གླིང་ཚ་ཚེ་བརྟན་རྡོ་རྗེ།
སེམས་ནས་རྙེད་པའི་རིགས་ལམ་ཕྲ་མོ།།
མི་ཡིས་བཞག་ཕའི་དྲན་ཤིང་ལྕི་མོ།།
རྩ་ལ་འཐིམ་པའི་སྲེད་པ་ཞིག་གིས།།
གར་འགྲོ་གར་གནས་རྗེས་འདེད་གཏོང་གི །
ཁ་ལ་སྐྱེ་བའི་སོ་ཚགས་དམ་པོ།།
མགོ་ལ་སྐྱེ་བའི་སྐྲ་ལོ་ནག་པོ།།
སྒྱུ་མའི་ཤུགས་ཀྱིས་བཙུར་ནས་འོང་དུས།།
རུས་ཚིགས་སྐམ་པོ་ཁྲོག་སྒྲ་གྲགས་ཀི།
སྐྱེ་ནས་ལྷན་དུ་འགྲོགས་པའི་ཚོར་བ།།
ཤི་དུས་འཁྱེར་དབང་བྲལ་བའི་ལུས་པོ།།
གཡོག་ལས་སྟོང་གི་ཁྲིམས་ཆད་ཁུར་དུས།།
མི་རྟག་གཤིས་ལ་སྐྱ་འདོག་ཤར་སོང་།།
དགའ་དུས་དགོད་པའི་འཛུམ་གྱི་ལྕི་མོ།།
སྡུག་དུས་སྐྱོ་བའི་གདོང་གི་ཚེར་མ།།
མྱི་འཔག་གཅིག་གིས་བཙན་དབང་བཏང་རྗེས།།
མྱི་གཤིས་རློམ་པ་ན་ཟུག་སྐྱེ་བྱེད།།
དད་ན་འདྲེ་ཡང་གྲོགས་སུ་འདུ་བ།།
དམོད་ན་ལྷ་ཡང་དགྲ་རུ་ཤར་བ།།
འཇིག་རྟེན་རྨོངས་པའི་གླེན་གཤིས་ཤིག་གིས།།
མུན་ནག་ཁྲོད་ནས་མུུན་སར་བསྒྱུར་ཡོད།།
རྩ་མཆོག་གྲོང་ནས་8/5/13 ལ།
རྐང་ལམ་ཕྲ་མོ་འདི་ནས་ཕྱིན་ཏེ།
ཡིད་འོང་གྲོང་ཁྱེར་དེ་ལ་བསླེབ་ཅིག
རང་བཞིན་གཤིས་ཀྱི་འོད་ཟེར་དཀར་པོས།
སྟེང་འོག་ཕྱོགས་བཞིའི་མུན་པ་སེལ་ཤོག
སྟོན་པའི་ཁྲུང་སྐར་སྣང་བའི་ཉིན་མོར།
གནས་དེར་སྒོ་གསུམ་གཅིག་ཏུ་སྤོང་ནས།
གཉིས་མེད་རྒྱལ་སྲས་ཤཀྱ་ཁོང་ལ།
དད་པའི་ཕྱག་གསུམ་ཕུལ་ཅིག་གླིང་ཚ།
གང་གི་ཤ་རུས་ཐིམ་པའི་ལ་རྒྱ།།
འགྲན་མེད་ལྕགས་ཀྱི་གོང་བུ་ལས་སྲ།།
མིའུ་བུ་ལྕགས་ལས་གྲུབ་པའི་གླིང་ཚ།།
ཁྱེད་ལ་བསྔགས་པའི་ཡི་རང་ཕུལ་ཡོད།།
བཟོད་པའི་གོ་ཁྲབ་ལུས་ལ་གྱོན་ཞིང་།
བརྩོན་འགྲུས་རྐང་མགྱོགས་རྟ་ལས་མྱུར་བའི།།
ཚུལ་ཁྲིམས་འཚེ་མེད་ཞི་བའི་ལམ་ནས།།
བུ་ཁྱོད་ངེས་དོན་སེམས་དཔའ་ཆེན་པོ།།
གླིང་ཚ་ལགས་ལ་འཚམས་འདྲི་ཞུ། ཁྱེད་རང་ས་ཕྱོགས་གང་དུ་སླེབས་ཡོད་པ་ཤེས་པ་ཙམ་གྱིས་ཀྱང་སེམས་ལ་དགའ་སྐྱོ་ཟུང་འབྲེལཞིག་འགོག་མེད་དུ་བསྐྱེད་བྱུང་། ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ། ང་ཚོའི་སྐད་ཡིག་དང་རིགས་གཞུང་གི་ཆེད་དུ། ང་ཚོའི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ། དེ་ལྟར་རྐང་བ་རེ་རེ་སྤོས་པ་ལའང་ནང་པའི་ཆོས་ལས་གསུངས་པ་ལྟར་ཚོགས་གསག་རྒྱུ་ཞིག་ཡོད་ན། ད་ལྟའི་བོད་པའི་གནས་སྟངས་འདི་འདྲའི་སྐབས་སུ་དེ་ནི་ཚོགས་གསོག་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་བཤད་མི་དགོས་སྙམ། རྗེས་སུ་ཡི་རང་ཡོད། ལམ་ཁ་ནས་གཟབ་གཟབ་གནང་རོགས
བདག་ཉིད་ཆེན་པོས་་བཅོམ་ལྡན་གླུ་དང་སྡོངས།།
རིགས་ཞེན་དུག་ཏུ་མ་གྱུར་གླིང་ཚ་བུས།།
གསེར་འགྱུར་རྩི་བཞིན་འཆིང་བའི་ལྷ་ཡི་ཆོས།།
བདག་གི་ཡིད་ལ་དེ་རིང་གང་དུ་སོང་།།
གངས་ཅན་མགོན་པོས་འཕགས་མཆོག་ཀླུ་དང་སྡོངས།།
སྤོབས་པ་དུག་ཏུ་མ་གྱུར་གླིང་ཚ་བུས།།
གསེར་འགྱུར་རྩི་ལྟར་འཆིང་བའི་སེམས་ཀྱི་ཆོས།།
བདག་གཞན་མཉམ་བརྗེ་བདག་ལ་གང་དུ་སོང་།།
བྲག་སྲིན་འཁོན་གྱིས་འགྲེད་པའི་ཚ་བོ་རྣམས།།
གླིང་གི་ཕ་སར་སྟོབས་ཀྱིས་བཞེངས་སླད་དུ།།
སྤྲེའུ་རྒན་བྱང་ཆུབ་སེམས་དཔའི་རྡོ་ཆས་རྣམས།།
བདག་གི་རུམ་ལ་དེ་རིང་དགང་གྱུར་ཅིག །