མིག་བརྒྱད་པ།
གྲང་ལྷགས་འུར་གྱིས་ལྡིང་བའི་གངས་ཅན་ཞིང་།།
དམར་པོའི་ཁྲག་གིས་བརྫུས་པའི་ཕ་ས་ན།།
དུས་རབས་གསར་པའི་སྙིང་གི་འཕར་རྩ་འདིས།།
སེམས་ཀྱི་སྒྲོན་མེ་ནམ་ཡང་ཤི་བ་མེད།།
དབྱར་གསུམ་མེ་ཏོག་སྨག་གིས་གཏུམ་དུས་སུ།།
སྦྲ་ནག་གྲུ་བཞི་རླུང་གིས་བསྙིལ་བའི་ཚེ།།
ཁ་བ་བུ་ཡུག་ཇི་ལྟར་རྒོད་གྱུར་ཅིང་།།
སེམས་ཀྱི་སྒྲོན་མེ་ནམ་ཡང་ཤི་བ་མེད།།
མིག་མདུན་ཐམས་ཅད་ལོང་བར་བྱས་དུས་སུ།།
དབུགས་ཀྱི་རྒྱུ་བ་ཆད་ལ་ཕྱོགས་པའི་ཚེ།།
གཏུམ་དྲག་གཤིན་རྗེའི་དམག་གིས་བསྐོར་ན་ཡང་།།
སེམས་ཀྱི་སྒྲོན་མེ་ནམ་ཡང་ཤི་བ་མེད།།
ཞི་བདེའི་དེད་དཔོན་མཆོག་གི་བཀའ་དགོངས་ལྟར།།
བྲིས་པའི་གདོང་དམར་བོད་པའི་མིང་བྱང་འདི།།
དགུང་དུ་འདེགས་པའི་དཔའ་བོ་དཔའ་མོ་ཚོའི།།
སེམས་ཀྱི་སྒྲོན་མེ་ནམ་ཡང་ཤི་བ་མེད།།
འཇིགས་རུང་མུན་པའི་ཐང་ལ་འཕྱན་དུས་སུ།།
ཀུན་གསལ་ནང་གི་བདེན་པའི་མེ་དཔུང་གིས།།
འཇིག་རྟེན་འོད་ཀྱིས་གང་བར་བྱེད་པ་ཡི།།
སེམས་ཀྱི་སྒྲོན་མེ་ནམ་ཡང་ཤི་བ་མེད།།
མུ་མཐུད་ཡུན་རིང་ལུང་དང་རིགས་ལམ་ལ།
ཁ་སང་སྦྱངས་དང་དི་རིང་སྦྱོང་བཞིན་དང་།
སང་ཉིན་ལ་སོགས་མ་འོངས་སྦྱང་འགྱུར་ན།
རིགས་ལམ་སྒྲོན་མ་རྒྱུན་དུ་ལྷམ་མེར་གསལ།།
སེམས་ཀྱི་སྒྲོན་མེ་ཐོག་མེད་ནས་འོང་བ་ལ་ནི་ཤི་བའི་ཐ་སྙད་མེད་ཅིང་ལས་འདི་ཤི་སོང་ན་ཚེ་འདིས་བསྡུས་པའི་སེམས་ཡང་ཤི་སོང་བ་ཡིན་པའི་མིའི་ལས་འདོར་ན་མིའི་སེམས་ཡང་འདོར་ནས་སྐྱེ་བ་སྤྱི་མའི་རིགས་དྲུག་གང་རུང་གི་སེམས་ཅིག་གསར་དུ་གྲུབ་པ་ཡིན།
སློབ་དཔོན་ཆེན་མོ་རྒན་ལ་དྭགས་པ་དང་སློབ་དཔོན་རྣ་བ་བརྒྱད་པ་རྣམ་པ་གཉིས་ཕེབས་པར་དགའ་བསུ་ཞུ། རྣམ་པ་གཉིས་ཀས་ཟབ་ཅིང་བརླིང་པའི་བཀའ་མོལ་རེ་གནང་བ་ཐུགས་རྗེ་ཆེ། རྒན་ལ་དྭགས་པས་རིགས་ལམ་སྒྲོན་མ་ཞེས་གསུངས་པ་ནི་བརྗོད་བདེ་བར་མ་ཟད་གོ་རྒྱུ་ཆེན་པོ་ཡོད། བྱང་ཆུབ་ལམ་གྱི་སྒྲོན་མ་ཟེར་བ་ལས་བྱང་ཆུབ་ལམ་གྱི་སྒྲོན་མེ་མི་ཟེར་བ་ནི་བརྗོད་བདེ་བའི་དབང་གིས་ཡིན་པ་དང་། སྒྲོན་མ་ནི་སྒྲོན་མེ་དང་དོན་འདྲ་བར་ཚིག་མཛོད་ཁག་ཏུ་བཤད་འདུག །ལག་ན་སྒྲོན་མེ་ཐོགས་ཡོད་ཀྱང་།།ལོང་པས་ལམ་ནི་མཐོང་མི་འགྱུར།།ཞེས་པ་པ་ལྟར་སྒྲོན་མེད་ནི་སྣང་གསལ་ལམ་མར་མེ་ཡིན།
རྗེ་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་མཆོད་མེའི་སྨོན་ལམ་ཚིགས་བཅད་གཅིག་པོ་མཆོད་མེ་འབུལ་བའི་དུས་སུ་བཏོན་ན་ཕན་ཡོན་རྒྱ་ཆེན་པོར་ཡོད་པར་གསུངས།
མར་ཁུ་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་།།
ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས།།
མུན་པའི་བསྐལ་བ་མ་ལུས་བསལ་བྱས་ནས།།
འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག།
སྒྲོན་མ་སྒྲོན་མེའི་གོ་རིམ་འདི། །
མཆོད་མེ་གློག་མཆོད་གཉིས་མཚུངས། །
འགྱུར་མེད་སེམས་ཀྱི་རི་བོ་གཡོ་མེད་དུ་།།
ལྡོག་མེད་ལས་ཀྱི་སྒྲོན་མེ་རྟག་དུ་འབར་།།
བརྗོད་མེད་རང་དབང་ཚིག་གིས་གཏམ་སྙན་ཞིག།
ལོ་རྒྱས་རྡོ་རིང་སེམས་སུ་བསུབ་མེད་བཞག།།
འཇམ་མགོན་ཀོང་སྤྲུལ་གྱིས་གསུངས། ཕྱག་ཆེན་སྔོན་འགྲོའི་ཁྲིད་ཡིག་ངེས་དོན་སྒྲོན་མ་དང་། དགའ་ཤས་ནས་ཕྱག་ཆེན་ངེས་དོན་སྒྲོན་མེ་གསུངས་པས་དོན་དག་གཅིག་པ་ཡིན་པར་སེམས། ངའི་སྔོན་མ་སྒྲོན་མ་ཞེས་པ་དེར་འགྲེང་བུ་ཆད་པར་དྭོགས།