_བདུད་མུ་ཟི།
ཕྱི་བསྐོར་བལ་དཀར་ལས་འཇམ་པ། །
ནང་བསྐོར་དུག་ཚེར་ལས་རྩུབ་པ། །ཅེས་པའི་གཏམ་དེ་ཡིོད་ལ་ཟུངས་ཤིག
གཞིས་ལུས་སྤུན་ཟླའི་ཁྲོད་ན་རང་སྲོག་བོད་དོན་ཕུལ་བས།།
རྒྱལ་གཅེས་དཔའ་པོ་མང་བ་ངེད་ཅག་ཚང་མས་ཤེས་ཡོད།།
སེར་རྡོར་སྨྱོན་པ་ལྟ་བུའི་ནང་ལ་དཔའ་ངོམ་འཐེན་ཞིང་།།
རྒྱ་མིའི་རྒྱུག་ཁྱི་བྱེད་མཁན་གཏན་ནས་མེད་པ་མིན་ནོ།།
གཞིས་ལུས་སྤུན་ཟླའི་ནང་ན་རྩོམ་རིག་སྨྲ་བ་མང་ཡང་།།
ཡིག་ནོར་རི་ལྟར་སྤུངས་པ་ངེད་ཅག་ཚང་མས་མཐོང་ཡོད།།
སེང་རྡོར་ལྟ་ལོག་མ་གཏོགས་བྱེས་ཀྱི་བཙན་བྱོལ་གཞུང་འདི།།
མ་འོངས་རེ་ལྟོས་འཆའ་ས་འདི་ལས་གཞན་ཞིག་མ་མཐོང་།།
གཞིས་བྱེས་བོད་མིའི་དབར་དུ་འགལ་ཟླ་བཙན་གྱིས་བསླངས་མཁན།།
དམར་ཕྱོགས་འགོ་གཙོ་རྣམས་དང་སེང་རྡོར་སྨྱོན་པར་གྲངས་ངེས།།
རྩོམ་རྩལ་ངོམ་འདོད་ཡོད་ན་ཐེའུ་རང་རྗེས་སུ་འབྲངས་ཆོག།
ལོ་རྒྱུས་བསྔོག་འདོད་མཆིས་ན་ཞོགས་དུང་དཔེ་ལ་འཛིན་ནུས།།
འབྲོང་བུ་རྡོ་རྗེ་དང་ནི་སེང་རྡོར་སྨྱོན་པ་ཟུང་གིས།།
སྙུག་རྩེ་ནང་དུ་མ་གཏོགས་གཞན་ལ་བསྐོར་རྒྱུ་མི་སྲིད།།
སྟོན་པ་སྨད་ཁུལ་བྱེད་པའི་བོད་ཀྱི་བསྟན་བཤིག་དངོས་གནས།།
བསིལ་ལྡན་གངས་རིའི་ལྗོངས་སུ་སེར་རྡོར་མ་གཏོགས་སུ་ཡོད།།
གྲྭ་བའི་གྲལ་ནས་བུད་དེ་གྲྭ་རྟ་ཟེར་ནས་གླེང་མཁན།།
གྲལ་རིམ་འཐབ་རྩོད་རྗེས་སུ་གྲྭ་ལོག་ཁྱོད་ལས་མ་བྱུང་།།
གྲྭ་ལོག་ཇོ་ལོག་མང་ཡང་རྐུབ་བཙོང་ཁྱོད་འདྲ་མ་མཐོང་།།
གྲྭ་ས་མིག་གིས་མ་རིག་ཁ་གཏོང་བྱེད་པ་འདི་མཚར།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱོད་ཀྱིས་རྣ་ཐོས་ཙམ་རེད།།
ངེས་དོན་གསུང་རབ་བཀླགས་ཏེ་སྐྱོན་གྱིས་བལྟས་པ་མིན་ནོ།།
རྙིང་མའི་བཤད་སྲོལ་ཙམ་ལ་ཧ་ཅང་ཡིད་ཆེས་བྱས་ཏེ།།
སྙིགས་དུས་སྐྱེ་བོ་འགའ་རེ་མགོ་བསྐོར་གཏོང་བར་འབད་དོ།།
བྱེས་ཀྱི་ལྟ་ལོག་འཇམ་ནོར་གཞིས་ཀྱི་རྒྱུག་ཁྱི་སེང་རྡོར།།
ཁྱི་རྐུན་འོ་ཟོའི་ཁ་ནས་མཐུན་ཚུལ་ཡོད་པ་ཤེས་སོང་།།
སྒེར་དོན་གླེང་རྒྱུ་མ་གཏོགས་གཞུང་ལ་ཁ་གཏོང་མ་སྔ།།
ཤེས་རྨོངས་ཞིང་འབྲོག་ཀུན་གྱིས་ཁྱོད་ལ་ལམ་ཞིག་བསྟན་ཡོད།།
མཁར་རྨེའུ་ཁང་དཀར་ལབ་ན་ཁྱོད་ལས་ང་ལ་རྒྱུས་ཆེ།།
འོད་དཀར་གཟུགས་ཕྱུག་ཟེར་ནས་ངོ་དགའ་སྦྲེལ་ལད་མ་འཁྲབ།།
གཡུ་ལྡོང་ཟེར་ནས་བསྟོད་ཀྱང་ས་ཕྱོགས་གཅིག་པ་རེད་མོད།།
བྱེས་ཀྱི་བོད་མིའི་ཁྲོད་ནས་ཁྱོད་ཀྱིས་ཤེས་ནོ་དེ་རེད།།
ཧོར་འཇིགས་ཨར་བོད་ཅེས་པའི་ཧོལ་རྒྱུགས་བྱེད་རྒྱུ་མ་གནང་།།
ལེགས་སྦྱར་དབྱིན་ཇི་དང་ནི་ཧིན་སྐད་བྱང་ཆ་ལྡན་པ།།
བཀའ་ཁྲི་ཟམ་གདོང་བླ་མ་ཆོས་སྲིད་ཟུང་ལ་མཁས་པས།།
སེར་རྡོར་སྨྱོན་པ་ཁྱོད་རང་རྐང་པའི་འོག་གི་འབུ་རེད།།
བཀའ་ཁྲི་དེ་ཚོ་ཟེར་བའི་མང་ཚིག་སྨོས་པས་རྟགས་བསྟན།།
ངྷ་སའི་མཁས་རློམ་ལབ་ན་གོ་རྒྱུ་ཅི་ཡང་མི་འདུག།
བྱེས་ཀྱི་སྤུན་ཟླ་ཡོངས་ལ་མདོ་མེད་ལབ་ན་མི་སྐྱོན།།
མདོར་ན་སེང་རྡོར་ཁྱོད་ཀྱིས་ཅི་ཞིག་འཇོན་པ་སྟོན་རོགས།།
ས་དེའི་བླ་མའི་ལོ་རྒྱུས་ང་ཚོས་གསལ་བོར་གོ་ཡོད།།
མགོ་ལོག་གསེར་རྟ་ཟུང་ལ་ཁྱོད་འདྲའི་བླ་མ་མང་ངོ་།།
ཆོས་མེད་སྤྲང་བོ་ཁྱོད་ཚོ་ཅི་འདྲའི་ཁ་ཤོམ་ཆེ་བ།།
གྲྭ་ལོག་མར་ལོག་ཁྱོད་ཚོ་ངོ་ཚ་མེད་འདི་སྐྱོ་བ།།
ཁྱོད་ལ་གནས་ལུགས་བཤད་ཀྱང་ཕན་རྒྱུའི་རེ་བ་ང་མེད།།
གཞིས་ལུས་སྤུན་ཟླའི་ནང་གི་རང་མི་འདྲེ་རུ་གྱུར་པ།།
སེར་རྡོར་ཁྱོད་འདྲ་གོ་བས་བྱེས་ཀྱི་བོད་མིའི་སེམས་ཕམ།།
རྩོམ་རྩལ་ཤིན་ཏུ་བཟང་ན་བརྗོད་བྱ་སྔུན་ན་ལྷག་འདུག།
ཁྱེད་དང་ངེད་གཉིས་དབར་དུ་རྩོད་རྒྱུ་ཅི་ཡང་མེད་དོ།།
ད་ཐེངས་ཁྱོད་ཀྱིས་བྲིས་པ་བདག་གིས་བློ་ལ་མ་བབས།།
སྔོན་གྱི་དྲ་གྲོགས་འདུ་ཤེས་ད་དུང་གསོན་པོ་ཡིན་ནོ།།
ད་ནི་སྐོར་ལོག་མ་འབྲི་དོན་གྱི་སྙིང་པོ་ཕྲིས་ཤིག །
བྱེས་སྡོད་བོད་གཞུང་དང་སྒེར་བ་ཚོའི་གནས་སྟངས་གོ་ལོ་ཐོས་ལོ་རེ་ཡིག་ཐོག་ཏུ་ཕབ་མཁན་སེང་རྡོར་སྨྱོན་པར་འབོད་པ་དེ་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཤར་མར་བྲིས་པའོ།། བཙན་བྱོལ་ན་ཡོད་པའི་མཁས་དབང་དང་རྩོམ་པ་པོ་ཀུན་ཁྱེད་ཀྱི་ས་ཕྱོགས་སུ་མ་གཏོགས་ན་ཁས་མི་ལེན་པ་འདི་མཚར་རོ། །འདི་ལས་གཞན་མཐོང་བྱེད་ཀྱི་མིག་ཅིག་ཐབས་ཤེས་འཐེན་ནས་བཙལ་རོགས་སྐུ་མཁྱེན། འདི་ནི་ཉེ་ཆར་སེང་རྡོར་གྱིས་༼ང་ཚོའི་གླུད་ཚོགས་འདི་ལ་ག་རེ་བྱེད༽་ཅེས་པ་ལ་ལན་དུ་ཡིན།
ཧ་ཝ་སེང་སེང་ཞིག་གིས་སེང་སྐད་ཐེངས་གཅིག་བསྒྲགས་དུས།།
བྱེས་ཀྱི་གཉིད་རྐྱལ་འགའ་ཞིག་མེ་ལོང་བལྟ་དགོས་བྱུང་སོང་།།
སེང་སེང་ཧ་ཝའི་སྐད་ལ་ཆ་འཇོག་དེ་ཙམ་ཅི་དགོས།།
ལས་དབང་ཐུར་རྒྱུགས་སྐོར་ཞིག་ཤར་མ་བྲིས་པ་རེད་བསམ།།
ཡ་ཡ། ཡང་གཞིས་བྱེས་གཉིས་ཀྱི་ཚབས་མཚོན་མི་སྣ་ཡིན་པར་རློམས་པའི་རང་སྣང་གང་དྲན་བྱེད་པར་གོམས་པའི་མི་བུ་འདི་དག་གིས་ཅི་ཞིག་བྱེད་རྩིས་ཡིན་ནམ། ངོ་མ་ལྟ་རྒྱུར་ཞེད་ནི་ཞིག་རེད། སེང་རྡོར་གྱིས་དོན་དངོས་ཤིག་གླེང་བར་དེ་ལྟར་ཁོང་ཁྲོ་ལངས་དོན་ཅི་ཞིག་ཡིན་ནམ། སེང་སྨྱོན་ཁོ་རང་ལྟ་ལོག་ཡིན་རབས་དང་། རྒྱ་མིའི་རྒྱུགས་ཁྱི་ཡིན་ཚུལ་སོགས་ཁོང་གི་རྩོམ་ཡིག་དང་འབྲེལ་མེད་དོན་གཞན་རྐྱང་རྐྱང་འདི་གར་གླེང་དོན་ཅི་ཞིག་ཡིན་ནམ། ངོ་མ་སུན་ནི་ཞིག་རེད། རྩོམ་ཡིག་འདིའི་གདོང་ལ་བལྟས་དུས་རྩོམ་པ་པོའི་མི་གཤིས་སོགས་རིག་ནས་འདུག་གི ཨ་ཡ་མཚན།
རྒྱ་མིའི་རྒྱུག་ཁྱི་བྱེད་མཁན་༝ཚིག་འདི་སུན་ནི་ཞིག་རེད། སྙན་པོ་མི་འདུག
བདུད་མུ་ཟི་ལགས། སྐུ་མཁྱེན། ང་ཚོའི་གཞིས་བྱེས་གཉིས་ཀྱི་བར་ནས་རྩོད་པ་བྱེད་པའི་རྣམ་པ་འདི་དངོས་གནས་མི་ཡག་གི རབས་ཡིན་ན་རྩོམ་འདི་བོད་ནང་ལོགས་ཀྱི་དྲ་བ་སོགས་སུ་མི་འགོད་པར་ཞུ། འདི་དང་འདི་ཙམ་གྱི་བག་ཆགས་ལ་བརྟེན་ནས་ཤུགས་རྐྱེན་ངན་པ་མི་ཐེབས་པའི་ངེས་པ་མེད་ན་རྗེས་ཕྱོགས་འདིའི་རིགས་ནི་ཅུང་གཟབ་དགོས་པ་གལ་ཆེ། ཐུགས་རྗེས་གཟིགས།
ཁ་བརྡ་ལགས།
རྩ་བ་ངན་པ་འདི་བཞག་ན་རྩེ་མ་ངན་པ་སྐྱེ་ངེས་པས་གཟབ་འཚལ་ལོ།།
སོ་སོའི་ས་ནས་མིན་ན་ཁས་ལེན་མེད་པའི་སྐྱོན་དེ།
སེང་རྡོར་ཁེར་བུར་འཕངས་ན་དེ་ཡང་སྙིང་རྗེ་མེད་དྲག
ཆུང་ནས་དབུས་གཙང་འགྲིམས་པའི་མཁས་པ་མི་ཆེན་མིན་ན།
ཨ་མདོའི་རིག་སྨྲ་སུ་ལ་དེ་འདྲའི་ཁོག་པ་འདུག་གམ།
ཨ་མདོ་དྲན་རྒྱུ་འབེལ་ཡང་ཞེ་སྡང་ཆེ་བའི་སྐྱོན་འདི།
རྒྱུས་ཡོད་མི་ཚོའི་ནང་ལ་གསང་བ་གང་ཡང་མིན་པ།
ཕྱི་མི་ཕར་ལ་ཕུད་ནས་ཨ་མདོ་ནང་སོར་ལྟོས་དང་།
བླ་བྲང་ཨ་ཁུས་དགེ་ཆོས་རྒྱལ་ཁམས་པ་ལ་ཅི་བཤད།
ཤེས་རབ་རྒྱ་མཚོས་སེང་གེའི་ང་རོ་དེ་ཡང་སུར་བསྒྲགས།
ཙོང་ཁ་ཟི་ལིང་ཙམ་ཡང་ཁོག་ལ་མི་འཇུའི་ཚོགས་ལ།
བསིལ་ལྗོངས་གཞིས་བྱེས་བོད་མི་ཁོག་ལ་ཆུད་ཐབས་ཅི་ཡོད།
འཇམ་ནོར་ལྟ་ལོག་ཟེར་བ་དེ་ཡང་ཁོག་ཆུང་སྐྱོན་རེད།
སེང་རྡོར་རྒྱུགས་ཁྱི་ཟེར་བ་དེ་ཡང་གཟུ་བོའི་གཏམ་མིན།
རང་གི་ས་ཕྱོགས་མིན་ན་དེ་མིན་ཁས་ལེན་མེད་པ།
ཨ་མདོའི་ས་ཆུས་གསོས་པའི་དཔེ་ཆ་བ་ཚོའི་སྐྱོན་རེད།
ཨ་མདོའི་ལ་རྒྱ་ཟེར་བའི་པགས་རྫུས་ལུས་ལ་གྱོན་ནས།
དབུས་གཙང་ཁམས་པ་ཟེར་བ་ཕར་བཅད་ཚུར་གཏུབ་བྱས་རྗེས།
མཐའ་མ་གོ་རྭའི་ནང་གི་ཟ་འཕྲོ་འཐུང་འཕྲོ་དག་ལ།
ངར་ངར་ཧོབ་ཤོར་བྱེད་པ་ལས་ངན་འདི་ཚོའི་སྐྱོན་རེད།
ཤ་ཚ་ཅན་གྱི་གཏམ་རྙོག་རྣ་ལ་གཟན་པ་ཡོད་མོད།
དཔྱོད་ཤེས་བུ་ཡིས་བལྟས་ན་གོ་རྒྱུ་རེ་འགའ་ཡོང་སྲིད།
ཞེ་སྡང་མེ་རི་ཅན་ལ་ཤིང་སྣུམ་རྣམ་པ་ཤར་སྲིད།
དེ་དང་དེ་འདྲ་ཤར་ཡང་རང་གི་ལས་ངན་སོམས་ཤིག
སྙན་པོ་མི་འདུག ལས་དབང་གཅིག་ཅིང་། སྐྱིད་སྡུག་གཅིག་པ། སེམས་ཁོང་གི་རེ་བ་གཅིག་ཅིང་། འཐབ་རྩོད་གཅིག་པའི་གཞིས་བྱེས་བོད་རིགས་སྤུན་ཟླའི་ནང་ཕན་ཚུན་ཚིག་ངན་གྱི་ཤག་བཀྱེ་བར་ངོ་ཚ་གི་མི་འདུག་གམ། དངོས་གནས་བཤད་ན་རང་དབང་ལུང་པར་གནས་པའི་བོད་མི་དང་། བཙན་འོག་ཏུ་འཚོ་བཞིན་པའི་བོད་མི་དག་གི་ལྷག་བསམ་དང་། སྙིང་སྟོབས། བོད་ཀྱི་རིག་གཞུང་གཅེས་འཛིན་སོགས་གང་བཟང་ཚང་མས་མཁྱེན་བཞིན་པ་ལ་ཁྱེད་ཚོས་ང་བཟང་ཁོ་བཟང་རྩོད་དགོས་དོན་མི་འདུག ལ་རྒྱའི་ཁུ་ཚུར་གནམ་ལ་བསྒྲེངས་ནས། ཡོད་ཚད་བློས་གཏོང་ཕོད་པའི་གཞིས་ལུས་ཕོ་རྒོད་དག་གི་སེམས་ལ་རྨ་ཁ་མ་བཟོ་རོགས། སྐུ་མཁྱེན།