ནམ་མཁའ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་ལགས་ཀྱིས། དགེ་བཤེས་ལྷག་རྡོར་དང་དགེ་བཤེས་ཐུབ་བསྟན་སྦྱིན་པ། ཧྥུ་རན་སིའི་ནང་པའི་དགེ་སློང་མཱ་ཐའོ་རི་ཁཱ་སོགས་ལ་བཅར་འདྲི་བྱས་བའི་རིམ་པ་དང་ཁོང་ཚོའི་དམིགས་ཡུལ་ཞིག་ལ་ཉན་པའི་ཚོར་སྣང་ཞིག་འདིར་བརྗོད་ཆོག་པར་ཞུ།
སྤྱིར་ནུབ་ཕྱོགས་ཚན་རིག་ཚོས་ནང་པའི་གཞུང་ལུགས་ལ་དོན་སྣང་ལོ་ངོ་བརྒྱ་ཡས་མས་ཞིག་ནས་བྱུང་ཡོད་པ། དགེ་ཆོས་ལགས་ཀྱིས་གཏམ་རྒྱུད་གསེར་གྱི་ཐང་མའི་མཇུག་རྩོམ་ན་གསལ་བོ་རེད། ཡིན་ཡང་བོད་པའི་ནང་པའི་གཞུང་ལུགས་སྨྲ་བ་དང་མཉམ་དུ་བགྲོ་གླེང་བྱུང་བ་འདི་༧གོང་ས༧་མཆོག་གི་བཀའ་དྲིན་རེད་ཟེར་ན་མ་འགྲིག་པ་མེད། དེ་ཡང་༧གོང་ས༧་མཆོག་སྐུ་ན་ཕྲ་མོའི་སྐབས་སུ་ཚན་རིག་ལག་ཤེས་ལ་དུངས་བ་བྱུང་ཤིང་། བྱིས་པའི་རྩེད་མོ་རྩེད་ཆས་གཞན་ཞིག་མེད་པར་ཆུ་ཚོད་དང་རྐང་གསུམ་རྒྱང་མཐོང་སོགས་བེད་སྤྱོད་བྱེད་འགོ་བཙུགས་པ་ནས་༧གོང་ས་༧མཆོག་གི་ཐུགས་རང་དབང་མེད་པར་ཚན་རིག་ལ་དོ་སྣང་དང་སྤྲོ་སྣང་བྱུང་བ་ཞིག་ཡིན་པ་གསལ་བོ་རེད། སྐབས་དེར་མཚོན་ནས་བཤད་ན་བོད་ལ་ཚན་རིག་བེད་སྤྱོད་ཡོ་ཆས་ཀྱི་རྨང་གཞི་གློག་ཙམ་ཡང་མེད་པས་ཐུགས་ཕམ་འབྱུང་སྲིད།
དེ་ནས་རིམ་གྱིས་རང་ཡུལ་ཤོར་བ་ནས་བཟུང་། ༧གོང་ས༧མཆོག་གི་ཐུགས་སུ་རང་ཡུལ་ཤོར་དགོས་བའི་རྒྱུ་མཚན་གཙོ་བོ་ཞིག་ནི། རང་གི་བོད་ལུང་པ་ལ་ཚན་རིག་ལག་ཤེས་མེད་པའི་རྐྱེན་བྱས་ཏེ་བྱུང་བ་ཞིག་ཡིན་པ། སྐབས་རེ་བཀའ་སློབ་གནང་བ་ཕྲན་གྱིས་ད་རུང་ཡང་དྲན་གྱི་འདུག ཡིན་ཡང་བཙན་བྱོལ་གཞུང་གིས་ལོ་ངོ་ལྔ་བཅུའི་རིང་ཚན་རིག་ལག་ཤེས་ཀྱི་༼ཨིན་ཅི་ནར་རེ༽མི་སྣ་གཅིག་ཀྱང་བསྐྱེད་སྲིངས་བྱས་མ་ཐུབ་པ་འདི་ནི་ཅི་འདྲའི་ཐབས་སྐྱོ་བ་ཞིག་རེད་ཨང་།
དེ་ཡང་གཙོ་བོ་གཅིག་བཙན་བྱོལ་གཞུང་གིས་ཤེས་རིག་ཡར་རྒྱས་ཀྱི་ཁ་ཕྱོགས་ནོར་བའི་རྒྱུ་རྐྱེན་རེད། སྐབས་དེ་དུས་བཟུང་ཡིག་བསྒྱུར་སྡེ་ཚན་ཞིག་བཙུགས་སྟེ། དེང་དུས་ཀྱི་ཤེས་ཡོན་ཚན་རིག་ལག་ཤེས་ཀྱི་ཕྱོགས་ལ་འབད་ཡོད་ན། དེ་རིང་བོད་ཡིག་གི་ཐོག་ནས་དེའི་རིགས་ཀྱི་རྨང་གཞི་བརྟན་པོ་ཆགས་ཡོད་སྲིད། ཡིན་ཡང་ལམ་ཁ་དེ་འདྲའི་ཕྱོགས་སུ་མ་བསྐྱོད་པས་༧གོང་ས༧་མཆོག་གིས་སྒེར་ནས་མུ་མཐུད་དེ།ཚན་རིག་པ་དང་འབྲེལ་འདྲིས་གནང་བ་མ་ཟད། ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཡང་ལོ་ལྔ་རེ་བར་ནས་ཐེངས་གཅིག་ཚོགས་རྒྱུ་གཏན་འཁེལ་གནང་བ་ཞིག་རེད། དེ་ཡང་རྡ་སའི་སྐུ་སྒེར་གྱི་ཕོ་བྲང་ནས་ཚོགས་པ་དང་། སྐབས་དེར་བོད་མི་ཤེས་ཡོན་ཅན་ཕེབས་མཁན་ཉུང་ཙམ་ཞིག་ལས་མེད།
དེ་རིང་བོད་ཀྱི་དཔེ་མཛོད་ཁང་གིས་བཀོད་སྒྲིག་གནང་སྟེ་རྒྱ་གར་ལྷོ་ཕྱོགས་སུ་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཐེངས་༢༦གདན་ས་ཆེན་མོ་འབྲས་སྤུངས་སུ་ཚོགས་ཡོད། གོང་དུ་ཞུས་པ་བཞིན་ཨེ་ཤེ་ཡ་རང་དབང་རླུང་གིས་གསར་འགོད་པ་སྐལ་ལྡན་བློ་གྲོས་ཀྱིས་གསུང་བསྒྱུར་དང་ཚན་རིག་ལ་དོ་སྣང་བྱེད་མཁན་བོད་ཀྱི་དགེ་འདུན་པ་རིག་པ་སྨྲ་བ་ཚོར་བཅར་འདྲི་བྱས་བ་ལ་ཉན་ཚེ། ད་རུང་ཡང་བོད་ཀྱི་རིག་པ་སྨྲ་བ་ཚོས་༧གོང་ས༧མཆོག་གིས་དམིགས་ཡུལ་དངོས་དེ་མཁྱེན་གྱི་མི་འདུག་སྙམ། ཡང་ན་གསར་འགོད་པ་སྐལ་ལྡན་གྱིས་བཅར་འདྲི་བྱས་མ་ཤེས་པ་འདྲ་སྙམ།
གང་ལྟར་གསར་འགོད་པས་བཅར་འདྲི་བྱེད་སྟངས་རེ་རེ་ལ་ཚན་རིག་པ་ཚོར་ཁེ་ཕན་ག་རེ་ཡོད་མེད་སྐོར་དྲིས་པ་ལས་བོད་མི་རིགས་རང་ལ་ཤེས་རིག་གི་སྟོང་ཆ་གང་ཡོད་པ་དང་། སེམས་དང་ཚེ་སྲོག་གི་བགྲོ་གླེང་འདི་དང་རྐྱེན་བྱས་ཏེ་བོད་པས་ངོས་ནས་དགོས་མཁོ་གང་ཞིག་ཚུར་ལེན་དགོས་པ་སོགས་སུ་བཅར་འདྲི་བྱས་མི་འདུག་པས་བློ་ཕམ་བྱུང་སོང་།
བོད་ཀྱི་རིག་པ་སྨྲ་བ་ཚོས་སེམས་ཀྱི་རྣམ་བཞག་གི་ཕྱོགས་ནས་ནང་པའི་གཞུང་ལུགས་སུ་གཏན་ལ་ཕབ་ཟིན་པ་དག་གོ་བ་ལེན་སྟངས་ཀྱི་ཁྱད་པར་ཚན་རིག་པའི་ཕྱོགས་ནས་ལེན་ཐུབ་མོད། ཡིན་ཡང་ང་ཚོ་བོད་ལ་ཁ་ཚ་དགེ་སྡིག་གི་དགོས་པ་ངོ་མ་དེ་ཚན་རིག་ལག་ཤེས་དང་། ཕྱིའི་དངོས་བོ་སྐྲུན་ལུགས་ཀྱི་ཕྱོགས་ནས་ཉམས་ཞིབ་བྱས་ཏེ་འཆར་འགོད་པ་༼ཨིན་ཅི་ནར་རེ༽ཡི་ཕྱོགས་སུ་འབད་དགོས་བ་དེ་རེད། དེ་ནི་༧གོང་ས༧མཆོག་གི་དགོངས་གཞི་དངོས་དེ་ཡིན་སྲིད་ལ། བོད་མི་རིགས་ལ་དགོས་མཁོ་ཆེ་བ་ཡང་དེ་རེད།དེ་ལྟར་བྱུང་ཚེ་བོད་ཀྱི་ཤེས་ཡོན་སྟོང་ཆའི་ཁ་གསབ་ཡང་བྱས་ཐུབ་ཡོད།
དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསར་འགོད་པ་སྐལ་ལྡན་ལ་ལན་འདེབས་ཞིག་གི་སྐབས། ནུབ་ཕྱོགས་ཚན་རིག་པ་ཚོས་དེང་སང་ནང་པའི་གཞུང་ལུགས་ནས་ཁོང་ཚོའི་སློབ་ཕྲུག་ཚོའི་སློབ་དེབ་ནང་གཞན་ཕན་དང་སྙིང་རྗེ་བྱེད་སྟངས་སོགས་འཇོག་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་གསུངས་སོང་། དེས་རྐྱེན་ནུབ་ཕྱོགས་ཚན་པ་ཚོས་ཁོང་ཚོའི་མི་རིགས་ལ་གང་ཞིག་དགོས་མཁོ་ཆེ་བ་ལག་ལེན་དུ་བསྟར་བཞིན་ཡོད་ན་ཡང་། ད་རུང་བོད་ཀྱི་ཚན་རིག་ལ་དོན་སྣང་བྱེད་མཁན་རིག་པ་སྨྲ་བ་ཚོས་ཚན་རིག་པའི་ཕྱོགས་ནས་གང་ཞིག་ལེན་དགོས་བ་དང་། གང་ཞིག་བོད་མི་རིགས་འདི་ལ་དགོས་མཁོ་ཆེ་བ་མཐོང་མེད་པ་འདྲ་བས་དེའི་ཕྱོགས་ལ་འབད་པ་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ།
དེ་མིན་གདན་ས་ཁག་གི་རིག་པ་སྨྲ་བ་ཆ་ཚང་ནང་ཆོས་ཉམས་ལེན་པ་ཡང་དག་པ་ཞིག་ཡོང་བ་དཀའ་ལས་ཁེགས་པོ་རེད། གཞུང་ལུགས་ལ་མཁས་ཀྱང་སེམས་པ་རྭ་ལྟར་གྱུར་བའི་དགེ་བཤེས་འགའ་རེ་ཡང་གནའ་སྔོན་མ་ནས་ཡོད་ལ་དེང་སང་དེ་ལྟར་ཡོད་པ་ལ་ཐེ་ཚོམ་མེད་པ་ཞིག་རེད། ངས་འདི་ལྟར་བཤད་ཚེ་རིག་པ་སྨྲ་བ་འགའ་རེ་ལ་ཕོག་ཐུགས་འགྲོ་སྲིད་མོད། ཡིན་ཡང་གནའ་སྔ་མོ་ནས་མི་ལ་རས་པའི་རྣམ་མགུར་ན་ཡོད་པའི་དགེ་བཤེས་ཙག་ཕུད་ལྟ་བུ་བྱུང་བ་དངོས་ཡོད་གནས་ཚུལ་རེད། དེས་རྐྱེན་ཆོས་ཉམས་ལེན་ཡག་པོ་མ་བྱུང་ཚེ་། ཚན་རིག་ལག་ཤེས་པ་ཕུལ་བྱུང་རེ་བྱུང་ན་བོད་མི་རིགས་ལ་ཡང་ཕན་ཐོགས་ཆེ་བར་བསམ་པའི་དབང་གིས་དེ་ལྟར་བྲིས་པ་ཡིན་པས་ཁྱེད་ཅག་ཡོངས་ལ་དགོངས་འགལ་མེད་པར་ཞུ། འདི་ནི་ཐད་གཏོང་ལ་ཉན་རྗེས་ཤར་མར་བྲིས་བས་ཚན་རིག་ལ་དོ་སྣང་བྱེད་མཁན་གྱི་རིག་པ་སྨྲ་བ་ཚོར་ཡང་བསྐྱར་དགོངས་པ་མ་ཚོམས་རོགས་ཞུ་རྒྱུ་ཡིན།
༡༨/༡/༢༠༡༣ལ
དབྱིན་རྒན་ཀླད་དམར་ཚོས། དགེ་བཤེས་དེ་ཚོའི་ཐུགས་ན་སྔོག་རྒྱུ་ཞིག་ཡོད་པར་འདོད་པས་དེ་ལྟར་ཚུར་ལ་བསླེབས་ནས། ང་ཚོའི་དགོན་པ་དང་ཆོས་ཁང་ན་ཚོགས་བཞིན་ཡོད་པ་རེད།
དེ་མིན་དོན་འདི་བོད་ཕན་ཞིག་གི་ཆེད་དུ་ཡིན་ན། དབྱིན་ཡུལ་ཁག་གི་ཚན་རིག་གི་རྫས་ལག་ཆ་ཚང་ཡོད་ས་ནས་ཚོགས་དགོས་པ་རེད། མ་གཞི་ཚན་རིག་པའི་མི་སྣས་ང་ཚོ་ཚུར་བསྔོགས་པ་ཞིག་ལས། ང་ཚོའི་བླ་རྒན་ཚོས་ནང་ཆོས་ཤེས་ན་ཚན་རིག་ཡང་ཤེས་ཡོད་པའི་སྣང་བ་རྫུན་མ་ཞིག་སྐྱེས་ནས་ཕར་ཕྱོགས་ཀྱི་ལེགས་ཆ་གང་ལ་ཡང་བློ་ཕྱོགས་མི་ཐུབ་པ་དང་། བློ་ལ་ལེན་ཐུབ་པའི་ནུས་བ་ཡང་མེད་པར། ངོམ་སོ་རྫུན་མ་ཞིག་གི་གཉིད་དུ་ཡུར་བ་ལ་སེམས་སྐྱོའོ།
ཡག་པོ་རེད་ ཡི་རངས་ཡོད་
གོང་ས་མཆོག་ནས་ཀྱང་ཆོས་ལུགས་ལ་བདེན་པ་ཡོད་ཚུལ་སྨྲ་བའི་ལྟ་བ་དེ་སྒྲུབ་བྱེད་ལས་བོད་མི་རིགས་ལ་ཕན་དོན་སྐོར་གང་ཡང་གསུངས་མེད་པ་ནི་ཚང་མས་ཤེས་ཀྱི་ཡོད་ནའང་མི་ཤེས་མདོག་བྱེད་པ་དེ་ག་རེ་དེད་དམ
མཁས་དབང་དགེ་ཆོས་ཀྱིས་ནང་ཆོས་དང་ཚན་རིག་གཉིས་ལག་གདངས་སྤྲེལ་ནས་སོང་ན་ཚན་རིག་ཐང་ཆད་དེ་ས་ལ་འགྱེལ་འགྲོ་གི་རེད། ནང་ཆོས་དེ་ལས་ཀྱང་མཆོངས་འགྲོ་གི་རེད། གསུངས།
ཚན་རིག་ནི་ཕྱིའི་དངོས་པོར་གཞི་བཅོལ་བའི་ཤེས་ཡོན་ལམ་ལུགས་ཤིག་ཆགས་ཡོད་པ་ཡིན་སྟབས། རང་བྱུང་ཁམས་འདིའི་ནང་དངོས་པོའི་གནས་ལུགས་ག་རེ་ཡོད་པ་ཤེས་འདོད་གཏིང་ཟབ་ཡོད་པ་རེད། ལག་ཆ་གཙོ་བོ་འཕྲུལ་ཆས་ཀྱི་ནུས་པ་དང་། ཕྲ་མཐོང་ཆེ་ཤེལ་དང་རྒྱང་ཤེལ་ཀྱི་ཐོག་ནས་གནས་ཚུལ་གང་ལ་གང་འཚམས་ཤེས་རྟོགས་ཐུབ་ཡོད་པ་རེད། ཡིན་ཡང་གནས་ཚུལ་མ་ཤེས་པ་ད་དུང་མང་པོ་ལྷག་བསྡད་པ་ཚན་རིག་མཁས་ཅན་ཞིག་གིས་གསུངས་སོང་། རང་བྱུང་ཁམས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པ་ལ་ཆོས་ལུགས་ཀྱི་ལྟ་གྲུབ་དང་མ་འབྲེལ་བའི་ཐོག་ནས་དཔྱད་ཞིབ་བྱེད་པ་འདི་ཚན་རིག་པ་ཚོས་འདུན་པ་ཉག་གཅིག་རེད།
མི་མཐུན་ས་གཙོ་བོ་ཀླད་པའི་ཚན་རིག་དང་ནང་དོན་སེམས་ཁམས་རིག་པའི་སྐོར་རེད། ཚན་རིག་པས་ཕྲ་རྡུལ་དང་ནུས་པ། བེམ་པོ་གཙོ་བོར་བྱས་ནས་ལུས་སེམས་ཀྱི་འབྲེལ་བའི་སྐོར་བཤད་དུས་གློག་རྡུལ་གྱི་ནུས་པ་ལ་བརྟེན་ནས་ཚད་འཇལ་གི་ཡོད་པ་རེད། ནང་དོན་རིག་པའི་གཞུང་ནས་ཤེས་པ་སྐྱེས་ཚུལ་བཤད་པའི་སྐབས་སུ། ཤེས་པ་ནི་གཙོ་བོ་དམིགས་རྐྱེན་དང་བདག་རྐྱེན། དེ་མ་ཐག་རྐྱེན་གསུམ་གའི་འབྲས་བུ་ཡིན་ཡང་ལག་རྗེས་སོ་སོ་ནས་འཇོག་དགོས་པ་ནི། དཔེར་ན། སྔོན་འཛིན་མིག་ཤེས་དེ་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་ནི་དམིགས་རྐྱེན་ལག་རྗེས་དང་། གཟུགས་འཛིན་གྱི་སྒྲ་ལ་སོགས་པ་མི་འཛིན་པ་ནི་བདག་རྐྱེན་མིག་དབང་གི་ལག་རྗེས་ཡིན། ཤེས་པ་དེ་གསལ་རིག་གི་ངོ་བོར་བསྐྱེད་པ་ནི་དེ་མ་ཐག་རྐྱེན་གྱི་ལག་རྗེས་ཡིན།
ད་རེས་གདན་ས་ཆེན་མོ་དཔལ་ལྡན་འབྲས་སྤུངས་སུ་ནང་ཆོས་དང་ཚན་རིག་གཉིས་ཞིབ་བསྡུར་བྱེད་པའི་བགྲོ་གླེང་ཚོགས་འདུ་དེར་དགེ་མཚན་ཧ་ཅང་ཆེན་པོ་ལྡན་ཡོད།
གཅིག་ནས། ལོ་ངོ་སྟོང་ཕྲག་རིང་ལ་གསོལ་འདེབས་མུན་ནག་མདའ་འཕེན་བྱེད་པའི་སུམ་ཅུ་རྩ་གསུམ་ལ་སོགས་ལྷ་ཡི་ཞིང་ཁམས་རྣམས་རི་རབ་ཀྱི་སྐེད་པར་གནས་པ་ཡིད་ཆེས་བྱེད་པའི་རེ་སྟོང་དེ་སངས་འགྲོ་བ་དང་། གཉིས་ནས་རྡོ་རྗེ་གདན་གྱི་འོག་ཕྱོགས་སུ་གནས་པར་འདོད་པའི་ནད་མེད་ལ་སོགས་དམྱལ་ཁམས་བཅོ་བརྒྱད་རྣམས་ཀྱང་བྱིས་པའི་བཅོས་སྒྲུང་ཡིན་པ་ཤེས་པར་བྱས་ན་ལོ་མང་རིང་གི་ངལ་པའི་དཀོན་སེལ་འགྲོ་གི་རེད། དེ་ནས་ཉི་ཟླ་སྐར་གསུམ་དང་འཇིག་རྟེན་གཞན་གྱི་གནས་ལུགས་དེ་ཡང་ཁ་ནས་སྟོང་བཤད་ཁོ་ན་ཙམ་མ་ཡིན་པར་དོན་དངོས་དང་བསྟུན་ཤེས་པར་གྱུར་ནས་དངོས་ཡོད་དེ་ཁས་ལེན་པ་ཡོང་གི་རེད།
ད་ཡག་པོ་བྱས་ནས་ལྟོས་སྡོད་ཨ། ཉིན་མ་གཅིག་འདི་ཚོས། ལས་འབྲས་མེད། སྐྱེ་བ་སྔ་ཕྱི་མེད། འབྲས་བུ་རྣམ་མཁྱེན་མེད་ཟེར་གྱི་རེད། ཅིས་ཏེ་མིག་གིས་མཐོང་ཡུལ་ན་མེད་པའི་ཕྱིར་ལབ་ཀྱི་རེད། སྡོམ་པ་སྲུང་ནའང་རྒྱུ་མཚན་དེ་ཙམ་མི་འདུག། གྲྭ་རྐྱང་བྱས་ནའང་དགོས་པ་དེ་ཙམ་མི་འདུག། མི་མཐོང་ས་ཞིག་ན་མང་པོ་ཞིག་ཡོད་ཟེར་ཚད་རྫུན་མ་རེད་འདུག་ལབ་ཀྱི་རེད། དེ་ནས་ག་ལེ་ག་ལེར་གྲྭ་ཆས་ལྷབ་བེ་ལྷུབ་བེ་འདི་གྱོན་ན་ཅ་སིང་གི་འདུག་ལབ་ཀྱི་རེད། མི་ཕོ་གསར་མགོ་དབུ་རིལ་བཟོ་གི་མིན་ལབ་ཀྱི་རེད། མོ་ཊ་དང་ཁ་པར་གློག་ཀླད་རྫིག་པོ་དེ་འདྲ་དགོས་ཡོད་ལབ་ཀྱི་རེད། ན་ཟླ་དང་མཉམ་དུ་འགྲོ་མི་ཆོག་པའི་རྒྱུ་མཚན་གང་ཡིན་ལབ་ཀྱི་རེད། དེང་དུས་ཀྱི་གྱོན་གོས་འདྲ་མིན་སྣ་ཚོགས་གྱོན་མི་ཆོག་པ་གང་ཡིན་ལབ་ཀྱི་རེད། གླུ་ལེན་གར་འཁྲབ་བྱེད་ཀྱི་ཡིན་ལབ་ཀྱི་རེད། དེ་ནས་གདན་ས་ཟེར་བ་དེ་ག་འདྲ་ཞིག་ལ་གྱུར་ཡོང་སུས་ཤེས།མ་གཞི་ནས་དགོན་པ་མང་པོ་ཞིག་ད་ལྟ་ནས་འདི་འདྲ་ཡིན་ས་རེད་འདུག། ད་བསམ་བློ་ཡག་པོ་ཐོངས། བྱ་བྱེད་བྱེད་འབོལ་ན་བྱ་རྐང་ཆག། ཝ་ཉུག་ཉུག་འབོལ་ན་ཝ་ལྤགས་ཞུས། ཟེར་བའི་ཁ་དཔེ་ཞིག་ཡོད་རེད་དྲན་སོང་། འོན་ཀྱང་བཟང་པོའི་ཆ་ཤས་ལེན་རེས་བྱེད་ཀྱི་ཡོད་ན་ཡག་པོ་རེད། ཚན་མའི་མཐའ་ལ་མ་ལྷུང་བ་ཞིག་བྱས་ན་ཡག་ཡོང་། ནང་པས་འདོད་ཚུལ་ཟེར་ག་ཚོད་བཤད་པ་ཡིན་ནའང་། སྲིད་པ་ནས་ཆགས་པའི་བོད་མི་རིགས་ཀྱི་བསམ་བློ་དང་འབྲེལ་བ་ཡོད་པ་ཞིག་ཡིན་འགྲོ། ད་གང་ལྟར་རང་ལུགས་མ་ཉམས་པའི་ངང་ནས་གཞན་གྱི་་རྗེས་ཟིན་དགོས་རྒྱུ་དེ་ལའང་རྒྱུ་མཚན་འདུག། །
བྱ་བྱེད་བྱེད་འབོལ་ན་བྱ་རྐང་ཆག། ཝ་ཉུག་ཉུག་འབོལ་ན་ཝ་ལྤགས་ཞུས།
འདི།
བྱ་བྱེད་བྱེད་འབོལ་ན་བྱ་རྐང་ཆག། ཝ་ཉུག་ཉུག་འབོལ་ན་ཝ་ལྤགས་བཤུས། མིན་ནམ།
ཡོད་ཚད་ཤེས་དགོས་རེད། སེམས་ཅན་ཡོད་ཚད་སྙིང་རྗེ་སྦྱོངས་དགོས་རེད། དངོས་པོ་ཡོད་ཚད་ལ་ངེས་པར་འབྱུང་དགོས་རེད། ཚན་རིག་སྦྱོང་དགོས་དང་དགོས། དགའ་བསུ་ཡོད། རེ་བ་ཡོད། ང་ཡང་ཞོར་ལ་སྦྱོང་བཞིན་ཡོད། རྣམ་པ་ཚོས་ཀྱང་ངེས་པར་དུ་སྦྱོངས་ཤིག
གོང་ས་མཆོག་གིས་གསུང་གསལ་ལ་ཤེས་ཚོར་གྱི་ཡུལ་དུ་མ་གྱུར་བའི་ཤེས་བྱ་མང་པོ་ཞིག་ཡོད་པ་རེད། འོན་ཀྱང་དེ་དག་ལ་ངེས་བར་འགྲེལ་བཤད་རྒྱག་དགོས་པ་ཞིག་ཆགས་ཡོད་པ་མ་རེད། འགྲེལ་བཤད་རྒྱག་མ་ཐུབ་པའི་གནས་ཚུལ་མང་པོ་ལྷག་བསྡད་པ་རེད། དཔེར་ན། འཐེན་ཤུགས་དང་ཀླད་པ་ལྟ་བུ་རེད། ནང་པའི་ལུགས་ཀྱི་སྐྱེ་བ་སྔ་ཕྱི་དང་དང་ལས་རྒྱུ་འབྲས་དེ་དག་ཀྱང་དེ་དང་མཚུངས་བར་རྒྱུ་འབྲས་ཆོས་ཉིད་ཀྱི་རྒྱ་ལས་མ་འདས་པར་ཡོད་ཀྱང་འགྲེལ་བཤད་རྒྱག་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། གསུངས།
དགེ་འདུན་པས་ཚན་རིག་སྦྱོང་དགོས་པའི་དམིགས་ཡུལ་ནི་དགེ་འདུན་པ་ཚོ་ཚན་རིག་པ་ཆགས་རྒྱུ་དང་དགོན་སྡེའི་ལམ་ལུགས་ནི་ཚན་རིག་གི་ཚོད་ལྟ་ཁང་ངམ་བརྟག་དཔྱད་ཁང་ལྟ་བུར་འགྱུར་རྒྱུ་མ་ཡིན་པར། ནང་ཆོས་དང་ཚན་རིག་གི་བར་ཚད་མཐོ་བའི་དཔྱད་བསྡུར་བྱ་རྒྱུ་དེ་རེད། ལུགས་དེ་གཉིས་ཀྱི་བར་ལ་གོ་རྟོགས་སྤེལ་རེ་དང་བསམ་ཚུལ་བརྗེ་ལེན་གྱི་ཐོག་ནས་མ་འོངས་བར་ཚན་རིག་གིས་ནི་འཛམ་གླིང་ཞི་བདེའི་ཕྱོགས་སུ་སྣེ་ཁྲིད་པའི་དམིགས་འདུན་རྒྱ་ཆེན་པོ་ཡོད་པ་རེད།
སེམས་ཁམས་རིག་པ་རེ་བ་མི་འདུག ལདགའ་ལྡན་ཁྲི་ཟུར་ལུང་རིགས་ལགས་ལ་གཟིགས་དངཉམས་ལེན་ག་འདྲ་ཡོག་འདོག་ག་བསྟན་ཚར། དགོས་ཁམས་ནི་མཚན་རིག་པ་ལ་སྡུར་ཡག་རེ་བ་མ་བྱེད། དངོ་ལོ་འཕྱར་ཡོང་། དེ་ལས་བཀའ་རྙིང་ཕྱག་རྫོགས་གི་སེམས་དོན་ཉམས་ལེན་ལ་རེ་བ་ཡོད་མོད། དེ་ཡང་སྔོན་འགྲོ་དང་དད་པ་དམ་ཚིག་མཚན་རིག་པ་དང་གྲོས་སྡུར་ཁག་པོ་མིན་འགྲོ། ཆོས་འདི་ངེས་འབྱུང་དང་དང་མི་རྟག་པ་ཡང་དག་བའི་ལྟ་བ་སོགས་རང་ལུགས་སེམས་ཀྱི་ཁ་ཟས་ལ་སྤྱོད་པར་ཞུ།
དྲ་གྲོགས་ཚོ་འདི་ཕེབས་ནས་དགོངས་ཚུལ་གསུངས་པ་ལ་དགའ་བསུ་ཡོད།ཡིན་ཡང་ངས་གོང་དུ་བཤད་པ་བཞིན་༧གོང་ས༧མཆོག་གིས་ཚན་རིག་དང་མཉམ་དུ་བགྲོ་གླེང་གནང་དགོས་བའི་དགོས་བ་དང་རྒྱུ་མཚན་དམིགས་ཡུལ་དེ་ཚན་རིག་པ་ཚོར་ཕར་ནང་གི་སེམས་ཁམས་འགྲེལ་བཤད་དང་བྱམས་སྙིང་རྗེ་སྒོམ་ལུགས་འགྲེལ་བཤད་ཁོ་ནའི་ཆེད་མ་རེད་འདོད་ཡོད།བོད་རང་ལ་མེད་པ་ཚན་རིག་ལག་ཤེས་ཀྱི་ཤེས་ཡོན་འདི་མེད་སྟབས་།ཚན་རིག་པ་ཚོས་མངོན་སུམ་ཀྱིས་མཐོང་དཀའ་བའི་ཤེས་བའི་རིགས་དང་ཕར་ནང་པའི་གཞུང་ལུགས་ན་གསུངས་པ་བཞིན་ཕར་འགྲེལ་བཤད་དང་བོད་རང་ལ་མེད་པའི་ཚན་རིག་ལག་ཤེས་དེ་ཚུར་རང་གི་རིག་གཞུང་ནང་ཁ་གསེབ་བྱེད་ཆེད་ཡིན་པར་སྙམ།དེ་རིང་ངས་འདིར་སེམས་ཁམས་དང་ཕྱིའི་དངོས་པོ་གྲུབ་ལུགས་ལ་བགྲོ་གླེང་མི་བྱེད་པར་བོད་རང་ལ་མེད་པའི་ཚན་རིག་ལག་ཤེས་དག་ཚན་རིག་པ་ཚོའི་མདུན་ནས་རང་གིས་ལེན་དགོས་བའི་དམིགས་ཡུལ་འཛིན་དགོས་བའི་ཕྱོགས་སུ་བསམ་ཚུལ་ཙམ་ཞུས་པ་ཡིན།
འདིར་ཡང་བསྐྱར་སྐུ་ཞབས་ཀརྡོ་ལགས་ལ་ཞུ་རྒྱུ་ཞིག་ནི།སྐུ་ཉིད་ཀྱིས་ཚན་རིག་ལ་སྦྱོང་གི་ཡོད་ཚུལ་གསུངས་འདུག་པས་ཕྲན་རང་དགའ་བ་རབ་ཏུ་འཕེལ།དེ་རིང་མཆོག་ཉིད་འབྲས་སྤུངས་སུ་བཞུགས་ཡོད་ཚེ།ཁྱེད་ཀྱི་ཆོས་གྲོགས་ཚོར་བོད་རང་ལ་གང་ཞིག་ཆད་སྐྱོན་ཡོད་མེད་སྐོར་དང་དེ་མིན་དབང་རྩ་ལ་སྐྱོན་ཤོར་ཚེ་ཤེས་པ་སྐྱོན་ཤོར་ཡོད་མེད་སོགས་ཀྱི་དྲི་བ་རེ་འདྲི་ཐུབ་བམ།ཐུགས་རྗེ་ཆེ།ཕྲན་རང་ས་ཐག་རིང་བས་དངོས་གཞིའི་བགྲོ་གླེང་ལ་ཉན་ཐབས་བྲལ།
ད་དེ་འདྲ་རེད། རི་བོང་རི་བོང་ཤོར་ཤོར་སྡོམ་པ་སྡོམ་པ་ཤོར་རོགས་ཡིན་འགྲོ།
ཚན་རིག་སྦྱང་ཡིན་ཟེར་ནས་ཙག་ཀྲ་ཙམ་ཀྱང་བཟོ་མ་ཤེས། སེམས་ཁམས་ཉམས་ལེན་པ་ཡིན་ཟེར་ནས་ལས་རྒྱུ་འབྲས་ཚེ་སྔ་ཕྱི་ལ་ཡིད་ཆས་བརླག། ད་གང་ཤེས། བོད་རིག་པའི་ཞིབ་ལཇུག་ཡིན་ཟེར་མཁན་དེ་ཚོ་ནི་རང་གི་ལྟོ་གོས་ཀྱི་དོན་དུ་མ་གཏོགས་ཁོང་ཚོར་ཡུལ་ལྷ་གཞི་བདག་ལས་རྒྱུ་འབྲས་སོགས་ལ་ཡིད་མི་ཆེས། འོན་ཀྱང་ཁོང་བོད་ཀྱི་གཞུང་ཆེན་དང་ཐ་ན་ཡུལ་ལྷ་གཞི་བདག་ཡན་ཆད་ལ་ཞིབ་འཇུག་བྱས་ཟིན། ལྷག་པར་དུ་དངོས་ཁམས་ཚན་རིག་དང་མཐུན་པའི་ནུབ་ཕྱོགས་པའི་ཞིབ་འཇུག་པ་ཞིག་བྱེད་འདོད་ཚེ་གོང་གི་ལྐོག་གྱུར་གྱི་གནས་རྣམས་ལ་ནམ་ཡང་ཡིད་ཆེས་བྱེད་ཆོག་གི་མ་རེད་ཅེས་ཞིབ་འཇུག་མཁས་པ་ཚོས་བཤད་ཀྱི་འདུག དེ་ལ་བོད་ཀྱི་གྲ་བ་དེ་ཚོས་ཙག་ཀྲ་དང་བག་བག་ལྕགས་རྟ་འཁོར་ལོ་བཟོ་སྟངས་སྦྱང་ན་ཡག་ཤོས་རེད། མ་གཞི་ནས་སེམས་ཁམས་ཉམས་ལེན་པ་དེ་ཚོ་དང་པོ་སེམས་ཆོག་ཤེས་པ་དེ་ཚོར་སློབ་སྦྱོང་དང་ཆོས་ལུགས་མི་རིགས་ལ་དག་སྣང་སྦྱང་ན་ཡག་པོ་རེད། བོད་ཀྱི་ཆོས་ལུགས་གྲུབ་མཐའི་རྗེས་འཇུག་པ་དག་ནི་ཕྱོགས་རིས་དང་ཆགས་སྡང་ཆེ་ཤོས་ཤིག་རེད་འདུག
དཀའ་ལས་ཁེགས་པོ་རེད། འདི་ལ་ཚན་རིག་པས། ཡི་གེ་ཞིག་འབྲི་ན། དགོས་མེད་ཀྱི་ཡི་གེ་མ་འབྲི་ན་ལེགས་ཞེས་ཟེར། དཀའ་ལས་རེད། ཅེས་དོན་ཚང་བར་སྟོན་བཞིན་དུ། ༼དཀའ་ལས་ཁེགས་པོ་རེད། ༽ ཅེས་བྲིས་པ། དངོས་གནས་ཚན་རིག་གིས་བསྟན་པ་ཞིག་ལ་ལག་ལེན་མ་ཐུབ་པའི་སྐྱོན་གསལ་པོར་གསལ་མི་འདུག་གམ།
རྒན་ལ་དྭགས་འཇམ་དཔལ་ལགས།ཁམས་བཟང་།ངས་བྲིས་བའི་དཀའ་ལས་ཁེགས་པོ་རེད་ཟེར་བའི་ཡི་གེ་འདིས་དོན་དག་ལ་སྐྱོན་འཇུག་གི་ཡོད་དམ།ཡང་ན་དཀའ་ཚེགས་ལ་འཛེམས་ནས་འབྲི་མ་དགོས་པ་རེད།ཁྱེད་ཀྱིས་བྲིས་པའི་༼དགོས་མེད་ཀྱི་ཡི་གེ་མ་འབྲི་ན་ལེགས་ཞེས་ཟེར༽དེ་ལ་ཡང་མ་བྲིས་ན་ལེགས་ཞེས་འབྲི་དགོས་བར་ཡོད་པ་མཆོག་ཉིད་ཀྱིས་གསལ་གཟིགས་གནང་རོགས་ཞུ། ཚན་རིག་པས་བཤད་པ་ཆ་ཚང་ལ་ང་རང་ཡིད་ཆེས་མེད།ཚན་རིག་པས་བཤད་པ་ཆ་ཚང་ལ་ཡིད་ཆེས་བྱེད་དགོས་ཚེ།དབང་རྩ་དང་ཤེས་པ་གཉིས་དབྱེ་འབྱེད་མེད་པར་བཤད་ཡོད།གཉིས་པ་སྐྱེས་པ་ལ་སྔ་ཕྱི་མེད་པར་སྒྲུབ་ཡོད།སྐྱེས་ལྡན་སྲོག་ཆགས་དང་ལྗོན་ཤིང་གཉིས་སྲོག་ཡོད་མེད་ལ་ཁྱད་པར་འབྱེད་ཀྱི་མེད་པ་ཁྱེད་ཀྱིས་ཡིད་ཆེས་བྱེད་དམ།སྤྱིར་ངས་དེ་རིང་འདིས་སྐོར་བགྲོ་གླེང་བྱེད་འདོད་མེད་མོད།ཉིད་ཀྱིས་ཚན་རིག་པའི་ལྟ་གྲུབ་ལུང་དྲངས་ནས་གསུངས་བཞིན་འདུག་པས་དེ་ལྟར་བཤད་ཤོར་སོང་བས་དགོངས་འགལ་མེད་པར་ཞུ།
ནམ་མཁའ་ལགས་ཀྱི་རྩོམ་ཡིག་གི་བརྗོད་བྱ་གཙོ་བོའི་ཐོག་ཏུ་བཀའ་མོས་གནང་མཁན་གཅིག་ཀྱང་མེད་པ་ནི་བློ་ཕམ་དགོས་པའི་གནས་ཚུལ་ཞིག་དང་། བོད་མི་རིགས་ལ་མ་འདང་ས་དང་མ་བྱུང་ས་གང་ཡིན་མ་ཤེས་སྐྱོན་རེད་འདོད།
ངེས་པ་དོན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས།
ཀུན་ལ་ཕན་པའི་ངོ་མཚར་རྫུ་འཕྲུལ་དང་།
ཡོངས་ལ་གནོད་པའི་བལྟས་ངན་ཆོ་འཕྲུལ་གཉིས།
ཤེས་རབ་རལ་གྲིའི་རྣོ་ཕྱོགས་རེ་རེའི་རྩེར།
གཅིག་གི་ཟླ་ལ་གཅིག་སླེབས་པར་ངེས།་་་ཅེས་གསུངས་ཡོད།
ཚན་རིག་པས་བོད་ཀྱི་ནང་ཆོས་ཀྱི་གད་རྙིགས་མང་པོར་གཙང་མ་བཟོ་ཐུབ་པ་ལས་ནང་ཆོས་ཀྱི་ལྟ་གྲུབ་ལ་དགག་མི་ཐུབ། དབུ་མ་ཐལ་འགྱུར་བའི་ལྟ་བ་དང་ཚན་རིག་པས་བརྟག་ཞིང་དཔྱད་ན་ཤེས་བྱ་ངང་བོ་རྙེད་ཀྱི་མེད་པ་གཉིས་ནི་མཐུན་པའི་ཆ་རེད། ལྟ་གྲུབ་གཙོ་བོ་དང་མཐུན་གྱི་ཡོད་དུས་སུ་གད་རྙིགས་དང་མ་མཐུན་ནའང་སྐྱོན་མེད་པར་འདོད།
སྐྱེ་བ་སྔ་ཕྱི་མ་རྟོགས་བཞིན་དུ་ཡིད་ཆེས་བྱས་པ་དང་བདེ་ཆེན་དག་པའི་ཞིང་ཁམས་མ་མཐོང་བཞིན་དུ་འགྲོ་འདོད་སྐྱེས་པ་དེ་ལ་རྨོངས་དད་ཟེར་བ་མིན་འགྲོ་་་་སྥྱིའི་ཆ་ནས་འཛམ་གླིང་མི་མང་པོས་སྐྱེ་བ་སྔ་ཕྱི་མ་རྟོགས་ནའང་ལྷ་ཡུལ་ཟེར་བ་ཞིག་ལ་འགྲོ་ས་ཡོད་པ་འདོད་པ་ནི་ཤར་ནུབ་ཀུན་གྱི་མི་རྣམས་གཅིག་མཚུངས་ཀྱི་རྨོངས་དད་ཡོད།
གཏན་ཚིག་རིག་པ་གཅིག་བཀོད་བསྡད་་པ་ནི་་་་མ་མཐོང་ཕྱིར་ན་མེད་མི་དགོས་ཅེས་པ་འདིར་རེད། མཐོང་ཕྱིར་ན་མེད་མི་དགོས་པ་བདེན་ཡང་་མ་མཐོང་ཕྱིར་ན་ཡོད་མི་དགོས་པ་ཡང་གཅིག་མཚུངས་ཡིན།
ཚན་རིག་པས་མ་མཐོང་ཕྱིར་ན་མེད་དགོས་པར་མི་འདོད་ལ་མ་མཐོང་ཕྱིར་ན་ཡོད་དགོས་པ་ཡང་མི་འདོད། ཚན་རིག་པས་མ་ཤེས་པ་མང་པོ་ནང་ཆོས་ཀྱི་གཞུང་ཁག་གི་ནང་དུ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།
ནམ་མཁའ་ལགས། ངས་ཚན་རིག་ནི། རང་གི་ནང་ལ་སྦྱོང་བཞིན་ཡོད་ཀྱང་། སེམས་དང་སྲོག་གི་ཚོགས་ཐེང་༢༦པ་ལ་ང་བཅར་ཐུབ་མ་སོང་ལགས། དགོངས་དག་ཞུ་བ་དང་ཁྱེད་ཀྱི་དྲི་བ་ལ་ལན་བསམ་བཞིན་ཡོད་ལགས།
ནམ་མཁའ་ལེགས། ཁྱེད་ཀྱིས་བགྲོ་གླེང་མཛད་པར་དགའ། བགྲོ་གླེང་བཟང་ངན་གང་ཡིན་ཀྱང་། རང་རེའི་རིག་པ་འཕེལ་བའི་གྲོགས་སུ་འགྱུར་བས། དེ་ལ་མི་དགའ་བ་འབྱུང་ན། བློ་རྣལ་དུ་མི་གནས་པའི་རྟགས་སུ་གོ
ཚན་རིག་གིས་ད་བར་དུ་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པ་འམ་གཏན་ཚིགས་ཤིག་འགོད་ཐུབ་པ་མེད་ཀྱང་། ཚན་རིག་པ་མང་པོ་ཞིག་བོད་ཀྱི་བླ་མའི་སློབ་མར་གྱུར་པ་དང་། བོད་ཀྱི་གྲྭ་སའི་མཚན་ཉིད་པ་རྣམས་ཀྱིས། རྒན་མོ་འཆི་ཁ་མའི་སེམས་ཆོས་ཅན། རིག་པ་ཕྱི་མ་མཚམས་སྦྱོར་བ་ཡིན་ཏེ། རིག་ཡིན་པའི་ཡིན་པའི་ཕྱིར། ཞེས་པའི་གཏན་ཚིགས་འདི་གྲྭ་སའི་ཚན་རིག་པ་རྣམས་ཀྱིས་སློབ་དཔོན་ཕྱོགས་གླང་ཆོས་གྲགས་ཀྱི་རིགས་པ་རྣམས་ཚན་རིག་པ་ལ་ངོ་སྤྲོད་མཛད་པར་ཐེ་ཚོམ་མེད་དོ།།
ཅོརི་ཉི་མ་ལེགས བོད་མི་རིགས་ལ་མ་འདང་ས་དང་མ་བྱུང་ས་གང་ཡིན་མ་ཤེས་སྐྱོན་རེད་འདོད། བརྗོད་པ་འདིའི་ནང་གི་༼མ་འདང་ས་༽ཞེས་པའི་དོན་གང་ཡིན་ནམ། ངས་གོ་བའི་བོད་སྐད་ལ་འདང་ཞེས་པ་ཆུ་འདང་སྟེ། ཆུ་འདང་ནོར་བུས་དྭངས་པར་བྱེད། ཅེས་པ་ལྟ་བུའོ།།
མཆན་པ་ཁ་ཤས་ཤིག་གི་རང་ཉིད་ཀྱིས་དཀའ་ལས་ཅུང་ཙམ་ཀྱང་རྒྱག་མི་ཕོད་པར་མ་ཟད་གཞན་གྱིས་དཀའ་ལས་རྒྱབ་སྟེ་ཉིན་མཚན་དུས་དྲུག་དུ་སློབ་སྦྱོང་ཆུ་བོའི་རྒྱུན་བཞིན་བསྟེན་གྱིན་ཡོད་པ་དག་ལ་ཟུར་ཟ་བའི་སྐད་ཆ་དང་། ཐེངས་འདིའི་བགྲོ་གླེང་དེ་ཇི་འདྲ་ཞིག་གི་སྟེང་གནང་གི་ཡོད་པའི་ཕྱོགས་ཙམ་ཡང་མ་མཐོང་བར་ཁ་ཚོད་མཐོ་པོའི་བཤད་ཁུལ་བྱེད་པ་ནི་མཁས་པས་མཐོང་ན་ཁྲེལ་བའི་རྒྱུ་ཁོ་ན་ལས་མ་འདས། རེ་ཟུང་ཞིག་གིས་ནང་ཆོས་ཀྱིས་ཁུངས་འཁྱོལ་མིན་གྱི་སེམས་ཁྲེལ་བྱེད་པ་ནི་རང་ཉིད་ཀྱིས་ནང་ཆོས་ཀྱི་དོན་མ་རྟོགས་པའི་ལན་པར་འདུག་པ་མ་ཤེས་པར་རི་བོང་གནམ་རྡིབ་ཀྱི་སེམས་ཁྲེལ་དང་ཀུན་ནས་མཚུངས་སོ།། ལ་ལས་ཚན་རིག་པ་དེ་དག་གི་མདུན་ནས་རང་གི་མི་རིགས་དང་རྒྱལ་ཁབ་ལ་མཁོ་བའི་ལག་ཆ་སོགས་འཕྲུལ་རིགས་བཟོ་སྐྲུན་ཀྱི་ཤེས་ཡོན་ལེན་དགོས་པར་འདོད་པ་ནི་ཚན་རིག་གི་རྩ་བའི་གྲངས་འདྲེན་ཙམ་དང་སྐབས་འདིའི་བརྗོད་བྱ་དང་ཕན་ཚུན་གོ་རྟོགས་ཅི་ཙམ་ཞིག་འཕེལ་བཞིན་ཡོད་པ་སོགས་མཐོང་བྱེད་ཀྱི་མིག་ལོང་སྟེ་རང་ཉིད་དུད་འགྲོ་གྲལ་དུ་བསྡད་ནས་རྔ་མ་ལྷ་མདུན་དུ་གཡུག་པ་ལས་གཞན་ཅི་ཡོད་ གང་ཞིག་གིས་རྨོངས་དད་པ་རང་ཉིད་ཡིན་པ་མ་ཚོར་བར་སངས་རྒྱས་ཀྱི་ཆོས་དེ་རང་ཉིད་ཀྱི་འདོད་པ་དེ་ཙམ་དུ་སེམས་ནས་ད་ཡག་པོ་བྱས་ནས་ལྟོས་སྡོད་ ཉིན་མ་གཅིག་ལ་ཞེས་སོགས་རང་གི་མཚང་ངོམས་པ་འདི་ཡ་མཚན།
ལ་དྭགས་པ་ལགས།
འདང་བ་དང་མི་འདང་བ་ཅེས་པའི་གོ་དོན་ནི་དངུལ་གྱི་འདང་མི་འདང་ཟེར་ལྟ་བུའི་དངུལ་ཡོད་པ་མ་ཟད་ལྷག་མ་ཡོད་ཅེས་པ་ལྟ་བུ་ལ་གོ་དགོས་ཁུལ་ཡིན།
བོད་མི་རིགས་ལ་ཆོས་ཀྱི་འདང་བ་ཡོད་ཀྱང་ཚན་རིག་ལག་རྩལ་གྱི་འདང་གི་མེད་ཟེར་བ་ཡིན། ངས་ངོས་ནས་བོད་རྒྱལ་ཁབ་དགྲ་ལག་ཏུ་ཤོར་དོན་ཡང་ཚན་རིག་ལག་རྩལ་གྱི་མ་འདང་ནས་དགྲ་བོའི་ཁ་གཏད་བཅག་མ་ཐུབ་པར་འདོད་བཞིན་ཡོད་ལགས།
དེའི་སྐོར་མང་པོ་བཤད་ཟིན་པས་ཁྱེད་ཀྱིས་མཐོང་ཐོས་ཡོད་ཆ་ཡིན།་ལགས།
སྣང་བྲལ་རྡོ་རྗེ་ལགས།
ཁྱོད་ལྟ་བུའི་དཀོར་གཟན་ཚོས་རང་ཉིད་ལྷ་གྲལ་དུ་བསྡད་ཡོད་མདོག་དང་ཉམ་ཆུང་མི་དམངས་དུར་འགྲོའི་གྲལ་དུ་ཡོད་པ་འདོད་ཀྱི་ཡོད་པ་འདིས་བོད་མི་རིགས་འཕུང་ལ་སྦྱར་བཞིན་ཡོད། དེར་ཤེས་པ་བྱོས། ཁྱོད་ལྟ་བུའི་དཀོར་བདག་ཚོའི་ཆོས་མི་ཤེས་ལ་འཇིག་རྟེན་ཀྱང་མི་ཤེས། ཁྱོད་ཚོས་ཤེས་པ་ནི་རྨོངས་དད་སྦེལ་གྱི་དེར་རེད།
དངོས་ཡོད་གནས་ཚུལ་ནི་ཁྱོད་ཚོ་ལ་བཤད་ས་མེད། རིག་པའི་སྒྲུབ་བྱེད་ནི་ཁྱོད་ཚོ་ལ་བཀོད་ས་མེད། ཁྱོད་ལྟ་བུ་ལ་དགོས་ཀྱི་གཅིག་ཡོད་པ་ནི་དཀོར་དང་གོ་གནས་རེད།
ལྟོས་དང་དེ་རིང་གི་བགྲོ་གླེང་གི་སྡིངས་ཆ་འདིའི་སྟེང་ན་ ལྟོ་སྐྱ་གོས་སྲབ་ལ་བསྟེན་ཏེ་མི་ཁ་ངན་པའི་ཁྲོད་ཀླད་རྙིང་དང་རྨོངས་དད་སོགས་ངན་སྨྲས་ཀྱི་ཁུར་བོ་ཅི་ཙམ་ལྕི་ཡང་ཞུམ་པ་མེད་པར་སྦྱང་བརྩོན་གྱི་དཀའ་བ་དང་དུ་བླངས་ཏེ་བླ་ན་མཐོ་བའི་ཕུག་མདུན་གྱི་འོད་སྟོང་འཕྲོ་བའི་འུ་ཅག་གི་དགེ་སྦྱོང་འདི་དག རྒྱལ་ཁབ་མང་པོ་ཞིག་གི་ཚན་རིག་མཁས་ཆེན་འབུམ་རམས་པ་དང་ཟེངས་རྟགས་མང་པོ་ཐོབ་པའི་མཁས་པའི་སྙན་གྲགས་འབར་བ་ཁོ་ཡིན་ང་ཡིན་ཟེར་མཁན་དེ་དག་གི་མདུན་ན། བསམ་བློ་དང་ཤེས་ཡོན་སོགས་རྣམ་དཔྱོད་ཀྱི་སྟེགས་བུ་གོང་མ་ལ་སླེབས་ཡོད་པ་འདི་སེམས་དང་ལྡན་ན་ཇི་ལྟར་བསྙོན་པར་ནུས། ལེགས་པར་སོམས་དང་བོད་རང་ཉིད་ཀྱི་རིགས་གཞུང་བསམ་བློ་ཤེས་ཡོན་སོགས་གཞན་ལ་ངོ་གནོང་མི་དགོས་པ་འདི་སུའི་བཀའ་དྲིན་རེད། ཐེངས་འདིའི་བགྲོ་གླེང་འདིས་རྒྱ་ནག་གིས་ནམ་རྒྱུན་བོད་འདི་རྗེས་ལུས་རྨོངས་དད་པ་བསམ་བློ་མེད་པ་ཤེས་ཡོན་མེད་པ་གྲ་བ་འདི་དག་མང་ཚོགས་ཀྱི་ཁུར་བོ་ཡིན་པར་ཤོད་པ་སོགས་ཀྱི་རྫུན་ཁུང་བརྟོལ་བ་མིན་ནམ། འདི་ཙམ་ལའང་བསམ་གཞིག་མི་བྱེད་པར་ད་དུང་སྐྱོན་འཚོལ་གྱི་བློ་ཁ་ནང་དུ་ཕྱོགས་ཏེ་སྐྱོན་བརྗོད་ཀྱི་ཐོ་བ་རི་རབ་ཙམ་ཞིག་ནམ་མཁའ་ལ་གདེང་ཕོད་དམ།
ཨོ་ཧཧཧ་་་་་རྒྱ་གུན་ཁྲན་གྱིས་ཀླ་ཀློ་རྗེས་ལུས་རེད་ཟེར་བ་ལ་ལན་འདེབས་ཆེད་དུ་ཡིན་ན་གནས་ཚུལ་ཁ་ཁར་རེད། ཀླ་ཀློ་གུན་ཁྲན་ཏང་གི་བཤད་པ་ལ་རྒྱུ་མཚན་ཅང་མེད་པ་འཛམ་གླིང་གི་མཁས་དབང་ཚོས་མཁྱེན་གསལ་རེད། དེ་ལ་ལན་འདེབས་ཀྱི་ཆེད་དུ་ངལ་བ་བརྟེན་དགོས་དེ་ཙམ་མི་འདུག་འདོད།
བོད་མི་རིགས་ལ་དགོས་པ་ནི་རྨོངས་དད་རྩ་མེད་བཟོ་གྱི་དང་ཚན་རིག་ལག་རྩལ་ནང་འདྲེན་བྱ་དགོས་པ་འདིར་རེད། དེ་མིན་པར་རྩྭ་བཀྲ་ཙམ་ཡང་བཟོ་མི་ཤེས་པའི་ཚན་རིག་པ་ཆགས་སོང་ན་འཛམ་གླིང་གི་ཚན་རིག་པའི་རྐང་འདྲེན་རེད་འདོད་དོ།་ཧཧཧཧཧ
རང་ཉིད་ཀྱི་རིག་གཞུང་་་་་ག་རེ་རང་ཉིོད་ཀྱི་རིག་གཞུང་། རྒྱ་གར་བའི་ཤྭཀྱའི་ཆོས་ལུགས་འདི་བོད་རང་ཉིད་ཀྱི་རིག་གཞུང་ཡིན་ཐལ་ཞེས་ཐལ་བ་འཕེན་ན་ཁྱོད་ཀྱིས་འདོད་དོ་གསུང་གྱི་རེད་བ།
ཡིན་ན་གནམ་གྲུ་དང་མོ་ཊ་སོགས་བཟོ་ཐུབ་པའི་ཚན་རིག་ལག་དེ་ཆོས་ཅན། བོད་རང་ཉིད་ཀྱི་རིག་གཞུང་ཡིན་པ་ཐལ་ཞེས་ཐལ་བ་འཕེན་ན་ལན་ག་རེ་ཡོད་དམ། ཧཧཧཧཧཧ
ཡིན་ན་་་་་་་་་་གནམ་གྲུ་དང་མོ་ཊ་སོགས་བཟོ་ཐུབ་པའི་ཚན་རིག་ལག་རྩལ་དེ་ཆོས་ཅན།་་་་ཞེས་བཅོས་རོགས་གནང་་་་
ཅོ་རི་ལགས། གོང་གི་མཆན་དེ་ཁྱོད་ལ་ཕོག་ཡོད་ན་བཟོད་པར་གསོལ་ངས་སྤྱིར་བཤད་པ་མ་གཏོགས་དམིགས་བཙུགས་པ་མིན། ཁྱོད་ཀྱིས་གྲ་བ་འདི་དག་ལ་དཀོར་ཟན་ཟེར་ན་ཐལ་ཆེ་བ་མིན་ནམ། ཁྱོད་ཀྱིས་ང་གཅིག་པོ་ལ་དཀོར་ཟན་ཟེར་བ་ཡིན་ན་དགའ་བསུ་ཡོད། སྤྱིར་འཇིག་རྟེན་ཁ་དཔེ་རང་ལུས་ཁྱི་གྲལ་ཏུ་བསྡད་ནས་རྔ་མ་ལྷ་གྲལ་ལ་གཡུག་ཟེར་བའི་དཔེ་དེ་འདིར་དྲངས་བ་ཡིན། ངས་དཔེ་དྲངས་དོན་རང་ཉིད་ཀྱིས་མི་ཤེས་པའི་བརྟུལ་ཞུགས་བཟུང་ནས་ཐེངས་འདིའི་་སྐུ་མདུན་དབུ་བཞུགས་ཀྱི་བགྲོ་གླེང་ལ་ཕེབས་པའི་གྲ་ས་ཁག་གི་དགེ་བཤེས་བཅས་མཁས་པའི་དབང་པོ་སྟོང་ཕྲག་ལྷག་མཛོམས་པ་ལ་སྐྱོན་བརྗོད་མ་བྱེད་ཅེས་པ་ཡིན་མ་གཏོགས་གྲ་བ་འདི་ཚོ་ལྷ་རེད་ཟེར་གྱི་མེད། ཚིག་ཟིན་ན་ལྷ་ཟེར་འདུག་ཅེས་པ་ཙམ་ཡིན་ན་དོན་ལ་མ་ཞུགས་པའི་ཀླེན་རྟགས་ཡིན་པ་ཀུན་གྱིས་ཤེས་གསལ་རེད། བདག་ལ་ནོར་འཁྲུལ་ཡོད་ན་དགོངས་འགལ་མེད་པ་མཁྱེན།
བོད་ཡིག་འདི་བོད་ཀྱི་རིག་གཞུང་མིན་པར་ཐལ་རྒྱ་གར་ཡི་གེ་ནས་ཚུར་བླངས་བ་ཡིན་ནོ་ཞེ་ན་ལན་ཅི་ཡོད།
འོག་གི་ཐལ་འགྱུར་དེ་ལ་ལན་མེད་དམ། སྤྱིའི་ཆ་ནས་མཁས་མང་བློ་གསལ་གླིང་གི་མཁས་དབང་ཁྲི་གདུགས་ཉི་མ་ལྟ་བུ་དེ་ཚོ་བགྲོ་གླེང་ཐོག་ཏུ་ཕེབས་མེད་པ་རེད་དམ། གསར་འགོད་པ་སྐལ་བློ་ཡིས་དྲི་བ་བྱེད་སའི་བརྙན་འཕྲིན་ནང་དུ་མཐོང་ཡ་མི་འདུག
རིག་ལམ་ཡག་བ་ཙམ་ཡོད་ན་མེད་ན་བསམས་པ་དེ་ཚོས་ཅིག་བཤད་བསྡད་བཞིན་འདུག་་་་་ཡ་མཚན་འདྲ་ཞིག་སྐྱེས་བྱུང་།
ཅོ་རི་ལགས། ༼བོད་མི་རིགས་ལ་དགོས་པ་ནི་རྨོངས་དད་རྩ་མེད་བཟོ་གྱི་དང་ཚན་རིག་ལག་རྩལ་ནང་འདྲེན་བྱ་དགོས་པ་འདིར་རེད།༽ཅེས་ཁྱོད་ཀྱིས་ཚན་རིག་ཡང་དག་ཞིག་དང་བོད་ཀྱི་རིག་གཞུང་རྨོངས་དད་ཞིག་ཏུ་རྩིས་ནས་ཚན་རིག་དེ་མེད་པ་བཟོ་བྱེད་ཞིག་ཏུ་ཁས་ལེན་པ་འདི་ཡ་མཚན་ཞིག་རེད། ཐད་གཏོང་བརྒྱུད་ནས་བགྲོ་གླེང་ལ་གཟིགས་དང་ཚན་རིག་པ་ཁོང་ཚོས་ཀྱང་ཚན་རིག་གི་ལྟ་གྲུབ་འདི་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱེད་དམ། ཁོང་ཚོས་ཀྱང་ཡིད་ཆེས་བྱེད་མི་ཐུབ་པ་ཞིག་ལ་ཁྱོད་ཡིད་ཆེས་བྱེད་པ་འདི་ཁྱོད་ཀྱིས་དཱ་ཏུ་རཱ་ཟོས་པ་མིན་ནམ།
བོད་མི་རིགས་ཀྱི་བརྗོད་པ་ལྕེ་རྐན་ལས་བྱུང་བའི་སྐད་ཀྱི་གདངས་་་་་བོད་ཡིག་གི་མཚན་ཉིད་བཞག་གི་ཡིན། བོད་ཀྱི་ཡིག་གཟུགས་རྒྱ་གར་བའི་ཡིག་གཟུགས་ལ་བརྟེན་ནས་བཟོས་པ་བདེན་ཡང་་་་བོད་ཡིག་རྒྱ་གར་ནས་ཚུར་ལེན་པ་རེད་ཟེར་ན་་་་རྟགས་མ་གྲུབ་ཅེས་ལན་འདེབས་ཀྱི་ཡིན་ལགས་་་ཧཧཧ
ལྟོས་དང་་་ཐལ་བ་འཕེན་དུས་ལན་རྒྱབ་མི་ཐུབ་པར་་་་ཚུར་རྟགས་བསལ་འདྲ་གཏོང་མདོག་སྟོན་་་་ཕར་ལན་བརྒྱབ་ན་སྒྲུབ་བྱེད་བཀོད་ཀྱི་མེད་པས་མི་ཁྱོད་ཡིན་ན་་་་མཚན་ཉིད་པའི་ཞབས་འདྲེན་ཞུ་ས་རེད་དོ།།ཧཧཧཧ
བོད་ཀྱི་རིག་གཞུང་རྨོངས་དད་ཞིག་རེད་རྩ་བ་ནས་ལབ་མེད་་་་ཧམ་བཤད་མ་བྱེད་་་ཨ་རོགས་་་་་རིག་པའི་སྒྲུབ་བྱེད་མེད་ན་ཁ་བཙུམ་ནས་སྡོད་རོགས།།
དོ་རྒྱས་དང་ཐུགས་དུས་སུ་ལ་རྨོང་དད་ཡོད་ཧ་གོ་ཡོང་་་ཧཧཧཧཧཧ
བགྲོད་གླེང་འདི་ཡང་ཡག་པོ་རེད་་་
མཚན་རིག་པའི་ཁོ་རང་གི་ལྟ་གྲུབ་ལ་མཐའ་གཅིག་ཏུ་ཡིས་ཆེས་མི་གནང་བ་དེ་ལྟ་གྲུབ་རེད་ཁྱད་ཆོས་ཡང་རེད། ཡར་ཐོན་གྱི་སྒོ་མོ་ཕྱེ་བ་རེད། ང་ཚོའི་སེ་ར་དང་འབྲས་སྤུངས་དགའ་ལྡན་སོགས་གསར་རྙིང་ཆོས་སྡེ་ཁག་འདི་སྦྱང་རྒྱུ་ནང་ཆོས་སྦྱང་ན་ཡང་ལོབ་རྒྱུ་གྲུབ་མཐའི་ཕྱོགས་རིས་རྡོ་ལ་རི་མོ་བཞིན་འཁོད་བ་ལ་རྟེན་༧གོང་ས་མཆོག་འུ་ཐུག་ནས་མཚན་རིག་ནང་འདྲེན་གནང་པ་རེད། ད་ག་ལེ་རང་སྐྱོན་ངོས་ཟིན་ཡོང་གི་རེད། ལོ་དྲུག་རྒྱའི་རིང་བརྩོད་སྡད་པའི་རི་བོང་ར་དང་མོ་ཤམ་བུ་ལ་བརྩོད་ཐག་ཆོད་ཡོང་གི་རེད། གྲྭ་རྒྱོ་དང། དགེ་གཤེས་སྲིད་དོན་པ། དགེ་བཤེས་ཚོང་པ། གྲྭ་བ་མགྲོན་ཁང་བདག་པོ། དགེ་སློང་རྒྱལ་པོ། གྲྭ་བ་བ་དགེ་སློང་བློན་པོ། དགེ་གཤེས་ཁྲམས་པ། དགེ་བཤེས་མི་འཚོང་མཁན། ཕ་སྤྲུལ་སྐུ། བུ་སྤྲུལ་སྐུ། བུ་མོ་རིན་པོ་ཆེའི་གསང་ཡུམ། འདི་དག་ལ་ཞུ་དག་གནང་དགོས་བ་གལ་ཆེ། མཚན་རིག་པའི་ལྟ་བ་ལ་འདི་ཚོ་ཞུ་དག་དང་རྟགས་དཔྱད་གནང་ཚེ། དད་པ་དང། རིགས་གཞུང་། དམ་ཚིག གྲུབ་མཐའ། གང་གི་ཕྱོགས་ལ་མ་ལང་པར་དངོས་ཡོད་བདེན་པ་འཚོལ་གནང་གི་རེད། དེ་ཡོང་ས་རེད་དམ། ལྟ་བ་དེ་མེད་ན་མཚན་རིགས་སྦྱང་པ་དོན་མེད་རེད། ཕྲན་བུ་ཤེས་ན་ཡང་སྒེར་གཅོད་གི་ལག་ཆ་དང་། མི་དམངས་མགོ་སྐོར་གཏོང་བའི་ལག་ཆ་ལ་ཆག་གི་རེད། ནང་ཆོས་ཡང་ཕལ་ཆེར་སྒེར་གཅོད་དང་སྲིད་དོན་ལག་ཆ་ལ་བེད་སྤྱོད་གནང་ནས་བོད་འདི་ཕུངས་ལ་སྦྱར་བ་མ་རེད་དམ། འོན་ཀྱང་སྟོན་པ་བཀའ་དྲིན་ཅན་ལ་ཡིད་ཆེས་བའི་དད་པ་ཡོད
བོད་པའི་གང་ཟག་གི་རྒྱུད་ན་ཡོད་པའི་རྟོགས་པའི་བསྟན་པ་དེ་རྒྱ་གར་གྱི་ཡིན་པར་ཐལ་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ།། འདི་ཙམ་ལའང་རྨོངས་ནས་ཧ་ཆ་རི་ལུང་གང་བ་ཞིག་རྒྱབ་པ་དེ་ལ་མི་འགྱོད་དམ།
དྲ་འབུ་སྣང་གྲོལ།ཁྱེད་ཀྱིས་ཚན་རིག་གི་རྣམ་གྲངས་ལས་གཞན་ཞིག་ཤེས་ཀྱི་ཡོད་པས།བོད་ལ་དགོས་པ་ཚན་རིག་ལག་ཤེས་མ་རེད་གང་རེད།གལ་སྲིད་དེ་རིང་གི་བགྲོ་གླེང་འདིས་ཐོག་ནས་བོད་ལ་དགོས་པ་གང་ཡིན་མིན་ཤེས་ཀྱི་མི་འདུག་པས་ཁྱེད་ཀྱི་ཁ་ནང་ལ་བསམ་གཞིགས་བྱེད་དགོས།ཁྱེད་རང་ལྟ་བུས་དེ་རིང་གི་བགྲོ་གླེང་བྱས་ཀྱང་ཅི་ཡང་མི་ཤེས་པ་ཐག་གཅོད་རེད།གཞན་ལ་ཚིག་རྩུབ་བཤད་སྟངས་ལ་བལྟས་ཚེ་ཁྱེད་རང་ཡང་ནམ་མཁས་བཤད་པ་བཞིན་དགེ་བཤེས་ཙག་ཕུད་པ་ལྟ་བུ་ཞིག་རེད།
མགོན་པོ་ལགས། དགེ་བཤེས་རྣམས་ལ་ཁ་མ་གཏོང་། མི་སྐྱ་གྲ་ཆས་གྱོན་ནས་བུད་མེད་ཁྲིད་མཁན་དེ་དག་གྲ་བ་དང་དགེ་བཤེས་ཡིན་ནམ། ད་དུང་དཔེ་མཚོན་མང་།
བགྲོ་གླེང་མུ་མཐུད་ནས་ཡིན་ད།
འཇམ་དཀར་ལགས། ཐེངས་འདིའི་བགྲོ་གླེང་དུ་ཁྱེད་ལ་མཁོ་བའི་འཕྲུལ་ཆས་བཟོ་སྟངས་ཀྱི་བགྲོ་གླེང་མིན་ཁྱེད་ཕེབས་མི་དགོས་སོ།། བགྲོ་གླེང་གི་ངོ་བོ་གང་ཡིན་མ་ཤེས་པར་འུར་སྒྲོགས་བྱེད་པ་ནི། གོ་ར་མ་གཏོགས་ས་མི་ཤེས།།ཕ་མ་མ་གཏོགས་མི་མི་ཤེས།།ཞེས་པའི་ཆོ་ལོ་འདི་ཁྱོད་རང་ཉིད་ཀྱིས་རང་ཉིད་ལ་ཕུལ་བ་ཞིག་མིན་ནམ།
རྣམ་འདྲེན་བཞི་པ་་་ཤྭཀྱའི་རྒྱལ་པོ་མ་ཕེབས་པའི་སྔོན་ནས་མི་མང་པོ་སངས་རྒྱས་ཚར་བ་རེད། སངས་རྒྱས་ཀྱི་བསྟན་པ་ཡིན་ན་རྒྱ་གར་བའི་ཤྭཀྱའི་བསྟན་པ་ཡིན་པའི་མ་ཁྱབ། ཅེས་ལན་འདེབས་ཡིན། ཁྱོད་ལ་ལན་མཐའ་མ་འདི་ཡིན། གཞན་ལན་རན་མི་འདུག དཔེ་ཆ་ཡག་པོ་ལྟོས་ཅེས་བསླབ་བྱ་ཚིག་གཅིག་ཡོད།
བགྲོ་གླེང་ཡག་པོ་གནང་གི་འདུག
ཅོ་རི་ཉི་མ་ཟེར་བ་འདི་ལ་རིག་པ་དང་ཞལ་བདེ་མོ་ཞིག་འདུག་དུས་བབས་ནང་དུ་མང་པོ་མཐོང་སོང།
ཁྱེད་ཚོས་བགྲོ་གླེང་ལེེགས་པོ་བྱེད་བཞིན་པར་དོ་སྣང་གིས་ཀློག་གི་ཡོད་དྭ།
བོད་ལ་དགོས་པ་ནི་ཚན་རིག་གི་ལག་ཤེས་ཙམ་དུ་འདོད་པ་དག་གི་བསམ་བློ་ནི་ཁབ་མིག་ལས་ཀྱང་དོག་འདུག་པས ་མཐོང་རྒྱ་ཆུང་བའི་བསམ་ཚུལ་འདིས་ཕོང་འཇུག་པས་འདི་ལ་གཟབ་དགོས་སོ།།
མི་སྐྱ་གྲྭ་ཆས་གྱོན་ནས་བུད་མེད་འཁྲིད་མཁན་ལས་ཀྱང་ཐབ་སྡུག་པ་ཕྱོགས་རིས་དང་སྒེར་སྤྱོད་འདི་མོ་རེད་།
དེ་ལས་ཀྱང་སྡུག་པ་སྐྱབས་འགྲོ་ཙམ་ཡང་མེད་པའི་གང་ཟག་ལ་བླ་མེད་ཁྲོམས་དབང་སྐུར་བ་འདི་མ་འགྲིགས་པ་རེད།
༧གོང་ས་མཆོག་ནས་གསུངས་སོང་བ། རྒྱ་གར་དུ་ནང་ཆོས་ཉམས་པའི་རྒྱུ་རྐྱེན་ངོ་མ་གསང་སྔགས་འཆར་ནས་བྱུང་བ་རེད་གསུང་གནང་སོང་། གདནས་གསུམ་ན་དགེ་བཤེས་ཨང་དང་པོ་སུ་རེད་ཟེར་ན་དགའ་ལྡན་ཁྲི་བ་རེད་ཟེར་ཐུབ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ལུང་རིགས་རྣམ་རྒྱལ་རིན་པོ་ཆེ་ལ་གཟིགས་དང་། ཁོང་དགེ་བཤེས་ཚད་ལྡན་མ་རེད་པའི། དེ་ན་ང་ཚོས་ཚན་རིག་པའི་ལྟ་བ་ཕྱོགས་གང་དུ་མ་ལྷུང་བའི་དངོས་ཐོག་བདེན་འཚོལ་འདི་ལ་སླབ་ནས་ནང་ཆོས་འདི་འཚོ་བའི་ནང་ལ་སྦྱར་ནས་བེད་སྤྱོད་གནང་དགོས་པ་ལས། ཚན་རིག་དང་གཤིབས་སྡུར་བྱས་ན་ཀྱག་པ་ཟོས་ཚར་བ་རེད་ལ། འཆི་ལམ་ལ་སྐྱེལ་ངེས་ཡིན་པས་ཟོབ་པར་བྱོས།
gonpo ལགས། ཁྱེད་ཀྱིས་་་་དགེ་གཤེས་སྲིད་དོན་པ། དགེ་བཤེས་ཚོང་པ། གྲྭ་བ་མགྲོན་ཁང་བདག་པོ།་་་སོགས་ཡག་པོ་མེད་མདོག་བཤད་འདུག་པར་མོས་མཐུན་མེད། བོད་མི་རིགས་ལ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཕན་ཐོགས་མཁན་དགོས། དེ་མ་བྱུང་ནའང་གྲྭ་པ་ཁོ་རང་ཚོས་རང་ཁ་རང་གསོ་བྱ་ཐུབ་ན་ཡག་པོ་རེད།།
མ་ཟད་གྲྭ་བ་ཚན་རིག་པ་ཡང་དགོས། བོད་མི་རིགས་ཀྱི་སུམ་ཆ་གཅིག་ཙམ་གྲྭ་བཙུན་རེད། གྲྭ་པ་གྲྭ་རྐྱང་ནང་དུ་བོད་མི་རིགས་དང་བོད་རྒྱལ་ཁབ་ལ་ལག་རྗེས་འཇོག་ཐུབ་མཁན་སྔ་ཡང་བྱུང་མྱངས་ལ་རྗེས་སུ་ཡང་འབྱུང་ངེས་རེད། ༧གོང་ས་མཆོག་གིས་གསུངས་ལྟར་དེང་རབས་དང་མཐུན་པའི་གྲྭ་བ་དགོས། ཚན་རིག་དང་མཐུན་པའི་ཆོས་ལུགས་དགོས། དེ་འདྲ་བྱུང་ན་འཛམ་གླིང་ཐོག་ཏུ་མུ་མཐུད་ནས་གནས་ངེས་ཡིན། དེ་མིན་རྨོངས་དད་དང་མགོ་སྐོར་གཏོང་བ་མང་སོང་ན་ཆོས་ལུགས་དེར་ཡུན་རིང་གནས་མི་ཐུབ་པར་འདོད་དོ།།
སྣང་བྲལ་རྡོ་རྗེ་ལགས།བོད་ལ་ཚན་རིག་ལག་ཤེས་དགོས་བར་འདོད་པའི་བསམ་བློ་དག་ནི་ཁབ་མིག་ལས་ཀྱང་དོག་པར་འདོད་མཁན་ཁྱོད་རང་ནི་གྲོག་མ་མིག་མེད་བྱེ་ཐང་ན་རྒྱུ་བ་དང་གཅིག་མཚུངས་ཡིན་པ་མ་ཟད།ཁྱེད་ཀྱིས་ཆོས་ཉམས་ལེན་ཡོད་ཁུལ་བཤད་ཀྱི་འདུག་ཡང་།ཁྱེད་ཀྱིས་ཚིག་རྩུབ་འདིས་ཆོས་ཉམས་ལེན་ཕར་བཞག་ཐ་ན་ཁྱིམ་པ་བླུན་རྒན་ཞིག་ལས་ཀྱང་སྡུག་པར་མཐོང་སོང་།བོད་ཀྱི་རང་དབང་ཤོར་པ་ཆོས་ཉམས་ལེན་བྱེད་ཀྱི་ཟེར་ནས་བསྡད་པས་ཤེས་པ་ད་རུང་མི་ཤེས་པས་༧གོང་ས༧མཆོག་གི་བཀའ་སློབ་ཡག་པོ་ཞིག་ཀློག་དགོས་བས་དེ་ལྟར་ཡིད་ལ་བཟུང་།ཁྱེད་རང་དང་ཁྱེད་ལྟ་བུ་ནི་དགོན་པའི་ནང་སེམས་པ་གླང་རྒན་གྱི་མགོ་ཡི་རྭ་ཀོག་བཞིན་འདུག་པས་ཆོས་དང་འཇིག་རྟེན་གཉིས་ཀ་མི་ཡོང་བ་ཐག་གིས་ཆོད།
ངས་དཔེར་འཇོག་ན་་་་བློ་གསལ་གླིང་གྲྭ་ཚང་ལ་བོད་པའི་གདན་བཟོ་གྲྭ་དང་བོད་སྤོས་བཟོ་གྲྭ་ཡོད། མོ་ཊ་བཟོ་སའི་བཟོ་གྲྭ་འཛུགས་ཐུབ་ན་བསམས་ཀྱི་འདུག དེ་འདྲ་བྱུང་ན་ག་འདྲའི་ཡག་པོ། སྒོར་མོ་ཡོང་འབབ་ཡོད། ཚན་རིག་ལག་རྩལ་ཤེས་པ། བཟང་པོ་ཀུན་འཛོམ་ཡོང་གི་རེད། བོད་རྒྱལ་ཁབ་ལ་ཞབས་ཞུ་ཞུ་ཐུབ་ཀི་རེད། འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ནས་བལྟ་སྡོད་མི་དགོས་པའི་དུས་ཤིག་སླེབས་ཀྱི་རེད་འདོད་དོ།།
ཁམས་པའི་དྲ་རྒྱའི་ནང་དུ་གསར་འགྱུར་བཀོད་ཡོད་པ་ཞིག་ལ་གྲྭ་བ་ཞིག་གིས་ཐད་འཕུར་གནམ་གྲྭ་ཆུང་ཆུང་ཞིག་བཟོ་འདུག བོད་མི་རིགས་ཀྱི་ནང་དུ་ལྕགས་གནམ་ལ་འཕུར་ཐུབ་པ་ཞིག་བཟོ་མཁན་ཐོག་མ་ཡིན་གྱི་རེད་འདོད། ངོ་མ་དགའ་པོ་བྱུང་། ངས་ངོས་ནས་གྲྭ་པ་རྣམས་ལ་རེ་བ་ཆེན་པོ་ཡོད།
སྒོ་ཁྱི་ཅོ་རིས་ཟུག་སྐད་བརྒྱབ་ཡོད་དོ།
ཉན་འདོད་མེད་ན་ཁྱོད་ཚོའི་ནོར་འཁྲུལ་རེད།
སྒོ་སྲུང་དགོས་པར་སྒོ་ཁྱིའི་ལས་དབང་རེད།
ཉི་མ་ཤར་དུས་སྐྱིད་ཉལ་བྱེད་ཀྱི་ཡིན།།
ད་ཡིན་ན་དྲ་གྲོགས་རྣམ་པ་ཚོས་བགྲོ་གླེང་ལྷུག་པོར་གནང་འདུག་པས་ཤིན་ཏུ་དགའ་སོང་།ལྷག་པར་དུ་སྐུ་ཞབས་ཅོ་རི་བཞིན་བོད་ལ་དགོས་མཁོའི་གལ་གནད་ཚན་རིག་ལག་ཤེས་དགོས་མིན་ཕྱོགས་སུ་དང་པོ་ནས་བགྲོ་གླེང་ཡོད་ཚེ་དེ་ལས་ཀྱང་ཡག་པོ་ཡོང་ཐག་ཆོད་རེད།གང་ལྟར་དྲ་གྲོགས་ཡོངས་སུ་ཐུགས་རྗེ་ལེགས་འབུལ་ཞུ་བཞིན་ཡོད་ལ། ཕྲན་གྱིས་བསམ་ཚུལ་ནི་ང་ཚོ་བོད་རིགས་ལ་མཁོ་བ་ནི་ཚན་རིག་ལག་ཤེས་ཡིན་པའི་བསམ་ཚུལ་འདི་ལ་གོང་གི་རྩོམ་ཐུང་ནང་ཞུས་པ་བཞིན་ཤིན་ཏུ་གལ་ཆེ་བར་མཐོང་སོང་།དྲ་གྲོགས་ཅོ་རི་ལགས།བོད་ནང་གི་གྲྭ་བ་ཞིག་གིས་ཐད་འཕུར་གནམ་གྲུ་ཞིག་བཟོས་པ་དེ་བདེན་པ་ཡིན་ཚེ་ངོ་མ་ཡིད་སེམས་རབ་ཏུ་སྤྲོ་བས་མཆོག་ཉིད་ཀྱིས་གསར་འགྱུར་འདི་གང་སར་ཞིག་འབུལ་ཐུབ་ན་དེ་བས་ཀྱང་ལེགས་སྙམ་མོ།
ནམ་མཁའ་ལགས་་་ཁམས་བཟང་། ཁམས་པའི་དྲ་རྒྱ་ནང་དུ་བལྟས་པ་ཡིན་ཀྱང་རག་མ་སོང་། ཡིན་ནའང་ལྒང་ལྒན་ནང་དུ་འཚོལ་ཡོང་དུས་སུ་དུས་བབ་ཟིན་བྲིས་ནང་དུ་མི་ཞིག་གིས་བཀོད་འདུག་པས་འདྲེན་ཐག་འདིར་ཡིན།
http://www.tibettimes.net/blogs.php?id=303&post_id=18526
ཅོ་རི་ཉི་མ་ལེགས། ཁྱེད་ཀྱི་༼འདང་༽ ཞེས་པ་དེ་ཚིག་གི་ལོ་མས་བསྒྲིབས་ན། ལེགས་པ་ཞིག་གོ་མ་སོང་།
༼ཤྭཀྱའི་བསྟན་པ་ཡིན་པའི་མ་ཁྱབ།༽ ཡིན་པའི་ཁྱབ་ཅེས་པར་འདི་ལ་འབྲེལ་སྒྲ་མེད་པ། ཡིན་པས་ཁྱབ། ཅེས་བྱེད་སྒྲ་དགོས། གྲྭ་སའི་རྩོད་པ་པ་རྣམས་ལ་གཞུང་དཔེ་དག་ལེགས་པར་ཀློག་ལོང་དང་། དག་ཆ་ལ་གཟིགས་ལོང་མེད་པ་དེ་བོད་དུ་ཡང་མཐོང་མྱོང་། ཁྱེད་ལ་དེ་ལྟར་ནོར་འཁྲུལ་བྱུང་བ་ཁག་མེད། ཅེས་སོ།
གོང་ས་མཆོག་གི་མཁྱེན་ཡོན་གྱིས་ནུབ་ཕྱོགས་སྤྱི་ཚོགས་ནང་ཚན་རིག་ལ་ཀུན་སྤྱོད་རིག་པའི་ཐད་ལེའུ་གསར་བ་ཞིག་གི་ཁ་སྐོང་མཛད་ཡོད་པ་གསལ་བོ་རེད། གསུང་བཤད་རིམ་པ་ཚན་རིག་གི་མཇུག་འབྲས་གླེང་པའི་ཆ་ནས་རོབ་ཙམ་ཞུ་ན། རྩ་བའི་ཆ་ནས་ཚན་རིག་ནི་ལེགས་ཉེས་གང་ལའང་བཀོལ་སྤྱོད་བྱེད་ཆོག་ཀྱང་ཀུན་སྤྱོད་དང་མཐུན་པའི་ཀུན་སློང་ཞིག་གམ། ལྷག་པར་སྙིང་རྗེ་ལྟ་བུ་ཞིག་གིས་ཆེད་དུ་ཚན་རིག་ལ་ལམ་སྟོན་མ་བྱས་པ་ཡིན་ཚེ། ཚན་རིག་གི་མཇུག་འབྲས་ཀྱིས་འགྲོ་བ་མིའི་ཁེ་ཕན་བསྒྲུབ་རྒྱུའི་ཚབ་ཏུ་དོན་ངོ་མར་གནོད་འཚེ་ཚབས་ཆེན་བྱེད་སྲིད། ནང་ཆོས་དང་མ་འདྲེས་པའི་སེམས་ཀྱི་རྣམ་གཞག་གི་འགྲོ་སྟངས་དེ་ལ་ཉེན་ཁ་ཡོད་པ་དང་ཡ་རབས་ཀུན་སྤྱོད་ཀྱིས་ཕོངས་བསྡད་ཡོད་པ་རེད། འགྲོ་བ་མི་རྣམས་དུས་རྟག་ཏུ་ཉོན་མོངས་དུག་གསུམ་དང་གཞན་དབང་སྟབས་བསྟུན་ཁོ་ནའི་ནང་དུ་འཚོ་བས། རྫུན་དང་གཡོ་སྒྱུ་སོགས་རྟོག་པའི་འཆར་ཡན་དང་། ཐོས་ལོ་དང་ཟེར་སྒྲོས་རྗེས་སུ་འབྲངས་བ་ཙམ་ལས་དངོས་པོའི་གནས་ལུགས་གང་ཡིན་ལ་འཚོལ་ཞིབ་བྱེད་པ་དང་། བདེན་པ་ལ་ཚད་མཐོའི་གདེང་འཇོག་བྱེད་པ་སོགས་ཤིན་ཏུ་ནས་དཀོན། དེ་བས་རིག་གཞུང་མི་མཐུན་པ་གཉིས་ལ་བགྲོ་གླེང་བྱེད་པ་ནི་དཀའ་རྙོག་ཆེ་ལ་མིའི་བློ་ཡུལ་ལས་འདས་པའི་གནད་དོན་ཞིག་རེད། ད་ལྟའི་ཤེས་ཡོན་ལམ་ལུཊ་དེ་ཕྱིའི་དངོས་པོར་གཞི་བཅོལ་བའི་ཤེས་ཡོན་ལམ་ལུཊ་ཤིག་ཆཊ་ཡོད་སྟབས། ཚན་རིག་གི་སློབ་ཚན་ནང་ཕལ་ཆེ་བ་ཕྱིའི་དངོས་པོ་དང་འབྲེལ་བའི་སློབ་ཚན་ཁོ་ནར་མ་གཏོགས་པར། ནང་བསམ་བློའི་འགྲོ་སྟངས་ཐོག་ཉམས་ཞིབ་ཀྱི་ཐོག་ནས། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་གི་ཡོད་པ་མ་རེད། ནང་ཆོས་དར་ཡུལ་གྱི་རྒྱལ་ཁབ་མང་པོ་ཞིག་ཡོད་རུང་ནུབ་ཕྱོགས་པའི་ཚན་རིག་པའི་ནང་ནས་ནང་ཆོས་ནས་ཚུར་ལེགས་ཆ་ལེན་པའི་འབད་བརྩོན་བྱེད་མཁན་ཧ་ལམ་བྱུང་མེད། དུས་རབས་བཅུ་དགུ་པའི་ནང་བྱུང་བའི་ཚན་རིག་པ་གྲགས་ཅན་(Einstien)་གྱིས་ནང་ཆོས་ལ་དོ་སྣང་བསླེབས་ཏེ་མ་འོངས་པར་ཚན་རིག་དང་ཆོས་མཉམ་དུ་འགྲོ་རྒྱུ་ཞིག་ཆགས་ཚེ། ནང་ཆོས་ཀྱིས་ཚན་རིག་དང་མཉམ་དུ་འགྲོ་ཐུབ་ཀྱི་རེད། ཅེས་གཏམ་བཤད་སྤེལ་ཡོད། ཡིན་ཡང་ཚན་རིག་པས་ཆོས་ཕྱོགས་ནས་ཕར་ལེགས་ཆ་ལེན་རྒྱུའི་གོ་སྐབས་བྱུང་མེད། ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ཕྱི་དངོས་པོའི་གོ་རྟོགས་ཀྱི་ཐད་ནས་ཧ་ཅང་གི་ཡར་རྒྱས་ཕྱིན་ཡོད་ཀྱང་། ད་དུང་ཤེས་པའི་རྣམ་གཞག་དང་ཀུན་སྤྱོད་རིག་པའི་ཐད་ནས་ཚན་རིག་ལ་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པ་རེད། ཚན་རིག་གིས་འགྲོ་བ་མིའི་འཚོ་གནས་ཀྱི་ཆེད་དུ་གོ་གནས་ཅི་ཞིག་བཟུང་ཡོད་དམ། ཚན་རིག་གིས་ལས་དོན་ཅི་ཞིག་བྱེད་དགོས་སམ། ཚན་རིག་གི་ནང་དུ་ཀུན་སྤྱོད་རིག་པ་ལ་གོ་གནས་ཤིག་ཡོད་དམ། ཅི་ཞིག་གིས་ཚན་རིག་ལ་ཁ་ལོ་བསྒྱུར་དགོས་མིན་བཅས་ཀྱི་དྲི་བ་དེ་དག་ལ་ཞིབ་འཇུག་དང་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་ངེས་ཆགས་ཡོད་པ་རེད། དཔེར་ན་གྲང་དམག་གི་དུས་སྐབས་སུ་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པའི་དབང་གིས་འཛམ་གླིང་འདི་ཆེས་ཉེན་ཁ་ལྡན་པའི་ཕྱོགས་ཁག་གཉིས་སུ་གྱུར་པ་རེད། དེ་ལ་བརྟེན་ནས་མི་གྲངས་མེད་པ་ཞིག་ཤི་རྨས་ཐེབས་པ་རེད། ཁོར་ཡུག་མང་པོ་གཏོར་བཅོམ་བཏང་བ་རེད། དགོན་པ་མང་པོ་རྩ་གཏོར་བཏང་བ་རེད། དེ་དག་ཀྱང་སྲིད་དོན་པས་ཅི་ཞིག་གི་ཆེད་དུ་ཁ་ལོ་བསྒྱུར་མ་ཐུབ་པའི་མཇུག་འབྲས་ཚབས་ཆེན་དེ་ཕོག་ཡོད་པ་རེད། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་ཡོད་ཀྱང་བཟང་སྤྱོད་ཀྱི་མ་འདང་བའི་དཀའ་ངལ་མུ་མཐུད་དུ་ཕྲད་ཀྱི་ཡོད་པ་རེད། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེས་མི་ལ་ཕན་ཐོཊ་བྱུང་ཡོད་ཀྱང་། མི་ལ་འཇིཊ་སྣང་སྐྱེས་སའི་རྡུལ་ཕྲན་མཚོན་ཆ་སོཊ་ཡོང་བསྡད་པ་ཞིག་རེད གོང་ས་མཆོག་གི་གསུང་བཤད་ནང་ལ། འདས་པའི་ལོ་ངོ་སྟོང་ཕྲག་གསུམ་བཞིའི་གོང་ལ་ཆོས་ལ་དད་པ་བྱས་ཏེ། ལྷ་ཡོད་པ་རེད་ཟེར་བ་དང་སྐྱབས་ཡོད་པ་རེད་ཟེར་ནས་མི་ལ་དངངས་སྐྲག་སྐྱེས་ཡོང་སྐབས། སྐྱབས་ཤིག་ལ་བློ་གཏད་བྱ་རྒྱུ་ཡོང་གི་ཡོད་པ་རེད། མི་ཞིག་ལ་མཚོན་ན། ང་ལ་གྲོཊ་པོ་དང་རོཊ་པ་བྱེད་མཁན་ཞིག་ཡོད་བསམ་སྟེ། བློ་གཏད་བཅོལ་ས་ཞིག་དགོས་དུས་ཆོས་དད་བྱུང་བ་རེད། ཆོད་དད་བྱུང་སྟངས་དེ་འདྲ་རེད། འདས་པའི་མི་ལོ་ཉིས་བརྒྱའི་མཚམས་ནས། ཚན་རིག་གི་བརྟག་དཔྱད་དང་འཕྲུལ་ཆས་བསླེབས་ཡོང་སྐབས། ང་ཚོའི་རེ་བ་རྒྱག་སའི་ལུས་ཀྱི་དཀའ་ངལ་སེལ་རྒྱུ་དང་། ལུས་ཀྱི་མཐུན་རྐྱེན་བསྒྲུབ་རྒྱུ་འཕྲུལ་ཆས་ཀྱི་ཐོག་ལས་སླ་པོར་ཡོང་གི་ཡོད། ལོ་སྟོང་ཕྲག་རིང་རེ་བ་བརྒྱབ་པ་དེ་ལས། ཚན་རིག་དང་འཕྲུལ་ཆས་ཀྱིས་ཁ་ཐུག་གི་ལུས་ཀྱི་སྡུག་བསྔལ་སེལ་རྒྱུ་དང་། བདེ་བ་བསྒྲུབ་རྒྱུའི་ཕྱིའི་མཐུན་རྐྱེན་བསྒྲུབ་ཡོང་གི་ཡོད་དུས་མི་ཚོས་དེར་ཡིད་ཆེས་ཆེ་རུ་ཕྱིན་ཡོད། དུས་རབས་ཉི་ཤུ་བའི་ནང་ཚན་རིག་དང་འཕྲུལ་ཆས་ཧ་ལས་པ་ཡར་རྒྱས་ཕྱིན་ཡོད་ལ། ཡར་རྒྱས་དེ་སེམས་ཆཊ་སྡང་དྲག་པོས་གཞན་དབང་དུ་སོང་བསྡད་ཡོད་པ་རེད། མིའི་སྤྱི་ཚོཊ་ནང་དམག་འཁྲུག་ནི་གནའ་སྔ་མོ་ནས་བྱུང་ཡོད་ཀྱང་། སྐབས་དེར་མི་དང་མིའི་བར་འཛིང་རེས་བྱེད་པ་མ་གཏོཊ། འབོམ་གཅིག་གིས་མི་ཁྲི་ཕྲག་དང་འབུམ་ཕྲག་གསོད་ཐུབ་པ་དེ་འདྲ་ཡོད་པ་མ་རེད། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་དེ་ཆཊ་སྡང་གི་བྲན་གཡོག་ཏུ་གྱུར་ཏེ། ཧ་ལས་པའི་གཏོར་བཅོམ་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་དང་འབྲེལ་ཏེ་མི་མང་པོ་ཞིག་ལ་འཇིཊ་སྣང་བསླེབས་བསྡད་པ་ཞིག་རེད། དེ་བཞིན་ཁོར་ཡུག་ཐོག་ཉམ་ཉེས་ཆེན་པོ་འགྲོ་བཞིན་པ་རེད། མཁས་པ་དེ་ཚོས་བཤད་ན། དུས་རབས་ཉི་ཤུའི་དམག་འཁྲུག་ནང་མི་ས་ཡ་ཉིས་བརྒྱ་དམར་གསོད་བཏང་ཡོད་ལ། དུས་རབས་ཉི་ཤུ་བ་དེ་འཚེ་བའི་དུས་རབས་ཤིག་དང་། མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆཊ་ཡོད། འཚེ་བའི་ཐབས་ཤེས་ལ་བརྟེན་ནས་འཛམ་གླིང་སྔོན་མ་ལས་སྐྱིད་པ་ཞིག་དང་ཞི་བདེ་མང་བ་བྱུང་ཡོད་ན། འཚེ་བ་བྱུང་ཡོད་ཀྱང་འཚེ་བ་དེར་གྲུབ་འབྲས་བཟང་པོ་བྱུང་སོང་ལབ་ཆོག་ཀྱང་། དེར་གྲུབ་འབྲས་བཟང་པོ་ཞིག་གང་ཡང་སྟོན་རྒྱུ་ཡོད་པ་མ་རེད། དེ་འདྲ་ཡིན་དུས། དུས་རབས་ཉེར་གཅིག་པ་དམག་འཁྲུག་མེད་པ་དང་འཚེ་བ་མེད་པར། མི་ཀུན་མཛའ་ཞིང་མཐུན་པ་ཞིག་ཡོང་བའི་འབད་བརྩོན་བྱ་དགོས་པ་རེད། ཚན་རིག་དང་འཕྲུལ་ཆས་ཀྱི་ཐོག་ནས་དམག་འཁྲུག་མེད་པར་བཟོ་མི་ཐུབ་པ་དང་མི་དང་མིའི་བར་མཐུན་པོ་བཟོ་ཐབས་ཡོད་པ་མ་རེད། མི་མཐུན་པོ་བཟོ་དགོས་ན་མིའི་བསམ་བློའི་ནང་མཛའ་བརྩེ་དགོས་པ་རེད། ང་ཚོ་འགྲོི་བ་མིའི་རིཊ་གཅིག་པ་ཡིན་ཞེས་བཤད་རྒྱུ་ཞིག་བྱུང་ན། གཅིག་གིས་གཅིག་ལ་འཚེ་བ་བྱེད་པ་དང་། ཕྲག་དོག་བྱེད་པའི་གཞི་རྩ་གང་ཡང་ཡོད་པ་མ་རེད། མདོར་ན་ཚན་རིག་གི་ཤེས་ཡོན་ནི་ཀུན་ལ་ཁྱབ་པ་ཞིག་ཡིན་སྟབས། ཆོས་དང་འདྲེས་པའི་ཀུན་སྤྱོད་དམ། ཆོས་དང་མ་འདྲེས་པའི་ཀུན་སྤྱོད་གང་ཡིན་རུང་ཡར་རྒྱས་གཏོང་དགོས་ཀྱི་ཡོད་པ་རེད། དེ་ནི་སོ་སོའི་དོན་དག་རེད་ལ་སོ་སོའི་ལས་འགན་ཡང་ཆཊ་ཡོད། ཡ་རབས་ཀུན་སྤྱོད་ཟེར་བ་དེ་ཆོས་ལུགས་གཅིག་པུའི་སྐད་ཆ་ཞིག་མ་རེད། འཛམ་གླིང་འདིའི་ཐོག་གི་འགྲོ་བ་མི་རྣམས་མི་ཚེ་སྐྱིད་པོ་ཡོང་བའི་དོན་དག་དང་འབྲེལ་བ་ཆགས་ཡོད་སྟབས། གོང་ནས་བཤད་ཟིན་པ་དེ་དག་གི་ཐོག་ནས་ཚན་རིག་གི་མཇུག་འབྲས་ཚབས་ཆེན་དང་། ཚན་རིག་པ་ཚོ་ལ་ཐོག་མའི་དམིགས་ཡུལ་གང་འདྲ་ཞིག་ཡོད་པ་དང་ལྷག་བསམ་གང་འདྲ་ཞིག་ཡོད་པ་ཤེས་རྟོགས་ཐུབ་ཀྱི་རེད།
ལེགས་བཤད་ལགས། ཁྱོད་ཀྱིས་ཚན་རིག་གི་དགེ་ཕན་ལ་མཆན་བྲིས་པ་ལ་དགའ་བསུ་ཡོད། མི་རེ་ཟུང་ཞིག་གིས་རང་ཉིད་གྲ་བའི་སྤྱི་ཚོགས་སུ་བསྡད་ནས་དགེ་བཤེས་སོགས་ལ་ཁ་གཏོང་པ་དང་བོད་རང་གི་རིག་གཞུང་འདི་རྨོངས་དད་ཞིག་དུ་རྩི་བ་ནི་ཧ་ཅང་གི་ཐབས་སྐྱོ། ང་རང་སྔར་གུང་གསེང་དང་བསྟུན་ནས་གྲ་ས་ཁག་ལ་མཇལ་སྐོར་དུ་སོང་མྱོང་དེ་དུས་དགེ་འདུན་པ་ཁོང་རྣམས་ཀྱིས་དཀའ་བ་དང་དུ་བླངས་ནས་ས་མཐའ་འདིར་བོད་རང་གི་རིག་གཞུང་འཛིན་སྐྱོང་དང་མི་རིགས་ཀྱི་ཆེད་དུ་སློབ་སྦྱང་ལ་ཧུར་བརྩོན་སྙིང་རུས་ཐུག་པ་བྱེད་བཞིན་ཡོད་པ་མཐོང་བས་སེམས་འགུལ་གྱིས་མིག་ཆུ་ཤོར་བཅུག་སོང་། དེ་རིང་ཡིན་ནའང་ངས་ཐད་གཏོང་བརྒྱུད་ནས་བགྲོ་གླེང་ལ་བལྟ་བཞིན་ཡོད། དེ་རིང་གི་ངའི་ཚོར་སྣང་འདི་འདྲ་ཞིག་བྱུང་། མིའི་སྤྱི་ཚོགས་ནང་ལ་བཀྲ་མི་ཤེས་པ་ཡོངས་རྐྱེན་དེ་དག་མཐར་གཏུགས་ན་བྱམས་དང་སྙིང་རྗེ་མེད་པས་ཕོངས་བསྡད་པ་དང་སློབ་གྲ་ཁག་ནང་ལའང་ཡིད་མུག་གིས་གཞོན་སྐྱེས་མང་པོ་ཞིག་རང་ཤི་རྒྱག་གི་ཡོད་པ་འདི་དག་སེལ་ཐབས་སུ་མཁས་ཆེན་དེ་དག་གིས་ནང་ཆོས་ནས་གསུངས་པའི་སྙིང་རྗེ་དང་སྒོམ་སྒྲུབ་ཀྱི་ཉམས་ལེན་སོགས་མེད་དུ་མི་རུང་པས། སློབ་གྲའི་སློབ་ཚན་ཁག་གི་ནང་། བྱམས་པ་དང་སྙིང་རྗེ་བཟོད་ཟན་དྲན་པ་ཉེར་བཞག་སྒོམ་པ་སོགས། སློབ་ཚན་གྱི་རྨིང་གཞི་ནས་མགོ་འཛུགས་ཀྱིས་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་དགོས་པར་ཚོགས་བཅར་པ་མཁས་དབང་རྣམས་དགོངས་པ་གཅིག་མཐུན་བྱུང་སོང་སེམས། ནང་ཆོས་ཀྱི་ཁྱད་ནོར་འདི་བོད་གངས་ཅན་པ་རྣམས་ཀྱིས་བདག་པོ་རྒྱབ་པ་དེས་འཛམ་གླིང་འདིའི་མི་དུང་ཕྱུར་མང་པོ་ལ་བདེ་སྐྱིད་ཀྱི་ས་བོན་ཞིག་སྐྲུན་པ་མིན་ནམ་སྙམ།
གོང་གི་ནོར་བཅོས་་་་་་་་་བཟོད་སྲན་་་་དྲ་གྲོགས་རྣམ་པ་ཡིག་ནོར་ཤོར་ཡོད་ན་གསུངས་རོགས་ཞུ།
སྣང་བྲལ་རྡོ་རྗེ་ལགས། རེད་རེད། ཚན་རིག་མ་དར་གོང་གི་བོད་པའི་ཆོས་དད་བྱུང་སྟངས་ཡག་པོ་ཞིག་རེད་བསམ་གི་ཡོད། བློ་བག་ཕེབས་པོ་དང་ཉེན་ཁ་མེད་པ་རེད། ཚན་རིག་དར་རྒྱས་རྗེས་བོད་པའི་ན་གཞོན་མང་པོ་ཞིག་གིས་རང་གི་ཡབ་མེས་ཀྱི་རིག་གཞུང་ལ་རྒོལ་ལན་ལོག་རྩིས་བྱས་པ་རེད། ཡིན་ན་ཡང་ཚན་རིག་དང་ནང་ཆོས་བསྡུར་བའི་གོ་སྐབས་བཟང་པོ་ཞིག་བྱུང་བ་ལྟར་ཚན་རིག་པའི་ངོས་ནས་ཆོས་ལས་ཉམས་མྱོང་མང་པོ་ཞིག་བླངས་ཡོད་པ་དང་དད་པ་གང་ཡིན་རྨོངས་དད་ཅིག་ཏུ་བརྩི་གི་མེད་པ་རེད།
སྤྱིའི་ཆ་ནས་འཛམ་གླིང་འདིའི་ཐོག་ཏུ་འགྲོ་བ་མི་བསླེབས་པ་ནས་བཟུང་སྟོབས་ཆེ་བས་ཆུང་བཅོམ་པ་དང་། དབང་ཡོད་པ་ཚོས་དབང་མེད་རྣམས་ལ་གཉའ་གནོན་སྤྲད་བསྡད་པ་འདི་ནི་དངོས་པོའི་ཆོས་ཉིད་ཤིག་རེད་འདོད། དེ་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད།
ཁྲ་ཡིས་བྱི་བསད་པ་དང་བྱི་ཡིས་འབུ་བསད་པ་འདི་ལ་འགྱུར་བ་གཏོང་ཐུབ་པའི་རེ་བ་མེད་པར་འདོད། ཚན་རིག་ལའང་ལེགས་ཆ་དང་ཉེས་ཆ་གཉིས་ཀ་ཡོད་པ་དངོས་ཡོད་ཡིན་ཀྱང་དེང་སང་འཛམ་གླིང་འདིའི་ཐོག་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྡུལ་རྫས་འཕྲུལ་ཆ་ལ་བརྟེན་ནས་རང་སོ་སོའི་མི་སེར་སྲུང་སྐྱོབ་བྱེད་ཀྱི་ཡོད།
དཔེར་ན་་་་རྒྱ་གར་ལྟ་བུ་ལ་མཚོན་ན་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་སོང་བཏང་ནས་དེང་རབས་དམག་གི་གནམ་གྲུ་༡༨༠དང་མེ་ཤུགས་འཕུར་མདའ་༢༠༠༠་ཨ་རིའི་རྩ་ནས་ཉོས་སོང་། ར་ཤེ་ཡའི་རྩ་ནས་ལྕགས་ཉོས་ནས་དམག་གྲུ་གཅིག་གི་ཐོག་ཏུ་དམག་གི་གནམ་གྲུ་༣༥བབ་ཆོག་པའི་དམག་གྲུ་ཆེན་པོ་ཞིག་གསར་བཟོས་བྱས་ཡོད། ཨེ་ཟི་རུ་ལི་རྒྱལ་ཁབ་ཀྱི་རྩ་ནས་མེ་ཤུགས་འཕུར་མདའ་བཀག་ཐུབ་པའི་འཕྲུལ་རིགས་ཉོས་ཡོད། འཇར་པན་རྒྱལ་ཁབ་ཀྱི་རྩ་ནས་རྡུལ་རྫས་འཕྲུལ་ཆ་བཟོ་ཐུབ་པའི་རིག་གནས་ཉོ་འདོད་ཀྱང་རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ལག་རྩལ་དེ་བེད་སྤྱོད་ལོག་པ་མི་གཏོང་བའི་གྲོས་ཆོད་མ་བཞག་པར་བཙོང་གི་མིན་ལབ་ཡོད།
འདི་དག་ཚང་མ་རྒྱ་གར་མི་དམངས་སྲུང་སྐྱོབ་བྱ་ཆེད་དུ་ཡིན་པ་རེད། མ་གཏོགས་ཁ་གཏད་དགྲ་བོ་ལ་བྱམས་དང་རྙིང་རྗེ་བཤད་ནས་མི་དམངས་ཀྱི་ཚེ་སྲོག་སྐྱོབ་ཐབས་མེད་པ་རེད། བོད་གངས་ཅན་གྱི་ཡུལ་དུ་ཤྭཀྱའི་ཆོས་ལུགས་བསླེབས་པ་ནས་བཟུང་བྱམས་དང་སྙིང་རྗེ་ལ་བློ་སྦྱོང་ཀྱང་བོད་མི་རིགས་འབུ་བསད་བསད་ཡིན་པར་ང་རང་ཚོས་མིག་མདུན་དུ་ཡོད།
ངས་ངོས་ནས་རྡུལ་རྫས་འཕྲུལ་ཆ་བཟོ་སྐྲུན་བྱ་དགོས་རེད་ཞུ་གི་མེད། ཁ་ཡོད་ལག་ཡོད་ཀྱི་བོད་མི་རིགས་ལ་ཕན་ཐོགས་པའི་འཕྲུལ་རིགས་བཟོ་བའི་ལག་རྩལ་ནང་འདྲེན་བྱ་དགོས་གལ་ཆེན་པོ་འདུག་ཞུ་བཞིན་ཡོད། རྫུ་འཕྲུལ་གྱི་གཤོག་པ་སྐྱེས་ནས་ཤར་ནས་ནུབ་ལ་འཕུར་མི་ཐུབ། ངེས་པ་ཏུ་གནམ་གྲུ་ལ་བརྟེན་འགྲོ་དགོས་པ་ཡང་དངོས་ཡོད་ཚུལ་རེད།
བོད་ནང་ལ་ཆ་བཞག་ནའང་མེ་འཁོར་དང་མོ་ཊ་སོགས་བེད་སྤྱོད་ནས་འགྲོ་གི་ཡོད་ཀྱང་འཕྲུལ་རིགས་དེ་དག་བཟོ་སྐྲུན་བྱེད་ཐུབ་ཀྱི་མེད་པ་མ་ཟད་དེ་དག་གི་ཁ་ལོ་བའི་སློབ་སྦྱོང་ཙམ་ཡང་བོད་ཡིག་ནང་དུ་མེད། འདི་དག་ནང་འདྲེན་བྱ་ན་དགེ་བ་མ་གཏོགས་སྡུག་ཡོང་དོན་མི་འདུག་འདོད་དོ།།
ལ་དྭགས་པས་བསླབ་བྱ་གནང་བ་བཀའ་དྲིན་ཆེ།་་་་་ཁྱེད་བདེན་ངོ་མ་བདེན། བོད་སྤྱི་སྐད་ལ་ཐུགས་ཁུར་གནང་བ་དགའ་བོ་བྱུང་།
་་་ བོད་ནང་ལ་ཆ་བཞག་ནའང་མེ་འཁོར་དང་མོ་ཊ་སོགས་བེད་སྤྱོད་ནས་འགྲོ་གི་ཡོད་ཀྱང་འཕྲུལ་རིགས་དེ་དག་བཟོ་སྐྲུན་བྱེད་ཐུབ་ཀྱི་མེད་པ་མ་ཟད་དེ་དག་གི་ཁ་ལོ་བའི་སློབ་སྦྱོང་ཙམ་ཡང་བོད་ཡིག་ནང་དུ་མེད། འདི་དག་ནང་འདྲེན་བྱ་ན་དགེ་བ་མ་གཏོགས་སྡུག་ཡོང་དོན་མི་འདུག་འདོད་དོ།། ་་་ཟེར།
ཁ་ལོ་བའི་སློབ་སྦྱོང་ཙམ་ཡང་བོད་ཡིག་ནང་དུ་མེད་ཟེར་ནས་གཞན་ལ་ལས་བརྡལ་བྱེད་པ་ལས་རང་ཉིད་ཀྱིས་བོད་ཡིག་ནང་དུ་བསྒྱུར་པ་དང་འབྲི་བ་སོགས་མི་བྱེད་པ་ཅི་ཡིན་ནམ།
ཅོ་རི་ཉི་མས་བཤད་པའི་ཚན་རིག་གི་ཆེད་ལས་བཟོ་བསྐྲུན་དེ་ཚོ་དགོན་པའི་ནང་ལ་དགོས་མཁོ་མེད་ཀྱང་བོད་པ་ལ་དགོས་མཁོ་ལོས་ཡོད། བཙན་བྱོལ་སློབ་གྲྭ་ཁག་ནས་ངེས་བར་སྦྱོང་བརྡར་སྤྲད་དེ་ནང་འདྲེན་བྱ་དགོས་པ་འདུག་མོད། ཡིན་ན་ཡང་གྲིབ་ནག་ཙམ་ཡང་མཐོང་ཡ་མི་འདུག །
ལེགས་བཤད་ལགས་་་བཀའ་མོས་དེ་ཙམ་གནང་བར་བཀའ་དྲིན་ཆེ། སློབ་གྲྭ་ནང་དུ་ཆོས་བསླབ་དགོས་ཟེར་བ་དང་ཆོས་དགེ་མང་རེར་གཏོང་དགོས་ཟེར་བ་མ་གཏོགས་འདིའི་སྐོར་ལ་ཆ་གཞི་ཅང་མི་འདུག དགོས་གལ་ཆེ་རིག་གནས་ནང་འདྲེན་བྱ་དགོས་པ་རྣམས་གཅིག་གི་གཅིག་ལ་ཁག་བཞག་ནས་བསྡད་པ་ཡིན་ན་ལས་དོན་འགྲུབ་ཡོང་གྱི་ཅང་མི་འདུག་བ།
གྲྭ་ས་ཁག་གིས་གདན་བཟོ་གྲྭ་བཙུགས་ཆོག་ནས་མེད་པར་བཟོ་གྲྭ་གཞན་དག་ཡང་འཛུགས་མ་ཆོག་པ་དང་མི་མཁོ་བ་ཅང་ཨེ་ཡོད་ན།།
ད་བར་བོད་ཀྱི་དགོན་སྡེའི་ཁག་གིས་བོད་པའི་ངོ་གདོང་འཛམ་གླིང་གང་སར་བསྟན་ཐུབ་ཡོད་ལ། བོད་པའི་རིག་གཞུང་གི་ཆ་ཤས་ནང་བསྟན་འདི་ཉིད་དེང་དུས་ཚན་རིག་དང་བསྡུར་བའི་རླབས་ཆེན་གྱི་ལེའུ་གསར་བ་ཞིག་གི་སྒོ་ཕྱེ་ཡོད། གཙོ་བོ་གོང་ས་མཆོག་གི་མཁྱེན་ཡོན་དང་གདན་ས་ཁག་གི་དགེ་བཤེས་རྣམ་པས་ལོ་མང་རིང་ཚན་རིག་པ་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས་གོ་བསྡུར་བྱས་པ་ལས་བྱུང་བ་ཡིན་པ་བཤད་མ་དགོས་པ་རེད།
སློབ་གྲྭའི་བསླབ་གཞིའི་སྡེ་ཚན་ནང་ལ་ནང་ཆོས་ནི་ཟུར་སྦྱོར་ཞིག་རེད། སློབ་ཚན་གཞན་དང་བསྡུར་ན་ཧ་ཅང་ཉུང་ཉུང་རེད། སྤྱི་ཚོགས་ཚན་རིག་སློབ་སྦྱོང་ནང་ལ་ནང་ཆོས་ཀྱང་བསླབ་དགོས་པ་རེད། ནང་ཆོས་བསླབ་ནས་འཐུས་ཤོར་ཕྱིན་པ་གང་ཡང་མ་རེད། མ་གཞི་ནས་ཕ་མས་གོམས་གཤིས་བསླབ་སྟངས་དང་འབྲེལ་བ་ཡོད་པ་ཞིག་རེད།
ལེགས་བཤད་ལ་རྒྱབ་སྐྱོར་ཡོད།
རེད། རེད། དང་པོ་ཐོག་མ་བོད་ནང་དང་རྒྱ་གར་ནང་ལ་བོད་ཡིག་བོད་སྐད་ཐོག་ལ་མོ་ཊ་ཁ་ལོ་པའི་ལག་འཁྱེར་བཟོ་ཐབས་བརྩོན་དགོས་འདུག དེ་མི་སྲིད་པ་ཅིག་མ་རེད་སྙམ་ལགས།
བཟོ་གྲ་སོགས་བཙུགས་ཆོག་ཆོག་ཡོད་པར་སེམས་པ་ནི་ཡུལ་ཁྲིམས་མ་ཤེས་པའི་ནོངས་འདུག