—-དཔལ་དགྱེས་པ་རྡོ་རྗེ།
༡༽ དྲུག་ཅུའི་ལོ་འཁོར་བྱུང་མ་མྱོང་བའི་རྟགས།།
གངས་ཅན་གདན་ས་གཉིས་པའི་རྡར་ས་རུ།།
པོ་ཏ་ལ་ཡི་གཞུང་ལམ་གསར་བཟོ་རིགས།།
བློ་བཟང་སེངྒེའི་རྟེན་འབྲེལ་དང་པོའོ།།
༢༽ མཁས་དབང་སེམས་ལ་ལྷག་བསམ་རྣམ་པར་དག།
རྒྱ་བོད་ཞི་བདེའི་དབུ་མའི་ལམ་ཀུན་རྫོགས།།
སྒྲིག་འཛུགས་གཡང་རྫས་འཛད་མེད་ཆར་དུ་སྨིན།།
སྲིད་རྒྱལ་མཆོག་གིས་རྟེན་འབྲེལ་གཉིས་པའོ།།
༣༽ ཆིག་སྒྲིལ་དམ་པས་འདྲེ་ཡང་བྲན་དུ་འཁོར།།
རང་ཁ་རང་གསོས་དོན་གཅོད་ཕོ་བྲང་བཞེངས།།
རྒྱལ་དབང་མཆོག་གི་སྐུ་ངལ་ངང་གིས་སོས།།
འབུམ་རམས་སེངྒེའི་རྟེན་འབྲེལ་གསུམ་པའོ།།
༤༽ ཆེ་རྒུའི་དཔོན་རིགས་སྨྲ་བས་ཟིལ་གྱིས་གནན།།
སྒེར་སྤྱོད་ཁྲམ་པར་སྙིང་གི་ན་ཚ་འཕར།།
ཤེས་ཡོན་སློབ་གླིང་ཤེས་རབ་སྒོ་འཕར་འགྱེད།།
སྲིད་འཛིན་དང་པོའི་རྟེན་འབྲེལ་བཞི་བའོ།།
༥༽ བླ་མའི་དགོངས་དོན་སྒྲུབ་པའི་སློབ་མ་མཆོག།
འབངས་མིའི་བསམ་པ་བསྐོང་བའི་སྲིད་རྒྱལ་མཆོག།
གངས་ཅན་ལས་དབང་བཟང་པོའི་རྡོ་རིང་མཆོག།
དཔའ་བོ་སེངྒེའི་རྟེན་འབྲེལ་ལྔ་བའོ།།
༦༽ ཁམས་རྒོད་རིས་མེད་ཆོལ་ཁ་ཀུན་ལ་བྱམས།།
ཆོས་པའི་ཚད་ཤིང་དག་སྣང་དད་གུས་ལྡན།།
སྐུ་ཚེའི་རིན་ཐང་གངས་ལྗོངས་དཔལ་དུ་བརྩེ།།
སྲིད་རྒྱལ་དམ་པའི་རྟེན་འབྲེལ་དྲུག་པའོ།།
༧༽ སྔར་མེད་གསར་གཏོད་ཆོས་སྲིད་འགལ་མེད་ངང་།།
དཔའ་མཛངས་ལྡན་པར་འཛམ་གླིང་ཧྲིལ་གྱིས་ཁྱབ།།
ཀླད་མེད་འགའ་རེས་གཞི་མེད་སྒྲོ་བཀུར་ལ།།
བཟོད་སྒོམ་བཟང་སྤྱོད་རྟེན་འབྲེལ་བདུན་པའོ།།
༨༽ བདེན་པའི་རྒྱལ་མཚན་བ་དན་དགུང་དུ་བསྒྲིངས།།
དྲང་པོའི་ཉི་ཟླས་རྒྱན་ཆ་ཏོག་གིས་མཛེས།།
བརླབ་ཆེན་རང་ཚུགས་ཟིན་པའི་སྲིད་རྒྱལ་ཉིད།།
ཕྱོགས་ལས་རྣམ་རྒྱལ་རྟེན་འབྲེལ་བརྒྱད་པའོ།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་ལོ་སར་ཚེས་པ་བཅུའི་ཉིན་བཟང་སྤྱོད་མེད་པའི་མི་ངན་ཐོབ་ཆེན་འགའ་རེས་སོ་སོའི་ཨང་སྟེགས་ལས་གཞན་མི་སེམས་པ་དག་གིས་སྲིད་རྒྱལ་སེངྒེ་ལ་གཞི་མེད་ཀྱི་སྒྲོ་བཀུར་དུ་མ་བཏབས་པའི་དགྲ་དགའ་གཉེན་སྡུག་གི་བརྙན་ཐུང་འགས་རྐྱེན་བྱས་ནས་དྲང་བདེན་དང་ལྷག་བསམ་ཅན་ལ་དུང་བའི་ཨེ་མ་ཧོ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་བོད་གངས་ཅན་པའི་བསྟན་སྲིད་ལ་གནས་སྐབས་སུ་ཕྱི་གསལ་ནང་གསལ་གྱི་དབུ་མ་པ་ལ་བདེན་པའི་རྒྱལ་ཁ་ཐོབ་པའི་ཆེད་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།། །།
བློ་སེང་།
་
གངས་སེང་བོད་ཀྱི་རྒྱལ་དར་རེད། །
སེང་གེ་རྒྱ་བར་ཐེ་ཚོམས་མེད། །
་
བློ་སེང་མི་ཡི་རྗེ་བོ་རེད། །
བློ་སེང་རྒྱལ་བར་ཐེ་ཚོམས་མེད། །
་
རྒྱལ་ལོ།།
རྡ་རམ་ས་ལའི་གཞུང་ལམ་གསར་པ་བློ་བཟང་གི་བརྟེན་འབྲེལ་ཡིན་པ་རྒྱུ་མཚན་གང། བོད་རྒྱ་ཞི་མོལ་སྨིན་རྒྱུ་ཕར་ཞོག་འབྲེལ་མཐུད་ཞིག་ཀྱང་བྱེད་ཐུབ་མེད། ཆིག་སྒྲིལ་དང་གོང་ས་མཆོག་སྐུ་ངལ་ཡག་པོ་བྱུང་ཡོད་ན་ ད་ལྟའི་ཆོལ་ཁའི་འཐེན་ཁྱེར་དང་སྒོང་ས་མཆོག་སྨན་ཁང་ལ་འགྲོ་དགོས་དོན་མེད། གཞན་དེ་ཚོ་ལ་འཆན་བཀོད་རིང་མིན་འདུག།
https://twitter.com/DorjeeGyalpo/status/701076947204382720
སྲིད་རྒྱལ་མ་རེད། སྲིད་སྐྱོང་རེད་ཀོ། ད་ཐེངས་སྤྱིར་ན་ཨེ་མ་ཧོ་བདེན་པ་རྒྱབ་སྐྱོར་གནང་བར་དགའ་ཡོད། བཀའ་དྲིན་ཆེ། ཀླུ་མཁར་བྱམས་ཀྱི་འཕྲོ་ནས་བློ་བཟང་སེངྒེས་ལྷག་སྲིད་སྐྱོང་ཞིག་སྒྲིག་འཛུགས་ལ་མེད་པར་མངོན་གསལ་རེད། ཚོགས་གཙོས་ཞབས་འདྲེན་དེ་ཚོ་ཤེས་ཚེ་དབུ་མ་བདེན་པ་ཞིག་འབྱུང་སྲིད་དམ། གང་ལྟར་སྲིད་སྐྱོང་གི་འཐུས་ཤོར་མེད་པར་ལོ་རྗེས་མ་དག་ལ་ཡང་སྐྱར་སྲིད་འཛིན་ལ་ལོངས་ཤོག་ཨ།
ཡུལ་གངས་ལྗོངས་ཀྱི་སྲིད་སྐྱོང་ཆེན་པོ་བློ་བཟང་སེངྒེ་རྒྱལ་ལོ།།
འཛམ་གླིང ་ཞེས་པར་ཛམ་ཞེས་པ་རྒྱ་གར་ཡིན་པར་འ་སྔོན་འཇུག་ཡོད་པ་ལ་དོན་གསར་པ་ཞིག་འདུག་གམ།
རྡར་ས་རུ། ཞེས་པར་དྷ་ས་རུ། འབྲི་ཐུབ་ན་ཡི་གེ་དག་པའི་ཕན་ཡོན་ཡོད། ཁོ་བོས་ཞུས་པ་བཞིན་ད་སྔོན་འཇུག་ར་རུ་འབོད་པའི་དཔེ་ཞིག་འདི་ནའང་འདུག “ཆེ་རྒུའི་དཔོན་རིགས་སྨྲ་བས་ཟིལ་གྱིས་གནན།”
“པོ་ཏ་ལ་ཡི་གཞུང་ལམ་གསར་བཟོ་རིགས།།” ཞེས་་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་མཆོག་གིས་བྲིས་པ་བཞིན་མ་འོངས་པ་ན། ༧་གོང་ས་ རྒྱལ་བ་རིན་པོ་ཆེ་དང་། བོད་སྐྱེ་དགུས་རང་དབང་དུ་རོལ་བའི་རྟེན་བརྟེན་འབྲེལ་བཟང་ངོ་།
བློ་སེང་སྲིད་སྐྱོང་འོས་སྟངས་བཞི།།
་
སྤེན་ཚེ་དད་པ་ཆེ་ཡང་ཆང་རག་མང་། །
བློ་སེང་དད་པ་ཆུང་ཡང་ཆང་རག་ཉུང་། །་
་
སྤེན་ཚེས་དཔལ་འབྱོར་མཁས་ནོར་གྱིས་དབུལ། །
བློ་སེང་ཁྲིམས་ལུགས་མཁས་པས་ཀུན་གྱིས་བཀུར། །
་
སྤེན་ཚེས་ལོ་མང་ལས་དུས་་རྙོག་གླེང་མང་། །
བློ་སེང་ཡུན་ཐུང་སྙན་གྲགས་རྙོག་གླེང་ཉུང་། །
་
སྤེན་ཚེས་གནང་གཉེན་སྤྱོང་ལ་མཁས་ན་ཡང་། །
བློ་སེང་ཕྱི་དགྲ་འདུལ་ལ་དེ་བས་མཁས། །
་
དེས་ན་ད་ལོའའི་སྲིད་སྟེགས་དེ། །
སྤེན་ཚེ་ལས་ལྷག་བློ་སེང་ལེགས། །
་
ཀརྡོ་ང་ཡི་བསམ་འཆར་ཡིན།།