ཁྲོ་གཏུམ།
སེམས་པས་སྒུལ་བའི་འཇིག་རྟེན་གྱི་བྱ་དངོས་གང་རུང
འདུ་ཤེས་ཀྱི་ཚོས་བས་འཐུ་ཞོར
ལས་དབང་གི་མདུན་ལམ་རྐང་པ་སྤོ
སེམས་ཀྱི་འཆར་སྒོ་དག་བཞུར་ཤུལ་དུ
རྐང་ཐང་ལ་འགྲོ་མཁན་གྱི་གྲས་སུ་ཚུད་པའི་མི
བཅོས་ལས་ཀྱི་ཤོག་བྱ་སྤུར་བ་མང་སོང་བས་ཡིན་ནམ
མཁའ་དབྱིངས་ཀྱི་འཇའ་མཚོན་ལ་ལྟ་ཤོར་བས་མིན་ནམ
མཐའ་མཇུག་གི་འགྲུལ་བཞུད་ལམ་དུ
བསིལ་ལྷམ་གཅིག་པུ་གོན་པའི་རྐང་ཐང་བ་དེ་ཁྱོད་མིན་པ་སུ་ཞིག