འོས་སྦྱོར་བ། འབའ་སྲས།
གཅིག http://voxer.com/v/8d9c516297
གཉིས། http://voxer.com/v/1483e6906c
གསུམ། http://voxer.com/v/a491d089dc
བཞི། http://voxer.com/v/8aa30baf86
ལྔ། http://voxer.com/v/061ec9f31f
དྲུག http://voxer.com/v/556bd9551
བདུན། http://voxer.com/v/0802a298e0
བརྒྱད། http://voxer.com/v/e0ad6fac54
དགུ http://voxer.com/v/5ecb7ec4e4
༡༠/༠༣/༡༤ འབའ་སྲས་ཀྱིས་སྒྲ་འཇུག་བྱས།
མི་འདི་དྲ་ཐོག་ནས་མང་པོ་གོ་གི་འདུག ཡིན་ཡང་། སྐད་ཆ་ད་ངོ་མ་ཅིག་བཤད་མི་ཤེས་ཀི
ད་ཁྱོད་ཚོས་སྙན་ངག་ཟེར་རྒྱུ་བོ་འདི་ཇི་ལྟར་བཤད་ཀྱི་ཡོད་མེད་ཀྱང་མི་ཤེས།
སྐད་ཆ་མང་ཆེ་བར་ཉན་པ་ཡིན། ཡིན་ཡང་། ནང་ན་གོ་ལོག་མང་བོ་ལོས་ཡོད་བསམ་གི། སེད་རྡོར་ལགས་ཀྱི་གཏམ་བཤད་ནང་ནའང་གོ་ལོག་ཐེབས་ལོས་ཡོད་བསམ་པ་རེ་འདུག ངས་སྙན་ངག་མི་ཤེས། ཚོར་བ་ཡང་སྔར་ནས་བོར་བསྡད་ཡོད། སྒྱུ་རྩལ་གྱི་སྤུས་ཀ་དང་དོན་གྱི་གནད་གཉིས་ཀ་ཡང་ཁ་ཁར་ཕྱེ་ན་བསམ་གི། སྙན་ངག་གི་རྩེ་མོ་ཞེས་པ་ཞིག་ཡོད་རྒྱུ་མ་རེད་བསམ་གི། གལ་སྲིད་ཡོད་རྒྱུ་རེད་འདོད་ནས་བཤད་གི་ཡོད་ན་དེའི་ཚད་ནས་རང་རང་སྡོད་ལ་ཤོད། སྙན་ངག་ནི་མྱི་རེ་རེའི་རང་དབང་གི་སྨྲ་བརྗོད་ཡོང་ས་དེ་རེད། སྒྱུ་རྩལ་གྱི་རིགས་གཞན་ཚང་མ་ཡང་དེ་རེད། དེ་ལ་ཚད་བཟུང་ན་རང་དབང་ལ་ཚད་བཟུང་བ་རེད། དེ་ནས་མིའི་རྣམ་དཔྱོད་ལ་ཡང་ཚད་བཟུང་བ་རེད། བདེ་སྐྱིད་དང་གཞན་ཚང་མ་དེ་ལྟར་ཚད་བཀག་གི་ནང་ལ་བཅུག་པ་རེད་བསམ་གི།
ཆུད་ཚོད་འཕྲོ་བརློག་མིན་འགྲོ་བསམ་ནས། ཉན་མེད། ད་བྱས་ན་ཉན་རིན་ཞིག་མ་ཡོད་པ་འདྲ། ཧ་ཧ་ཧ།
སྙན་ངག་མི་ཤེས་ན། ངས་བཤད་དགོས། གཞན་སེམས་འགུག་པའི་མིང་ཚོགས་ཀྱི་བརྡ་སྦྱོར་ལ་སྙན་ངག་ཟེར། རང་སེམས་འགུག་པའི་མིང་ཚོགས་ཀྱི་བརྡ་སྦྱོར་ལ་ཤོག་སྙིགས་ཟེར། འདི་འདྲའི་ལས་སླ་མོ་ཞིག་ཆུད་ཚོད་དང་ཆུ་ཚོད་ལ་བཤད་དགོས་བ་ཞིག་འདུག་གམ།
སོ་སོས་བྲིས་བའི་ཤོག་སྙིགས་རྣམས། གཞན་གྱིས་སྙན་ངག་ལ་བསྒྱུར་ཐུབ། ཡིན་ན་ཡང་། སུ་གཅིག་གིས་སྙན་ངག་འབྲི་མི་ཤེས། བྲིས་ཚད་ལས་སྙན་ངག་མི་ཡོང་ཡང་། བྲིས་བ་ལས་སྙན་ངག་ཐོན་དགོས། སྙན་ངག་ལས་བྲིས་བ་མི་ཡོང་ཡང་བཙན་བཙན་རྒོད་རྒོད་ཀྱིས་སྙན་ངག་པ་ཡིན་ཞེས། སྐྱག་པ་ཟོ་ཙམ་ལབ་པ་ལ་ཡང་སྙན་ངག་ཡིན་དགོས་ཟེར་སྲོལ་ཡོད། དེ་དགོང་དེ་ཙམ་བྱོས། དྲ་འཁྱམས་པ་ཚོ།
ན་རོ་ལྷག་མ་ཞིག་ཕུལ་འདུག།
ཁྱོའི་ཡིག་ནོར་ལ་ངས་ཁ་ཡ་བྱེད་གི་མེད། མགོ་ནས་བཟུང་། ང་བྱུང་སུན་གི།
ལོང་རིག་རྒྱ། ངས་ཁྱོད་ཀྱི་མཆན་ལ་ལན་བཞག་མེད། ངས་སེང་རྡོར་ཟེར་ནིའི་འདྲེ་མགོ་རྡོ་དེ་ལ་བྲིས་ཡིན། ཅིག་བྱས་ན་ཁྱོད་ལ་སུན་ནད་ཞིག་ཕོག་ཡོད་མདོག་ཁ་བོ་རེད། དེ་འདྲ་ཡིན་ན། ངས་མྱ་ངན་ཞུ། དེ་མིན། དཔལ་དོན་གྱི་མཆན་ལས། ཁྱེད་ཀྱི་ཉ་གེ་ཉོག་གེ་བོ། ད་ཕྱིས་མེད་ཐལ།
སྔོན་འཇུག་འ་ཞིག་ཆད་འདུག།
འདི་ན་ཡང་སྙན་ངག་གླེང་དུས་མགོ་ན་བའི་ནད་པ་དག་ཐོན་འདུག ཁྱོད་ཚོ་ལ་སྙན་ངག་གི་སྨན་མེད། མགོ་ན་ན་སྡུག་གྱོང་།
དགོངས་དག ༼མི་ཤེས་ཤེས་ཁུལ་བྱས་ན་ཐན་ཡིན། ཤེས་པ་ཁོག་ལ་བཅུག་ན་ཐན་ཡིན།༽ ད་ནས་ཅང་མི་བཤད།
བགྲོ་གླེང་འདི་མོ་ཞིག་གོ་སྒྲིག་བྱས་ནོར་དགའ་ནི་ཡིན། ཕལ་ཆེ་བར་ཉན་དང་།
གཞན་པ་དེར་བཤད་ནས། ༼ད་བཤད་ནས་མ་འདུག ཕྲིས་ཡ། མྱིག་རྒྱ་ཞིག་སྐྱེད་རོགས།༽
ལུང་རིགས་ལགས། དེ་རིང་འདིར་ཕེབས་ཡོད་དམ། ངས་ཀྱང་འདིར་སྒྲུང་ཞིག་ཞུ་སྙིང་འདོད་བྱུང་། སྔོན་མ་ངས་ཆུ་ཚོད་གཅིག་གཉིས་རེའི་དུས་ཚོད་སྤྱད་ནས་རྩོམ་རེ་ཟུང་བྲིས་ཏེ་རང་གི་དགེ་གྲོགས་དང་སློབ་མ་ཚོར་སྟོན་གྱིན་ཡོད། ཁོང་ཚོས་ཕལ་ཆེར་ཁ་གཅིག་གྲག་ལྟ་བུས་ “ཡག་པོ་འདུག”ཅེས་ཟེར། འོན་ཀྱང་ངས་ཁོང་ཚོས་དེ་ལྟར་དུས་ཚོད་ཐུང་ཐུང་ཞིག་གི་ནང་རྩོམ་ཞིག་བྲིས་པ་ཧ་ལམ་མཐོང་མ་མྱོང་། ད་ལྟ་བསམ་བློ་འདི་འདྲ་ཞིག་འཁོར་གྱིན་འདུག ངེད་ཀྱི་སློབ་གྲྭའི་ཁོར་ཡུག་ན་རྩོམ་འབྲི་བ་དེ་ཚོས་ཡིག་ཆའི་ཐོག་ནས་རྩོམ་འབྲི་བཞིན་འདུག ངས་སེམས་ངོ་ནས་རྩོམ་བྲིས་པ་རེད། ད་ཁྱད་པར་ཤོར་ཆེན་པོ་གང་ནས་ཤོར་འདུག་ཟེར་ན། ང་ལ་མི་ཞིག་གིས། “ཁྱེད་ཀྱིས་འདི་ལྟར་བྲིས་འདུག དེ་རེད་དམ།”ཞེས་དྲིས་ན། ངས་ལག་པ་མགོ་བོ་ལ་འཁྱེར་བཞིན། ཕལ་ཆེར་ཡིན་པ་ཡོད་ཅེས་ཟེར་རྒྱུ་རེད། མི་དེས་ང་ལ་ནན་གྱིས་བཀར་ཏེ། “ཏན་ཏན་རེད་དམ།”ཞེས་དྲིས་ན། ངས་ “ཕལ་ཆེར་ཡིན་པ་ཡོད། ཏན་ཏན་མི་ཤེས།” ཞེས་ལན་འདེབས་རྒྱུ་རེད། ད་ངས་ཁོང་ཚོར་ཕར་དྲི་བ་དེ་འདྲ་དྲིས་ན། “ཁོང་ཚོས་ཡིག་ཆ་འདི་དང་ཁུངས་འདི་ན་འདུག་”ཅེས་ལན་འདེབས་ཐུབ་ཀྱི་རེད། ཞུས་ཙང་། ང་ཚོས་གཏམ་བཤད་དང་རྩོམ་ཡིག་འབྲི་སྐབས། དཔྱད་གཞིའི་ཡིག་ཆའི་ཐོག་ནས་བཤད་རྒྱུ་དེ་ཧ་ཅང་གལ་ཆེ་བར་འདོད། རིམ་གྱིས་ང་ཚོ་ཡང་ལམ་ཁ་འདི་ལ་མ་འགྲོ་ཐབས་མེད་རེད་བསམས་ཀྱིན་ཡོད། སྐད་ཆ་ཉོག་བཤད་ཆགས་སོང་། འདི་འདྲ་ཞིག་དྲན་ནས་མ་བྲིས་པར་སྡོད་མ་ཐུབ་པ་འདྲ་ཞིག་ཆགས་སོང་། བདེ་མོ།
རབ་གསལ་ལགས། བདེ་མོ། ང་དྲ་ངོས་འདི་ན་ཕལ་ཆེར་རྒྱུན་འདུག་ཡིན། དེ་རིང་ཅིག་བྲིས་བྲིས་ནོ་ཚང་མ་བོར་ཐལ། ད་འདང་རྒྱབ་ནས་བསྡད་ཡོད། ཁོང་རིགས། རྩོམ་རིག ཆབ་སྲིད། ཆོས་ལུགས། མེར་སྲེག ད་སྙིང་གད་ཁལ་རེད།
འབའ་སྲས་ལགས་ཀྱི་གོ་སྒྲིག་འདི་ངོ་མས་བཟང་གི། ཉན་གི་ར་ཡོད། བཤད་རྒྱུ་ར་ཅང་མེད།
རབ་གསལ་ལགས། ངས་གོ་ཐལ། སྐད་ཆ་དེ་སྔོན་མ་ནས་བཤད་ཐལ། དེའི་རྐྱེན་གྱིས་ཁ་རོག་གེར་བསྡད་ཡོད། ངའི་ཡིག་རྩ་༼དག་ཆ་༽ཇེ་སྡུག་རེད་ལ། དགོངས་དག གནས་སྐབས་བདེ་མོ་བྱོས།
ཡ་ཡ་ལུང་རིགས་ལགས། གཅིག་བྱས་ན་ད་དུང་ངའི་སྐད་ཆ་འདི་ལ་གོ་ནོར་ཆེན་པོ་དེ་འདྲ་ཐེབས་སྲིད། དེ་ནི་ངས་ཀྱང་སྐད་ཆ་འདི་ཆ་ཚང་བ་ཞིག་མི་ཤོད་པ་དེ་ཡིན། རིམ་གྱིས་འདི་སྐོར་ལ་སྐད་ཆ་ཆ་ཚང་ཞིག་ཨེ་ཤོད་ལ་ལྟ། ཆོག་ག
ད་འདིར་གསལ་བཤད་ཅིག་བྱེད་རྒྱུ་ཞིག་ནི། ང་ཚོའི་ན་གཞོན་ཚོས་འདི་ལྟར་གཞུང་ལུགས་དང་གཞུང་ལུགས་སྐོར་འཆད་སྐབས། ང་ཚོའི་བོད་ཀྱི་རྩོམ་པ་པོ་ཚོས་འདི་ལྟར་རྩོམ་ཡིག་རེ་བྲིས་ཤིང་བཀླགས་ཡོང་སྐབས། ང་ཚོས་དེ་ལ་འགྲིག་མི་འགྲིག་བཤད་རྒྱུ་དེའང་ལས་སླ་པོ་ཞིག་ཁྱོན་ནས་མི་འདུག དེ་ལས་འདི་དང་དེ་ནི་བོད་ཀྱི་ད་ལྟའོ་ཞེས་འགྲེལ་བཤད་བྱས་ན་ལེགས་པར་མཐོང་། ཡ་ཡ། ལགས་སོ།།
ཡ་ཡ། གོ་ཐལ། སྐད་ཆ་ཅི་ཞིག་ཡིན་རུང་ཁུངས་ལུང་རེ་དགོ་ནོ་དེའི་དོན་ཡིན། དེ་སྔོན་མ་ནས་ཁྱོས་བཤད་མྱོང་། ངས་གོ་ཡོད་ཟེར་དོན་དེ་ཡིན། གོ་བ་ལོག་མེད་ཁལ་ཡིན། གོ་བ་ལོག་སྲོལ་བཤད་ན་སྙན་ངག་གཞན་པ་དེའི་ཕར་ཕྱོགས་ལ་ཅིག་གཟིགས། ལོ་ ༦༠ རིང་ལ་གོ་བ་ལོག་བསྡད་འདུག
རྟོག་འཆར་དང་ཚོར་བྱུང་། རང་ཤེས་རང་བདག་པ། ལྷ་མི་མ་ཡིན་སྒྲུང་། སྔོན་བྱུང་མེད་པའི་རྒྱལ་སྲིད། ཚོད་ཚོད་ཚོད་ཀྱི་འཇིག་རྟེན་སོགས་བཤད་ས་ལ། ཡིག་ཆ་དང་ཁུངས་ཞིག་བཞག་ནས་བཤད་དགོས་བ་རེད་ཟེར་ན་སྨྱོན་པ་འོ།
ཡིག་ཆུང་བྲིས་ཚད་སྙན་ངག་ག་ལ་ཡིན། བདེ་སྦྱོར་འབྱོར་ཚད་སྙན་ངག་ག་ལ་ཡིན།
གཞན་སེམས་ཁ་རྣ་འགུག་པ་མི་ཚང་ན། མྱིང་ལ་སྙན་ངག་དེབ་དང་སྙན་ངག་མཁན།
ག་རེ་མ་རེ་བཏགས་རུང་སྙིང་དོན་ཞིག། མྱི་ཁྱི་གཉིས་ལ་མི་རག་ཁོ་ཐག་ཡིན།
དུས་བབ་ཚང་གི་ལུང་རིགས་ཡིན་ན། ལོ་འགར་རིག་རྒྱུ་མེད་ཀི། ཁ་ཕྱི་ཕྱོགས་ལ་འཁོར་སོང་ནི་མིན་ན། དུས་བབ་ཚང་གི་རྡ་རྡ་scooterཅན། ཁྱོད་ལ་སུན་ནད་ཞིག་གིས་བཟུང་ཡོད་པ་གོ་ར་མ་མྱོང་། ཨ་བྱ་དི། ཨ་བོས་ཕུང་བོར་སེམས་ཆུང་བྱོས།
ཨ་པ། འབའ་སྲས། སྐུ་ཁམས་བཟང་། མགོ་ན་ནས་ལོ་འགའ་ཡིན། ནད་རོ་འདི་སྙན་ངག་ཟེར་བ་དེར་འབྲེལ་ཡོད་ས་རེད། སྙན་ངག་གི་སྨན་རེ་སྟེར་ཐུབ་ན། མགོ་སྨན་ཡིན་མིན་གཉིས་ཀ་ཟ་འི་ར་ཟ་འི་ཡོད། དྲག་རྐྱེན་འདྲ་བྱུང་ན། རྒན་པོ་མྱིག་ཤལ་ཅན་ལ་འབྲོག་མོ་ཚིལ་སྟུག་མ་ཞིག་གི་སྐོར་བཞག་བྱེད་དགོས། ཧ་ཧ་ཧ།
སེང་རྡོར་གྱི་གཏམ་བཤད་འདི་ནམ་མཁའི་བྱ་ཞིག་ལ་ཆ་བཞག་ན་ལྡིང་སྐོར་ར་ལྡིང་སྐོར་རྒྱབ་རྒྱབ་པའི་མཐའ་མ་ཆག་སླ་བའི་ཡལ་ག་གཉོམ་པོ་ཞིག་གི་སྟེང་ལ་བབས་སོང་། གང་ལྟར་འཐུ་རྒྱུའི་བགུམ་འབུ་ཁ་ལ་མི་རག་ཁོ་ཐག་རེད།