས་མེད་ན་རང་ཉིད་ཀྱི་ལས་ཀའི་ངོ་བོ་དང་གནས་སྟངས་ཡར་རྒྱས་མི་འགྲོ་བའི་སྤྱི་ཚོགས་ཀྱི་རྒྱུན་སྲོལ་རྩིས་མེད་བཏང་བ།
བཞི་པ། བཀའ་ཁྲིར་ལངས་སྐབས་རང་ཉིད་སྡོད་སའི་ས་གནས་བོད་རིགས་ཚོར་རང་ཉིད་བཀའ་ཁྲིར་ལངས་པའི་འགྲན་རྩོད་སྐོར་གྱི་གཏམ་བཤད་གཅིག་ཀྱང་སྤེལ་མེད་པར་གསང་བ་ཞིག་ཡོད་པ།
ལྔ་པ། ལས་རོགས་བཀའ་བློན་དུ་དེ་སྔ་རྩོད་གཞི་དང་གླེང་རྙོག་ཡོད་པའི་མི་ཞིག་འདེབས་བསྐོ་བྱས་པ།
དྲུག་པ། རང་གི་ཉེ་འབྲེལ་ལ་བཀའ་བློན་གྱི་གོ་གནས་སྤྲད་པ།
འདི་ལྟ་བུའི་གནས་ཚུལ་ལ་བལྟས་ན་ཡང་། བློ་བཟང་སེངྒེས་རང་གི་སྲིད་དབང་བརྟན་ཡོང་བར་མི་སྣའི་རྒྱབ་རྩ་ངེས་ཅན་ཞིག་གྲ་སྒྲིག་བྱས་པ་རེད། བློ་བཟང་སེངྒེ་ཡང་མི་ཡིན་པས་སྐྱོན་ལོས་ཡོད། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཀྱང་གང་ཐུབ་དྲང་བདེན་གྱི་སྐད་ཆ་བཤད་དགོས་པ་ནི་ “རེ་བ་བཟང་ས་ནས་རྒྱག་དགོས་” པའི་བཀའ་རྩ་རེད། ཡང་སོ་སོའི་སྐད་ཆར་སོ་སོས་འགན་ཁྱེར་དགོས་པ་རེད། ལྷག་པར་མི་ཉག་སྐལ་བཟང་དང་འཇམ་དཔལ་རལ་གྲི་ཟེར་བ་སོགས་ཀྱིས་དེ་བས་ཀྱང་རང་གི་སྐད་ཆར་འགན་འཁྱེར་དགོས་པ་རེད། དེ་ནི་འགན་ཆེན་པོ་རེད། དྲྭ་བདག་སོ་སོའི་ངོས་ནས་ཀྱང་མི་འདི་དག་ལ་རྒྱུས་ལོན་བྱེད་དགོས་པ་རེད། དེ་ནི་ “གྲ་སྒྲིག་སྡུག་ས་ནས་བྱེད་” དགོས་པའི་རྐྱེན་གྱིས་རེད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
བདེན་པས་འགྲོ་གླེང་མི་ནུས་ན། སྤྱོད་ངན་མངོན་དུ་འགྱུར་ནས་ཡོང་ན་བསུ་མ་ཞུ་རྒྱུ་ཡིན། འོན་ཀྱང་ང་ཚོས་སྤྱོད་ངན་གྱིས་རལ་གྲི་ནམ་ཡང་མི་འཆང་ལ། རྣམ་དཔྱོད་ཀྱི་བདེན་པའི་རལ་གྲི་དུས་ནམ་ཡང་མི་འཇོག་པ་ང་ཚོའི་འདུན་པ་ཡིན།། །།
གང་ལྟར་གཞུང་ཕྱོགས་ནས་གསལ་བཤད་ཀྱི་ཡ་ལན་ཞིག་མི་སྤྲོད་བར་དུ་མི་སེར་དཀྱུས་མ་རྣམས་ཀྱིས་གཞུང་ཕྱོགས་ཀྱི་རྣ་བ་མུ་མཐུད་ནས་བསུན་བཙེར་བཟོ་བཞིན་གནས་རྒྱུ་རེད། དེར་བརྟེན་གཞུང་ཕྱོགས་མི་སྣས་དེ་འབྲེལ་གྱི་གསལ་བཤད་གཅིག་གནང་ཐུབ་ན་། ཡག་པོ་ཡོང་ས་རེད། དེ་མིན་མི་མང་རྣམས་ཀྱིས་གཞུང་ཕྱོགས་ལ་ཁ་གཏོང་གཏོང་གིས་གཞུང་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ཀྱང་འགོག་མི་ཐུབ་པའི་མི་ཁ་དུག་ཅན་གཟུག་ས་རེད། །
དྲ་གྲོགས་ཚོ། དགེ་འདུན་རབ་གསལ་ལགས་ཀྱིས་འུ་ཅག་བོད་ཡིག་ཁོ་ན་བ་རྣམས་ལ་མིག་ཅིག་སྦྱིན་འདུག བློ་སེང་གི་ཕྱོགས་ངོས་གཅིག་རང་ཅག་གིས་ད་དུང་མ་མཐོང་བ་དེ་གསལ་བོ་རེད། ཁོང་གིས་ཁོང་ལ་རྒྱབ་སྐྱོར་མི་བྱེད་མཁན་རྣམས་འདི་ལྟར་རེ་རེ་བྱས་ནས་ཕུད་རྩིས་བྱས་ན་དེ་ནི་ཁོང་གིས་ལོ་ལྔ་ཚན་གཅིག་ཁུངས་མི་འཁྱོལ་བའི་ཏན་རྟགས་དངོས་གནས་དེ་རེད།
ངས་དངོས་སྒྲུང་ཞིག་བཤད། ཉེ་ཆར་ཧི་མ་ཅལ་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་འདུ་ཞིག་འཚོགས་པ་རེད། སྐབས་དེར་བློ་སེང་ཡོང་ཡོད་པ་རེད། དེ་བཞིན་རྡ་ས་ས་གནས་འགོ་འཛིན། སྤྱི་འཐུས་ཁག་ཅིག་བཅས་མགྲོན་འབོད་གནང་འདུག སྐབས་དེར་བློ་སེང་གིས་ང་དང་ངའི་ཟེར་ནས་གཏམ་བཤད་གནང་བས་རྒྱ་གར་བ་རྣམས་ཉོབ་འདུག དེས་མ་ཚད་ཁོང་གིས་སྐབས་དེར་རྡ་ས་ས་གནས་འགོ་འཛིན་ལ་མཛུབ་མོ་བཙུགས་ནས་འདི་ངར་རྒྱབ་སྐྱོར་མི་བྱེད་མཁན་རེད་ཅེས་བཤད་འདུག ཁོང་གི་སྐབས་དེའི་བཤད་སྟངས་དེས་མི་མང་པོ་ཞེན་པ་ལོག་གི་བཅུག་འདུག ཅིའི་ཕྱིར་ཁོང་གིས་ད་དུང་ང་ལ་རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་ཞེས་གླེང་དགོས་ཀྱི་རེད་དམ། གནད་དོན་འདི་དག་ནས་ལྟོས་ནས་ཤར་ཕྱོགས་ཁུག་རྟའང་ཁོང་ལ་རྒྱབ་སྐྱོར་མི་བྱེད་མཁན་ཞིག་ཡིན་པ་ཤེས་ནས་ལས་མཚམས་འཇོག་ཏུ་བཅུག་པ་དེ་གསལ་བོ་རེད། དེ་དྲང་པོ་མིན་སྟབས། ཁོང་གི་བཅོས་མིན་གྱི་རང་གཤིས་ཁ་ཤས་ཕྱིར་བཏོན་ཡོང་གི་ཡོད་པ་རེད། གནད་དོན་འདི་དག་ནས་ལྟོས་ཚེ། ཁོང་གིས་རང་རེའི་དབུ་ཁྲིད་ཐུབ་ཀྱི་རེད་དམ་མ་རེད། འདི་ལ་ཚང་མས་བསམ་བློ་གཏོང་དགོས་ཀྱི་འདུག
ཕྱི་རུ་གཟན་ཤམ་དམར་ལྷབ་ལྷབ་དང་ཁ་ནས་བོད་དོན་ཤ་ཞེན་གྱིས་ཕྱུག་པའི་མིའུ་བློ་བཟང་ཆོས་འབྱོར་ཤར་ཁུགས་ཏུ་གྲགས་པའི་མི་བཟང་ཁྱོད་ཀྱིས་བྱེད་སྟངས་འདི་དངོས་གནས་མི་ཡི་བྱེད་སྟངས་ཤིག་མ་རེད། སྤྱིར་སྨྲ་བརྗོད་རང་དབང་སོགས་དགོས་པ་མང་གཙོས་འགྲོ་སྟངས་རེད་དེ་ཁྱོད་ཀྱི་བྱེད་སྟངས་དེ་ནི་མང་གཙོ་འགོ་སྟེང་རློག་ཡག་གི་བྱེད་སྟངས་ཤིག་ཀྱང་རེད། རང་རེའི་བོད་ཕྱི་ནང་གཉིས་ནང་མ་ཐུབ་པའི་དགྲ་བོ་དེ་དབང་བསྒྱུར་གུང་ཁྲན་རིང་ལུགས་དེ་ཡིན་ཀྱང་ཁྱོད་ཀྱི་མ་ཐུབ་པ་དེ་རང་ཅག་བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་བློན་ཁྲི་པ་དེ་རེད། ནམ་ཡང་ཁྱོད་ལ་དཔའ་བའི་ཡོན་ཏན་དང་འཇོན་པའི་ནུས་པ་ཞིག་ཡོད་དུ་གྱུར་ན་དེང་བར་བོད་ཀྱི་ལས་འགུལ་རབ་རིམ་ཇི་ཉིད་ནང་དུ་འཛུལ་ཏེ་འབོར་དུ་ཐོན་པའི་བོད་ཀྱི་མི་རབས་ཚ་རྒྱུད་ཀྱི་ཆེད་དུ་ལས་འགུལ་གྱི་འགོ་པ་ལྟ་ཅི་མིང་ཡང་མི་གྲགས་མྱོང་མི་པ་མ་ཟད། འགག་རྩའི་དུས་རབས་འདིའི་ནང་ཁྱོད་ཀྱི་ལྟོ་དང་མུ་གེ་གོ་སྐབས་འགའ་ཞིག་རླགས་ཤོར་འགྲོ་བར་འཇིགས་ཏེ་འཇོན་ནུས་རལ་གྲིའི་སོ་ཁ་ནང་ལ་བསྟན་ཡག་འདི་ཡང་ནོར་འཁྲུལ་ནང་གི་ཆེས་ནོར་ཚབ་ཅན་ཞིག་རེད། བློ་ཆོས་ཁྱོད་ཀྱི་བྱེད་སྟངས་དེ་ཁ་ཙམ་མིན་པར་གཏིང་གི་རྒྱུལ་བསྐུལ་ངན་པར་ཡིན་པ་ཀུན་གྱིས་ཧ་གོ་གིན་འདུག་མོད། འོན་ཀྱང་ཁྱོད་ཉིད་ཀྱི་རང་མོས་རིང་ལུགས་ཀྱི་ཐོག་ཏུ་ཁྱོད་ལ་དཔའ་བཀོང་མཁན་དང་། ད་དུང་ཁྱོད་ལ་ཁོག་རྒྱངས་མཁན་དང་འཁྲུལ་རྩོམ་ལ་ལེགས་སོ་བྱེད་མཁན་དག་ཀྱང་བོད་མིའི་སྒྲིགས་འཛུགས་ཀྱིས་ནམ་ཡང་ངོས་ལེན་བྱེད་ཐུབ་ཀྱི་མ་རེད།
རང་དང་ལྟ་བ་མི་མཐུན་པ་རེ་རེ་ནས་གནས་དབྱུང་བཏང་ན། ཕྱོགས་ཞེན་པ་ལ་གནས་སྐབས་ཕན་པ་སྲིད་ཀྱང་། མཐར་ཐུག་ལ་ཕན་པ་ཅུང་ཟད་ཙམ་ཡང་མེད་པར་ཤེས་དགོས་ཏེ་གཅིག་བསྒྲིལ་མེད་ན། དབང་དང་མིང་ཁོ་ནར་ཆགས་ཤིང་ཉམས་མྱོང་དང་བཟོད་སྒོམ་ཅུང་ཟད་ཙམ་ཡང་མེད་པའི་དབང་འཛིན་པ་དེ་ལ་གནོད་པ་མ་ཟད། མཐར་ཐུག་ན་བོད་མིའི་རྩ་དོན་ལ་གནོད་རྒྱུ་དང་དེ་ལྟར་ན་ངན་རྒྱབ་ཕྱོགས་ཞེན་པ་རྣམས་ལ་གནོད་པ་མངོན་སུམ་ཚད་གྲུབ་ཡིན་ནོ།། །།
རྩོམ་པ་པོ་མིང་འཛིན་གྱི་དྲ་ཐོག་གི་གངས་ཅན་པ་ཚང་མས་རང་ཕྱོགས་ཁོ་ན་ལས་དྲང་ཐིག་ཐོག་གནས་ཤིང་དྲང་བདེན་གྱིས་རྒྱུ་མཚན་འཚོལ་སྒྲུག་བྱེད་ཁུལ་གྱི་རྣམ་པ་ལས། དངོས་སུ་འགན་ཁུར་ལྡན་པའི་ཐོག་དྲང་ཐིག་ཏུ་རྒྱུགས་མཁན་གཅིག་ཀྱང་མི་འདུག ད་དུང་ཡང་བོད་ཀྱི་བོ་མི་རིགས་གཉིད་ཀྱི་ཞིང་ཁམས་སུ་འཁྱམ་བཞིན་པ་རེད་འདུག ་གནས་ལུགས་མི་འཆད། ྒང་ལགས་ཞཻ་ན། ད་གཟོད་ཀྱང་དུས་ལ་སྨིན་མི་འདུག
བློ་ཆོས་ཞེས་པའི་བྱུར་གྱིས་སྣེ་འདྲེན་གྱི། །རྒྱབ་ལོག་ལུང་ཚན་ལ་རྒྱའི་རྒྱུད་སྦོས་འགས། །མི་རྗེ་བཀའ་བློན་ཁྲི་པར་སྨད་པ་འདིས། །སྤུན་ཟླ་མི་རིགས་སེམས་ལ་རྨ་ཁས་གང་། །
མཆན་མཁན་འགའ་རེས་རྩོམ་ཡིག་འདི་བཙན་དབང་གིས་ཆོལ་ཁའི་འཐེན་འཁྱེར་གྱི་ཕྱོགས་སུ་འདྲུད་ཀྱིན་འདུག འདི་རྩོམ་ཡིག་ཅིག་ཡིན་པའི་ཆ་ནས་རྩོམ་ཡིག་གི་ངོ་གདོང་ལ་བལྟ་དགོས་པ་ལས་རྩོམ་པ་པོའི་ངོ་གདོང་ལ་བལྟ་བ་དེ་ཀློག་པ་པོའི་བྱ་བ་མ་རེད། མདོར་བསྡུས་ན་དེ་ལྟ་བུའི་གང་ཟག་དེ་རྩོམ་པ་པོ་ཀློག་མཁན་ཡིན་པ་ལས་རྩོམ་ཡིག་ཀློག་མཁན་མ་རེད།
ཆོལ་ཁའི་འཐེན་འཁྱེར་གྱི་ཕྱོགས་སུ་འཁྱེར་འདོད་ཡོད་ན་དང་པོ་བློ་བཟང་སེང་གེས་ཨ་མདོ་བ་ཞིག་ཕྱིར་འབུད་བཏང་བ་དེའི་སྟེང་ནས་ཀྱང་སྐད་ཆ་དེ་འདྲ་བ་ཤ་འབད་རུས་འབད་ཀྱིས་སྤྲོས་ན་སྤྲོས་ཆོག་ཆོག་ཏུ་འདུག་མོད། དེ་ཚོ་ཁྱེད་ཅག་འདྲ་བ་མིན་པས་ལག་ལེན་དུ་མི་འདེབས།
དེ་ཡང་སློག་ལྤགས་ནང་གི་དྲི་ངན་རང་རེད།
༡༽ ༧གོང་ས་མཆོག་ནས་རབ་བྱུང་ན་མ་འོངས་པའི་བཀའ་བློན་ཁྲི་པ་དེ་གཞོན་སྐྱེས་ནང་ནས་གཅིག་བྱུང་ན་ཡག་པོ་འདུག་གསུངས་པའི་རྒྱུ་མཚན་ཅི་ཡིན་ནམ།
༢༽ གཞིས་བྱས་བོད་མིས་ཁོང་ལ་དགའ་བསུ་དང་འོས་ཤོག་བརྡབ་དུ་མས་མང་བའི་རྒྱུ་མཚན་གང་ཡིན་ནམ།
༣༽ བོད་མི་ཚོའི་གཤིས་སྤྱོད་ལ། ནམ་ཡང་དམ་པ་རེ་མགོ་འབུས་པ་དང་མེད་པ་བཟོ་འདོད་ཀྱིས་འཚང་འབྲུ་དང་ཕྲག་དོགས་བསྟུད་མར་བྱེད་པ་དེ་ལས་ཅིའི་འབྲས་བུ་ཡིན་ནམ།
༤༽ ཁོང་ལ་རྒྱབ་སྐྱོར་དང་རམ་འདེགས་མེད་པར་ངན་སྨྲས་དང་ཚིག་མཚོན་འདེབས་མཁན་ཚོའི་རྒྱབ་ལྗོངས་སུ་ཡོད་ན།
༥༽ སྐྱོན་ཡོན་གཉིས་གང་མང་མ་དཔྱད་པར་མཐོང་ཚད་ཀུན་སྐྱེན་ཆེན་འཛིན་མཁན་དེའི་ཀླད་པའི་གཏིང་ལྗང་ཁུ་མིན་ནམ།
(༡) རྒྱུ་མཚན་༧གོང་ས་མཆོག་ནས་དྲང་བདེན་དང་ལྷག་བསམ་བཟོད་བསྒོམ་ཉམས་ཆུང་ལ་བྱམས་སྐྱོང་མཁན་དང། བོད་ཡིག་གཙོ་བོར་བྱས་པའི་ཤེས་ཡོན་གྱི་ཕྱུག་པའི་གཞོན་སྐྱེས་ཞིག་བྱུང་ན་ཡག་པོ་འདུག་གསུངས་པ་ལས། གོང་གི་དེ་ཐམས་ཅད་མི་ལྡན་ཅིང་དྲག་རྩུབ་ཤིན་ཏུ་ཆེ་བ་ཤོག་སེང་ལྟ་བུ་བྱུང་ན་གསུངས་པ་མ་ཡིན་ནོ།
(༢) ཁ་བཤད་ཆུའི་སྦུ་བ་དང། ལག་ལེན་གསེར་གྱི་ཐིགས་པ་ཡིན་པ་མ་ཤེས་པས་ཡིན་ནོ།
(༣) དམ་པ་མིན་པ་ལ་དམ་པ་དང། གཅིག་བསྒྲིལ་གྱི་འདོད་པ་མེད་པ་ལ། ཁ་་ནས་དེ་བྱ་འདོད་ཡོད་ཞེས་ཡང་ཡང་སྨྲས་པ་དང་། དྲང་བདེན་མིན་པའི་བྱ་སྤྱོད་ཀྱིས་འབྲས་བུ་ཡིན་ནོ།
(༤)ཁོང་གིས་དྲང་བདེན་མིན་པའི་དྲག་རྩུབ་ལ་རྒྱབ་སྐྱོར་མེད་པ། སྐྱོན་བརྗོད་མཁན་གྱིས་རྒྱབ་ལ་བདེན་པ་ཡོད་དོ།
( ༥) སྐྱོན་ལ་སྐྱོན་དུ་མཐོང་ནས་སྐྱོན་བརྗོད་བྱེད་མཁན་རྣམས་ལྷག་བསམ་དཀར་པོ་ཡིན་ཡང་ན་ཀླད་པ་དཀར་པོ་ཡིན་ནོ།། ཤེས་སོང་ངམ་ལྗང་སྨྱུག་ལགས།།
ལུས་ལྟེངགི་མྱེ་ལྕེ་དམར་ལྷབ་ལྷབ་འབར་དུས་ཤ་སྤགས་ཚིག་ནས་ན་ཚ་བཟོད་དཀའ་བ་དེ་ལས་རྒྱ་ནག་དམར་གཞུང་གི་སྲིད་ཇུས་སྟེ་ལྡབ་འགྱུར་གྱིས་ན་ཚ་ཆེ། དཔེར་ན། རྒྱ་སྲིད་དམར་པོ་རྣོ་ལྕགས་དམར་པོ་མགོ་ལ་བླུགས་དང་གཅིག་མཚུངས་ཡིན།
བློ་སེང་སྡེར་མོ་ཞེ་སྡང་སྦར་མོ་སྦྲད། ཞེ་སྡང་སྡེར་མོ་ཕྱི་ལ་མི་ངོམ་ནང་དུ་སྦྲད་ན་ཡག་པོ་མི་འདུག འདི་དག་གླེང་འོས་པ་ཞིག་གླེང་བ་རེད། དགེ་འདུན་རབ་གསལ་ལ་བདེན་པ་ཆེན་པོ་འདུག
བློ་བཟང་སེང་གེ་ལགས་ཀྱི་ལོ་རྒྱུས་ཅུང་ཁ་གསལ་ཞིག་འདི་ན་འདུག
http://our2011katrilobsangsangay.webs.com/intibetan.htm
ཁོང་གིས་ང་ཚོར་མ་གསུངས་ཤིང་གཞན་གྱིས་བཙལ་ནས་རྙེད་པའི་དོན་གཅིག་ནི། ཐེ་ཝན་གྱི་ཧའོ་རེན་ཚོགས་པ་ཟེར་བས་ཁོང་གི་སློབ་གྲྭ་ཆེན་མོའི་ནང་དུ་ བོད་ཀྱི་ཁྲིམས་ལུགས་སློབ་སྦྱོང་ཆེད་ ཨ་སྒོར་ ༡༠༠༠༠༠ སྤྲད་ཡོད་པ་དེ་རེད། དེའི་སྐོར་ཞིབ་གསལ་འདི་ན་བྲིས་འདུག ཡིག་ཆ་ཁུངས་མ་འཚོལ་ཐུབ་པ་འདུག
http://forums2.phayul.com/forums/index.php?/topic/20750-breaking-news-lobsang-sangay’s-campaign-finance-source-identified/
ད་ནད་རྙིང་དང་སྐད་ཆ་རྙིང་པ་འདི་དག་ཅིའི་ཕྱིར་གླེང་ཞེ་ན། ང་ཚོས་ད་དུང་བློ་བཟང་སེང་གེའི་མི་གཤིས་ཤེས་ཀྱི་མེད་པ་དེ་རེད། དེ་ཡིན་མ་གཏོགས། བློ་བཟང་སེང་གེའི་བཀའ་ཁྲིའི་མཛད་པ་རྣམས་ལམ་འགྲོ་མ་བྱུང་ན་བསམས་པའི་ཡིད་སྨོན་ང་ཚོར་ཡོད་པ་མ་རེད། བློ་བཟང་སེང་གེའི་མཛད་པ་འཕྲིན་ལས་རྒྱས་དགོས་པ་རེད། འོན་ཀྱང་མཛད་པ་རྒྱས་པ་དེ་བོད་མི་མང་ལ་ཤ་ཚ་བ་དང་། ལྷག་བསམ་ཟོལ་མེད། གཡོ་སྒྱུས་མ་གོས་པ་ཞིག་དགོས་པ་རེད། མིའི་གཤིས་ཀ་ལ་གཡོ་སྒྱུ་ནི་ཡོད་ཡོད་ཡིན་བརྟེན། རྩོམ་འབྲི་མཁན་ཚོས་དེ་འགོག་པའི་འབད་བརྩོན་བསྟེན་ན་དེ་ནི་ཉེས་པ་ཞིག་མ་རེད་དྲན། དེ་ནི་བློ་བཟང་སེང་གེ་ལ་མ་དགའ་བའི་རྣམ་པ་ཞིག་ཀྱང་མ་རེད། དེ་ཙམ་ཡིན།
ངའི་བསམ་ཚུལ་འདི་ཡིན།
གཞུང་སྐྱོང་བཞིན་པའི་སྲིད་སྐྱོང་ཞིག་ལ། གཞུང་དེའི་ལས་བྱེད་པའམ། གླ་པ། དེ་བཞིན་ཕོག་ལེན་མཁན་གྱི་མི་སུ་འདྲ་ཞིག་གིས་སྐྱོན་འཛུགས་བྱས་ན། གཞུང་དེ་ནས་དགོངས་པ་ཞུ་བ་འདི་དམངས་གཙོའི་རྒྱལ་ཁབ་ཚང་མའི་ལུགས་སྲོལ་རེད་འདུག
ཨ་རིའི་ནང་ལ། སྦུ་ཤི་སྲིད་འཛིན་ཡིན་པའི་སྐབས་ལ། ཁོང་དང་ལྟ་བ་མ་མཐུན་མཁན་གྱི་ལས་བྱེད་འགས་ཨི་རག་གི་དམག་འཁྲུག་ཐད་བསམ་འཆར་བཏོན་ནས་དགོངས་པ་ཞུས་སོང་། དགོངས་པ་ཞུས་སོང་ཟེར་བ་འདི་ཡང་། དོན་ངོ་མ་སྲིད་འཛིན་པས་དགོངས་པ་ཞུ་རུ་བཅུག་སོང་བ་རེད། དཔེར་ན། ཨ་རིའི་ཕྱི་སྲིད་བློན་ཆེན་ཕའོ་སྦལ་ཟེར་བ་དེ་ཡང་དེ་ལྟར་རེད།
དབྱིན་ཇིའི་ལུང་པའི་ནང་ལ་དེ་ལྟར་སྐད་གྲགས་ཤིན་དུ་ཆེ་བའི་ཆབ་སྲིད་ཀྱི་ལེའུ་དེ་འདྲ་འགའ་ཤས་འདུག སྔོན་མ་”མ་སྒེར་རི་ཐ་ཆ།”ཟེར་བའི་དབྱིན་ཇིའི་སྲིད་འཛིན་མ་དེ་དབང་ཤུགས་ཆེ་བའི་སྐབས་ལ། ཁོང་གི་ལས་བྱེད་འགས་སྲིད་གཞུང་ལ་སྐྱོན་འཛུགས་བྱས་པའི་དབང་གིས་ཁོང་རྣམས་ལས་ཀ་ནས་ཕྱིར་འབུད་བྱས། ཁྲིམས་ཁང་ནས་དེ་ལུགས་མཐུན་ཡིན་པའི་གནས་ཚུལ་ཆེན་པོ་ཞིག་༡༩༨༩གཡས་གཡོན་ལ་བྱུང་སོང་བ་གུས་པས་དྲན་གྱི་འདུག
དེར་བརྟེན། བློ་སེང་གིས་ཁུག་རྟ་ཕུད་པ་དེ་གསར་འགྱུར་མ་རེད་ལ། དེ་ལ་ཡ་མཚན་དགོས་པའི་གནས་ཚུལ་མིན་འདུག རང་གི་ལས་བྱེད་པའམ་ཕོག་ལེན་མཁན་གྱི་མི་ཞིག་གིས་རང་ལ་གཞུང་དེས་འགྲིགས་ཀྱི་མིན་འདུག་ཟེར་ན། ཁྱེད་རང་གཞུང་འདིའི་ཕོག་ལེན་གྱི་ཡོད་སྟབས། དང་པོ་ནང་ཁུལ་ལ་བསམ་འཆར་བཏོན་ནས་འགྲིགས་ཐབས་བྱེད་པ་ལས། ལམ་གསེང་ཕྱི་ལ་ཕྱིན་ནས་སྐད་ཆ་བཤད་ན། ཅུང་ཐལ་ཆ་ཆེ་དྲག་པ་རེད་སྙམས།
མ་ཟད། བོད་ཀྱི་དུས་བབ་ལ་སོགས་ལ་བློ་སེང་ལ་སྐྱོན་འཛུགས་ཡོད་པའི་རྩོམ་རྣམས་ཐད་ཀར་བློ་སེང་གིས་བཀའ་སྡོམ་བྱས་པ་འདི་འདྲ་མིན་འདུག བྱས་ཙང་གཏམ་བརྗོད་རང་དབང་འགོག་གི་འདུག་ཟེར་བ་འདི་ཡང་རྒྱུ་མཚན་མ་རེད།
དེ་བཞིན་བློ་སེང་གིས་རྫུན་བཤད་ཀྱི་འདུག་ཅེས་གྱོད་བཙུགས་པ་དེ་ཚོར་ད་ལྟ་བལྟས་ན་རྒྱུ་མཚན་ཆེན་པོ་མིན་འདུག དཔེར་ན། བློ་སེང་ཧ་ཝར་ཀྲིའི་སློབ་གྲྭའི་ལས་བྱེད་མ་རེད་ཟེར་བ་འདི་ད་ཅིའི་ཕྱིར་སྐྱར་གླེང་བྱེད་ཀྱི་ཡོད་དམ། རྙོག་གླེང་དེ་བོད་མི་ཚང་མས་ཤེས་བཞིན་དུ་བློ་སེང་བདམས་སོང་། བློ་སེང་བཀའ་ཁྲིར་བསླེབས་པ་འདི་ཧ་ཝྲ་ཀྲིའི་ལས་བྱེད་ཡིན་མིན་གྱིས་ཐག་གཅོད་པ་མ་རེད་ལགས།
ད་ལྟ་སོ་སོའི་ཕ་ཡུལ་ནང་ལ་གནས་ཚུལ་ཐབས་སྡུག་པོ་འདི་འདྲ་ཞིག་གི་སྒང་ལ། རྒྱ་མིས་བློ་སེང་ལ་ཕྱོགས་གང་ས་ནས་སྐྱོན་ཆ་འཚོལ་བཞིན་པའི་སྒང་ལ། བློ་སེང་ཨ་རིར་བོད་མིའི་བདེ་སྡུག་འཛམ་གླིང་གི་སྡིང་ཆའི་སྟེང་ལ་ཤོད་བཞིན་པའི་སྐབས་འདི་འདྲ་ཞིག་ལ། བོད་པ་ཞིག་གིས་དོན་མེད་རྙོག་འདྲ་ཞིག་དང་ནད་རྙིང་པ་ཞིག་ཁྱེར་ནས་བློ་སེང་གི་མགོ་ལ་བརྒྱབ་ན། བོད་ནང་ལ་ཡོད་པའི་རྒྱ་ཆེའི་མང་ཚོགས་ཚོས་བལྟས་ན་ཇི་འདྲ་རེད། དགྲ་དང་གྲོགས་དབྱེ་བ་འབྱེད་མ་ཤེས་པ་ལྟ་བུ་མ་རེད་པས།
བོད་ནང་ལ་ཡོད་པའི་རང་སྲོག་ཞུ་འབུལ་བྱེད་མཁན་གྱི་མི་རྣམས་ལ་སྙིང་རྗེ་ཏོག་ཙམ་མིན་འདུག་གམ། ཁོང་ཚོའི་བདེ་སྡུག་ཕྱི་ལ་ཁྱབ་སྒྲགས་ཆེད་ཕྱི་ནང་གཉིས། སྟེང་ཤོད་བར་གསུམ་ནས་མཉམ་འབྲེལ་གྱིས་བོད་མིའི་བདེ་སྡུག་ལ་ཐབ་རྩོད་བྱེད་པའི་སྒང་ལ། རྒྱ་མིའི་སྐྱོན་དང་སྡུག་རྩུབ་ཇི་མི་སྙམ་པར། བོད་ནང་གི་མི་དམངས་ཀྱི་བདེ་སྡུག་ཚང་མ་བློས་བཏང་ནས་རང་དབང་དབང་གཙོའི་འདེམས་ཤོག་གི་ལམ་ལུགས་ལས་འོས་ཐོབ་མཁན་གྱི་སྲིད་འཛིན་པ་ཞིག་ལ་རྡུང་རྡེག་བཏང་ན། སེམས་ནང་ལ་ཡིད་འཚིམ་ཀྱི་འདུག་གམ། ད་ལྟའི་ཉིན་ཤས་ཀྱི་དུས་ཚོད་འདི་རང་གི་དབུ་ཁྲིད་ཀྱི་མགོ་ལ་བརྒྱབ་པའི་དུས་ཚོད་རེད་པས། སྐུ་མཁྱེན་ཀླད་པ་ཏོག་ཙམ་དཀྲུག་རོགས།
ལྷ་ས་བའི་སྐད་ལ་བསམ་ཡུལ་ལས་འདས་པའི་གླེན་རྟགས་ཀྱི་བྱ་བ་འཐོན་པའི་སྐབས་ལ། “དཔེ་སྲིད་ཐོག་མེད།”ཟེར་སྲོལ་ཡོད། ད་འདི་ང་ཚོ་རང་དབང་ལུང་པའི་ནང་ལ་ཡོད་པའི་ཕ་མ་བོད་ལ་བཞག་མཁན་བཙན་བྱོལ་བ་གསར་པ་ཚོས་བྱེད་ཀྱི་འདུག
སྐུ་མཁྱེན་ཀི་ཏིའི་མི་དམངས་ཀྱི་མིག་སྔའི་བདེ་སྡུག་ཡིད་ལ་བསམ་བཞིན། བོད་མི་ཁྱོན་ཡོངས་ཀྱི་བདེ་སྡུག་ཡིད་ལ་བསམ་ནས། བློ་སེང་ཨ་རིར་རྒྱལ་སྤྱིའི་ཐོག་བོད་མིའི་བདེ་སྡུག་གླེང་བའི་གལ་ཆེའི་དུས་བབ་འདིའི་རིང་ལ་ནང་གི་རྙོག་འདྲ་ཁྱེར་ནས་ཁོང་མ་གསོད་རོགས། ང་ཚོར་ད་ལྟ་ཁོང་དགོས་ཀྱི་འདུག
འདི་སྐོར་གྱི་ཡིག་ཆ་ཁག་ལ་ངས་ཀྱང་དྲ་རྒྱ་ནས་བལྟས་པ་ཡིན། ཁོང་ཚོ་གཞུང་གི་བྱེད་སྟངས་ལ་མ་དགའ་བས་རང་འགུལ་གྱི་ལས་སྣེ་དགོངས་པ་ཞུས་པ་མ་གཏོགས་ཕུད་པ་མ་
རེད། ཨ་རིའི་ཕྱི་སྲིད་བློན་ཆེན་ཕའོ་སྦལ་གྱིས་ཨ་རིས་ཨེ་རག་དང་ཨ་གྷབ་ལ་འཛིན་པའི་སྲིད་ཇུས་མ་དགའ་སྟབས་ཁོང་རང་འགུལ་གྱིས་ལས་སྣེ་ནས་དགོངས་པ་ཞུས་པ་རེད། དེ་དང་ཤར་ཁུག་གནས་སྟངས་སྒོ་གང་ནས་གཅིག་མཚུངས་མིན། ཁྱེད་ཀྱིས་ཞྭ་དཔེ་ལྷམ་འགེབ་བྱེད་ཀྱི་འདུག
ཧ་ཧ་༌༌༌༌༌༌༌༌༌༌༌༌
སྐྱོན་འགེབ་སྲུང་བྱེད་པ་ནི་སྐྱོན་ཇེ་ཆེར་གཏོང་བའི་རྒྱུ་རྐྱེན་ཁོ་ན་ཡིན།
དགེ་རབ་པས་སྐོར་ཏེ་གཅིག་བཤད་ཁུལ་བྱེད་པའང་དོན་ངོ་མར་མི་དཔུང་གྲ་སྡེབ་རང་ཡིན་པས་ཀུན་སློང་དེ་གས་རྩོམ་གྱི་རིན་ཐང་བྱ་བྲུན་ལྟ་བུ་ཞིག་ཆགས་ཚར་བ་རེད། ད་ནི་ང་ཚོ་ལྷག་བསམ་དང་དྲང་བདེན་སྤྱི་སེམས་སོགས་རྫུན་གཏམ་སྙན་མོ་རེ་བཤད་ཀྱི་བསྡད་ན་ཕན་ཐོགས་མེད་པའི་དུས་ལ་སླེབས་ཚར་བ་རེད། དེས་ན་ལྷ་མོ་སྐྱབས་དང་དགེ་འདུན་རབ་གསལ་སོགས་ནས་ཀྱང་ཁྱི་འཆམ་ནང་བཞིན་ཟུག་ནས་མ་འདུག་པར་ཅི་ཞིག་བྱེད་དགོས་ཀྱང་ཐག་ཆོད་པའི་ལས་གཞི་ཞིག་མགོ་རྩོམ་ཤོག ལྷ་མོ་སྐྱབས་སོགས་ནས་ཀྱང་དངུལ་ལོ་ལྟོ་གོས་སོགས་ཀྱི་ཆེད་དུ་མི་གཞི་གཏའ་མར་བཞག་སྟེ་རྒྱལ་ཁམས་ཁྱི་བཞིན་མྱུལ་མ་འདུག་པར་ཤར་ཁུག་གི་གནས་ཚུལ་གཙང་བཟོའི་ཆེད་དུ་མི་ངོ་གདོང་གཏུག་གི་མི་ཡོད་སར་སླེབས་ཤོག དེ་བཞིན་དོ་བདག་ཤར་ཁུག་རང་ཉིད་ལ་ཡང་ནམ་རྒྱུན་བཞིན་གྱི་ལྷ་འདྲེའི་ཆོ་འཕྲུལ་ཅི་ཞིག་སྟོན་རྒྱུ་ཡོད་ན་དང་། གློ་བ་ལ་དབུགས་མཆིན་པ་ལ་བརྗིད་སོགས་ཅི་ཞིག་ཡོད་ན་ཡང་ད་ནི་ངོམ་རན་གྱི་དུས་ལ་བབ་སོང་། དཔའ་བོའི་དཔུང་བདེ་མོའི་ཤག་སོགས་ལས་གང་ལ་ཐུག་ཀྱང་ད་ནི་ཕྱི་བཤོལ་མ་བྱེད་པར་སླེབས་ཤོག ཁ་ཁོག་མི་མཚུངས་པའི་མི་རིགས་ཀྱི་ལ་རྒྱ་གླེང་རྒྱུ་བཞག་ནས་སླེབས་ཤོག དེ་བཞིན་མཐུན་སྒྲིལ་གྱི་ཁ་གཡང་མ་འབོད་པར་སླེབས་ཤོག མི་འཕྱ་རང་སྡུག་དང་དགྲ་དགའ་གཉེན་སྡུག་སོགས་ཀྱི་ལག་ཕྱི་ས་དེ་ཡང་བཞག་སྟེ་ཕེབས་ཤོག ཁྱེད་དང་ཁྱེད་རྣམས་ལ་དབྱར་ལ་མ་ཞུ་དགུན་ལ་མ་ཁེངས་པའི་སེམས་ཀྱི་ན་ཟུག་ཅི་ཞིག་ཡོད་ན་བསྣམས་ནས་ཕེབས་ཤོག འདི་ནི་ཤར་ཁུག་གི་གནད་དོན་གཅིག་པུ་མ་ཡིན་པར་བོད་ནང་ཁུལ་གྱི་འཐབ་རྩོད་རེད། སྲིད་དབང་འཕྲོག་རེས་ཀྱི་རྨང་གཞི་རེད། ང་ཚོ་བོད་པའི་ལོ་རྒྱུས་ནང་སྔར་ཡང་འདི་དང་འདི་འདྲ་བྱུང་མྱོང་ཡོད། ད་ཡང་ཡོང་ངོ་འདུག མ་འོང་པར་ཡང་ཡོང་གྲབས་འདུག འདི་ནི་ལྡོག་མེད་ཀྱི་ལས་དབང་རེད། གངས་ཅན་པའི་གྱོང་གུད་རེད། ཕ་མེས་ཚོས་བཞག་པ་རེད། བུ་རྒྱུད་ཚོས་འཛིན་པ་རེད། དེ་བཞིན་བློ་སེང་རང་ལ་ཡང་གྲ་སྒྲིག་ཅི་ཞིག་ཡོད་ན་ཡང་དགོས་རན་རེད། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་པའི་དཔེ་ལྟར། ནང་ནས་འཁོན་པ་སྡོམ་དགོས་ཀྱི་ཡོད་ན་འདྲ། རྒྱལ་ཕམ་འབྱེད་དགོས་ཀྱི་ཡོད་ནའང་འདྲ། དང་པོ་གནས་ཚུལ་འདི་ཐག་ཆོད་མ་བྱུང་བར་རྩ་དོན་གསུམ་པོ་མ་གླེང་། རྒྱ་བོད་ཞི་མོལ་མ་བཤད། ཐག་གཅོད་རྗེས་ཀྱི་མཇུག་འབྲས་བཟང་ངན་ཅི་ཞིག་བྱུང་ཡང་ལས་དབང་རེད། དེའི་རྗེས་གོ་སྐབས་ཤིག་ཁྱོད་ལ་ཡོད་ན་གཞི་ནས་རྩ་དོན་གསུམ་པོ་ཤོད། བོད་རྒྱ་ཞི་མོལ་གྱིས། དྲ་ཐོག་ནས་ཁུག་རྟ་གསོད་དགོས་ཟེར་མཁན་ཚོས་ཁུག་རྟ་སོད། ཁུག་རྟའི་རྒྱབ་སྐྱོར་བ་ཚོས་བློ་སེང་གི་སྒོ་ཁ་ན་སོང་ལ་སྐད་འབོད་གྱིས་དམོད་མོ་ཐོབ། བོད་ཀྱི་ལོ་རྒྱུས་ལ་ཁྲག་གི་རི་མོ་འབྲི་བའི་མགོ་ཤེས་ཡོན་པ་ཚོས་ཚུགས། རྩ་བ་ཁུག་རྟས་གྱིས། སྤྱི་མང་ཧོལ་རྒྱུག་གྱིས། ནམ་ཞིག་ང་ཚོ་ལ་རྟ་བརྒྱུགས་ནས་ཐལ་རྡུལ་ཡལ་བའི་དུས་ཚོད་ཅིག་ཡོང་རྒྱུ་ཡོད་ན། དེ་དུས་ང་ཚོས་བོད་དོན་བཤད་མགོ་འཛུགས། མཐུན་སྒྲིལ་གླེང་ཁ་ཕྱེ། ད་ཤོག ད་འཛིང་།
དགེ་འདུན་རབ་གསལ་གླེང་མི་དགོས་པ་ཞིག་གླེང་བཞིན་ཀློག་པ་པོ་ང་ཚོ་མགོ་བོ་རྨོངས་སོང་། འོན་ཀྱང་། ཞིབ་ཏུ་བལྟ་དུས་ཁོས་བཀའ་བློན་བློ་བཟང་སེང་གེ་འཚོལ་གྱིན་ཡོད་པ་འདྲ། དེའི་ཆེད་དུ་ཁོས་ལུང་དྲངས་ཀྱི་འདུག་ལ་སྒྲུབ་བྱེད་འདྲ་བཀོད་ཀྱི་ཡོད་པའི་ཁུལ་རེད་འདུག
ང་ལ་དྲི་བ་གཅིག་རང་ཡོད་པ་སྟེ། ད་ལྟའི་དུས་ཚོད་ཛ་དྲག་དེ་འདྲ་ཞིག་གི་སྐབས་སུ་རབ་གསལ་སོགས་ཀྱིས་བློ་བཟང་སེང་གེ་འཚོལ་དགོས་པ་དང་། ཤར་ཕྱོགས་ཁུག་རྟའི་གནད་དོན་ལ་དེ་འདྲའི་རིན་ཐང་ཆེན་པོར་བརྩིས་དགོས་དོན་གང་ཡིན་ནམ།
སྨྲ་བརྗོད་རང་དབང་ནི་སྔར་ཙམ་ཞིག་ནས་ཡོད་ལ་ལྷག་པར་དགེ་འདུན་རབ་གསལ་གྱིས་བྲིས་ན་དུས་བབས་ཐོག་དང་རང་ཉིད་ཀྱིས་མགོ་ཁྲིད་པའི་ཁ་བརྡའི་ཐོག་མ་སླེབས་པ་སྲིད་ཀྱི་མ་རེད།
རྒྱུ་མཚན་ཞིག་ཏན་ཏན་འདུག
ཡེ་རྡོར་ཟེར་བ་འདིས་གནས་ལུགས་ཁུངས་བཙན་མེད་པའི་སྒོ་ནས་ལན་འདེབས་བྱེད་ཁུལ་འདྲ་བོ་མང་པོ་བྱེད་ཀྱིན་ཡོད། ཁོས་ཡིད་བཞིན་ནོར་བུའི་གསུང་གང་མང་ཞིག་ལུང་འདྲེན་བྱེད་པ་རེད། དེ་ནས་དེ་ནི་རྫུན་རེད་ཅེས་ཐག་གཅོད་ཙམ་བྱེད་པ་རེད། བོད་ནང་གི་ཀློག་མཁན་མང་པོ་དང་ལྷག་པར་བློ་གཟུ་བོར་གནས་མཁན་གྱི་ལོ་རྒྱུས་དཔྱད་བརྗོད་པ་མང་པོར་མཚོན་ན་ཡེ་རྡོར་གྱི་དཔྱད་ཁུལ་འདིས་ང་ཚོའི་ཕྱོགས་ཀྱི་གནས་ཚུལ་མཁོ་འདོན་ཐད་ལ་བློ་སྐྱེད་དང་ཕན་ཐོགས་ཡོང་གིན་ཡོད།
འདི་ངའི་ལྟ་སྟངས་གཞན་ཞིག་ནས་མཐོང་ཚུལ་རེད། གལ་ཏེ་ཁོའི་འབྲི་ཐབས་འདི་དགོས་དབང་དེ་འདྲ་ཞིག་མིན་ན་ཡང་དགོས་དོན་དེ་འདྲ་ཞིག་ཚང་གིན་འདུག དེ་བས་ཡེ་རྡོར་གྱིས་ཅི་ཙམ་བྲིས་ཀྱང་བདེན་པའི་རྒྱབ་རྩ་ལས་འགོག་རྡོ་ཆགས་མི་ཐུབ་པ་ཞིག་རེད།
ངས་འདི་ལྟར་བཤད་དུས་མཆན་འདེབས་པ་ལ་ལས་ཡང་ང་ཡེ་རྡོར་ཕྱོགས་གཏོགས་པར་ངོས་འཛིན་ལོས་བྱེད།
བཀུར་འོས་བཀའ་ཤག་གིས།
ཞིབ་འཇུག་ཁང་གསར་འཛུགས་དེ་གནས་སྐབས་རིང་མ་འཁྱོངས་ན་ཡང་ལན་འདེབས་ཚོགས་ཆུང་དེ་ཉིད་ཡར་རྒྱས་བཏང་ནས་དུས་ལྟར་ཡ་ལན་སློག་རྒྱུ་གལ་ཆེ། གུས་པ་ཡང་ལས་ཀ་འདི་རིགས་ནང་སྙུ་གུ་བསྒྲེངས་ཏེ་ཡོད་པ་ཞིག་ཡིན་པས་ཐུགས་ཕན་སོས་ན་རོགས་འདེགས་བྱེད་འདུན་ཡོད། སྐྱོན་ནི་སྐྱོན་དང་ཡོན་ཏན་ཡང་ཡོན་ཏན་དུ་བཀར་ནས་ལས་ཀ་བྱེད་དགོས། སྐྱོན་སྐྱོན་དུ་ཁས་མ་བླངས་ན་རྩོད་པ་ལ་རྫོགས་ཚིག་འགོད་དཀའ་ལ། ལས་དོན་ལ་དྲང་བདེན་རྒྱབ་སྐྱོར་ཡང་ཡོང་དཀའ། རྒྱུ་མཚན་ཡོད་མེད་ཅི་རིགས་བཤད་མཁན་ཚང་མའི་དམིགས་ཡུལ་ནི་བོད་མིའི་སྒྲིག་འཛུགས་འདི་ཉིད་ཚགས་ཚུད་ཡར་རྒྱས་ཀྱིས་བོད་དོན་བདེན་མཐའ་གསལ་བར་ནུས་པ་སྔར་ལྷག་འདོན་ཐུབ་སླད་ཡིན་པར་སྨོན།
དྲ་གྲོགས་ཚོས་ཤར་ཕྱོགས་ཁུག་ཏའི་རྩོམ་ཡིག་ལ་ཞིབ་དཔྱད་ལེགས་པར་ཞིག་གཏན་ནས་མ་གནང་བའི་ཐོག་ནས།བཀའ་ཁྲི་གསར་པའི་ལས་དོན་བྱེད་ཕྱོགས་ལ་འཁྱོག་བཤད་དང་།སྐྱོན་བརྗོད་དེ་ཙམ་བྱ་དགོས་པ་ཞིག་མ་མཐོང་།
མང་གཙོ་ཞེས་པ་ནི་མི་མང་གི་དབང་སྒྱུར་བྱེད་པ་དེ་ཡིན།འོན་ཀྱང་དེའི་གོ་དོན་ཐད་ཆབ་སྲིད་ཚོགས་པ་དང་།སྲིད་དོན་པ་དག་གི་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་དང་མཐུན་ཐབ་ཁོ་ན་ལ་དམིགས་ནས་གོ་བ་ལོག་སྒྲུབ་དང་ལོག་བཤད་བྱེད་མཁན་ཡང་མང་དག་ཞིག་ཡོད།མང་གཙོའི་སྲིད་གཞུང་ཁག་ནས་སྤྱི་མཚུངས་སུ་ངོས་འཛིན་བྱེད་པའི་དམིགས་བསལ་རང་དབང་ཁག་གི་ཁོངས་སུ།སྨ་བརྗོད་རང་དབང་དང་།ཆོས་དད་རང་དབང་།གསར་འགོད་རང་དབང་བཅས་ཡིན།ཡིན་ནའང་།མང་གཙོ་ཞེས་པ་ནི།ཚད་བཀག་མེད་པའི་རང་སྣང་གང་དྲན་གྱི་བྱ་སྤྱོད་ཅིག་གཏན་ནས་བྱེད་ས་མེད།རྒྱུ་མཚན་ནི།མང་གཙོའི་སྤྱི་ཚོགས་ནི་རང་ཉིད་ཀྱི་གདམ་ཁ་དང་དམིགས་ཡུལ་འདྲ་མིན་ཅན་གྱི་ཡུལ་མི་མང་དག་ལས་གྲུབ་པ་ཞིག་ཡིན་སྟབས་སྐྱེ་བོ་བྱེ་བྲག་པ་ཞིག་གི་བྱ་སྤྱོད་ཀྱིས་གཞན་རྣམས་ལ་དོ་ཕོག་འགྲོ་གི་ཡོད་པ་སོང་ཙམ།དེ་བརྟེན་གང་ཟག་ཅིག་གི་ཐོབ་ཐང་ངམ་རང་དབང་གིས་སྐྱེ་བོ་གཞན་གྱི་ཐོབ་ཐང་ལ་བརྡལ་བཤིག་བཏང་ན་དེ་དག་ཁས་ལེན་བྱ་མི་རུང་བ་ཡིན།མང་གཙོའི་རང་དབང་འདྲ་མིན་སྲུང་སྐྱོབ་བྱེད་སྐབས་གང་ཟག་བྱེ་བྲག་པའི་ཁེ་ཕན་ཁག་གིས་མི་མང་དང་མང་ཚོགས་ལ་གནོད་སྐྱོན་དང་ཉམས་ཆག་གཏོང་མི་ཆོག་དཔེར་ན།སྨ་བརྗོད་རང་དབང་དང་གཏམ་བརྗོད་རང་དབང་ཡོད་ཀྱང་གཞན་ལ་འཁྱོག་བཤད་དང་ཕྲ་མ།ངན་སེམས་ཁོག་བཅུག་གིས་སྨད་ར་གཏོང་མི་ཆོག་པ་དེའང་གསལ་པོ་འཁོད་ཡོད་པར་མཁྱེན་པ་མཛོད།
འོ་ན།དུས་རྒྱུན་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ།མི་བདེན་བརྫུན་བཟོའི་ཐོག་འཁྱོག་བཤད་དང་ལོག་སྒྲུབ་བྱས་བསྡད་པ་དེ་དག་ལ།བཙན་བྱོལ་བོད་གཞུང་གི་ངོས་ནས་ལན་འདེབས་དང་གསལ་བཤད་བྱ་དགོས་ངན་ལ་སོང་།ལན་འདེབས་ཚོགས་ཆུང་གི་ཆེད་དུ་མངག་ནས་བློ་བཟང་ཆོས་འབྱོར་ལགས་སུ་གསོལ་ཕོགས་དང་མཐུན་རྐྱེན་བསྐྲུན་ནས་རྒྱ་ནག་གཞུང་གི་འཁྱོག་བཤད་དེ་དག་ལ་ལན་འདེབས་བྱ་དགོས་པའི་བཀོད་མངག་གནང་ཡོད་པ་ལས།བཙན་བྱོལ་བོད་མི་མང་གི་བཀའ་ཁྲི་དང་བཀའ་བློན།མཛད་གཙོ་རྣམས་པའི་ལས་དོན་བྱེད་ཕྱོགས་ཐོག་འཁྱོག་བཤད་དང་།ལོག་སྒྲུབ།གསལ་བཤད་སོགས་བྱ་དགོས་པའི་བཀོད་མངག་གནང་ནས་གསོལ་ཕོགས་གནང་གིན་མེད་པ་དེ་འང་ཤེས་པར་གྱིས།
ལྷག་པར་དུ་ཁུག་ཏས་ཐལ་ཤ་ཆེ་དྲག་པ་ཞིག་ལ།དེང་གི་མཁས་དབང་བཀའ་ཁྲི་བློ་བཟང་སེངྒེ་མཆོག་ལ་ཤེས་ཡོན་དང་འཇོན་ཐང་དེ་ཙམ་མེད་རབ་དང་།ཧ་སང་དགོས་པ་ཞིག་ལ་རྒྱ་རི་སྒྱོལ་མའི་ལྷག་བསམ་མིག་ཆུ་དང་པདྨ་ཆོས་འབྱོར་ན་རྒས་རྫི་ལྡིབ་དང་གསར་བུ་གསར་མོ་གཞན་བཅས་དུས་ཚོད་ལ་ལྟོས་ཏེ་ཅི་ཆགས་ལྟ་རྒྱུ་ལས་དཔྱད་གླིང་བྱེད་རིན་མ་མཐོང་ཟེར།དོན་དངོས་ཐོག་བཀའ་ཁྲི་རང་ཉིད་ལའང་་ཤེས་འཇོན་ཅི་ཡང་མེད་པས་ཐོག་ཕྱག་རོགས་བཀའ་བློན་སྒྲོལ་མ་རྒྱ་རི་མཆོག་ནི།ལྷག་བསམ་ཡོད་མདོག་གི་མིག་ཆུ་གཏང་རྒྱུ་ལས་དོན་དངོས་ཐོག་ནས།བོད་མི་རིགས་དང་མི་མང་ལ་ལྷག་བསམ་ཅི་ཡང་མི་ལྡན་མཁན་ཞིག་དང་།ཕྱག་རོགས་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནི།ལོ་ན་ཆེ་བས་རྐྱེན་གྱིས་ལུས་ཀྱི་ཤེས་པ་ཉམ་བསྡད་མཁན་ཞིག་གི་ཁོང་སུ་གཞག་འདུག་པ་དེ་དག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་གི་ངོས་ནས་བླང་དོར་སྒྲིག་གཞི་དང་འགལ་བ་མ་ཡིན་ནམ་ཅི་ཡིན།
དེ་འདྲ་སོང་ཙམ་ལས་བྱེད་ཅིག་ཕྱིར་འབུད་བཏང་བར་ཧ་སང་དགོས་དོན་གང་ཡང་ཡོད་མ་རེད།དེ་དོན་དགོངས་འཇགས་ཡོད་པ་ཞུ།
སྐུ་ཞབས་རབ་གསལ་ལགས་ཀྱིས་དུས་དང་བསྟུན་ནས་གླེང་མི་དགོས་བ་གླེང་བ་དེ་དོན་དངོས་ཡིན་ན་བཀའ་ཁྲིའི་སྔོན་འགྲོ་སྐབས་སུ་མི་དམངས་ལ་གསལ་བཤད་མ་བྱས་པ་བལྟས་ཕལ་ཆེར་སྐུ་ཞབས་ལགས་གཉིད་ཉལ་ཡོད་ས་རེད།