ཁང་གསར་རྡོ་རྗེ།
༅༅།། ད་ལྟའི་བཀའ་བློན་ཁྲི་པའི་འོས་མི་གསུམ་ནི། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ནང་ནས་ཐོན་པའི་འོས་མི་རྩེ་ཕུད་གསུམ་ཡིན་ལ། ཁོང་གསུམ་ལས་སུ་རུང་ཞིག་འབྱུང་འགྱུར་གྱི་ཟླ་བ་ཁ་ཤས་ནང་བཀའ་བློན་ཁྲི་པར་གྱུར་ངེས་རེད།
༡༽ སེང་གེ།
བློ་བཟང་སེང་གེ་ནི་ངར་ཤུགས་ཀྱིས་ཁེངས་པའི་གཞོན་སྐྱེས་ཤིག་རེད་ལ་དམིགས་ཡུལ་གྱི་ཆེད་དུ་ཅི་ཡིན་ནའང་བྱེད་ཐུབ་མཁན་ཞིག་རེད། དེ་ནི་ཁོང་ལྡི་ལི་ས་གནས་གཞོན་ནུའི་འགན་འཁྱེར་སྐབས་ཡོངས་གྲགས་ཐོག “ལས་ལ་བཤན་པ་བསྐོས་ཚར་བས་སྡིག་ལ་འཛེམས་དོན་མེད་”ཅེས་བཤད་པའི་སྐད་ཆ་དུམ་བུ་དེས་མཚོན་ཐུབ་པ་རེད།
བློ་བཟང་སེང་གེ་ནི་བཀའ་ཁྲིའི་འོས་མིའི་ནང་ནས་ཆེད་ལས་སློབ་སྦྱོང་གི་ལག་ཁྱེར་མཐོ་ཤོས་ལྡན་པ་དེ་རེད་ལ་ལོ་ན་ཆུང་ཤོས་དེ་ཡང་ཡིན། ཁོང་གི་ཁྱད་ཆོས་ལེགས་ཤོས་ཤིག་ནི། མི་མཐོ་དམན་དང་རྒན་གཞོན་མེད་པར་འཛུམ་བསྟན་ཏེ་འབྲེལ་བ་འཇོག་ཐུབ་པ་དེ་རེད། དེ་མིན་ཁོང་གི་ཆབ་སྲིད་ལངས་ཕྱོགས་དང་ལས་དོན་དངོས་ནང་གི་འཇོན་ཐང་གི་ནུས་པ་ནི་ད་ལྟ་གསལ་པོ་མེད། དཔེར་ན། ཁོང་གིས་སྐབས་རེ་པོ་ཏཱ་ལའི་སྟེང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་ཐུབ་པ་བྱ་རྒྱུ་ཡིན་ལུགས་གླེང་སྟེ་རང་བཙན་གྱི་འདོད་ཕྱོགས་གླེང་བ་དང་། སྐབས་རེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་ཟེར་བ། ཡང་རྩོམ་ཡིག་ཁ་ཤས་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལུགས་འོག་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྲོ་ལམ་རྩ་བ་ནས་མེད་ཅེས་ཚིག་ཐག་བཅད་པ་ལྟ་བུ་རེད།
བློ་བཟང་སེང་གེའི་གཏམ་བཤད་ཁག་ལ་གཞིགས་ན། ཁོང་གིས་ཉེ་ལམ་གྱི་རྒྱལ་སྤྱིའི་འགྱུར་འགྲོས་དང་རྒྱ་ནག་གི་གནས་སྟངས་ཐད་དོ་སྣང་ཆེན་པོ་བྱས་ཡོད་པ་མཐོང་ཐུབ་ལ། ཞིབ་ཕྲའི་གོམ་སྟབས་མཁོ་སྤྲོད་མ་བྱས་པ་མ་གཏོགས་གོ་སྐབས་དམ་འཛིན་གྱིས་ལས་དོན་གསར་པ་མང་བོ་ཞིག་བྱེད་འདུན་ཡོད་པའི་རྣམ་པ་བསྟན་ཡོད། དེར་བརྟེན། ༸གོང་ས་མཆོག་དང་མི་རབས་རྒན་པ་མང་བོ་ཞིག་ཡོད་ཐོག་འདིར་གཞོན་སྐྱེས་ཤིག་ལ་གོ་སྐབས་སྤྲད་དེ་ཡག་ཉེས་ག་རེ་ཡོང་ས་རེད་ཚོད་ལྟ་གནང་འདོད་པ་ཚོས། བློ་བཟང་སེང་གེར་འོས་ཤོག་བླུགས་ན་ཡག་ཤོས་རེད།
བློ་བཟང་སེང་གེའི་མཚོན་རྟགས་ནི་གངས་སེང་ཡིན་ཞིང་། དེ་ནི་ཁོང་གི་མིང་དང་ཧ་ཅང་འཚམས། སྤྱིར་བཏང་སེང་གེ་ནི་རི་དྭགས་ཀུན་གྱི་རྒྱལ་པོར་གྲགས་པས་དབང་ཐང་ཆེ་ཞིང་ཀུན་གྱིས་གཙུག་ཏུ་བཀུར་བའི་མཚོན་དོན་ལྡན་ཡོད། འོན་ཀྱང་བློ་བཟང་སེང་གེའི་ངོས་ནས་རང་གི་མཚོན་རྟགས་སུ་བཀོལ་བཞིན་པའི་གངས་སེང་གི་ཐད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གངས་སེང་ནི་རི་མོ་བས་རྒྱ་ཁྱི་སྣ་ལེབ་རྫིག་ཏུ་བཏང་སྟེ་བྱུང་བ་ལས་དོན་དམ་དུ་གངས་སེང་མེད་ཅིང་། བོད་ཀྱི་རྒྱལ་དར་ཐོག་རྒྱ་ཁྱི་སྣ་ལེབ་ཀྱི་གཟུགས་བཀོད་པ་དེ་ནི་བོད་རྒྱ་འོག་ཏུ་ཤོར་བའི་རྟེན་འབྲེལ་འཆུག་པ་ཞིག་ཡིན་པར་གསུངས་མྱོང་ཡོད་པ་རེད། བློ་བཟང་སེང་གེ་བཀའ་བློན་ཁྲི་པར་མ་འཁོད་གོང་ནས་ཕྱི་སྡོད་རྒྱ་ནག་པའི་ལག་ཁྱེར་བླངས་ཟིན་པར་བརྟེན། རྟེན་འབྲེལ་འཆུག་པ་ཙམ་དུ་མ་ཟད་དོན་དག་ཀྱང་འཆུག་པའི་མཚམས་སུ་སླེབས་ཚར་ཡོད་པ་རེད།
༢༽ ནོར་བུ།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ནི་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱས་པའི་མི་སྣའི་ཁྲོད་ནས་འཇོན་ཤོས་གྲས་ཤིག་རེད། ཁོང་གི་མི་ཚེའི་ནང་གསར་གཏོད་དང་སྣེ་ཁྲིད་ཀྱི་གྲུབ་འབྲས་ནི་བཙན་བྱོལ་མི་སྐྱའི་སྤྱི་ཚོགས་ནང་ཧ་ལམ་འགྲན་ཟླ་མེད་པ་ཞིག་རེད། དེ་བཞིན་ཁོང་ནི་བཀའ་ཁྲིའི་འོས་མི་གསུམ་གྱི་ནང་ནས་རང་སྒེར་གྱི་ཆབ་སྲིད་ཀྱི་ལྟ་གྲུབ་ཡོད་པ་གཅིག་པུ་དེ་རེད། ཁོང་གིས་ཕྱོགས་གཅིག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པ་དང་མཉམ་དུ་དགོས་གལ་མཆིས་ཚེ་དེ་ལ་བསྐྱར་ཞིབ་ཐོག གོ་སྐབས་གསར་པ་དམ་འཛིན་དང་ཐབས་ལམ་གསར་པ་བཙལ་ཏེ་བོད་དོན་འཐབ་རྩོད་བྱེད་དགོས་པར་འདོད་ཅིང་། ད་དུང་རང་གི་ཆབ་སྲིད་ལྟ་བ་རང་ཐག་རང་གཅོད་དང་དབུ་མའི་ལམ་དབར་དོན་དམ་གྱི་འགལ་ཟླ་མེད་པར་འདོད།
བཀྲས་མཐོང་གི་ལས་རྒྱུན་རིང་ཤེས་བྱ་གསར་དེབ་བཏོན་པ་དང་། གཞོན་ནུ་ལྷན་ཚོགས་དང་ཨ་རི་བོད་ཀྱི་ཐེབས་རྩ་བཙུགས་པ། ཨ་རིའི་བོད་སྐད་རླུང་འཕྲིན་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་པ་ལ་སོགས་ལེགས་པའི་ཆ་ཡོད་ལ། ཨ་རིར་བོད་མི་ཆིག་སྟོང་གཞིས་ཆགས་སུ་བཏང་བ་དང་བཀའ་ཁྲི་ནས་དགོངས་པ་ཞུས་ལྟ་བུའི་ལེགས་ཆ་དང་སྐྱོན་ཆ་གཉིས་ཀ་ལྡན་པ་ཡང་ཡོད་པ་རེད།
བར་ལམ་གྱི་བགྲོ་གླེང་ཁག་གི་ནང་། ཁོང་གིས་༸གོང་ས་མཆོག་གི་ཡང་སྲིད་དང་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས། གཞུང་ཞབས་དང་གཞུང་གི་ལས་དོན་སོགས་ཀྱི་ཐད་བསམ་ཚུལ་གསར་པ་མང་པོ་བཏོན་ཡོད་པ་དེ་དག་དང་། འདས་པའི་ཁོང་གི་ལས་དོན་གནང་སྟངས་ལ་གཞིགས་ན། ཁོང་བཀའ་ཁྲིར་འཁོད་ཚེ་ལས་དོན་ཆེན་པོ་མང་པོ་ཞིག་གསར་གཏོད་དང་ལེགས་བཅོས་བྱ་ཐུབ་སྲིད་པའི་རང་བཞིན་ཆེ་ལ། ལས་དོན་དེ་ཚོར་ཡ་ཡུད་ཀྱང་ལྡན་ཡོད། དེར་བརྟེན། བཙན་བྱོལ་སྤྱི་ཚོགས་ནང་ཡ་ཡུད་ཆེ་བར་མ་འཛེམས་པར་གསར་གཏོད་དང་ལེགས་བཅོས་འདོད་མཁན་ཚོས་ཁོང་ལ་འོས་བླུགས་ན་ལེགས་ཤོས་རེད།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་འོས་བསྡུའི་མཚོན་རྟགས་ནི། ནོར་བུ་ཡིན་ཞིང་། ནོར་བུ་ནི་ཅི་འདོད་འབད་མེད་དུ་སྩོལ་བའི་མཚོན་དོན་རེད། བཀྲས་མཐོང་གི་མི་ཚེའི་ནང་གི་བྱས་རྗེས་དང་གསར་གཏོད། ཉམས་མྱོང་། རྒྱལ་སྤྱིའི་འབྲེལ་ལམ་སོགས་ལ་གཞིགས་ན། ཁོང་བཀའ་ཁྲིར་འཁོད་ཚེ་བོད་མིའི་བསམ་འདུན་བཞིན་བྱ་གཞག་གསར་པ་མང་པོ་ཞིག་ལེགས་སྒྲུབ་ཐུབ་པའི་རེ་བ་ཡོད་པ་རེད། འོན་ཀྱང་”ནོར་བུ་”ཞེས་པའི་ཡིག་འབྲུ་དེར་”ནོར་འཁྲུལ་གྱི་བུ་”ཞེས་པའི་གོ་དོན་ཞིག་ཀྱང་ཡོད་པས། ལས་དོན་ཆེན་པོ་མང་པོ་ཞིག་རྩོམ་པ་དང་མཉམ་དུ་སྔར་བཞིན་ནོར་འཁྲུལ་ཁག་ཅིག་ཀྱང་འབྱུང་ཉེན་ཡོད་པ་རེད།
༣༽ ཉི་མ།
བཀྲ་ཤིས་དབང་འདུད་ནི། འོས་མི་གསུམ་གྱི་ནང་ནས་བོད་གཞུང་གི་ནང་ལས་རྒྱུན་རིང་ཤོས་དང་ཉམས་མྱོང་ཕུན་སུམ་ཚོགས་ཤོས་ཤིག་རེད་ལ་བརྟན་ཤོས་ཤིག་ཀྱང་རེད། ཁོང་གིས་མི་ཚེ་ཧྲིལ་པོའི་རིང་བོད་གཞུང་དང་མི་མང་ལ་དགོས་མཁོ་གང་དུ་ཡོད་ས་དེར་ཕྱག་ལས་གནང་བ་ལས། ཆེ་འདོད་རྫིག་འདོད་ཀྱི་ཐོག་ནས་བཞུགས་མེད། འོན་ཀྱང་ལོ་ངོ་བཞི་བཅུ་ལྷག་གི་ཉམས་མྱོང་ནང་དུ་ལས་དོན་ལ་གྲུབ་འབྲས་འདི་དང་འདི་ཞེས་དམིགས་བསལ་སྟོན་རྒྱུ་མེད་པར་གཞིགས་ན། གཞན་གྱི་བཀོད་འདོམས་འོག་ལ་ཤར་སྐྱོད་བྱེད་པ་ལས་རང་ངོས་ནས་གསར་གཏོད་བྱེད་པའི་གོམས་གཤིས་ཁོང་ལ་མེད་པ་དེ་མཚོན་གྱི་ཡོད།
བཀྲ་ཤིས་དབང་འདུད་ཀྱི་ཆབ་སྲིད་ལྟ་བའི་ཐད་ནས་བཤད་ན། དབུ་མའི་ལམ་གྱི་སྲིད་བྱུས་ལས་ལྷག་པའི་ཐབས་ལམ་གཞན་ཅི་ཡང་མེད་པར་འདོད་པ་ཙམ་མ་ཟད། དབུ་མའི་ལམ་ལ་བསྐྱར་ཞིབ་དང་བཟོ་བཅོས་སོགས་ཅི་ཡང་མི་དགོས་པར་མུ་མཐུད་རྒྱ་ནག་དང་མེས་འཚིག་མེར་གཏུགས་བྱེད་དགོས་པར་འདོད་མཁན་ཞིག་རེད།
མི་མང་པོས་བཀྲ་ཤིས་དབང་འདུད་ནི་ལོ་མང་ལས་ཀ་བྱས་ཀྱང་སྐྱོན་ཆ་མེད་པའི་མི་ཞིག་ཡིན་པར་ངོས་འཛིན་བྱེད་ལ། ཁོང་གི་རྒྱབ་སྐྱོར་བ་ཚོས་ཀྱང་དྲིལ་བསྒྲགས་བྱེད་སྐབས། ཁོང་མི་གཙང་མ་རེད་ཅེས་སྤོབས་པ་དང་བཅས་འདྲ་པར་སྟེང་བྲིས་ཏེ་འགྲེམས་སྤེལ་བྱེད་ཀྱི་ཡོད། འོན་ཀྱང་དོན་དངོས་སུ། ཁོང་གིས་ལྡི་ལི་སྐུ་ཚབ་དོན་གཅོད་གནང་སྐབས། ༸གོང་ས་མཆོག་གི་གནམ་གྲུའི་དུས་ཚོད་ལ་འགྱུར་བ་ཐེབས་པ་ལ་ཐུགས་སྣང་མ་བྱུང་བ་དང་གནམ་གྲུའི་འཛིན་ཡིག་ཡིག་སྐྱེལ་གྱི་ལག་ཏུ་བཞག་པའི་འཐུས་ཤོར་ལ་བརྟེན་ནས་༸གོང་ས་མཆོག་གནམ་ཐང་དུ་ཡུན་རིང་བཞུགས་དགོས་པ་དང་མཛད་འཆར་ལ་འགྱུར་བ་གཏོང་དགོས་བྱུང་བར་བརྟེན། རང་གཞུང་བཀའ་ཤག་གིས་ཁོང་གི་གནང་སྟངས་ལ་ཐུགས་འདོད་མ་ཁེངས་པའི་བཀའ་ཡིག་གནང་དགོས་བྱུང་ཡོད། ད་དུང་དེ་ནས་ཡར་དེད་ན། བཙན་བྱོལ་ནང་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་རྙོག་དྲ་ཆེན་པོ་དེ་ལངས་སྐབས། བོད་གཞུང་གི་བཀའ་བློན་ཁྲི་པ་འཇུ་ཆེན་ཐུབ་བསྟན་གྱིས་ཐེ་ཝན་དང་བོད་གཞུང་དབར་འབྲེལ་བ་མེད་ཅེས་གསང་བ་དམ་འཛིན་གནང་ཞིང་། བཀྲ་ཤིས་དབང་འདུད་ཀྱིས་དེ་ལས་ལྡོག་སྟེ་འབྲེལ་བ་ཡོད་ལུགས་ཡོད་སྟངས་བཤད་དེ་གཞུང་གི་གསང་བ་ཁྲོམ་བསྒྲགས་བྱས་པ་རེད། རྙོག་དྲ་དེ་ཚོས་རྐྱེན་བྱས་པ་ལྟ་བུས་ཁོང་སྐབས་ཤིག་དགོངས་པ་ཞུས་ཡོད།
ཉེ་ཆར་གྱི་བགྲོ་གླེང་ཁག་ལ་བལྟ་སྐབས། ཁོང་གིས་འདི་དང་འདིའི་ཐད་གཞུང་གིས་འདི་དང་འདི་གནང་བཞིན་པ་རེད། འདིའི་ཐད་གསར་པ་བྱ་རྒྱུ་གང་ཡང་བསྡད་མེད། འདི་ལ་བཟོ་བཅོས་དང་ལེགས་བཅོས་བྱ་རྒྱུ་ཡོད་རེད་ཅེས་ཧ་ཅང་ཁ་གསལ་པོས་བརྗོད་ཐུབ་ཀྱི་ཡོད་པ་དེའི་ཐོག་ནས་ཁོང་གིས་བོད་གཞུང་གི་ལས་དོན་ཁག་ལ་ཆ་རྒྱུས་ཧ་ཅང་ཡག་པོ་ཡོད་པ་མཐོང་ཐུབ། དེ་དང་མཉམ་དུ་ཁོང་གིས་ད་ཡོད་ཀྱི་ལས་དོན་རྒྱུན་སྐྱོང་བྱེད་པ་ལས་འགྱུར་བ་ཤུགས་ཆེན་པོ་གཏོང་འཆར་མེད་ཅེས་གསུངས་ཡོད།
ཁོང་གི་ལོ་རྒྱུས་དང་གཤིས་ཀ བློ་ཁོག བཀའ་མོལ་ཁག་སོགས་ལ་གཞིགས་ན། ཁོང་བཀའ་བློན་ཁྲི་པར་བསྐོས་ན། གཞུང་གི་ད་ཡོད་ལས་དོན་ཁག་རྒྱུན་འཁྱོང་དང་བརྟན་པོའི་ངང་འགྲོ་ཐུབ་ངེས་རེད་ལ་ལོ་རྒྱུས་དང་མི་གཤིས་ཀྱི་ཆ་ནས་ཀླན་ཀ་དང་རྩོད་གཞི་མང་བོ་ཐོན་རྒྱུ་མ་རེད། དེར་བརྟེན་བབས་ལྷིང་བརྟན་གསུམ་འདོད་མཁན་ཚོས་ཁོང་ལ་འོས་བླུགས་ན་ལེགས་ཤོས་རེད།
བཀྲ་ཤིས་དབང་འདུད་ཀྱི་འོས་བསྡུའི་མཚོན་རྟགས་ནི་ཉི་མ་ཡིན། དེའི་མཚོན་དོན་ནི་ཀུན་ཁྱབ་ཉི་མ་ཞེས་གྲགས་པ་ལྟར་ཕྱོགས་རིས་མེད་པར་ཀུན་ལ་འོད་སྣང་འདྲ་མཉམ་དུ་སྤྲོ་བ་དང་། འཆར་ནུབ་ཀྱི་དུས་དང་མུན་སེལ་དྲོད་སྟེར་གྱི་ནུས་པ་ལ་འགྱུར་བ་མེད་པའི་ཆ་ནས་བརྟན་པའི་རང་བཞིན་ཡང་མཚོན་ཐུབ་པར་སེམས། འོན་ཀྱང་ཉི་མའི་མིང་གཞན་དུ་”རྟ་བདུན་དབང་པོ་”ཞེས་རྟ་བདུན་གྱིས་ཉི་མ་མ་དྲུད་ན། གླིང་འདིར་འོད་སྣང་སྤྲོ་ཐབས་མེད་པར་གྲགས་པ་ལྟར། རྣམ་དཔྱོད་དང་བརྩོན་འགྲུས་ཅན་གྱི་བཀའ་བློན་ཕྱག་རོགས་བདུན་མ་བྱུང་ན། བཀྲ་ཤིས་དབང་འདུད་ཀྱི་ཉི་མ་དེ་བྱ་དངོས་གསར་པ་མེད་པའི་ཉོབ་ཏོ་དང་ཆེད་མངགས་འཁྱོལ་ཐབས་བྱེད་དགོས་པའི་”ཉི་མ་རིང་པོ་”ཞིག་ཏུ་གྱུར་བའི་ཉེན་ཁ་ཡོད།
སྨྲས་པ།
བབས་ལྷིང་བརྟན་གསུམ་དགོས་ན་བཀྲ་ཤིས་དབང་འདུད་ལེགས།།
གསར་གཏོད་ཡ་ཡུད་དགོས་ན་བཀྲ་ཤིས་རྣམ་རྒྱལ་འོས།།
གཞོན་ནུར་ཚོད་ལྟ་བྱེད་ན་བློ་བཟང་སེང་གེ་ཉིད།།
གསུམ་ཀ་མཉམ་འབྲེལ་ཐུབ་ན་བཀྲ་ཤིས་གཏམ་བཟང་རེད།། །།
ཁང་གསར་རྡོ་རྗེ་ལགས། ལག་ཁོམ་དུས་རེ་མང་པོ་འབྲི་མཁན་ཞིག་ཡིན་པའི་བཀྲ་ཤིས་བདེ་ལེགས་ཡོད།
ཡིན་ན་ཡང་ངས་ལྟོས་ན་ཀྱེད་ཀྱིས་མང་པོ་ཞིག་ལ་ཉམས་ཞིབ་དང་བདེན་པ་བརྡར་མི་འདུག
བློ་བཟང་སེང་གེ་སྐོར་ལ་བཤད་པ་ཧ་ཅང་གིས་སྣང་བ་འགྲོ་སོང་། གཅིག་བྱེད་ན་ང་ཚོས་རྒྱ་ཁྱི་ཞིག་ལ་གངས་སེང་མིང་བཏགས་ཡིན་སྲིད། ཡིན་ཡང་ཚོད་ལྟ་བྱ་འདོད་མཁན་རྒྱལ་བ་རིན་པོ་དང་མི་རབས་རྒན་པ་བཞུགས་ཐོག་ལ་གོ་སྐབས་ཤིག་སྤྲོད་འདོད་མཁན་ཚོས་འོས་བླུགས་ན་འགྲིག
ཡིན་ན་ཡང་ཁྱེད་ཀྱིས་བཀྲས་མཐོང་གི་ཕྱག་ལས་མང་པོ་ཞིག་དྲངས་འདུག ངས་ལྟོས་ན་ཐལ་ཆ་ཆེ་བ་མང་པོ་འདུག་ལ་ལྷག་པར་དུ་ཨ་རིའི་རླུང་འཕྲིན་ཁང་སོགས་ཀྱང་བཀྲས་མཐོང་གིས་བཙུགས་པ་རེད་ཟེར། སྐད་ཆ་འདི་ལྟོས་ནས་ཡོང་ན་བཀྲས་མཐོང་གི་བྱས་རྗེས་མང་པོ་ཞིག་ཁོང་གི་ཕྱོགས་གཏོགས་པ་ཚོས་གྲོ་རྫས་སྣ་ཚོགས་བརྒྱབ་ཡོད་པ་ཤེས་སོང་། ཁང་གསར་རྡོ་རྗེ་ལགས། ཕྱོགས་རིས་ཀྱི་ཕྱོགས་ལངས་ནས་འཛིན་རྒྱུ་མེད་པའི་གཏམ་ཡན་མ་ཤོད་རོགས། ཨ་རིའི་རླུང་འཕྲིན་ཁང་ཨ་རིའི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་བ་ཚོས་སྙན་ཞུ་བརྒྱབ་ཏེ། ཐོག་མར་སྐར་མ་བཅོ་ལྔ་ཡི་དུས་ཡུན་གྱི་རླུང་འཕྲིན་ཐད་གཏོང་དེ་རག་པ་རེད། དེ་དུས་མི་གསུམ་གྱིས་མགོ་བརྩམས་པ་རེད། སྐུ་མཁྱེན། ཞལ་རྫུན་རྣམས་བདེན་པ་འགྲོ་བའི་ཉེན་ཁ་ཡང་འདུག
སྐྱོན ཚང་བ་བཀབས་ཏེ་དགེ་ཚང་མ་ཡར་སྤུངས་ན་མི་སུ་ཡིན་ཡང་དགེ་མཚན་མེད་མཁན་ཅིག་མེད།
ཁང་གསར་རྡོ་རྗེ་ལགས། ཡུན་རིང་གི་རྗེས་ནས་ང་གཉིས་བྱ་རྡོ་ལམ་འཕྲད་ལྟ་བུས་དྲ་ཐོག་འདིར་ཐུག་པར་གདའ་པོ་བྱུང་།
བློ་བཟང་སེང་གེའི་སེང་གེ་དེ་བདག་པོ་མེད་པའི་ཨབ་སོག་ཡིན་སྲིད་ཨང་།
བསྟན་འཛིན་རྣམ་རྒྱལ་གྱི་ནོར་བུ་དེ་རྩིས་ཁམས་མ་གཙང་བའི་གཞུང་དངུལ་དེ་དག་ཡིན་སྲིད། ཨ་ལ་ཀུ་རེ་ཡིན། ལ་དྭགས་མི་མང་ལ་ཆད་པའི་གུན་གསབ་ཏུ་ནང་སྲིད་ནས་འབུམ་དགུ་སྤྲོད་དགོས་ཐུག་པ་དེ་མིན་པར་སྨོན། ད་ལྟ་ཁོང་ལ་ནང་མིའི་དཀའ་ངལ་ཡོད་ཚོད་མི་འདུག་པས་བཙན་བྱོལ་བོད་གཞུང་ལ་འབུམ་དགུའི་གུན་བསབ་རག་ཨེ་ཡོད་ན། གྲོགས་པོ་ཞིབ་འཇུག་པ།
འཇིགས་བྲལ་བསྟན་འཛིན་ལགས། ཁམས་བཟང་། ངས་བཀྲས་མཐོང་གི་གནས་ཚུལ་དེ་ཚོར་ཞིབ་འཇུག་རྒྱུན་རིང་བྱས་པ་ཡིན། གཞུང་དངུལ་ཁ་མ་འདུམ་པ་དེ་ནི། ཕྱི་རྒྱལ་དོན་གཅོད་ཁ་ཤས་གསར་དུ་བཙུགས་པར་བརྟེན། གློ་བུར་འགྲོ་སོང་འཕར་ཏེ་བྱུང་འདུག ༡༩༩༢ ཀྱི་ལོ་མཇུག་ནས་ ༡༩༩༥ བར་གྱི་དུས་ཡུན་ནང་ཨོ་སི་ཊི་ལི་ཡ་སྐུ་ཚབ་དོན་གཅོད་ཁང་དང་། སྦར་སིལ་སྐུ་ཚབ་དོན་གཅོད་ཁང་། རུ་སོག་དོན་གཅོད་ཁང་སོགས་བཙུགས་ཏེ་ཕྱི་འབྲེལ་ལས་དོན་རྒྱ་སྐྱེད་བྱས་སྟབས། འགྲོ་སོང་འཕར་འདུག འོན་ཀྱང་འགྲོ་སོང་དེ་དག་བཀྲས་མཐོང་བཀའ་ཁྲི་ནས་མ་འཁྱུར་གོང་། ཐབས་ཤེས་བྱས་ཏེ་ཁ་གསབ་བྱེད་ཐུབ་འདུག སྐབས་དེར་འགྲོ་སོང་འགྲོ་ས་གཙོ་བོ་ཕྱི་དྲིལ་ལས་ཁུངས་ཀྱི་ཁོངས་སུ་ཡིན་ཞིང་། ཕྱི་དྲིལ་བཀའ་བློན་བཀྲ་ཤིས་དབང་འདུད་རེད། བཀྲ་ཤིས་དབང་འདུད་ཀྱིས་ཀྱང་ཉེ་དུས་དངུལ་དེ་སྒེར་ཟོས་དང་རྩིས་ཆད་མིན་པའི་སྐོར་གསལ་པོ་བཤད་སོང་། གལ་སྲིད་འདི་ལ་དངོས་གནས་སྐྱོན་གཅིག་ཡོད་ཚེ། ངས་བཀྲས་མཐོང་ལ་དུས་ནམ་ཡང་རྒྱབ་སྐྱོར་བྱེད་མི་སྲིད།
ལ་དྭགས་ཀྱི་ཚོང་ཉེས་དེ་ཡང་བཀྲས་མཐོང་ལ་འབྲེལ་བ་དེ་ཙམ་མི་འདུག ལ་དྭགས་ལ་ནེ་ལེའི་ཚོང་དེ་བཀྲས་མཐོང་གི་གོང་གི་ནང་སྲིད་བཀའ་བློན་གཉིས་གསུམ་ཞིག་དང་དྲུང་ཆེ་གཉིས་གསུམ་གྱི་སྐབས་ནས་འགོ་བཙུགས་པ་ཞིག་རེད་འདུག་མ་གཏོགས་བཀྲས་མཐོང་གིས་འགོ་བཙུགས་པ་ཅང་རེད་མི་འདུག དངོས་གནས་ཚོང་ཉེས་ཀྱི་སྐྱོན་ཡོད་ན། ཐོག་མར་ཐད་ཀར་འགན་ཁུར་བྱེད་མཁན་ལ་སྤྱི་ལ་སྐྱོན་འབབ་ཀི་རེད། དེ་ནས་ནང་སྲིད་དྲུང་ཆེ་ལ་སྐྱོན་བབས་ཀི་རེད། དེ་ནས་ནང་སྲིད་བཀའ་བློན་ལ་སྐྱོན་བབས་དགོས་པ་རེད། དེ་ཚོ་སུ་ལའང་སྐྱོན་མ་བཙུགས་པར། བཀྲས་མཐོང་ལ་སྐྱོན་བཙུགས་ཡོང་གི་ཡོད་པ་འདི་ག་རང་ནས་གནས་ཚུལ་མང་བོ་ཤེས་རྒྱུ་འདུག
ད་འདས་པའི་ལབ་རྙོག་དེ་ཚོ་མི་བཤད་ཡ། བཤད་ན་ཁོང་ཚོ་ཚང་མ་ལ་ཅིག་ཅིག་ཉིག་ཉིག་བཤད་རྒྱུ་ཡོང་གི་རེད། གཞུང་གི་འཛིན་སྐྱོང་གི་ལས་ཀ་ཆུ་ཚོད་གཅིག་ཀྱང་བྱེད་མྱོང་མེད་པ་ཞིག་ལའང་སྐྱོན་མང་བོ་དེ་ཙམ་བགྲང་རྒྱུ་ཡོད་ན། མི་ལོ་སུམ་ཅུ་བཞི་ཅུ་གཞུང་གི་ལས་ཀ་བྱེད་མཁན་ཚོ་ལ་དེ་བས་ཀྱང་མཐོ་བཤད་དམའ་བཤད་བྱེད་ས་ཡོང་གི་རེད། ད་དེ་ཚོ་གླེང་ནས་ཉོབ་ཉོབ་ཆགས་སོང་།
དངོས་གནས་དཔྱད་རྩོམ་ཧ་ཅང་ཡག་པོ་ཞིག་དྲིས་འདུག ཐུགས་རྗེ་ཆེ་ཞུ་བ་ཡིན
དངོས་གནས་དཔྱད་རྩོམ་ཧ་ཅང་ཡག་པོ་ཞིག་དྲིས་འདུག ཐུགས་རྗེ་ཆེ་ཞུ་བ་ཡིན
སེང་ནོར་ཉི་གསུམ་ནང་ནས་ཁོ་བོའི་བཀའ་ཁྲི་ནི་ཉི་མ་ཡིན། ཀུན་ལ་སྙོམས་པའི་རང་གཤིས་དེ་གལ་ཆེ་ཞིག་ཏུ་བརྩིས་ནས་དེ་གདམས་འཆར་ཡོད། དེ་ནི་མ་འོངས་ཆོལ་གསུམ་གོམ་བུ་གཅིག་ཏུ་སྒྲིལ་ནས་འཐབ་རྩོད་ཀྱིས་ནུས་པ་དེ་ཇི་ཆེར་འཕེལ་ཕྱིར་ཡིན།
ད་སྐར་མ་བཅུའི་རྗེས་ཙམ་ནས་ལས་ཀ་ཞིག་ལ་འགྲོ་དགོས་སོང་། སྔོན་གྱི་ལབ་རྙོག་དེ་ཚོར་དུས་ཚོད་འཕྲོ་བརླག་གཏོང་གི་མིན། མ་འོངས་པའི་སྐོར་བཤད་ཀི་ཡིན།
བཀྲ་ཤིས་དབང་འདུད་ནི། སྤྱི་ཚོགས་ནང་འགལ་ཟླ་མངོན་གསལ་མེད་པ་དང་། ལབ་རྙོག་ཉུང་བ། ཉམས་མྱོང་ཆེ་བ། མགོ་ཚོས་པ། དབུ་མའི་ལམ་ཁོ་ན་ལས་གཞན་ལ་ཡིད་རྟོན་མེད་པ་བཅས་ཀྱི་ཆ་ནས་བཤད་ན། ཁོང་བཀའ་ཁྲིར་འཁོད་ཚེ། གཞུང་གི་ལས་ཀ་དེ་ཚོར་རྙོག་དྲ་ཞེ་དྲག་ཡོང་གི་མ་རེད། ཡིན་ནའང་། ལས་དོན་གསར་པ་རྩོམ་ཐུབ་པའི་རེ་བ་ཞེ་དྲག་ཡོད་མ་རེད།
བཀྲས་མཐོང་བསྟན་རྣམ་འཇོན་ཐང་ཅན་རེད། དེ་སྔོན་ཆུ་བཞི་སྒང་དྲུག་གི་གླེང་རྙོག་ཁྲོད་དུ་ལི་ཐང་ཨ་ཐར་གྱི་ཕྱོགས་གཏོགས་དང་འགལ་ཟླ་བྱུང་མྱོང་བ་རེད། ད་ལྟའི་མདོ་སྟོད་སྤྱི་འཐུས་ཀྱི་ནང་ལ་བལྟས་ཚེ། མང་ཆེ་བ་མི་རྙིང་པ་རེད། སྤྱི་འཐུས་གསར་བ་མང་ཆེ་བའང་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་རེད། དེར་བརྟེན་བཀྲས་མཐོང་བཀའ་ཁྲིར་འཁོད་ཚེ་འགལ་རྐྱེན་གཙོ་བོ་མདོ་སྟོད་ཀྱི་ཕྱོགས་ནས་ཡོང་ཉེན་ཡོད། ཁོང་གིས་རང་གི་བཀའ་ཤག་ནང་མདོ་སྟོད་ཀྱི་ཚབ་མཚོན་མི་སྣ་འཇོན་ཐང་ཅན་ཞིག་བསྐོས་ན་གནས་ཚུལ་ཐ་དད་རེད།
ཡང་ཁོང་གིས་རང་བཙན་རྩོད་མཁན་དང་དབུ་མའི་ལམ་ལ་ཞུགས་མཁན་ཚང་མས། གནད་དོན་ངེས་ཅན་ཞིག་གི་ཐོག་མཉམ་འབྲེལ་གྱི་ལས་འགུལ་སྤེལ་ཐུབ་ཀི་ཡོད་པར་འདོད་པ་ལས། ཟམ་གདོང་ནང་བཞིན་དབྱེ་འབྱེད་ཤུགས་ཆེ་མི་བྱེད་པ་དེའི་ཐོག་ནས་གཞུང་འབྲེལ་མིན་པའི་ཚོགས་པ་སྤྱི་དང་། དམིགས་བསལ་གཞོན་ནུ་ལྷན་ཚོགས་དང་སློབ་ཕྲུག་རང་བཙན་ཚོགས་པ་སོགས་ཁོང་དང་ལོ་རྒྱུས་ཐོག་ནས་འབྲེལ་བ་ཆེ་སྟབས་མཉམ་འབྲེལ་ཡག་བོ་ཡོང་གི་རེད།
བློ་བཟང་སེང་གེར་གཞུང་འཛིན་ཉམས་མྱོང་མེད་པ་དེ་ཕྱོགས་གཅིག་ནས་སྐྱོན་རེད། ཕྱོགས་གཞན་ནས་དགེ་མཚན་ཡང་ཡིན་སྲིད། སྐྱོན་རེད་ཟེར་དོན་ནི། མི་ཚེ་ཧྲིལ་བོ་ཉམས་མྱོང་བསགས་པའི་གཞུང་ཞབས་པ་ཚོའི་མདུན་ནས་ལངས་ཏེ་ལམ་སྟོན་བྱེད་དགོས་བ་རེད། ཉམས་མྱོང་ཅན་གྱི་ཟམ་གདོང་ལའང་སྲིད་བྱུས་ལག་བསྟར་སྐབས་གཞུང་ཞབས་པ་ཚོས་སྤྱོད་པ་སློག་སྟེ་དཀའ་ངལ་བཟོས་ན། བློ་སེང་ལྟ་བུའི་ཕྲུ་གུ་ཞིག་ལ་ནི་སྟོད་པའི་དྲུང་ཆེ་དེ་ཚོས་རྩེད་མོ་རྩེ་རྩེ་བྱེད་ཉེན་ཡོད། དགེ་མཚན་ཡང་ཡོད་སྲིད་ཟེར་དོན། ཉམས་མྱོང་མེད་པའི་མི་གསར་པ་ཞིག་ལ་བསམ་ཚུལ་གསར་པ་དང་ཐབས་ཤེས་གསར་པ་དེ་འདྲ་གཞན་ལས་མང་བ་ཡོང་སྲིད་ཆེ་བ་རེད། གང་ཡིན་ཟེར་ན། བཀག་རྒྱ་ཡོད་མ་རེད།
ཡིན་ནའང་། བློ་སེང་གིས་རང་བཙན་འཐབ་རྩོད་པ་དང་སློབ་ཕྲུག་རང་དབང་ཚོགས་པ་སོགས་ལ་ཁ་དགྲ་སྣ་དགྲ་ཤུགས་ཆེ་ཙམ་བསགས་ཡོད་པས། དཀའ་ངལ་གཅིག་དེའི་ཕྱོགས་ནས་འཕྲད་ངེས་རེད་ལ། སྤྱི་འཐུས་ཀྱི་ནང་ནས་ཀྱང་དབུས་གཙང་སྤྱི་འཐུས་དང་མདོ་སྨད་སྤྱི་འཐུས་ཀྱི་ནང་ནས་འགལ་རྐྱེན་འཕྲད་རྒྱུ་ཙམ་མ་ཟད། མདོ་སྟོད་སྤྱི་འཐུས་རྒན་གྲས་ནང་ནས་ཀྱང་ཁོང་ལ་དཀའ་ངལ་ཡོང་གི་རེད། ལྷག་པར་དུ་བཀའ་བློན་བཀོད་སྒྲིག་གི་ཕྱོགས་ནས་བཤད་ན། ཁ་ཤུགས་དང་ཐེ་བྱུས་ཆེ་བའི་མདོ་སྔགས་བསྟན་འཛིན་ལྟ་བུ་བསྐོས་ན། རང་བཞིན་གྱིས་དཀའ་ངལ་བཟོ་རྒྱུ་རེད།
ཡ་ད་ངའི་དུས་ཚོད་རྫོགས་སོང་། ཆུ་ཚོད་བཞིའི་རྗེས་ནས་དུས་ཁོམ་ཞིག་ཡོད། དེ་དུས་འདིར་ཡང་བསྐྱར་གཅིག་ཡོང་གི་ཡིན།
ཁང་གསར་ལགས་ཁྱོད་ཀྱི་དཔྱད་རྩོམ་དག་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟབ་ཅིང་དོན་སྙིང་ལྡན་པ་ཤ་གཅིག་ཏུ་མཐོང་ལགས་རིགས་ལམ་དང་རྒྱུ་མཚན་གྱི་ནུས་པ་ལྡན་ཞིག་རེད་འདུག་ལའང་བོད་ཀྱི་ཆབ་སྲིད་དང་བོད་མི་མང་ལ་ལམ་སྟོན་གྱི་སྒྲོན་མེ་སྦྱིན་པ་པོའི་ཤེས་ཡོན་པ་ཞིག་ཏུ་ངོས་འཛིན་འབྲེལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླད་མར་ཡང་དཔྱད་རྩོམ་མང་ཙམ་སྤེལ་རྒྱུའི་རེ་སྨོན་བཅས།
ཁང་གསར་ལགས། ད་ཕན་ང་ལ་དཀའ་ངལ་ཆེ་ཤོས་དེ། ལོ་ནའི་ཆེ་ཆུང་དང་ཉམས་མྱོད་ཡོད་མེད་ཙམ་ལས། བཀའ་ཁྲིའི་འོས་མི་དེ་ཚོའི་བཤད་པའི་ནང་དོན་དང་ཁྱད་ཆོས་མ་འདྲ་བ་ངོས་འཛིན་ཐུབ་མ་བྱུང་། ཁྱེད་ཀྱིས་ཁོང་ཚོའི་ཆབ་སྲིད་ལྟ་བ་དང་གྲུབ་འབྲས། གཤིས་ཀ། འབྱུང་སྲིད་པའི་ཕྱོགས་དང་ངོས་ཚང་མ་ལ་བལྟས་ཏེ། སྡོམ་ཚིག་བཞག་འདུག་པས་ངོ་མ་ཡི་རང་དང་བསྔགས་བརྗོད་མི་ཞུ་ཀ་མེད་བྱུང་།
ད་ང་ནི། ༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་རྒྱུ་ཐག་བཅད་ཟིན་བའི་དུས་འདིར། བཀའ་བློན་ཁྲི་བར་ཉམས་མྱོང་རྩ་བ་ནས་མེད་པའི་གཞོན་སྐྱེས་ཤིག་བཞག་ནས་ཚོད་ལྟ་བྱེད་འདོད་མི་འདུག བཀྲ་དབང་དང་བཀྲས་མཐོང་གང་རུང་ལ་འོས་བླུགས་ཀི་ཡིན།
ད་དུང་དྲི་བ་གཅིག་ལ། སྔོན་འགྲོའི་འོས་བསྡུའི་ནང་བློ་བཟང་སེང་གེ་ལ་འོས་ཤོག་མང་པོ་ཐོབ་ཀྱང་དེང་སྐབས་ཁོང་ལ་འོས་འཕེན་མཁན་ཉུང་དུ་འགྲོ་བཞིན་བའི་རྣམ་པ་ཤུགས་ཆེན་པོ་འདུག དེའི་རྒྱུ་མཚན་གཙོ་བོ་གང་ཡིན་ནམ།
ཁང་གསར་བའི་གཏམནི་ཅུང་ཞིབ་ཆེ་མདོག་ཁ་བོ་ཡང་ ཅང་མ་ཇི་ལྟྲར་དྲང་ཡང་ཡོ་ཕྱོགས་ཆུ་། ཞེས་པའི་དཔེ་ལྟྲ་སོང་མི་འདུག་གམ་སྙམ་། ཁོང་གིས་དཔྱད་པ་གནང་བའི་ནང་ནས་སྣང་འགྲོ་ཤོས་བློ་སེང་ལ་མེད་པ་དེ་དགེ་མཚན་ཞིག་ཏུ་འགྱུར་སྲིད་ཚུལ་གསུང་པ་དེ་རེད་ ࿋࿋ ࿋ ࿋
གང་ལྟར་ཁོང་གསུམ་སུ་ལ་བཀའ་ཁྲི་ཐོབ་ཀྱང་བཀའ་ཁྲའི་འོས་མི་གཞན་གཉིས་བཀའ་བློན་ཕྱག་རོགས་ལ་བསྐོ་རྒྱུ་གལ་ཆེན་པོ་རེད། དེ་མིན་རང་གི་ཕྱོགས་གཏོགས་གཅིག་པུ་བསྐོས་ན་མི་མང་གི་མིག་དེ་གནམ་དང་འདྲ། ཟམ་དོང་རིན་པོ་ཆེ་ལ་སྐྱོན་ཆེ་ཤོས་དེ་ནས་བྱུང་བ་རེད། དེ་མིན་བཀའ་ཁྲི་ཐེངས་གསུམ་པ་དེ་ཡང་ཁོང་རང་རེད།
བཀའ་ཁྲའི་ཞེས་པ། བཀའ་ཁྲིའི་འོས་མི་ལ་བཅོས་རོགས།
བློ་སེང་གི་འགྲོ་གྲོན་དངུལ་ཀྱི་བྱུང་སའི་བྱུང་ཁུང་དེ་། ཐེ་ཝན་ནས་རྒྱ་མིའི་ཚོགས་པ་ཞིག་རེད་འདུག། འབྲེལ་ཐག་འདི་ནས་གཟིགས། https://picasaweb.google.com/108438675139848398162/TransparencyIsImportant#5584388686136404962
གྲོགས་པོ། ཁྱེད་ཀྱིས་བཀའ་ཁྲིའི་འོས་མི་གསུམ་ལ་ཞིབ་འཇུག་བྱས་པ་ལེགས་མོལ། འོན་ཀྱང་ཁྱེད་ཀྱིས་ཁོང་ཚོའི་ མཚོན་རྟགས་ཀྱི་ཐོག་ནས་བོད་ཀྱི་བདེ་སྡུག་འཚོལ་བཞིན་པ་འདྲ། དེ་ནི་རྨོངས་དད་ཤུགས་ཆེ་བའི་རྟགས་ཤིག་མ་རེད་དམ། གྲོགས་པོ། རྗེས་མ་ནས་ཉ་ཉོག་འདི་འདྲའི་རིགས་ཀྱིས་བོད་མིའི་ལས་དབང་ལ་ཕན་ཐོགས་གང་ཡང་མེད་པ་ཤེས་དགོས།
བཀྲས་མཐོང་གིས་འབུམ་དགུ་དེ་སྐྱེ་བ་རྗེས་མ་ལ་མ་གཏོགས་འཕྲོད་ས་མར་རེད་ཅེས། ཁ་སྔོན་གོང་ས་མཆོག་གི་མདུན་ཞུས་ཡོད་པ་རེད། དེ་འདྲ་མ་བྱུས་ན། འོས་བསྡུ་ལས་ཁུངས་ཀྱིས་ཁོང་ལ་བཙིར་ཡོད་པའི་སྐད་ཆ་དེ་འདྲ་འདུག
འོན་ཀྱང་བཀྲས་མཐོང་ལ་ད་ལྟ་དངུལ་མེད་པའི་དཀའ་ངལ་གྱིས་གཏན་ནས་མིན་པ་རེད། ཁོས་བཤད་རྒྱུར། ངས་སྔོན་ལོ་ཆུང་སྐབས་ནས་བོད་གཞུང་གི་ལས་ཀ་བྱས་པ་ཡིན། དེའི་རིང་ལྟོ་རྒྱག་རྒྱགས་ཤིག་རག་མྱོང་མེད། ད་འབུམ་དགུ་ཙམ་དང་ང་ལ་དག་ས་ཡོད་ཅེས་གསུངས་ཡོད་པ་ལྟར། ཁོང་གིས་རང་ཉིད་ཀྱི་དཀའ་ངལ་ཚབ་ཏུ་སྤྲོད་ཀྱིན་མེད་པ་རེད་འདུག
ཁོང་ལ་དངུལ་ཡོད་པའི་རྒྱུ་མཚན་ནི། ད་ལོ་སེ་ར་ལ་ཕྱིན་སྐབས། སེ་ར་བྱེས་ཀྱིས་འདུ་ཁང་གསར་པ་རྒྱག་སྐབས་དངུལ་མང་པོ་ཞིག་བཀྲས་མཐོང་འགྲམ་ནས་གཡར་ཡོད་པ་དང་། དེ་བཞིན་ཏྲེ་འོར་ཁང་ཚན་གྱིས་ཀྱང་བུན་གཡར་བྱས་ཡོད་པ་དེ་དག། ད་རེས་ཁོ་ལ་འོས་ཤོག་ཡག་པོ་བླུགས་ཤོག་དང་། བུན་ལོན་དག་པ་ཡིན་ཞེས་བཤད་ཡོད་པ་རེད།
སྐད་ཆ་འདི་ཚོ་ལ་བལྟ་དུས། ཁོང་ལ་ད་ལྟ་དངུལ་གྱི་དཀའ་ངལ་མེད་པ་གཏན་ཁེལ་རེད།
ཁང་གསར་ལགས།
ཁྱོད་རང་གིས་རང་བཙན་ཚོགས་པ་དང་། སློབ་ཕྲུག་ཚོགས་པ་སོགས་ལ་བློ་སེང་གིས་ཁ་དགྲ་སྣ་དགྲ་བསགས་ཡོད་པི་སྐད་ཆ་འདིར་ཁུངས་བསྐྱལ་རོགས། དེ་མིན་བློ་སེང་ལ་ཆེད་བཙུགས་གནོད་པ་སྐྱེལ་ཀྱིན་ཡོད་པ་རེད།
ཕྱི་རྒྱལ་ཡུལ་ནས་མི་སེར་བྱེད་ཞོར་དུ།།
གཏམ་དང་སྙན་གྲགས་ཆེད་དུ་འདུར་བ་ལས།།
རིགས་ཀྱི་ཆེད་དུ་བསམ་མཁན་མ་ཡིན་ཚེ།།
སྲུང་མ་དམར་ནག་གཉིས་ཀྱིས་ད་སྒྲོལ་ཅིག།
ཁང་གསར་ལ་ཞུས་པ་མིན། བཀའ་བློན་ཁྲི་བའི་འོས་མི་གསུམ་ལ་སྤྲིངས་པ་ཡིན།
ཕྱི་རྒྱལ་ཡུལ་ནས་མི་སེར་བྱེད་ཞོར་དུ།།
གཏམ་དང་སྙན་གྲགས་ཆེད་དུ་འདུར་བ་ལས།།
རིགས་ཀྱི་ཆེད་དུ་བསམ་མཁན་མ་ཡིན་ཚེ།།
སྲུང་མ་དམར་ནག་གཉིས་ཀྱིས་ད་སྒྲོལ་ཅིག།
དངོས་གཞིའི་འོས་ཤོག་འཕང་ལ་རན་ནས་འདུག ད་མང་པོ་མ་གསུང་ན་ལེགས། འོས་བསྡུའི་བསྒྲིགས་གཞི་དང་འགལ་གྲབས་རེད། སུ་ལ་བླུགས་ཀྱང་རང་དབང་རང་ཁེག་རེད། ངོ་མ་མནོ་བསམ་ཐོངས་ལ་འགྱོད་མེད་རང་བཞིན་ལྡན་པ་ཞིག་བྱོས་ཤིག་རིགས་ཀྱི་བུ་དང་བོུ་རབ་བྱུང་བ་དག རྩ་དོན་ལ་དགོངས་པ་བཞེས་ནས་འོས་ཤོག༌༌༌༌༌༌༌༌༌༌༌༌༌༌ཁང་གསར་ལ་གུས་བརྩི་ཞུ།
༡ བློ་བཟང་སེང་གེའི་མཚོན་རྟགས་མཚོན་རྟགས་སེང་གེ་ནི་བོད་ཀྱི་རྒྱལ་དར་གྱི་ངོས་སུ་ཡོད་པའི་སེང་གེ་དེ་རེད། གལ་སྲིད་དེ་ནོར་འཁྲུལ་ཞིག་བྱུང་ཚེ་བོད་གཞུང་ཡང་ནོར་མི་དགོས་པའི་ངེས་པ་མེད། དེར་བར་བརྟེན་དགེ་ཆོས་ཀྱིས་གངས་ཀྱི་སེང་གེ་གར་ཡང་མ་མཐོང་ཡང་ཞེས་པ་ཡང་འུ་ཚང་གིས་གཞུང་ལུགས་མང་པོ་ཞིག་གི་ཁྲོད་དུ་མཐོང་རྒྱུ་ཡོད་པར་མ་ཟད། ཐ་ན་བླ་མའི་ཁྲི་ཡང་སེང་གེས་གནམ་དུ་བཏེགས་ཡོད། དགའ་ལྡན་ཕོ་བྲང་ཡང་སེང་གེས་གནམ་དུ་བཏེགས་ཡོད། བོད་ཀྱི་གཞུང་ལུགས་ཀྱང་གདོང་ལྔའི་གད་རྒྱངས་ཞེས་པས་ཁེངས་ཡོད་པས། སེང་གེ་མཚོན་རྟགས་ནི་ཤིན་ཏུ་རན་ཞིང་དུས་ལ་བབ་པའི་ན་གཞོན་རུ་ཁག་གི་སྤོབས་པ་ཞིག་ཀྱང་ཡིན་པར་འདོད།
༢ ནོར་བུ་ནི་དངོས་གནས་བསམ་ཚོད་ཀྱིས་སྲོལ་རྒྱུན་གྱི་ཆོ་ག་མང་པོ་ཞིག་གི་ཁྲོད་དུ་མཐོང་རྒྱུ་ཡོད་ཀྱང་། ཡིད་སྐྱོ་བ་ཞིག་ལ་ནོར་བུ་ཡང་བཀྲས་མཐོང་ལ་སྦྱར་དུས་ང་ཚོས་ཀྱང་བོད་གཞུང་གི་ནང་གི་ནོར་བུའམ་རྒྱུ་ནོར་མང་པོ་ཞིག་གན་མཛོད་ནས་ར་མ་འཕྲོད་པའི་དོན་རྐྱེན་ཞིག་དྲན་གསོ་བྱེད་བཞིན་འདུག་ལ། དེ་བས་ཀྱང་ད་ལྟ་བཀྲས་མཐོང་ནི་སྔར་གྱི་ནོར་བུ་བོར་བརླགས་གཏོང་བ་ལས་ཀྱང་ཆེས་འགྱུར་ལྡོག་ཅིག་བྱུང་སྟེ། ད་ལྟ་ནོར་བུ་ཉར་མི་ཤེས་པའི་རྒན་པོ་འཆོལ་བོ་ཞིག་གི་སྣང་བ་སྟེར་ལ། ལྷག་པར་དུ་ཁོས་རང་ཉིད་ཀྱི་ནུས་པ་བེད་སྤྱོད་མི་བྱེད་པར་ཡོད་ཚད་མི་མང་གི་སྟེང་དུ་འགེལ་འདོད་པའི་སྐད་ཆ་མང་དུ་འཆད་བཞིན་འདུག་པས། འདི་ལྟ་བུའི་ནོར་བུ་ནི་ཀུན་ལ་ཕན་ཐོགས་དཀའ་བའི་ནོར་ནག་གི་བུ་ཞིག་རེད་ཅེས་སོ།།
༣ ཉི་མ་ནི་འོད་པོ་ཆེ་ཞིག་གི་དཔེར་མཚོན་དུ་བཞག་པ་ནི་ཤིན་ཏུ་གསལ་བོ་རེད། ཡིན་ནའང་། ཉི་མ་ཡང་དུས་ཚོད་ཉི་ཤུ་རྩ་བཞིའི་ཕྱེད་ཀ་ལས་བེད་སྤྱོད་མེད་པ་ཡང་ཤིན་ཏུ་གསལ་བོ་རེད། ད་དུང་ཉི་མ་ནི་སྤྲིན་གྱིས་སྤྲིན་བསྒྲིབས་པ་དང་གཟའ་ཡིས་བཟུང་ཚེ་རང་ནུས་བཏོན་ཏེ་འོད་སྣང་སྤྲོ་བའི་སྤོབས་པ་མེད་པ་ཡང་ཤིན་ཏུ་གསལ་བོ་རེད། ད་ལྟ་འུ་ཚང་གི་བཀའ་ཁྲི་ནི་དགོན་པའི་ཁྲི་བ་ཞིག་བདམས་བཀོད་བྱེད་བཞིན་པ་མ་ཡིན་པས། ཡ་རབས་སྤྱོད་བཟང་དང་ཀུན་མཐུན་ཙམ་གྱིས་གཤིས་ཀ་ཡོད་པས་ཅི་ཞིག་ཕན། ཆེས་རྣམ་རིག་ཉམས་པའི་ནུབ་ཁའི་ཉི་མ་ཞིག་བཀའ་བློན་གྱི་ཁྲི་ཐོག་ཏུ་བཞག་ནས་འོད་མར་འགྲིབ་པ་ལས་ཡར་འཕེལ་བའི་ནུས་པ་མེད་པ་ནི་ཤིན་ཏུ་གསལ་བོ་རེད། དེར་བརྟེན་ཉི་མ་འདི་ཡང་བདེ་བར་མལ་དུ་གཟིམ་ན་ལེགས་ཞེས་ཞུ་བའོ།།
༡སེང་གེ་ནི་བློ་བཟང་སེང་གེའི་མཚོན་རྟགས་སུ་སྤྱད་པ་ནི་དུས་ལ་བབ་པའི་མཚོན་རྟགས་ཤིག་ཏུ་འདོད་དེ། བོད་གཞུང་གི་རྒྱལ་དར་ཡང་སེང་གེ་གྲུབ་ཆ་ལྡན་པ་དང་དགའ་ལྡན་པོ་བྲང་གི་ལས་རྟགས་ཀྱང་སེང་གིས་གྲུབ་པར་གྱུར་ཡོད། དགེ་ཆོས་ཀྱིས་གངས་ཀྱི་སེང་གེ་གར་ཡང་མ་མཐོང་བས།། ཞེས་གསུངས་བ་ཙམ་གྱིས་བླ་མའི་ཁྲི་ཡང་སེང་གེ་འདེགས་བཞིན་པ་སོགས་གསུབ་མི་ཐུབ་པ་ཡང་ཤིན་ཏུ་གསལ་བོ་རེད། ང་ཚོའི་གཞུང་ལུགས་ཁྲོད་དུ་སེང་གེའི་གད་རྒྱངས་རྒྱུན་མི་ཆད་པར་སྤྱོད་བཞིན་པ་དེས་མི་རིགས་ལ་བློ་དཀར་བའམ་བཟང་པོ་ཡོད་པའི་སེང་གེ་འདི་བོད་ཀྱི་རྒྱལ་བོ་ཡིན་པ་ཐག་ཆོད་དོ།།
༢ ནོར་བུ་ནི་བལྟས་ཚོད་ཀྱིས་རང་བྱུང་ལྷུན་འགྲུབ་ཀྱི་མཚོན་རྟགས་ཤིག་རེད་མོད། ཞིབ་ཏུ་བསམ་བློ་བཏང་ཚེ་དགོད་བྲོ་བ་ཞིག་མ་རེད་དམ། སྔར་གན་མཛོད་ནས་ནོར་བུ་མང་པོ་ཞིག་བོར་བརླགས་སུ་སོང་བའི་དོན་རྐྱེན་འདི་ཡང་བཀྲས་མཐོང་གི་སྟེང་དུ་ནག་ཉེས་འཁོར་བ་མ་ཡིན་ནམ། བོད་གཞུང་གི་གན་མཛོད་མུ་མཐུད་དུ་སྟོང་བར་བྱེད་འདོད་ན་ཁོ་བདམས་ཀྱང་ཆོག་ལ། ལྷག་པར་དུ་རྒྱ་གཞུང་གིས་ད་ལྟའི་བོད་གཞུང་གི་ལམ་ལུགས་འདི་ཉིད་ཁྱིམ་རྒྱུད་ཆེན་པོ་གསུམ་གྱིས་དབང་བསྒྱུར་བཞིན་ཡོད་ཚུལ་བརྗོད་པ་དེ་བསྐྱར་ལོག་བྱེད་འདོད་ན་འགྲིག་སྲིད་མོད། དོན་དངོས་སུ་གཞུང་གི་ནོར་བུ་སྒེར་གྱི་ཨམ་ཕྲག་ཏུ་འཇུག་པའི་ནོར་བདག་འདི་ལྟ་བུ་བྱུང་ན། མ་འོངས་པ་འུ་ཚོས་ཀྱང་རང་གཞུང་ལ་མེ་ཏོག་སྤྲུ་མའི་ལས་འགུལ་སྤེལ་དགོས་མི་ཐུག་པའི་ངེེས་པ་ཡང་མེད་པར་སྙམ། དེས་ན་བཀྲས་མཐོང་ལགས་ལ་གསར་གཏོད་མི་འདུག་ལ། ཐབས་ཇུས་གསར་བ་ཡང་མི་འདུག ཚོར་བ་རྣོན་པོ་ཡང་མི་ཉམས། བལྟས་ཚོད་ཀྱིས་ཨམ་ཕྲག་ནས་ནོར་བུ་བོར་སོང་བ་ལྟ་བུ་ཞིག་འདུག་པས། ཁོ་བདམས་ཚེ་ང་ཚོས་མང་པོ་ཞིག་བོར་འགྲོ་བར་སྙམ་ལ། ལྷག་པར་དུ་ཁོའི་ད་ལྟ་གནས་སྟངས་ནི་ནོར་བུ་ཞིག་མ་ཡིན་པར། ནོར་ནག་གི་བུ་ཞིག་རེད་ཅེས་བརྗོད་ན་ལེགས་པར་སྙམ།
༣ ཉི་མ་ནི་མཚོན་རྟགས་ནང་གི་ལེགས་ཤོས་རིགས་ཤིག་རེད། ང་ཚོས་ཀྱང་ཉི་མ་འོད་པོ་ཆེའི་དཔེར་མཚོན་དུ་བཞག་མྱོང་བ་རེད། དངོས་གནས་ཉི་མ་ནི་འཆར་ནུབ་ཀྱི་གཞན་དབང་པ་ཞིག་དང་། གཟའ་དང་སྤྲིན་ནག་གི་གཞན་དབང་བ་ཞིག་ཡིན་པས། ང་ཚོའི་ཉི་མ་དེ་ནི་བཀྲ་ཤིས་དབང་འདུད་ཡིན་ན། ནུབ་ཁའི་ཉི་མ་ཞིག་རེད་ལ། ནུབ་བཞིན་པའི་ཉི་མ་ཞིག་ཨུ་ཚུགས་ཀྱིས་སྲིད་ཀྱི་ཁྲི་ཐོག་ཏུ་བསྐྱོན་ནས་ཅི་ཕན། ད་ལྟའི་ང་ཚོའི་གནས་བབ་ནི་འོད་ཉམས་ཁ་མའི་དྲོད་ཁོལ་ཙམ་ཞིག་གཉེར་བའི་དུས་ཤིག་ཡིན་ནམ། ཆེས་བགྲེས་ཉམས་ཀྱིས་འཁོགས་ཤིང་བཏང་སྙོམས་ཀྱིས་འཚོ་བའི་མི་འདིའི་རིགས་ཀྱི་ལུས་ཐོག་ཏུ་ཡ་རབས་ཀྱི་བཟང་སྤྱོད་མང་སྲིད་ཀྱང། ང་ཚོས་སྲིད་ཁྲིར་འགོད་བཞིན་པ་ལས་ཆོས་ཁྲིར་འགོད་བཞིན་མེད་པའི་གནས་ལུགས་ཀྱང་ཤེས་དགོས་པར་སྙམ། ཁང་གསར་ལགས་ཀྱིས་མཐའ་མ་གཉིས་བདམས་སྟངས་ལ། ཁྱོད་ཀྱི་སྲིད་དོན་དབྱེ་ཞིབ་ཀྱི་སྐེ་ཡང་དགོས་མཁོ་ཕྱོགས་རིས་པ་ཞིག་གིས་འཁྱོག་ཏུ་བཅུག་པ་ནི་ཤིན་ཏུ་ཕངས་པའི་གནས་ཤིག་ཏུ་འདོད་དོ།།
བདག་གིས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་དོན་ནི། ཕྱི་ལོ༡༩༦༠ ནས་༸གོང་ས་མཆོག་གིས་མི་མང་ལ་མང་གཙོའི་གསོལ་གནང་སྐབས། བོད་སྡེ་བ་གཞུང་གི་སྐུ་དྲག་ང་ཡིན་ཁྱོད་ཡིན་དག་གིས་རང་རང་གི་ཐོབ་ཐང་གི་ཆེད་དམ། ཡང་ན་གློ་བུར་དུ་མང་ཚོགས་དཀྱུས་མར་ཆགས་པར་ཡིད་མ་རངས་པར་ཕྱི་རྒྱལ་སོགས་སུ་སོང་བ་དང་། བཀའ་ལ་ངོ་རྒོལ་བྱེད་པ་སོགས་བྱུང་བ་རེད། དེའི་ནང་ནས་བཀྲས་མཐོང་གིས་དེ་ལས་ལྡོག་སྟེ་བཀའ་དང་ལེན་བྱས་པ་མ་ཟད། བོད་མི་མང་ལ་རང་ལོ་བཅུ་གཉིས་ནས་ལས་དོན་བསྒྲུབས་པ་དང་བྱས་རྗེས་བཞག་པ་རེད།
དེའི་སྟབས་ཀྱིས་ངས་བཀྲས་མཐོང་ལ་རྒྱབ་སྐྱོར་ཞུ་འདོད་ལ། ཡིད་ཆེས་ཀྱང་ཡོད།
འདི་ན་ཡང་མ་ཀློག་ཐབས་མེད་ཀྱི་གནད་དོན་ཁ་ཤས་ཡོད།
How many lies are you willing to forgive Lobsang Sangay before you start questioning your own conscience:
Lie 1: Harvard pays for my campaign expense
Lie 2: Debate Organizers pays
Lie 3: It is very cheap to trave…l in India.
…
Truth: Taiwan funding and G8 funding from Delhi, therefore no financial transparency
…
Lie 4: I am a senior fellow at Harvard
Truth: He is a research fellow under someone’s supervision. How come he does not even know his own position at Harvard??
Lie 5: I got 5 years leave from Harvard. Professor U-N-G-E-R did the same.
Truth: Professor UNGER only got two years because Harvard did not extend his leave.?? His position is yearly renewable, thus there doesn’t arise a question of getting 5 years leave.
Lie 6:Unity
Truth: The famous Lingthang Punthik statement, Trying to organize Do-toe youth group in college years, Leaving TYC for Chushiganduk, His hatred for Kudrak but married a Kudrak himself due to prestige. Old vs Young, pure Tibetans vs mix race.
Lie 7: Innovation:
Truth: when asked by Namgyal Shastri, the change he is going to bring is ‘wait for the right time and place”?? Translation = Nothing
Lie 8: Self_Reliance:
Truth: how about lets start with you and you stop relying on Taiwan money. What programs have you gotten started to give weight behind that phrase?
Lie 9: I am Phd. which is sort of like Geshe Lamrampa.
Truth: No, you are just like run of the mill regular SJD holder. You have not written any distinctive articles, thoughts, legal opinions that were produced in Major publications. We got 3 articles in 6 years! At least the Taiwanese lady thought it was a great investment. You are not worthy of the Title KHEWANG. You did not even understand the legal implications of going to China as Overseas Chinese National. Some legal expert you turn out to be.
Lie 10: I traveled on white paper which you can throw away at the airport.
Truth: It is called Overseas Chinese National visa. And you bloody well know what it said because you have been trying to hide it ever since until you got cornered.
Lie 11: ok, fine, I traveled on it. Tibetan govt. delegation members MIGHT have traveled on it too. If Lhasang Tsering and Jamyang Norbu have IC, they would have to travel on OCN when they visited Tibet.
TRuth: Jamyang Norbu did not travel to Tibet. Lhasang Tsering did not travel to Tibet on OCN. No delegation members have traveled on it either. You would be the first Katri to have traveled on OCN and screw up that position.
Lie 12: Obama had no experience. And yet he was elected as the president of United States.
Truth: Obama had plenty of experience as a community worker, his years in state and US senate before he stood for presidency. It is indeed laughable.
Lie 13: There have been great leaders who did not have experience like Alexander the great, Tsongtsen Gampo, OBama.
Truth: Obama had great experience as stated earlier. Alexander the great and Tsongtsen Gompo are Kings helooooooo. They are not elected. People have to listen to them no matter what. I can be a great Queen if people have to listen to me.
Lie 14: If i had written my thesis on any other subject, he said, ““I wouldn’t have to buy a lottery ticket”. “I could fetch US $400,000-500,000 in compensation if I were to work in law firms”
Truth: He wrote on the easiest topic available that anybody could have written with few years experience. What we needed from him was some defining legal papers that could make some waves on the international front. Why would they hire somebody who can’t research properly for his own papers much less of critical importance to a Law Firm where you cannot bullshit around few cow hands like he does right now.
Lie 15: I am for Rangzen in front of youths, I am for Middleway in Front of older folks, and I am for Minority rights in front of Uncle Wen.
Truth: He is for himself.
Lie 16: I have the support of Boston Community.
Truth: Boston community denied it and sent an ominous message: “A lie may take care of the present, but it has no future“. They should know because they are used to his lies.
Lie 17:I have studied TGIE government for 6 years and although it is true that I don`t have 9-5 working experience, I know how the govt works. So, don`t worry about it.
Truth: Thanks for the vote of confidence in yourself. I know people who also are confident they see Jesus, maybe you should join them. You have no supervisory experience and have not led any organization at any capacity. Please don`t thungchung Tibetans. We are not your genuie pigs.
Lie18: Some people said I have a Bhutanese wife (meaning Tethong supporters)
Truth: Those `some people` are your own people questioning your wife ethnicity, so that will give you an excuse to attack Tethong`s wife. Why would Tethong supporters question somebody else` wife ethnic origin. It has no logical basis and his wife is not running for Katri post.
Lie 19: I want to be Obama of China. Haha. It is a joke. His campaign team insist he never said it.
Truth: He is funded by a Taiwanese lady at Harvard. His whole family is supported on this. He went to China as overseas Chinese national. And he said he wants to be the Obama of China. Put it all together and you get a Kalon Tripa who is going to fight for Minority rights in China. Good bye Tibet.
So, how many more lies can you take!!! And no EXPERIENCE WHATSOEVER!! Is our leadership pool this shallow and are we this desperate? Please think carefully before you cast your votes.. Don’t say I did not warn you later.
see the datail link:
http://www.facebook.com/home.php?sk=group_198089393544925
ཧཧཧཧཧཧཧཧ
སེངྒེ་ལ། གངས་སེང་དང་། གདམ་སེང་གཉིས་ལས། དགེ་ཆོས་ཀྱིས་དང་པོ་གངས་སེང་དེ་མེད་པར་འདོད་པ་འདྲ།
འོན་ཀྱང་། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་ནང་ལ། གངས་སེང་སོགས་མང་པོ་ཅིག་ཡོད་པར་གསུངས་འདུག་པས་དཔྱད་པར་བྱའོ།
ནོར་བུའི་འོད་ཉི་མར་འགྲན་མི་ཕོད་པ་དང་། གངས་སེང་ཡང་ཡོད་ན། ཉི་འོག་ཏུ་འཚོ་དགོས་པས། བཀྲ་ཤིས་དབང་འདུད་ལགས་ཉིད་རྒྱལ་བའི་རྟེན་འབྲེལ་དུ་སྒྲིག་འདུག་སྙམ། སུ་རྒྱལ་ཡང་བོད་རྒྱལ་ལོ། །
སེངྒེའི་མཚོན་རྟགས་ནི་གངས་རིའི་ཁྲོད་དུ་གྲང་ངར་ལ་འཇིགས་ཞུམ་མེད་པར་གནས་ཐུབ་པའི་གནའ་བོའི་བོད་བཙན་པོའི་དུས་རབས་ཀྱི་དཔའ་རྒོད་ཀྱི་མཚོན་རྟགས་ཤིག་ཡིན་ནའང་།དུས་ད་ཆ་འབྲུག་གི་མཚོན་རྟགས་རྒྱ་མིའི་འོག་ནས་མགོ་ཡར་གཏེགས་ཐུབ་ཀྱི་མེད་དུས་དེ་སྔོན་རྒྱ་མིའི་དམག་དཔོན་ཞིག་གི་བཤད་པའི་དཔེ་ལྟར་སེངྒེ་རི་ལ་བསྡད་ན་སེངྒ་དང་སེངྒེ་ཐང་ལ་ཕབ་ན་ཁྱྱི་ཨ་སོབ་ཡིན་པ་ལྟར་གལ་ཏེ་སེངྒེའི་མཚོན་རྟགས་ལ་འོས་རྟགས་འཕེན་ན་མུ་མཐུད་རྒྱའི་མཚོན་རྟགས་འབྲུག་གི་འོག་ཏུ་མགོ་ཡར་བཀྱགས་ནས་ལངས་མ་ཐུབ་ན་དེ་ལ་སྐྱོན་ལས་དགེ་བ་མེད།གོང་དུ་དྲ་གྲོགས་གཅིག་གིས་བཀོད་འདུག་པ་ལྟར་བློ་སེངྒེ་གི་དངུལ་གྱི་རོགས་རམ་ཡོངས་ཁོངས་དེ་ཐེ་ཝན་གྱི་རྒྱ་མིའི་ཚོགས་པ་ཞིག་ཡིན་ན་དེ་བས་ཀྱང་གཡུ་འབྲུག་རྒྱ་མིའི་ཐེ་བྱུས་ལ་གཟབ་དགོས།ནོར་བུ་འོད་འབར་ནི་འཛམ་བྷ་ལྷའི་ནོར་གྱི་མཚོན་རྟགས་ཡིན་དུས་དེང་སང་གི་མི་རྣམས་ལ་རྒྱུ་ནོར་མེད་ན་ལས་ཀ་གང་ཡང་བྱ་ཐབས་མེད།་ལྷག་དོན་སྐྱབསབཅོལ་བོད་མིའི་ནང་ཉམས་ཐག་མང་པོ་ཡོད་པ་དེ་དག་ལ་ནོར་གྱི་འཕྲྲིན་ལས་བྱུང་ན་མིའི་ལུང་པའི་ནང་འཚོ་ཐབས་བྱ་རྒྱུར་དེ་ལས་ལྷག་པ་ཅི་དགོས་གོང་དུ་དྲ་གྲོགས་མང་པོས་བརྗོད་པ་ལྟར་ད་ཕན་བཀྲས་མཐོང་གིས་བོད་བཙན་བྱོལ་གཞུང་ལ་དཔལ་འབྱོར་གྱི་རོགས་རམ་དང་རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་གྱི་མཚོན་པའི་བྱས་རྗེས་བཀའ་ཟུར་མང་པོ་ཡོད་པའི་ནང་ནས་ལེགས་ཤོས་ཀྱི་གྲས་རེད་ཟེར་བཤད་ཆོག་པ་མ་ཟད།ཁོང་ལ་གཞི་མེད་སྐྱོན་འཛུགས་བྱས་པ་རྣམས་སྔ་ས་༡༩༩༥ལོ་ནས་བོད་གཞུང་གི་གཞུང་འབྲེལ་གསར་ཤོག་ནང་དག་འབུད་གཙང་མ་བྱས་ཟིན་པ་མ་ཟད།སྔོན་འགྲོའི་འོས་གཞིའི་རྗེས་ད་ལྡའི་བཀའ་ཤག་གི་ལས་ཁུངས་བཀའ་དྲུང་ཡིག་ཚང་ནས་ཡིག་ཐོག་ཏུ་བཀོད་དེ་འབྲེལ་ཡོད་ལ་སྤྲད་ཡོད་པ་མཐོང་བཞིན་དུ་ད་དུང་མུ་མཐུད་གཞུང་གི་དངུལ་ཟས་སྐོར་གླེང་བ་ནི་ངན་སེམས་ཁོག་བཅངས་ཡིན་པ་གསལ་པོ་རེད།དེར་བརྟེན་བཀྲས་མཐོང་བཀའ་ཁྲིར་འཁོད་ན་བཙན་བྱོལ་གཞུང་གི་ལས་དོན་རྣམས་ད་མུས་བཞིན་མུ་མཐུད་གནས་ཐུབ་པ་མ་ཟད།་དཔལ་འབྱོར་ཐོག་ལའང་ཡར་རྒྱས་འགྲོ་སྲིད་པ་རེད།བཀའ་ཟུར་བཀྲིས་དབང་འདུད་ལགས་ད་ཕན་བཀའ་བློན་ཐེངས་ལྔ་གནང་ཟིན་པས་ཡང་བསྐྱར་ཁོང་ལ་ལས་གཞི་གསར་པ་གནང་རྒྱུ་མེད་པ་ཁོང་གི་བགྲོ་གླེང་གཏམ་བཤད་ཁག་ནང་གསུང་ཟིན་ཡོད་སྟབས་ཁོང་ལ་བཀྲིས་བདེ་ལེགས་ཞུས་ཏེ་གུས་ཞབས་ཞུ་རྒྱུ་ལས་མ་འདས།མདོར་ན་བཀའ་ཁྲིའི་འོས་མི་གསུམ་ཚང་མ་མང་མོས་རྒྱབ་སྐྱོར་ཐོབ་པའི་མི་རྩེ་ཕུད་རྣམས་རེད།ཁོང་ཚོར་གཞི་མེད་སྐྱོན་བརྗོད་མེད་པར་གུས་ཞབས་ཡོད།་འོན་ཀྱང་བཀའ་བློན་ཁྲི་པ་་འོས་ཤོས་ད་ལྟའི་ཆ་ལ་བཀྲས་མཐོང་བསྟན་རྣམ་རེད།ནོར་བུ་འོད་འབར་ངོས་འཛིན་ཡག་པོ་བྱས་ན་ཡག་པོ་རེད།
བཀའ་ཁྲི་འཚོལ་བའི་རྒྱུད་རིམ།
འདས་པའི་ཟླ་བ་མང་པོའི་སྔོན་ནས་དྲ་རྒྱ་ཁག་དང་ཚགས་ཤོག་ཁག་བཅས་ལ་དོ་སྣང་ཤུགས་ཆེན་བྱས་ནས་བཀའ་ཁྲི་འོས་བཞིན་མཚམས་པ་ཞིག་སྩལ་བའི་རྒྱུད་རིམ་ནང་གི་བསམ་ཚུལ་འགའ་ཤོད་འདོད་བྱུང་། དེ་སྔོན་བཀའ་ཟུར་བཀྲས་མཐོང་ལ་གཞུང་རྒྱུ་ལྐོག་བཟའ་བྱས་པའི་གནས་ཚུལ་མང་པོ་ཞིག་དྲ་ལམ་ཁག་ཏུ་དོན་ཀྱང་དེ་དག་ནི་བདེན་པ་མ་ཡིན་པ་སྐབས་དེ་དུས་ཕྱག་ལས་མཉམ་དུ་གནང་བའི་བཀའ་ཟུར་བསོད་ནམས་སྟོབས་རྒྱས་དང་།
བཀའ་ཟུར་སྐལ་བཟང་དབང་འདུས་སོགས་ནས་དག་སེལ་གནང་ཡོད་པ་མ་ཟད་བཀྲས་མཐོང་ཁོང་རང་ནས་ཀྱང་གསལ་པོ་གསུང་ནས་གཙང་མ་གཙང་ཀྱང་ཆགས་སོང་སྙམ་པ་དང་། དེ་མིན་བལ་ཡུལ་གནས་སྡོད་འབྱོར་ལྡན་༼མཚན་མ་ཤེས་༽ཞིག་ནས་ཀྱང་སྐུ་ངོ་བཀྲས་མཐོང་ལ་དངུལ་གྱི་བཀའ་རྙོག་ཡོད་པའི་དངོས་བདེན་གྱི་དཔང་རྟགས་གནང་རྒྱུ་ཡོད་ན་ཁོང་གིས་སྒོར་འབུམ་གཅིག་བྱ་དགའ་སྤྲོད་ཡིན་པའི་གསལ་སྒྲགས་གནང་ཀྱང་བྱ་དགའ་ལེན་མཁན་བྱུང་མིན་འདུག་དེར་ཞིག་དེ་ནི་མི་དཀར་ལ་ཞྭ་ནག་གཡོ་བ་ཞིག་ཡིན་པ་ས་རི་ཐང་གསལ་རེད་འདུག དེ་དག་གི་ནུས་པ་མ་མཐོན་པ་སྐུ་དྲག་རིང་ལུགས་ཞེས་པའི་ཐ་སྙད་ཀྱིས་འོག་སྐུ་ངོ་བཀྲས་མཐོང་ས་འོག་རིམ་པ་དགུའི་ནང་དབྱུག་རྒྱུས་ཇུས་ངན་གཤམ་ཀྱང་དེས་འང་ནུས་པ་མ་ཐོན་པ་རེད། དེ་ནས་གཞོན་སྐྱེས་ཞེས་པའི་ཐ་སྙད་རྐམ་པོ་ཞིག་གིས་འོག་ནས་བློ་སེང་གིས་རྒྱབ་བསྐྱོར་བ་ཚོས་འུར་སྒྲོགས་བྱས་ཏེ་གཞོན་སྐྱེས་བསམ་མེད་མང་པོ་ཞིག་གི་རྒྱབ་བསྐྱོར་དང་ས་འོག་དག་ཐག་བཀྲམ་ཏེ་འོས་བསྡུ་སྐབས་ཚུལ་མིན་གྱིས་བྱ་སྤྱོད་མང་པོ་རྒྱུད་བློ་སེང་ལ་སྔོན་འགྲོའི་འོས་ཤོག་མང་པོ་ཞིག་ཐོབ་ཡོད་པ་ཡིན།
འོན་ཀྱང་ད་ལྟའི་འཆར་བློ་སེང་གི་ལོ་རྒྱུས་དངོས་དང་ཁོང་གི་མི་སྤྱོད་སོགས་གང་ལ་ཞིགས་ཀྱང་ཁོང་གི་རྒྱབ་རི་གང་ཞིག་ལ་རྟེན་ཡོད་མེད་གསལ་ཏུ་གསལ་ཏུ་འགྲོ་བཞིན་པ་ནི་མཐོང་ཆོས་ལགས། ང་ཚོས་བཀའ་ཁྲི་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཞིག་ཡོངས་རྒྱུ་མོད་མེད་ཀྱང་། བོད་མི་རིགས་ཀྱི་རིག་གནས་ཀྱི་ཤེས་ཚད་མི་དམན་ཞིག་དང་། བོད་མི་རིགས་ཀྱི་ཡ་རབ་གོམས་གཤིས་། ཚད་ལྡན་གྱི་མི་གཤིས་དང་ལྡན་པ་ཞིག་དགོས་པ་ནི་མ་མཐའི་ཚད་ཡིན་པས་དེ་དག་མ་ཚང་ན་བོད་ཀྱི་བདེ་སྡུག་གི་འགན་དེ་ཐེག་ཐབས་མེད་པ་ཞིག་ཡིན། དེང་དྲ་བ་ཁག་ཏུ་བོད་གནས་ཆབ་སྲིད་བསྐྱར་ཞིབ་པས་གནས་ཚུལ་གནད་ཡོད་མང་པོ་ཞིག་སྤེལ་བའི་ནང་བློ་སེང་ནས་ཧར་ཝར་ཌིར་སློབ་ཡོན་ལོ་རེ་ཨ་སྒོར་༩༣༧༠༠འབུལ་དགོས་ཡོད་པ་དང་དེ་དག་རྒྱལ་ཁབ་གམ་ཚོགས་པ་མི་སྒེར་སུའི་རོགས་རམ་བྱས་ཡོད་མེད་བློ་སེང་ལ་ཡིག་འབྲེལ་ལམ་ནས་དྲི་བ་བྱས་ཀྱང་དེ་དག་ལ་བློ་སེང་ནས་ལན་འདེབས་མ་བྱས་པ་ནི་ཤོད་མི་ནུས་པའི་དཔལ་འབྱོར་གྱི་རྒྱབ་རྟེན་ཞིག་ཡིན་པ་དངོས་གསལ་རེད་ཞེས་ཚིག་ཐག་བཅོད་ཐུབ་པ་ཡིན་གང་ལ་ཞེ་ན་ཁོང་ཉིད་ནས་ལན་འདེབས་མི་གནང་བའི་རྒྱུ་མཚན་ངེས་ཅན་ཞིག་ཡོད་པས་སོ།
བཀའ་ཁྲི་འཚོལ་བའི་རྒྱུད་རིམ།
འདས་པའི་ཟླ་བ་མང་པོའི་སྔོན་ནས་དྲ་རྒྱ་ཁག་དང་ཚགས་ཤོག་ཁག་བཅས་ལ་དོ་སྣང་ཤུགས་ཆེན་བྱས་ནས་བཀའ་ཁྲི་འོས་བཞིན་མཚམས་པ་ཞིག་སྩལ་བའི་རྒྱུད་རིམ་ནང་གི་བསམ་ཚུལ་འགའ་ཤོད་འདོད་བྱུང་། དེ་སྔོན་བཀའ་ཟུར་བཀྲས་མཐོང་ལ་གཞུང་རྒྱུ་ལྐོག་བཟའ་བྱས་པའི་གནས་ཚུལ་མང་པོ་ཞིག་དྲ་ལམ་ཁག་ཏུ་དོན་ཀྱང་དེ་དག་ནི་བདེན་པ་མ་ཡིན་པ་སྐབས་དེ་དུས་ཕྱག་ལས་མཉམ་དུ་གནང་བའི་བཀའ་ཟུར་བསོད་ནམས་སྟོབས་རྒྱས་དང་།
བཀའ་ཟུར་སྐལ་བཟང་དབང་འདུས་སོགས་ནས་དག་སེལ་གནང་ཡོད་པ་མ་ཟད་བཀྲས་མཐོང་ཁོང་རང་ནས་ཀྱང་གསལ་པོ་གསུང་ནས་གཙང་མ་གཙང་ཀྱང་ཆགས་སོང་སྙམ་པ་དང་། དེ་མིན་བལ་ཡུལ་གནས་སྡོད་འབྱོར་ལྡན་༼མཚན་མ་ཤེས་༽ཞིག་ནས་ཀྱང་སྐུ་ངོ་བཀྲས་མཐོང་ལ་དངུལ་གྱི་བཀའ་རྙོག་ཡོད་པའི་དངོས་བདེན་གྱི་དཔང་རྟགས་གནང་རྒྱུ་ཡོད་ན་ཁོང་གིས་སྒོར་འབུམ་གཅིག་བྱ་དགའ་སྤྲོད་ཡིན་པའི་གསལ་སྒྲགས་གནང་ཀྱང་བྱ་དགའ་ལེན་མཁན་བྱུང་མིན་འདུག་དེར་ཞིག་དེ་ནི་མི་དཀར་ལ་ཞྭ་ནག་གཡོ་བ་ཞིག་ཡིན་པ་ས་རི་ཐང་གསལ་རེད་འདུག དེ་དག་གི་ནུས་པ་མ་མཐོན་པ་སྐུ་དྲག་རིང་ལུགས་ཞེས་པའི་ཐ་སྙད་ཀྱིས་འོག་སྐུ་ངོ་བཀྲས་མཐོང་ས་འོག་རིམ་པ་དགུའི་ནང་དབྱུག་རྒྱུས་ཇུས་ངན་གཤམ་ཀྱང་དེས་འང་ནུས་པ་མ་ཐོན་པ་རེད། དེ་ནས་གཞོན་སྐྱེས་ཞེས་པའི་ཐ་སྙད་རྐམ་པོ་ཞིག་གིས་འོག་ནས་བློ་སེང་གིས་རྒྱབ་བསྐྱོར་བ་ཚོས་འུར་སྒྲོགས་བྱས་ཏེ་གཞོན་སྐྱེས་བསམ་མེད་མང་པོ་ཞིག་གི་རྒྱབ་བསྐྱོར་དང་ས་འོག་དག་ཐག་བཀྲམ་ཏེ་འོས་བསྡུ་སྐབས་ཚུལ་མིན་གྱིས་བྱ་སྤྱོད་མང་པོ་རྒྱུད་བློ་སེང་ལ་སྔོན་འགྲོའི་འོས་ཤོག་མང་པོ་ཞིག་ཐོབ་ཡོད་པ་ཡིན།
འོན་ཀྱང་ད་ལྟའི་འཆར་བློ་སེང་གི་ལོ་རྒྱུས་དངོས་དང་ཁོང་གི་མི་སྤྱོད་སོགས་གང་ལ་ཞིགས་ཀྱང་ཁོང་གི་རྒྱབ་རི་གང་ཞིག་ལ་རྟེན་ཡོད་མེད་གསལ་ཏུ་གསལ་ཏུ་འགྲོ་བཞིན་པ་ནི་མཐོང་ཆོས་ལགས། ང་ཚོས་བཀའ་ཁྲི་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཞིག་ཡོངས་རྒྱུ་མོད་མེད་ཀྱང་། བོད་མི་རིགས་ཀྱི་རིག་གནས་ཀྱི་ཤེས་ཚད་མི་དམན་ཞིག་དང་། བོད་མི་རིགས་ཀྱི་ཡ་རབ་གོམས་གཤིས་། ཚད་ལྡན་གྱི་མི་གཤིས་དང་ལྡན་པ་ཞིག་དགོས་པ་ནི་མ་མཐའི་ཚད་ཡིན་པས་དེ་དག་མ་ཚང་ན་བོད་ཀྱི་བདེ་སྡུག་གི་འགན་དེ་ཐེག་ཐབས་མེད་པ་ཞིག་ཡིན། དེང་དྲ་བ་ཁག་ཏུ་བོད་གནས་ཆབ་སྲིད་བསྐྱར་ཞིབ་པས་གནས་ཚུལ་གནད་ཡོད་མང་པོ་ཞིག་སྤེལ་བའི་ནང་བློ་སེང་ནས་ཧར་ཝར་ཌིར་སློབ་ཡོན་ལོ་རེ་ཨ་སྒོར་༩༣༧༠༠འབུལ་དགོས་ཡོད་པ་དང་དེ་དག་རྒྱལ་ཁབ་གམ་ཚོགས་པ་མི་སྒེར་སུའི་རོགས་རམ་བྱས་ཡོད་མེད་བློ་སེང་ལ་ཡིག་འབྲེལ་ལམ་ནས་དྲི་བ་བྱས་ཀྱང་དེ་དག་ལ་བློ་སེང་ནས་ལན་འདེབས་མ་བྱས་པ་ནི་ཤོད་མི་ནུས་པའི་དཔལ་འབྱོར་གྱི་རྒྱབ་རྟེན་ཞིག་ཡིན་པ་དངོས་གསལ་རེད་ཞེས་ཚིག་ཐག་བཅོད་ཐུབ་པ་ཡིན་གང་ལ་ཞེ་ན་ཁོང་ཉིད་ནས་ལན་འདེབས་མི་གནང་བའི་རྒྱུ་མཚན་ངེས་ཅན་ཞིག་ཡོད་པས་སོ
སེངྒེ་་་གཡུ་རལ་བུད་ནས་མགོ་དམར་ཆགས་འགྲོ་བྱེད་བདའ་།
ནོར་བུ་་་སྦེག་སྦེག་དེ་འདྲ་ཨ་རིའི་ནོར་བུ་ཡིན་ནམ་།
ཉི་མ་་་ཉི་འོད་སྐྱོག་སྐྱོག་ས་ཡོམས་ཕོག་པ་འདྲ་ལེ་།
བློ་སེང་ལ་འོས་བླུག་གི་མིན། རྒྱུ་མཚན་ནི།
༡༽ ཕྱིར་སྡོད་རྒྱ་མིའི་ལག་ཁྱེར་བླངས་ཚར་བ་རེད།
༢༽ རྒྱལ་བ་རིན་པོ་ཆེས་ཆོས་མ་གཏོགས་ཆབ་སྲིད་ཀྱི་འགན་བཞེས་མི་ཆོག་ཅེས་བྲིས་ནས་༢༠༠༣ ནས་རྒྱལ་སྤྱིའི་ནང་བཀྲམས་ཚར་བ་རེད།
༣༽ ཁོའི་གླ་ཆ་དང་དཔལ་འབྱོར་ཡོང་ཁུངས་གསལ་པོ་མེད།
༤༽ ཁམས་པ་དུམ་བུ་གཉིས་ལ་གཏོང་མཁན་གྱི་ལག་ཆ་བྱས་པ་རེད།
༥༽ ད་དུང་སྐྱག་རྫུན་མང་པོ་བཤད་སོང་།
ང་རང་གི་སྔོན་འགྲོའི་འོས་དེ་རྒྱ་རི་སྒྲོལ་མ་ལ་ཕུལ་བ་ཡིན། དེ་ནི་བུད་མེད་ཅིག་ལ་རྒྱབ་སྐྱོར་གི་ཆེད་ཡིན། ད་ཆ་ངའི་འོས་དེ་བཀྲས་མཐོང་དང་བཀྲ་དབང་གང་རུང་ལ་བླུག་གི་ཡིན། གང་ཡིན་ཟེར་ན། ཁོང་གཉིས་བྱས་རྗེས་ཆེན་པོ་དང་བློ་སེང་ལས་ཞེ་དྲག་གིས་་བརྟན་པ་འདུག
ཉི་ནོར་སེང་གསུམ་སུ་རྒྱལ་ཡང་་་་
ཉི་མ་རྒྱལ་ཡང་བོད་རིགས་རྒྱལ་བ་རེད། །
ནོར་བུ་འབར་ཡང་བོད་རིགས་རྒྱས་པ་རེད། །
སེང་གེ་རྒྱལ་ཡང་བོད་བུ་རྒྱལ་བ་རེད། །
སུ་ཞིག་རྒྱལ་ཡང་དམངས་གཙོ་རྒྱལ་བ་རེད། །
སུ་ཞིག་རྒྱལ་ཡང་ཁ་བཏགས་དཀར་གཙང་ཡོད། །
ཁང་གསར་ལགས་ཀྱིས་གསུངས་པ་དེ་བཞིན་རེད། བཀྲས་མཐོང་བཀའ་ཁྲི་གནང་སྐབས་ཆུ་སྒང་གི་ལས་དོན་ཐོག་ཤུགས་གང་འཚམས་རྒྱབ་ཡོད་པ་བདེན་པ་རེད། དེ་ལ་ངོས་ལེན་ཡོད།
ཆུ་སྒང་གིས་གྲོས་གཞི་དོན་ཚན་གསུམ་བཞག་པར་བརྟེན་ནས་ད་བར་མདོ་སྟོད་དུམ་བུ་གཉིས་སུ་གྱེས་པ་རེད། རྙོག་གླེང་དེའི་སྐབས་སུ་རྒྱ་རི་བུ་ཕྲུག་དང་གཅིག རྒན་མགོ་སེ་དང་གཉིས། བློ་བཟང་སེང་གེ་དང་གསུམ་ལྡི་ལི་ལ་ཆུ་སྒང་རྩིས་ལེན་པར་ཕྱིན་པ་རེད། སྐབས་དེར་ལྡི་ལིར་ཡོད་པའི་ཨ་ཐར་ཁོང་ཚོས་རྩིས་སྤྲད་ཡོད་པ་མ་རེད། ཁང་གསར་རྡོ་རྗེ་ལགས་ཀྱིས་དེ་ཚོ་མི་གླེང་བ་གང་ཡིན་ནམ།
འཇིགས་བྲལ་ལགས། ངས་བློ་སེང་གིས་ཆུ་སྒང་གསར་བའི་དྲུང་ཆུ་བྱས་པ་ཤེས་པ་མ་གཏོགས། ཁྱེད་ཀྱིས་བཤད་བ་དེ་ཚོ་མི་ཤེས། ཁྱེད་ཀྱིས་ཤེས་འདུག་པས། དེའི་སྐོར་ཞིབ་ཙམ་འདིར་གླེང་ན་འགྲིག་གི་རེད། སྤྱིར་བཏང་། རྩོམ་ཡིག་འདིའི་ནང་ངས་འོས་མིའི་སྐྱོན་ཆ་ཞེ་དྲག་གླེང་མེད། དེ་ཚོ་ལ་ཆོ་ཞེ་དྲག་མཐོང་མ་སོང་།
ངས་བློ་སེང་ལ་གྲོས་ཚོགས་ནང་མདོ་སྟོད་སྤྱི་འཐུས་རྙིང་པའི་ཕྱོགས་ནས་དཀའ་ངལ་ཏོག་ཙམ་བཟོ་གི་རེད་ཅེས་བཤད་ཡོད། དེ་ནི་བློ་སེང་གིས་ཆུ་སྒང་གསར་པ་བཙུགས་པར་ཐེ་ཇིས་བྱས་པ་དང་། དྲུང་ཆེ་བྱས་བས་རེད་ཟེར་བ་ཡིན
གངས་ལྷས་བློ་སེང་གི་འོས་ཤོག་ཆག་དགོས་བའི་རྒྱུ་མཚན་ཤོད་ལབ་འདུག ངས་བློ་སེང་གི་འོས་གྲངས་ཤུགས་ཆེན་པོ་ཆག་མིན་མི་ཤེས། ཡིན་ནའང་སྔོན་འགྲོ་ལས་ཇེ་མང་དུ་འགྲོ་དཀའ་བ་རེད་སྙམ། དེའི་རྒྱུ་མཚན་ནི། བློ་སེང་གིས་སྔོན་འགྲོའི་འོས་བསྡུའི་རྗེས་ནས་འཛོར་རྟགས་མང་བོ་བཤམས་པ་རེད། དཔེར་ན། ལན་འདེབས་སྐབས་ཕ་རོལ་བོར་མཐོང་ཆུང་གཅིག་མིན་གཉིས་མིན་བྱས་བ། རྒྱའི་ཕྱི་སྡོད་ལག་ཁྱེར་བླངས་བ། རྫུན་དང་ཧམ་པ་བཤད་པ། དཔལ་འབྱོར་ཡོང་ཁུངས་གསང་བ་བྱེད་པ་ལྟ་བུ་རེད།
ཡང་བློ་སེང་གི་རྒྱབ་སྐྱོར་བ་ནིའུ་ཡོག་ལ་གནས་སྡོད་བསྟན་འཛིན་ངག་དབང་གིས། བཀྲས་མཐོང་ལ་འཇོན་མདོག་གིས་དྲི་བ་ཆེན་པོ་བཅུ་བཀོད་ཁུལ་བྱས་བ་རེད། དྲི་བ་ཁོ་རང་གི་ནང་ལ་དོན་དག་ནོར་བ་ཁ་ཤས་ཡོད་རེད། དེ་ལ་བཀྲས་མཐོང་གི་རྒྱབ་སྐྱོར་བ་དང་མགྲིོན་ཚབ་པ་ནིའུ་ཡོག་ལ་གནས་སྡོད་བསྟན་སྒྲོན་གྱིས་ལན་ཁྱོད་ལ་དགོས་ན་གཡའ་ཟེར་བ་ཞིག་བརྒྱབ་པ་རེད། དེ་ཚོའི་ཐོག་ནས་བློ་སེང་ལ་མཐོང་ཕྱོགས་ངན་པ་བྱུང་འདུག ཡིན་ནའང་བློ་སེང་གི་འོས་ཤོག་འབྱུང་ཁུངས་གཙོ་བོ་གདན་སའི་གྲྭ་བ་ཚོ་རེད། དེ་ཚོ་ལ་འགྱུར་བ་འགྲོ་གི་མ་རེད། འཇིགས་བྲལ་ལྟ་བུའི་ན་གཞོན་ཤེས་ཡོན་ཅན་གྱིས་ཀྱང་བློ་སེང་ལ་རྒྱག་གཅིག་མཆོངས་གཅིག་གི་རྒྱབ་སྐྱོར་བྱེད་སྟངས་ཐོག་ནས་བལྟས་ན། བློ་སེང་གི་སྔོན་འགྲོའི་འོས་ཤོག་ནས་ཏོག་ཙམ་ཆག་གི་རེད་བསམས་བསམས་ཤིག་འདུག་སྟེ་ཞེ་དྲག་མར་ཆག་གི་མ་རེད་དྲན།
འོས་བླུགས་མཁན་ཁྲི་དྲུག་བདུན་གཅིག་ཡོད་ན། བློ་སེང་གི་ཉི་ཁྲི་དེ་ཕར་ཕུད་ད་དུང་ཁྲི་བཞི་ལྔ་ཞིག་ལྷག་ཡོད། དེ་ཚོ་གང་དུ་འགྲོ་མིན་གྱི་ཐོག་ནས་ད་རེས་ཁྱད་པར་ཡོང་གི་རེད། བཀྲས་མཐོང་གིས་དྲིལ་བསྒྲགས་ཤུགས་ཆེ་ལ་གོ་རིམ་ལྡན་པ། དྲིལ་བསྒྲགས་ཀྱི་ནང་དུ་བློ་སེང་བཞིན་ཧ་རེ་ཧོ་རེ་མ་བྱས་བར་གནས་ཚུལ་ཇེ་གསལ་ཇེ་གཙང་དུ་གཏོང་ཐབས་བྱས་སྟབས། ཁོང་གི་འོས་ཤོག་དེ་གང་ཙམ་གྱིས་ཡར་འཕར་རྒྱུ་ངེས་བ་རེད།
བཀྲ་ཤིས་དབང་འདུད་ཀི་འོས་གྲངས་ཀྱང་འཕར་ས་རེད། ཡིན་ནའང་ཞེ་དྲག་རང་འཕར་ཨ་ཡོང་དྲན། བཀྲ་ཤིས་དབང་འདུད་མེད་ན། ཕལ་ཆེར་རྒྱལ་ཁ་དེ་བཀྲས་མཐོང་གི་ཡིན་ཤག་ཤག་འདྲ་བ་རེད་འདུག དེ་ངའི་ལྟ་ཚུལ་ཡིན།
ད་ང་གཅིག་འགྲོ་དགོས་སོང་། རྗེས་ནས་མཇལ། ཆུ་ཚོད་གསུམ་རྗེས་ནས་ཁོམ་པ་ཕྲན་བུ་ཡོད། དེ་དུས་དགོས་པ་མཆིས་ན་ཁ་བརྡ་བྱེད།
ཨོ། ད་འདི་ན་སོ་སོའི་བསམ་ཚུལ་རྒྱུ་མཚན་དང་བཅས་ཤོད། རྒྱུ་མཚན་འདྲ་ཡོད་ན། ངས་མཆན་དེ་ཚོ་བསུབ་ཀི་མིན། རྒྱུ་མཚན་མེད་པར་ཆོ་མེད་དེ་འདྲ་སུས་བཤད་ཀྱང་གསུབ་དགོས་ཡོང་ས་རེད། ད་ལྟ་ཐག་བཅད་མེད། དེ་གཅིག་ཡིན།
དེ་ནས་ང་ལ་དྲི་བ་དྲིས་བ་དེ་ཚོར་ང་རང་གིས་དགོས་བ་མཐོང་ན་མ་གཏོགས་ལན་རྒྱག་གི་མིན། ཁང་གསར་གྱིས་ལན་རྒྱག་ཤག་ཤག་རེད་མ་དྲན་རོགས།
དེ་ནས་བློ་སེང་གི་དཔལ་འབྱོར་ཡོང་ཁུངས་ཐེ་ཝན་གྱི་ཚོགས་པ་རེད་ཟེར་བ་ལྟ་བུ་ཐག་བཅད་ནས་མ་བཤད་ན་ལེགས། ཐེ་ཝན་གྱི་ཚོགས་པ་དེའི་སྐོར་གྱི་ཨ་རིའི་རྩིས་ཁྲའི་ནང་། ཧ་ཝར་ཌིར་བོད་ཀྱི་ཁྲིམས་འཛིན་རིག་པ་བ་ཞིག་ལ་སློབ་ཡོན་སྤྲོད་ཀི་ཡོད་པ་དེ་གསལ་བོ་འཁོད་འདུག་ཀྱང་། དེ་ད་དུང་བློ་སེང་ཡིན་མིན་ཐག་ཆོད་མེད། ཐག་ཆོད་རུང་། ཚོགས་པ་དེའི་གནས་སྟངས་ལ་བརྟག་ན། སྡུག་ག་དེ་འདྲ་རང་ཨ་ཡིན་བསམས་བསམས་ཤིག་འདུག དོགས་པ་དེ་ཚོ། དོགས་པ་རང་གི་ངོ་བོར་བཞག་ན་མཉེས་ཀི་རེད། ཐག་བཅད་ནས་བློ་སེང་གིས་དེ་ནས་བླངས་པ་རེད་ཟེར་ན་ཡག་ཀོ་མ་རེད། བློ་སེང་ཁོ་རང་གིས་ཀྱང་གསང་བ་ཧ་ཅང་ཆེན་པོ་བྱེད་སྟངས་དེས་མི་ཚོར་ཆེད་མངགས་དོགས་པ་སློང་གི་ཡོད་པ་འདྲ་བོ་འདུག
གཅིག་ཆད་སོང་འདུག འདི་མཆན་ཨང་ ༤༡ གི་གོང་དེར་ཡིན། བློ་སེང་གིས་དང་པོ་དྲི་བ་བཅུ་སོ་སོས་དྲིས། དེ་ལ་ལན་ཡང་སོ་སོས་བཏབ་ནས་དྲིལ་བསྒྲགས་བྱས་བ་རེད། ཉེ་དུས་ཁྲིམས་ལུགས་སྨྲ་བ་གསུམ་གྱིས། བློ་སེང་ལ་དོན་དམ་པའི་དྲི་བ་བཅུ་བཏོན་པ་རེད། དྲི་བ་བཅུ་དེ་ནས་གཅིག་ལའང་བློ་སེང་གིས་ལན་འདེབས་ཐུབ་མེད། དེ་ཧ་ཅང་འཛོར་པོ་ཆགས་འདུག དེའི་ལད་ཟློས་བྱས་ཏེ། བསྟན་འཛིན་ངག་དབང་གིས་བཀྲས་མཐོང་ལ་དྲི་བ་བཅུ་དྲིས་པ་རེད། ཡིན་ནའང་བསྟན་འཛིན་ངག་དབང་གི་དྲི་བ་ལ་ནོར་འཁྲུལ་ཤོར་བ་མ་ཟད། བཀྲས་མཐོང་གི་རྒྱབ་སྐྱོར་བས་ལན་ཚ་ཐག་ཆོད་ཅིག་བཏབ་པ་རེད། དེ་ཚོ་ནུབ་ཁུལ་དང་མཐོ་སློབ་ཏུ་ཤུགས་རྐྱེན་ཆེན་པོ་བྱུང་འདུག
འོ། ད་རྗེས་ནས་མཇལ། ངས་རྩོམ་ཡིག་འདིའི་ནང་། གཙོ་བོ་འོས་མི་གསུམ་ཀི་ཁྱད་པར་བཤད་ཁུལ་བྱས་ཡོད། གཅིག་ལ་ངེས་པར་འོས་འཕེན་རོགས། སུ་ལ་འཕངས་ནའང་འགྲིག ཁོང་ཚོ་ཚང་མ་བོད་རིགས་རེད། འོས་མི་རྩེ་ཕུད་རེད།
ཁང་སར་རྡོ་རྗེའི་རྩོམ་ཡིག་ལ། ཁང་སར་རྡོ་རྗེའི་མཆན་གྱིས་གང་འདུག། ཁེ་མཚར་རེད།
བཟོད་པ་ལྷ་རྩེ་ཞེས་པ་འདིས་གང་བསམས་བཞིན་ཡོད་ན། མཆན་གཅིག་རྩོམ་ཡིག་མང་ཆེ་བའི་མཇུག་ལ་བཀོད་འདུག། བྱེད་ལྟང་འདི་ནི་སྐབས་འཚོལ་བའི་བྱེད་ལྟང་རང་རེད།
ད་ལོའི་ལོ་ཁམས་འདི་ལྟས་ངན་ཙམ་ཞིག་རེད། དུད་འགྲོ་ལའང་ཡིད་སྨོན་འཆོར་བའི་དུས་ངན་རེད། སེང་གེ་ནི་གདུག་རྩུབ་ཆེ་ཤོས་ཀྱི་དུད་འགྲོ་ཞིག་ཡིན་པས་དེ་ལ་འོས་ཤོག་འཕེན་མཁན་རྣམས་རྣམ་དཔྱོད་ཡེ་ནས་མེད་པའི་དུད་འགྲོ་ལས་གཞན་དུ་ཅི། ནོར་བུ་ནི་ནོར་གྱི་བུ་སྟེ། དགོས་འདོད་ཐམས་ཅད་སྟེར་བའི་ནོར་གྱི་འབྱུང་ཁུངས་ཡིན་ན་དེ་ལ་འོས་འཕེན་མཁན་རྣམས་རྣམ་དཔྱོད་ཅན་རེད། ཉི་མ་ནི་ང་ཚོ་དང་ཧ་ཅང་ཐག་རིང་བའི་ས་སྟེ་སྤྱི་ལེ་ཐེར་འབུམ་མང་པོའི་ཕར་ངོས་ན་གནས་པས་ང་ཚོ་དང་འབྲེལ་བ་ཆེར་མེད། ཁང་གསར་ནས་ནོར་འཁྲུལ་གྱི་བུ་ཞེས་བཏགས་འདུག་ཀྱང་། ནོར་འཁྲུལ་གྱི་བུ་ནི་དུད་འགྲོ་ལས་གཞན་དུ་ཅི།
BBC ཁྱོད་ཀྱིས་བཤད་པ་བདེན།
ཉེ་ཆར་རྒྱལ་བ་ཀརྨ་པ་པ་ལ་ཕྱག་དངུལ་མང་པོ་བྱུང་བའི་གནས་ཚུལ་ཐོས་པ་ནས་མི་མང་པོ་ཞིག་གིས་བློ་སེང་གི་དངུལ་ཁོང་གི་བླ་བྲང་ནས་གཡར་བ་རེད་ཟེར་གྱིན་འདུག གཅིག་བྱས་ན་དགོད་བྲོ་བ་ཞིག་རེད། གཞི་མེད་ཀྱི་འདྲ་མཚུངས་སྦྱོར་བ་དེ་བོད་ཀྱི་ལུགས་སྲོལ་ཞིག་རེད། བདེན་པ་ཡིན་ན་བོད་མི་ཞིག་གི་ལག་ནས་སྒོར་མོ་གཡར་བ་ཡིན་པས་དོགས་པ་བྱེད་དགོས་མི་འདུག འདས་པའི་ལོ་རྒྱུས་ལ་བལྟས་ན་བཀྲས་མཐོང་གིས་བོད་ལ་ཕན་ས་རེད། ད་ལྟའི་གནས་སྟངས་ལ་བལྟས་ན་ཕོ་སར་ཚོ་འུར་ལངས་འདུག་པས་བློ་སེང་ལ་ཐོབ་འདྲ་འདུག ཁོ་ལ་ཉམས་མྱོང་མེད་ད་དང་། ཁྲིམས་རྩོད་པའི་གཤིས་ཀ་ཡོད་པས་ཅི་འདྲ་ཞིག་ཆགས་བཤད་དཀའ། གང་ལྟར་ཡང་དམངས་གཙོ་ཡིན་པས་མ་འགྲིགས་ན་བརྗེ་ཆོག་པ་རེད།
སེང་གེ་ནི དུད་འགྲོ་ཡིན་ཀྱང་མིའི་སེང་གེ་ནི་སངས་རྒྱས་དང་ ཁ་ལོ་སྒྱུར་བའི་རྒྱལ་པོ་ཡིན་ནོ་ རྒྱལ་གར་གྱི་རྒྱལ་དར་ལ་སེང་གེ་བཞི་དང བོད་ཀྱི་རྒྱལ་དར་ལ་དེ་བཞིན་སེང་གེ་ དེ་བློ་སེང་གིས་ཨ་སྔོན་གནམ་ལ་སྒྲེམ་ལ་རེམས་
ང་དང་ང་འདྲ་བོ་དྲ་རྒྱ་དང་རླུང་འཕྲིན། བརྙན་འཕྲིན་ཙམ་གྱི་གནས་ཚུལ་ལ་བརྟེན་ནས་རྒྱུས་ལོན་དང་འོས་མི་ཐག་གཅོད་བྱེད་དགོས་མཁན་ཞིག་ལ་མཚོན་ན་བཀྲས་མཐོང་བཀའ་ཁྲི་ལ་འདེམས་རྒྱུ་དེ་རྒྱུ་མཚན་དང་ཁེ་ཕན་ཆེ་བའི་ཚོར་སྣང་བྱུང་།
མི་དེ་ལ་ཤེས་ཡོན་དང་འཇོན་ཐང༌། ལྷག་བསམ། སྙིང་སྟོབས། གསར་གཏོད་ཀྱི་རྣམ་དཔྱོད། འབྲེལ་བ་སོགས་ཕྱོགས་གང་ལ་བརྟག་དགོས་ཀྱང༌། མི་དེའི་བྱས་རྗེས་ལ་བལྟས་ནས་ཤེས་དགོས་སྟབས། ངས་ནི་བཀའ་ཁྲི་ལེགས་ཤོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་མཐོང་སོང༌།
གྲུབ་འབྲས་རྡོག་གཅིག་སྟོན་རྒྱུ་མེད་པར་མི་འདིའི་ཡོང་གི་རེད་ཟེར་མཁན་རྣམས་ནི་ཞ་ར་དང་འོན་ལྐུག་འདྲ་བོ་ཞིག་ཏུ་མཐོང་གི་འདུག་མོད། མངོན་མཁྱེན་འདྲ་ཡོད་ན་ཅི་ཤེས། འུར་མགོ་མཐོ་བོ་འདི་ཚོ་ཡག་པོ་དཀའ་ཡོང༌།
བོད་རྒྱལ་ཁབ་དང་བོད་མི་དམངས་ལ་སྙིང་ནས་བརྩེ་བའི་བོད་མི་ཡོངས་ལ་འབོད་བསྐུལ་ཞུ་རྒྱུ།
སྐུ་ངོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་མི་ལོ་བཞི་བཅུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པ་དང་། དེ་བཞིན་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མི་ལོ་ཉི་ཤུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པར་བརྟེན།
དེང་སང་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ངོ་མ་བཞུགས་པའི་དུས་འདིར། མི་རབས་གསར་པ་ཞིག་བོད་རྒྱལ་ཁབ་ཀྱི་བཀའ་བློན་ཁྲི་བར་བྱུང་ན།
ཕྱོགས་ཡོངས་ཀྱི་བོད་དོན་ཐབས་ཇུས་དང་འཐབ་རྩོད་ལ་བསྒུལ་ཤུགས་ཆེན་པོ་ཞིག་སྤྲད་ངེས་པས་མ་ཚད། ད་ལན་མཁས་དབང་བློ་བཟང་སེང་གེ་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་གོ་སྐབས་སྤྲད་ན།
བོད་གངས་ཅན་ལྗོངས་ཀྱི་མ་འོངས་པའི་རྒྱུན་འཛིན་ལོ་གཞོན་ཀུན་གྱི་རེ་བ་དང་སྤོབས་པ་སྔར་ལས་ལྷག་པ་གོང་འཕེལ་ཆེན་པོར་བཏང་ཐུབ།
སྤྱིར་བཏང་མི་ཞིག་རྒྱལ་ཁབ་ཀྱི་གཙོ་འཛིན་མི་ལོ་བཅུ་ཕྲག་དུ་མར་ཡང་བསྐོར་བསྐྱར་བསྐོར་ཡུན་རིང་བྱས་ན། བོད་དོན་ལ་ཕན་པའི་དགེ་མཚན་མེད་པར་མ་ཟད་དམངས་གཙོའི་ལྡོག་ཕྱོགས་སྒེར་གཅོད་རིང་ལུགས་རྙིང་པ་ཚོས་བྱེད་བཏང་སྟེ། དམངས་གཙོ་རྫུན་མ་ཞིག་ང་ཚོས་ལག་བསྟར་བྱས་པ་ལྟ་བུའི་སྣང་ཚུལ་ངན་པ་ཞིག་རྒྱལ་སྤྱིའི་མིག་ལམ་ལ་བསྐྲུན་ངེས་པས།
བཀའ་བློན་ཁྲི་བའི་ལས་དུས་རྫོགས་པའམ་རྩ་དགོངས་ཞུས་ནས། ཡང་བསྐྱར་བཀའ་བློན་ཁྲི་བར་མི་འཛེགས་པའི་སྔོན་འགོག་ད་ལྟ་ནས་བྱས་ན།
བོད་མི་ནང་ཁུལ་གྱི་མཐུན་ལམ་ཡར་རྒྱས་དང་བོད་རྒྱལ་ཁབ་ཀྱི་དམངས་གཙོ་ཚད་ལྡན་ཡོང་བ་ལ་མིག་རྒྱང་རིང་བའི་བྱ་བ་བཟང་པོ་ཞིག་རེད།
བློ་སེང་ཤེས་ཡོན་ཅན་ཞིག་ཡིན་མོད། དེ་གཅིག་པོས་ལྷག་བསམ་དང་འཇོན་ཐང་མཚོན་མི་ཐུབ་པར་མ་ཟད་བྱས་རྗེས་དང་ཉམས་མྱོང་ཡང་མི་འདུག་་་་་་བོད་རེ་བས་ཕོངས། བཀྲ་དབང་ལྷག་བསམ་ལྡན་ཞིང་གཞུང་དྲང་ཞིག་ལགས་མོད་གསར་བཏོད་དང་སྙིང་སྟོབས་ཞན་ཚོད་རེད།་་་་་་་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། བཀྲས་མཐོང་ཤེས་འཇོན་ལྷག་བསམགསུམ་དང་ལྡན་པ་ཞིག་རེད་མོད་ཆིག་སྒྲིལ་དང་དཔའ་སྙིང་གསར་བཏོད་ཀྱི་རྣམ་དཔྱོད་ཡོད་མིན་མ་འཚལ།་་་་དབུས་པ་སྤོབས་པ་ཞན། མདོར་ན་འདས་པའི་ལོ་རྒྱུས་ལ་གཞལ་ན་རྒྱུས་མེད་གྲོགས་ལ་བློ་གཏོད་པ་ལས། རྒྱུས་ཡོད་དགྲ་ལ་བློ་དྲིས་ན་བཟང་ཟེར་བ་ལྟར། མཛད་རྗེས་ཅན་གྱི་བཀྲས་མཐོང་ལ་འོས་ཤོག་འཕེན་རྒྱུ་ཡིན།
ཨ་རོགས་ཚོ། ད་གཞན་བཤད་དགོས་མི་འདུག སང་ཉིན་འོས་བླུགས་རྒྱུ་མ་བརྗེད། འོས་བླུག་དུས་བབས་ལྷིང་བརྟན་གསུམ་དགོས་ན་བཀྲ་ཤིས་དབང་འདུད་ལ་བླུགས།
གསར་གཏོད་དང་ཡ་ཡུད་དགོས་ན་བཀྲས་མཐོང་ལ་བླུགས།
གཞོན་སྐྱེས་ལ་གོ་སྐབས་སྤྲད་དེ་ཚོད་ལྟ་བྱེད་ན་བློ་སེང་ལ་བླུགས།
དེ་མིན་རང་དང་ཕ་ཡུལ་གཅིག་པ་ཡིན་མིན་གཞི་ལ་བཞག་ནས་འོས་འཕངས་པ་ལས་མ་འཕངས་ན་ཡག་གི་རེད།
༊༊༊༊གཞོན་སྐྱེས་ལ་གོ་སྐབས་སྤྲོད་དགོས་ཚོད་ཀྱང་། ཤེས་འཇོན་གཉིས་ལྡན་གྱིས་གཞོན་སྐྱེས་ག་ཚོད་དགོས་དགོས་འདུག ད་ཐེངས་གི་མི་རབས་གསར་པ་དང་གཞོན་སྐྱེས་ཟེར་བ་ནི་དོན་དུ་ཆབ་སྲིད་ཀྱི་གཡོ་ཇུས་ཙམ་ཞིག་ལས་མ་འདས། མ་ཟད་ད་ནས་བཀའ་ཁྲི་སུ་ཞིག་འཁེལ་ཡང་དེས་བོད་མི་རིགས་ཀྱི་ངོ་བོ་རིག་གཞུང་སྲུང་སྐྱོབ་བྱ་ཕྱིར་ཆོས་སྲིད་གཉིས་རྦད་དེ་འབྲེལ་ཐག་བཅད་འཚམ་པོ་འདུག
བོད་ལ་ཚོད་ལྟ་བྱེད་ལོང་མི་འདུག གཞིས་ལུས་མི་མང་གིས་སྐར་ཆ་རེར་མྱོང་བའི་སྡུག་བསྔལ་བསམ་ནས། འོས་མི་གསུམ་ཀ་འོ་མའི་ནང་གི་མར་དཀར་རེད། འོན་ཀྱང་བཀྲས་མཐོང་གི་མཛད་རྗེས་དང་ལྷག་བསམ་ལ་རྒྱུས་ཡོད་པའི་ཐ་མའི་འོས་ཤོག་དེ་ལ་ཕུལ་རྒྱུ་ཡིན།
ཉི་མ་གཟི་འོད་ཆེ་ཡང་འཕེལ་འགྲིབ་ཆེ། །ནོར་བུར་འགྲོ་ཀུན་དགའ་ཡང་བེམ་པོ་ཉིད། །སེངྒེར་རྫིགས་ཉམས་ཆེ་ཡང་དུད་འགྲོའི་བུ། །ང་ཚོའི་མཚོན་རྟགས་རེ་ལ་སྐྱོན་རེ་མངའ། །ཉི་་མས་འོད་ཀྱིས་མཚན་མོའི་མུན་པ་འཇོམས། །ནོར་བུའི་ནུས་པས་དབུལ་བའི་འཇིགས་པ་སེལ། །སེངྒེའི་ང་རོས་རི་དྭགས་ཟིལ་གྱིས་གནོན། །ང་ཚོའི་མཚོན་རྟགས་སྐབས་འདིར་ངེས་པར་མཁོ། །རྩེད་མཚར་རོ། །
འ་ཡོ་ད་ཉོབ་སོང་་
འ་ཡོ་ད་ཉོབ་སོང་་་
འ་ཡོ་ད་ཉོབ་སོང་་་
རང་ཡུལ་མེད་པར་ཕུག་བསམ་གཏང་མྱ་བ་མི་ཡུལ་བོད་ནང་མཐོང་༧གོང་ས་མཆོག་གི་བཀའ་བཞིན་གྲུབ་
ཡུན་རིང་ཞིག་ལ་ཁ་བརྡ་དྲ་ཐོག་ཏུ་ཡོང་མེད། རྒྱུ་མཚན་ནི་ཕྱོགས་རིས་མིག་ཅན་དག་གིས་ཕྱོགས་ལྷུང་གིས་སྐད་ཆ་བཤད་པ་མཐོང་ནས་དེ་ལ་དོ་སྣང་བྱེད་འདོད་མ་བྱུང་བ་ཡིན། དེ་རིང་བསྐྱར་དུ་བགྲོ་གླེང་ཁག་ལ་བལྟ་བའི་ཚེ་ཁང་གསར་རྡོ་རྗེས་སེང་ནོར་ཉི་གསུམ་གླེང་བ་ཞེས་པ་བྲིས་འདུག་ལ། བགྲོ་གླེང་ཡང་མང་པོ་བྱས་འདུག ཁ་བརྡ་དྲ་ཐོག་ཏུ་ཡོད་པའི་ནང་ནས་བོད་གཞུང་གི་གནས་སྟངས་དང་སྤྱི་ཚོགས་ཀྱི་གནས་སྟངས་ཤེས་པའི་ཐོག་ནས་བགྲོ་གླེང་བྱེད་མཁན་ཡག་ཤོས་ཤིག་ཡིན་པ་ངས་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ཕྱོགས་ཞེན་གྱི་ཐོག་ནས་འབྲི་མཁན་ཞིག་ཡིན་པའང་ངས་གསལ་པོ་ཤེས་ཀྱི་ཡོད། ཁོང་གིས་ཀྱང་རྩོམ་འདི་འབྲི་བའི་སྐབས་བཀའ་བློན་ཁྲི་པ་བགྲས་མཐོང་ཡིན་ཤག་བྱས་འདུག་ལ། སྐབས་རེ་བཀྲ་ཤིས་དབང་འདུས་མེད་ན་བཀའ་ཁྲིའི་རྒྱལ་ཁ་བཀྲས་མཐོང་ཡིན་ངེས་ཞེས་ཁ་ཚོན་ཀྱང་བཅད་འདུག
ད་ལྟའི་ཆར་བཀའ་ཁྲིའི་འོས་ཤོག་ཡོངས་རྫོགས་ཕྱོགས་བསྡོམས་དང་གྲངས་བཤེར་གྲུབ་པ་ཡོད་ཚུལ་འདུག་ལ། བློ་བཟང་སེང་གེ་ལ་བསྟན་འཛིན་རྣམ་རྒྱལ་ལས་འོས་གྲངས་ཆིག་ཁྲི་མ་ཟིན་ཙམ་ཞིག་གིས་རྒྱལ་ཁ་ཐོབ་འདུག་ཟེར་ལ། སྐུ་ངོ་བཀྲ་ཤིས་དབང་འདུས་ལ་འོས་གྲངས་སུམ་སྟོང་ཡས་མས་ཞིག་ལས་མེད་པའི་སྐད་ཆ་འདུག ཞིབ་ཕྲ་གང་མགྱོགས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་གནང་ཡོང་གི་རེད། ཕལ་ཆེར་ཕྱི་ཟླ་༤ ཚེས་༢༧ ཡིན་ཞེས་གསལ་བསྒྲགས་གནང་ཚར་སོང་དྲན་གྱི་འདུག
ཁང་གསར་རྡོ་རྡེས་ཚོད་དཔག་དེ་ནོར་བར་ཁག་གཏན་ནས་མེད། བཙན་བྱོལ་ནང་གི་སྲིད་དོན་པ་རྒན་ཤོས་རྒྱ་རི་བློ་རྒྱན་གྱིས་ངས་བསྟན་འཛིན་རྣམ་རྒྱལ་ལ་འོས་ཤོག་བླུག་ཡོད། ཁོ་རང་མི་ཡག་པོ་རེད་ཅེས། འོས་ཤོག་བླུགས་ཟིན་པའི་རྗེས་སུ་ཨེ་ཤི་ཡའི་རླུང་འཕྲིན་ལ་བཤད་སོང་། ད་གཞི་ནས་འོས་བསྡུའི་གྲུབ་འབྲས་གོ་དུས་ཁ་ནང་དུ་མཛུབ་མོ་བརྒྱུས་ནས་བསྡད་ཡོད་ངེས་རེད། ཁོས་ཀྱང་ཚོད་དཔག་བྱེད་མ་ཐུབ་ན་ཁང་གསར་རྡོ་རྗེ་ལ་ཁག་གཏན་ནས་མེད། དུས་ཤེས་རིག་ལས་ཁུངས་དང་བཀའ་དྲུང་ཡིག་ཚང་ནས་ཡི་གེ་ཙག་ཙིག་རེ་བྲིས་ནས་སྡོད་པ་ལས། ལས་འགན་ཆེན་པོ་ཡོད་མཁན་ཞིག་མིན་པས་གནད་དོན་དེའི་ཐད་ནས་ཁོང་གིས་ཚོད་དཔག་ནོར་བ་ལ་ཁག་མེད་ཅེས་བཤད་ཀྱི་ཡིན།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་ལ་མི་འོས་པ་ཞིག་གཏན་ནས་མིན་པ་དང་། འཛིན་གྲྭ་བཅུ་གཉིས་ཙམ་གྱི་ལག་ཁྱེར་ལས་མེད་ཀྱང་། དོན་དུ་ཤེས་ཡོན་འདང་ངེས་ཡོད་པ། ཕྱོགས་གང་ཐད་ནས་ཉམས་མྱོང་ཡོད་པས་མི་འགྲིག་པ་མེད་ཀྱང། ད་ལོ་ཁོང་ལ་འོས་མི་ཐོབ་པའི་རྒྱུ་མཚན་བཀྲས་མཐོང་གི་རྒྱབ་སྐྱོར་བ་ཚོས་ཕྱོགས་རིས་བྱེད་རྒྱུ་མང་དྲགས་པ་དང། ལྷག་པར་དུ་བློ་བཟང་སེང་གེ་གཞི་མེད་སྐུར་འདེབས་བྱེད་རྒྱུ་མང་དྲགས་ནས་ཕྱོགས་རིས་མེད་པའི་མི་དྲང་མོ་རྣམས་སུན་དུ་བཅུག་པ་རེད། ལྷག་པར་དུ་ཨ་མདོ་བ་གསར་འབྱོར་མང་པོ་ཞིག་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོས་བཀྲས་མཐོང་གི་རྒྱབ་སྐྱོར་གྱི་མིང་ཐོག་ནས་བློ་བཟང་སེང་གེ་གཞི་མེད་སྐྱོན་འཛུགས་གང་མང་བྱས་ནས། མི་མང་ཉོབ་སྣང་སྐྱེ་བ་ཞིག་བཟོས་པ་རེད། བཀྲས་མཐོང་ལ་མི་མངོན་པའི་རྒྱབ་སྐྱོར་གྱི་མིང་ཐོག་ནས་བློ་སེང་ལ་སྐྱོན་བརྗོད་བྱས་ནས་དོན་དུ་བཀྲས་མཐོང་ལ་གནོད་དུ་གྱུར་པ་གང་མང་ཞིག་ཡོད་ངེས་རེད།
ད་ལོའི་བཀའ་ཁྲིའི་དངོས་གཞིའི་འོས་བསྡུ་འདི་ལ་བརྟེན་ནས་མི་མང་པོ་ཞིག་ལ་མགོ་འཁོར་ནས་དཀའ་ལས་འཕྲད་ཡོད་པ་རེད། གནད་དོན་འདིའི་ཐད་ནས་སྒྲུང་ཐུང་ཞིག་དང་འབྲེལ་ནས་མཇུག་བསྡུ་བྱེད་ཀྱི་ཡིན། གཉན་རྗེས་ཝ་ཡིས་དེད། གཉན་རླིག་གར་ཆད་མ་གོ་ཟེར་བ་ཞིག་ཡོད་པ་རེད། དེའི་དོན་ནི། དུས་རྒྱུན་ཝ་མོ་ཟས་འདོད་ཆེ་བས་རི་དྭགས་གཉན་གྱི་རླིག་པ་དེ་ཧ་ཅང་ཆེན་པོ་ཞིག་གཡུགས་ནས་འགྲོ་བཞིན་ཡོད་པ་དང། དུས་ནམ་ཞིག་རླིག་པ་དེ་ཆད་ངེས་རེད་འདུག་པས། ངས་ཟ་རྒྱུ་རྒྱགས་ཚད་ཅིག་རག་གི་རེད་བསམ་ནས་གཉན་གྱི་རྗེས་སུ་འབྲངས་ནས་འགྲོ་བཞིན་ཡོད་པ་རེད། དེ་དང་གཅིག་མཚུངས་བཞིན་བཀའ་ཁྲི་ནི་བཀྲས་མཐོང་ལ་གཏན་འཁེལ་ཚར་སོང་། ཁོང་བརྒྱུད་ནས་ཁེ་བཟང་ཞིག་རག་ཐབས་བྱེད་དགོས་བསམ་ནས་ཧུར་བརྩོན་བྱེད་མཁན་མང་པོ་བྱུང་བ་རེད། དཔེར་ན་གོང་དུ་བཀོད་པ་བཞིན་རྒྱ་རི་བློ་རྒྱན་དང་། ཨ་ལགས་འཇིགས་མེད། ཁང་རྡོ་སོགས་ལྟ་བུ་རེད། འོན་ཀྱང་གནས་ཚུལ་དེ་དང་གཅིག་མཚུངས་ཆགས་ནས་གཉན་གྱི་རླིག་པ་གཏན་ནས་ཆད་མེད་པ་རེད།།
ལྷ་སྨོན་པ་ལགས། བློ་སེང་གི་རྒྱབ་སྐྱོར་བ་ཚོས་བཀྲས་མཐོང་ལ་རྒད་པོ། སྐུ་དྲག དཔེ་ཤ་བཟས་རབས། ལས་ཀ་བྱེད་བཞིན་པར་ཕྱི་རྒྱལ་དུ་བྲོས་རབས་སོགས་གཞི་ཡོད་ལ་མེད་ལའི་སྐྱོན་བརྗོད་བྱེད་རྒྱུ་མང་དྲག་ནས་ངའི་འོས་ཤོག་དེ་སྔོན་འགྲོ་བློ་སེང་ལས་དང་དངོས་བཀྲས་མཐོང་ལ་འགྱུར་སོང་།
ཁ་བརྡ་ཚང་གིས་རང་དབང་གི་གླེང་སྟེགས་སྒོ་ཕྱེ་བ་ནས་བཟུང། ང་ལ་བློ་སྐྱེད་མང་པོ་ཞིག་ཐོབ། ཐུགས་རྗེ་ཆེ། བསམ་ཚུལ་འདྲ་མིན་ག་ཚོད་མང་ན་དགའ་བསུ་ཡོད། དེ་ནི་ནང་ཆོས་དང་མཐུན་གྱི་འདུག་ལ། ཚན་རིག་དང་ཡང་མཐུན་གྱི་འདུག་ཏེ། ཡར་རྒྱས་ལ་མཐའ་མེད་ལ། ཤེས་ཡོན་ལ་ཡང་ཚད་བཀག་མེད། རྗེ་བླ་མས་ཀྱང། བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ།། ཞེས་གསུངས་པ་ལྟར། སྐྱོན་ཡོན་གཉིས་ཆར་ནས་ལྟ་དགོས་ངེས་རེད། དཔེར་ན། སྟོང་ཉིད་ངོས་ཟིན་པ་ལ་དེའི་དགག་བྱ་ངོས་ཟིན་དགོས་པ། སྡུག་བདེན་ངོ་ཤེས་པ་ལ་དེའི་ཉེས་དམིགས་ངོ་ཤེས་དགོས་པ། བཟོད་པ་ངོ་ཤེས་པ་ལ་ཁོང་ཁྲོ་ངོ་ཤེས་དགོས་པ་སོགས་བགྲང་གིས་མི་ལང་། དེས་ན་ཆོས་དང་འཇིག་རྟེན་གྱི་བྱ་བཞག་གང་ཞིག་ཡིན་རུང་། དེ་ལ་མི་མཐུན་ཕྱོགས་མེད་ན་ཡར་རྒྱས་གཏན་ནས་མེད། དཔེ་གཅིག་བཞག་ནས་བཤད་ན། ང་རང་ཐེ་བའི་སོ་སྐྱེས་ཕལ་བ་རྣམས་སངས་རྒྱས་ཀྱི་སར་འགྲོ་བ་ལ་དེའི་མི་མཐུན་ཕྱོགས་ཏེ་བདག་དོན་གྱི་ཞེན་པ་འགོག་དགོས། བདེན་འཛིན་འགོག་དགོས། ནམ་ཞིག་སངས་རྒྱས་སོང་ན་ཡར་རྒྱས་འགྲོ་རྒྱུ་མེད། མི་མཐུན་ཕྱོགས་མེད་པས་སོ།
གངས་སེང་མེད་པར་ལྟ་བའི་དགེ་ཆོས་དང།།
གངས་སེང་ཡོད་པར་ལྟ་བའི་དགེ་བཤེས་གཉིས།།
གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་བའི།།
དེང་གི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
གྲང་ངར་ཆེ་བའི་བྱང་སྣེའི་དོམ་དཀར་དང།།
གངས་སེང་དཀར་མོ་གཡུ་རལ་གསིག་པ་གཉིས།།
ཡོད་མེད་ཁྱད་པར་འབྱེད་པའི་འཇིག་རྟེན་འདིར།།
ཕྱོགས་རེའི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ད་དུང་གངས་ཀྱི་གླང་ཆེན་ཡོད་པ་ལ།།
འུག་པ་རྒན་པོས་མིག་གིས་མ་མཐོང་ནས།།
ཡུལ་གྱི་གཙོ་བོ་གངས་རི་ཡིན་པ་ལ།།
ནགས་སེང་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ལོ་ངོ་ས་ཡ་གོང་གི་གཏུམ་འབྲུག་དང།།
བ་སྤུ་རིང་པོ་ཡོད་པའི་གླང་ཆེན་སོགས།།
སྲོག་ཆགས་རིག་པའི་རྗེས་སུ་འབྲང་འབྲང་ནས།།
རྒུད་པའི་རྩ་བ་གངས་སེང་མེད་པར་བརྙེད།།
དཔྱད་བརྗོད་གང་ལ་ལྟས་ཀྱང་བཙན་བྱོལ་ནང་དུ་དཔྱད་བརྗོད་འབྲི་མཁན་ཚང་མའི་ནང་ནས་་ལེགས་གྲས་ཤིག་ཡིན་ད་ཐང་ཡང་དངོས་ཡོད་བྲིས་ཡོད་ཀྱི་རེད། དེ་ཡིས་ནང་དུ་ཕྱོགས་ལྷོང་ཅུང་ཙམ་མེད་པ་མ་རེད་གོང་གི་གནས་ཚུལ་བརྗོད་སྟངས་ལ་ལྟས་ན་གསལ་བོ་རེད་ཡིན་ཡང་རང་གི་ཕྱོགས་རྒྱལ་དགོས་ན་གཞན་ཕྱོགས་ལ་སྐྱོན་ཚང་འདོན་རྒྱུ་སྤྱི་ཡོང་འདྲ་བོ་ཞིག་རེད་ད་བཀའ་ཁྲི་གསར་པ་ཐོན་ཚར་བ་རེད་ད་ཁྱེད་ལ་བསམ་ཚུལ་བཤད་རྒྱུ་འདྲ་ཡོད་དམ།