མི་གསོན་པོ།
༧རྒྱལ་ཀུན་འཕྲིན་ལས་ཀྱི་སྙིང་པོ་མཚན་དཔེ་གཟི་བྱིན་གྱི་གཟུགས་སུ་སྣང་བ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་བདུན་པ་ཆེན་པོའི་གསང་གསུམ་འཕྲིན་ལས་ཀྱི་འོད་སྣང་ནུབ་ཕྱོགས་སུ་མཆེད་པའི་དུས་ཀྱི་ཆར། ཨ་རི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་ནིའུ་ཡོག་ཏུ་སྤྱི་ཚེས་བཅུ་ཉིན་ཆིབས་བསྒྱུར་གྱི་མཛད་འཕྲིན་ཐོག་མར་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་སྙན་ངག་གྱེར་འདོན་མཛད་སྒོ་ལ་ཞུགས་གནང་སོང་། དེ་ཡང་ཡེལ་གཙུག་ལག་སློབ་ཆེན་ནང་དུ་རླབས་ཆེན་གྱི་མཛད་འཕྲིན་ཇི་སྙེད་ལེགས་གྲུབ་བྱུང་ཞིང་ཞབས་ཀྱི་པདྨོ་ནིའུ་ཡོག་ཏུ་བཀོད་མ་ཐག་ཇ་ཡུན་ཙམ་གྱི་སྐུ་ངལ་གསོ་བའི་མཛད་པ་ལྷུར་དུ་མ་བཞེས་པར་རོ་བྷིན་འགྲེམ་སྟོན་ཁང་དུ་གདན་ཞུས་ལྟར་ཕེབས་ཏེ་གནའ་རབས་ཀྱི་ཞལ་ཐང་རྩ་ཆེན་དག་ལ་གཟིགས་ཞིབ་དང་འབྲེལ་དུས་རབས་དང། རི་མོའི་འགྲོས། འབྲི་བ་པོ། དེ་བཞིན་ཞལ་ཐང་གི་ལྷ་སྐུ་ངོས་འཛིན་སོགས་ལ་དགོངས་འཆར་དང་སློབ་སྟོན་གནང་། དེ་བཞིན་ཨ་ཌིན་ཡ་སྒྱུ་སྩལ་ཁང་དུ་ཕེབས་ཏེ་བོད་ཀྱི་རིག་གཞུང་སྒྱུ་སྩལ་དང་ཧི་མ་ལའི་ཆས་གོས་སོགས་ཀྱི་འགྲེམ་སྟོན་ལའང་གཟིགས་ཞིབ་གནང་།
དགོང་མོའི་ཆུ་ཚོད་ལྔ་པར་ལ་རྩེ་དཔེ་མཛོད་ཁང་གིས་གོ་སྒྲིག་ལྟར་ལྗང་བུ་སོགས་བོད་ཀྱི་སྙན་ངག་པ་གྲགས་ཅན་དགུ་དང་ལྷན་དུ་སྙན་ངག་གྱེར་འདོན་མཛད། གོ་སྒྲིག་པ་པད་མ་འབུམ་གྱིས་སྔོན་གླེང་གཏམ་བཤད་ནང་དུ་སྙན་ངག་གྱེར་འདོན་བྱེད་པའི་ལུགས་སྲོལ་ནི་ལོ་རྒྱུས་ཀྱི་རྒྱུན་མི་རིང་ཡང་། དུས་རབས་ཀྱི་དགོས་མཁོ་དང་ཁྱད་ཆོས་མངའ་བའི་བྱེད་སྒོ་ཞིག་ཡིན་པ་དང་། ལོ་རྒྱུས་ཐོག་ཏུ་བོད་ཀྱི་བླ་ཆེན་ཞིག་གིས་སྙན་ངག་གྱེར་འདོན་བྱེད་རྒྱུ་ལྟ་ཅི། སྙན་ངག་གྱེར་འདོན་གསན་མཁན་ཡང་དཀའ་ཚོད་སྣང་ནའང་དེ་རིང་༧རྒྱལ་དབང་ཀརྨ་པ་སྐུ་ངོ་མས་སྙན་ངག་གྱེར་འདོན་བྱེད་རྒྱུ་འདི་ནི་ལོ་རྒྱུས་ཐོག་ཏུ་རླབས་ཆེན་གྱི་བྱུང་རབས་གསར་པ་ཞིག་ཡིན་པ་མ་ཟད། སྙན་ངག་པ་དང་སྙན་ངག་པའི་ལས་འགུལ་ལ་རྒྱབ་སྐྱོར་དང་སྐུལ་ལྕག་གནང་བ་ཞིག་ཡིན་པའི་ངོས་འཛིན་གྱིས་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞེས་ཞུས་གནང་སོང་།
སྙན་ངག་པ་སྐལ་བཟང་ལྷ་མོ་དང་། ཀླུ་སྨྱོན་ཧེ་རུ་ཀ། དཔལ་ལྡན་རྒྱལ། དོམ་པ་ཚེ་རིང་དབང་མོ། ལྗང་བུ། ལྕགས་མོ་མཚོ། བསྟན་འཛིན་བདེ་སྐྱིད། ཚེ་རིང་སྐྱིད་བཅས་སྙན་ངག་པ་དགུ་ཡིས་རང་རྩོམ་གྱི་སྙན་ངག་བོད་དབྱིན་གཉིས་ཀྱི་ཐོག་ནས་གྱེར་ཀློག་དང་། མཇུག་ཏུ་༧དཔལ་རྒྱལ་དབང་ཀརྨ་པས་སྙན་ངག་གྱེར་འདོན་གནང་བའི་སྔོན་དུ་བཀའ་སྩལ་པ།
ང་རང་སྙན་ངག་པ་ཞིག་ཡིན་པའི་ཚད་ལོངས་མེད་ལ་དེ་ལས་སྙན་ངག་པ་ཞིག་མིན་ཞེས་བརྗོད་ནའང་ཆོག་པ་ལྟ་བུ་རེད། དེས་ན་རང་ཉིད་སྙན་ངག་པ་ཞིག་ཡིན་པའི་གདེང་ཚོད་དང་སྤོབས་པ་གང་ཡང་མེད་ཅིང་། དེ་ལས་སྙན་ངག་གྱེར་འདོན་བྱེད་རྒྱུ་དེའང་ཐོག་མར་འདྲ་བོ་ཞིག་ཡིན་དུས་ཡག་པོ་ཞིག་ཡོང་བ་དཀའ་ཡང་གང་ལྟར་དེ་རིང་སྙན་ངག་ཞིག་ཀློག་རྒྱུ་ཡིན། སྤྱིར་བཏང་གོ་སྒྲིག་པའི་འཆར་གཞི་ལྟར་ན་སྔོན་དུ་ངས་སྙན་ཚིག་ཞིག་ལ་རྩེ་དཔེ་མཛོད་ཁང་དུ་ཕུལ་ཏེ་མ་ཀློག་པའི་གོང་དུ་ཁོང་ཅག་གིས་དབྱིན་ཡིག་ལ་བསྒྱུར་ཏེ་དབྱིན་བོད་གཉིས་ཀ་དགོས་ཀྱི་ཡོད་པ་འདྲ། འོན་ཏེ་རང་ཉིད་བྲེལ་ཟིང་ཆེན་པོས་ཕུལ་རྒྱུ་བྱུང་མ་སོང་བས་དེ་རིང་ངས་ཀློག་རྒྱུའི་སྙན་ཚིག་འདི་པདྨ་འབུམ་གྱིས་ང་ལ་ཚུར་གནང་ནས་འདི་དྲ་རྒྱའི་ནང་དུ་འདུག་ཀློག་ན་ཆོག་ས་རེད་ཅེས་གསུངས་སོང་།
སྙན་ངག་འདིའི་བརྗོད་བྱ་ནི་ཀརྨ་པ་སྐུ་འཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་ལོ་དགུ་བརྒྱར་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ལ་བྲིས་པ་ཞིག་ཡིན། མི་མང་པོ་ཞིག་གིས་བསམ་བློ་ནང་དུ་ང་ལ་ཀརྨ་པའི་མཚན་ཆེན་པོ་དེ་ཡོད་སྟབས་ཁོ་རང་གི་ངོས་ནས་ཀརྨ་པ་ཡིན་སྙམ་པའི་སེམས་ཚོར་འདྲ་ཡོད་རྒྱུ་རེད་དྲན་བགྱི་ཡོད་སྲིད། འོན་ཏེ་ང་རང་གི་ངོས་ནས་༧རྒྱལ་དབང་ཀརྨ་པ་སྐུ་འཕྲེང་རིམ་བྱོན་དག་ནི་སྐྱབས་དང་རེ་ས་ཞུ་ཡུལ་གྱི་བླ་མ་ལྟ་བུར་ཞིག་ལས་རང་ཉིད་དེ་འདྲ་ཞིག་ཡིན་སྙམ་པའི་སྤོབས་པ་དང་ང་རྒྱལ་གང་ཡང་མེད། དེས་ན་ང་རང་༧རྒྱལ་དབང་ཀརྨ་པ་སྐུ་གོང་མ་དག་གི་་རྗེས་འཇུག་དང་སློབ་མ་ཞིག་ཡིན་སྙམ་པའི་སེམས་ཚོར་གྱིས་ཐོག་ནས་བྲིས་པ་ཞིག་ཡིན་ཞེས་བཀའ་སྩལ།
སྙན་ངག་གྱེར་འདོན་པ་རྣམས་ཀྱིས་སྔོན་གླེང་དུ་༧དཔལ་རྒྱལ་དབང་ཀརྨ་པ་དང་ལྷན་དུ་སྙན་ངག་གྱེར་འདོན་བྱེད་རྒྱུ་བྱུང་བ་ནི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་དང་རང་ཉིད་ཀྱི་མི་ཚེ་ནང་གི་བྱུང་རབས་གཟི་བརྗིད་ཅན་ཞིག་ཏུ་ངོས་འཛིན་བྱེད་རྒྱུ་དང་། རྨི་ལམ་ནའང་བཏང་མ་མྱོང་བའི་ཆེས་དཀོན་པའི་རིན་ཐང་ཅན་གྱི་གོ་སྐབས་ཤིག་ཡིན་པ་སོགས་ཀྱིས་ཆེ་བསྟོད་དང་གུས་བཀུར་བླ་མེད་ཞུས་གནང་སོང་། སྙན་ངག་གྱེར་འདོན་པ་ཨ་ལགས་ཀླུ་སྨྱོན་ཚང་ལ་སྐབས་དེའི་སེམས་ཚོར་ཇི་བྱུང་བཀའ་འདྲི་ཞུས་པས་ཁོང་གིས། དེ་རིང་སྐལ་བ་བཟང་པོ་ཞིག་ཡིན་སྙམ་པའི་སེམས་ཚོར་གྱིས་ང་རང་ཧ་ཅང་དགའ་བོ་བྱུང་། ༧རྒྱལ་བ་ཀརྨ་པ་ཁོང་ནི་སྐུ་རྫིག་པ། གསུང་རྫིག་པ། ཐུགས་རྫིག་པ་སོགས་ཀྱིས་ཧང་སངས་པ་འདྲ་བོ་ཞིག་བྱུང་སོང་། ཁོང་གི་སྙན་ངག་དེ་ཡང་ཁོང་རང་ཉིད་དང་འབྲེལ་བ་ཡོད་པ་མ་ཟད་ལོ་ངོ་དགུ་བརྒྱ་ཙམ་གྱི་ལོ་རྒྱུས་ཀྱི་རྒྱལ་ལྗོངས་ཡོད་པའི་སྙན་ཚིག་ཅིག་ཡིན་དུས་ཕྱོགས་གང་ཐད་ནས་རླབས་ཆེན་གྱི་བྱུང་རིམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་གནང་བྱུང་།
གྱེར་འདོན་གྱི་མཛད་སྒོ་གྲུབ་རྗེས་དགོང་མོར་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་ཏེ་ནིའུ་ཡོག་གི་ས་གནས་བོད་རིགས་སྟོང་ཕྲག་གཉིས་ལྷག་ལ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་དང་སྒྲོལ་བསྟོད་ཀྱི་ལུང་སྩལ་གནང་བ་དང་། དེ་བཞིན་བོད་རིགས་ཡོངས་རྫོགས་གོང་བུ་གཅིག་གྱུར་གྱི་ནུས་པ་དང་སྟོབས་ཤུགས་ཀྱི་འབྱུང་རྩ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་སེམས་གཏིང་ནས་དྲན་དགོས་པ་དང་། གངས་ཅན་བོད་ཀྱི་ཐུན་མིན་གྱི་སྲོལ་རྒྱུན་ཆོས་དང་རིག་གཞུང་གོམས་གཤིས་བཟང་པོ་བཅས་རྒྱུན་འཛིན་བྱས་ཏེ་དུས་རབས་དང་མཐུན་པའི་མདུན་བསྐྱོད་བྱེད་རྒྱུ། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཕྱོགས་རིས་འཐེན་ཁྱེར་མེད་པར་བོད་རིགས་ཡོངས་རྫོགས་ལག་བརྡང་གཅིག་ཏུ་སྦྲེལ་ཏེ་ནུས་ཤུགས་མཉམ་དུ་ཕྱུངས་དགོས་པའི་དོན་ཚན་གསུམ་ཅན་གྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་བཀའ་དྲིན་སྩལ་གནང་།
སྤྱི་ཚེས་བཅུ་གཅིག་དང་བཅུ་གཉིས་ཏེ་ཉིན་གཉིས་ཀྱི་རིང་དུ་ཟླ་སྣང་ཐེབས་རྩ་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབས་པ་ལྟར་དྭགས་པོ་ཆོས་བཞིའི་བཀའ་ཁྲིད་དང་། རྒྱ་བོད་དབྱིན་གསུམ་གྱི་འདུས་པ་སྟོང་ཕྲག་གཉིས་ལྷག་ལ་མགོན་པོ་མི་འཁྲུགས་པའི་བཀའ་ཁྲིད་དང་བཀའ་དབང་སྩལ་གནང་། ལོ་ཤས་སྔོན་ནས་༧རྒྱལ་དབང་མཆོག་གིས་མི་འཁྲུགས་པའི་མདོ་རྒྱ་སྐད་དུ་བཞུགས་པ་ཁ་ཤས་བོད་སྐད་དུ་བསྒྱུར་གནང་སྐབས་ཚིག་དོན་ལ་སེམས་གཏད་པའི་འཇུག་འབྲས་རང་བརྒྱུད་ཀྱི་ཁོང་ཁྲོ་ཆུང་དུ་སོང་བའི་སེམས་ཚོར་ཟབ་མོ་སྐྱེས་པས་ལྷག་པའི་ལྷ་འདི་དང་ཐུན་མིན་གྱི་འབྲེལ་བ་ཅུང་ཡོད་པ་མིན་ནམ་སྙམ་པའི་དགོངས་ཚུལ་གྱི་ལོ་ལྟར་མགོན་པོ་མི་འཁྲུགས་པའི་བསྙེན་འཚམས་དང་བཀའ་ཆོས་ལ་འབད་བརྩོན་གནང་བའི་བརྒྱུད་རིམ་དང་། མགོན་པོ་མི་འཁྲུགས་པས་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་སེམས་ཅན་སུ་ལའང་ཁོང་ཁྲོ་མི་སྐྱེ་བའི་དམ་བཅའ་གྱི་རྣམ་ཐར་མཇལ་ནས་ཞོགས་པ་ནས་དགོང་མོའི་བར་དང་། དེ་རིང་ནས་འཆི་བའི་བར་དུ་སེམས་ཅན་གཞན་ལ་ཁོང་མི་ཁྲོ་བའི་དམ་བཅའ་བྱེད་རྒྱུ་འདུག་སྙམ་པའི་བློ་བསྐྱེད་དང་སྤོབས་པ་སླེབས་པའི་དགོངས་ཚུལ་དང་། མགོན་པོ་མི་འཁྲུགས་པའི་ཉམས་ལེན་དངོས་ནི་ལྷ་སྒོམ་པ་དང་སྔགས་བཟླ་བ་ཙམ་དུ་མ་ཡིན་པར་མི་འཁྲུགས་པའི་དོན་དང་འབྲེལ་བའི་སྒོ་ནས་ཉོན་མོངས་ཀྱིས་རང་རྒྱུད་མི་འཁྲུགས་པ་དང་། བྱ་སྤྱོད་ཀྱིས་གཞན་རྒྱུད་མི་འཁྲུགས་པ། གཏོར་བརླག་གིས་ཁོར་ཡུག་མི་འཁྲུགས་པ་སོགས་ཀྱི་ཆེད་དུ་འབད་དགོས་པ་དང་དེ་ལྟར་སྙིང་སྟོབས་དང་སེམས་ཤུགས་བསྐྱེད་དགོས་པ་སོགས་ཀྱི་སྒོ་ནས་མགོན་པོ་མི་འཁྲུགས་པ་ཉམས་ལེན་བྱེད་པར་རྒྱུ་མཚན་ཆེན་པོ་གསུམ་གྱིས་འགྲེལ་བཤད་གཏིང་ཟབ་ལ་གོ་བདེ་བའི་ཁྱད་ཆོས་ཅན་གྱི་བཀའ་ཁྲིད་སྩལ་གནང་བ་དང་། ཟླ་སྣང་ཐེབས་རྩ་ཚོགས་པའི་དབུ་འཛིན་བླ་མ་ཚེ་དབང་རིན་པོ་ཆེའི་དབུས་ཚོགས་མི་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་མཛད་རིམ་ལེགས་གྲུབ་བྱུང་སོང་།
སྤྱི་ཚེས་བཅུ་གསུམ་གྱི་ཉིན་ནིའུ་ཡོག་གི་གྲགས་ཅན་གྱི་གསར་ཤོག་དང་དུས་དེབ་ཁང་ཁག་ཅིག་ནས་བཅར་འདྲི་ཞུས་པ་རྣམས་ལ་བཀའ་ལན་གནད་སྨིན་སྩལ་གནང་བ་དང་། དགོང་མོ་ཀརྨ་པར་སྲི་ཞུ་ཚོགས་པས་གོ་སྒྲིག་གིས་ས་གནས་མི་མང་ལ་ཚེ་དབང་གནང་སྐབས་འཕན་གདུགས་རྒྱལ་མཚན་སོགས་སྲོལ་རྒྱུན་གྱི་མཆོད་ཕྲེང་ཚར་དུ་དངར་བས་ཕེབས་བསུ་གཟབ་རྒྱས་དང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་དགོངས་གཏེར་དུ་གྲགས་པའི་གླིང་བྲོའི་མཆོད་འབུལ་སོགས་ཀྱིས་མདུན་བསུས་ཏེ་ཁྲོམ་ཚོགས་འདུས་པ་སྟོང་ཕྲག་གཉིས་ལྷག་ལ་མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་རྡོ་རྗེ་ཚེ་ལྷའི་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོའི་བཀའ་དྲིན་སྩལ་གནང་ཞིང་། ཚོགས་ཁང་ནང་དུ་མ་ཤོང་བ་དང་ལག་ཁྱེར་མ་ཐོབ་པའི་འདུས་པ་ཧ་ཅང་མང་པོ་ཞིག་ལ་ཕྱི་ལོགས་ཀྱི་ཚོགས་ཁང་གཞན་ཞིག་གི་ནང་དུ་མཇལ་ཁ་དང་རབ་གནས་བྱིན་རླབས་ཡང་སྩལ་གནང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་སྐུ་ངོ་ཟུར་པ་དང་། འབྲུག་དང་ཧི་མ་ལའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། ཀརྨ་པར་སྲི་ཞུ་ཚོགས་པའི་རྒྱུན་ལས་རྣམ་པ་བཅས་ཀྱིས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་བཅས་ཀྱི་དེ་རིང་གི་མཛད་སྒོ་ལེགས་པར་གྲུབ་སོང་།
བཀའ་སློབ་དང་བཀའ་ཁྲིད་རྣམས་རྗེས་སུ་མུ་འགོད་བྱེད་རྒྱུ་བཅས་ནིའུ་ཡོག་ནས་མི་གསོན་པོས་ཟིན་བྲིས་བཏབས།
༼ཉོན་མོངས་ཀྱིས་རང་རྒྱུད་མི་འཁྲུགས་པ་དང་། བྱ་སྤྱོད་ཀྱིས་གཞན་རྒྱུད་མི་འཁྲུགས་པ། གཏོར་བརླག་གིས་ཁོར་ཡུག་མི་འཁྲུགས་པ༽ འདི་ཧ་ཅང་གི་བཟང་། འདི་ལྟར་ཉམས་སུ་ལེན་ཐུབ་ན་ངོ་མཚར་ཆེའོ། །
ཁོར་ཡུག་གམ་འབྱུང་ཁམས་སྲུང་སྐྱོབས་ཀྱི་དགོངས་གཞི་འདི་ནི་ཧ་ཅང་བཟང་ལ་ངོ་མཚར་ཆེ། འོན་ཀྱང་ཁོར་ཡུག་སྲུང་སྐྱོབས་ཀྱི་ལྟ་སྤྱོད་དེ་བོད་རང་ལ་གདོད་མ་ནས་ཡོད་པའི་རིག་གཞུང་ངམ་ཆོས་ལུགས་ཤིག་ཡིན་པ་དེ་ཡང་མཁྱེན་དགོས་ཀྱི་འདུག ལྷག་དོན་དོན་དུ་བོད་ཀྱི་གདོད་མའི་བོན་ལུགས་ལ་ཁོར་ཡུག་འདི་ཧ་ཅང་རྩ་ཆེར་བརྩིས་ནས་རང་འབྱུང་ས་རྡོ་རི་བྲག་དང་། མཚོ་དང་མཚེའུ། གཙང་ཆུ་དང་ལུ་མ། ཤིང་ནགས་དང་སྐྱེ་དངོས་ཀུན་ལ་བརྩི་བཀུར་ཆེན་པོ་བྱས་པའི་ལམ་ལུགས་འདུག། བོད་གངས་ཅན་ལྗོངས་ནི་གདོད་མའི་ལྷ་ཀླུའི་ཞིང་ཁམས་ཅིག་ཡིན་པས་ལྷ་ཀླུ་གནས་ས་དང་རྟེན་གཞིའི་ཁོར་ཡུག་ལ་གནོད་སྐྱོན་དང་སྦག་བཙོག་རྩ་བ་ནས་གཏོང་མི་ཆོག་པའི་ལྟ་བ་དེ་བོད་མི་རང་གི་བསམ་བློ་ལས་བྱུང་བའི་རིག་གཞུང་རྩ་ཆེན་ཞིག་ཡིན་པ་རེད། རིག་གཞུང་འདི་ནི་བོད་ཁམས་ཡོངས་ལ་དུས་ད་ལྟའི་བར་གནས་ཐུབ་ཡོད་པས་དགོངས་ཀློང་ཟབ་མོ་ནས་མི་འདོར་བའི་སྐྱབས་འཇུག་ཞུ་བ་ཡིན། ཕྱི་རྒྱལ་ཚོ་ལ་བཀའ་སློབ་གནང་དུས་ང་ཚོ་བོད་རང་ལ་ཕ་མེས་ནས་བཞག་པའི་ཁོར་ཡུག་སྲུང་སྐྱོབས་ཀྱི་ལམ་ལུགས་ཡོད་པའི་སྐོར་གསུང་ཐུབ་ན་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་སྐུའི་བྱ་བཞག་ལ་རྒྱུ་མཚན་ལྡན་པ་དང་གཟི་བརྗིད་དེ་བས་ཆེ་བར་འགྱུར་རོ། །
་་་་་་་་་་་ ལྷག་དོན་དོན་དུ་བོད་ཀྱི་གདོད་མའི་བོན་ལུགས་ལ་ཁོར་ཡུག་འདི་ཧ་ཅང་རྩ་ཆེར་བརྩིས་ནས་རང་འབྱུང་ས་རྡོ་རི་བྲག་དང་། མཚོ་དང་མཚེའུ། གཙང་ཆུ་དང་ལུ་མ། ཤིང་ནགས་དང་སྐྱེ་དངོས་ཀུན་ལ་བརྩི་བཀུར་ཆེན་པོ་བྱས་པའི་ལམ་ལུགས་འདུག། བོད་གངས་ཅན་ལྗོངས་ནི་གདོད་མའི་ལྷ་ཀླུའི་ཞིང་ཁམས་ཅིག་ཡིན་པས་ལྷ་ཀླུ་གནས་ས་དང་རྟེན་གཞིའི་ཁོར་ཡུག་ལ་གནོད་སྐྱོན་དང་སྦག་བཙོག་རྩ་བ་ནས་གཏོང་མི་ཆོག་པའི་ལྟ་བ་དེ་བོད་མི་རང་གི་བསམ་བློ་ལས་བྱུང་བའི་རིག་གཞུང་རྩ་ཆེན་ཞིག་ཡིན་པ་རེད། ་་་་་་་་་་་
་་་་་་་་་་་་ ཁོང་གི་སྙན་ངག་དེ་ཡང་ཁོང་རང་ཉིད་དང་འབྲེལ་བ་ཡོད་པ་མ་ཟད་ལོ་ངོ་དགུ་བརྒྱ་ཙམ་གྱི་ལོ་རྒྱུས་ཀྱི་རྒྱལ་ལྗོངས་ཡོད་པའི་སྙན་ཚིག་ཅིག་ཡིན་དུས་ཕྱོགས་གང་ཐད་ནས་རླབས་ཆེན་གྱི་བྱུང་རིམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་་་་་་་་་་
ཅེས་པའི་སྙན་ཚིག་འདི་ཡང་། འདིར་ཁ་བརྡར་འགོད་མཁན་ཅིག བྱུང་ན་ཀུན་ལ་ཕན་ངེས་འདུག་པས་་་་་་་་་་་
བཟང་གི། སྙན་དངགས་མཁན་ཚོས་ཁེ་བཟང་ལ་ཐུག་དུས་ཕ་རུས་བཙོང་། རང་ཚུགས་ཤོར། ལོ་རྒྱུས་ཀྱི་སེར་ཀའི་ནང་དུ་ལྷུང་མ་སོང་ན་ལེགས། །ཁོང་ཚོ་ཕལ་ཆེར་རྒྱུས་ཡོད་ཀྱི་མི་རེད། གོང་གི་རྩོམ་པ་པོ་གཉིས་ཀྱི་ཕྱག་གི་ཀརྨ་པའི་སྐོར་གྱི་ཟེར་ལྡེར་དང་། ལོ་རྒྱུས་འཐུག་པོ་དེ་ད་རེས་འབུལ་ཐུབ་ཡོད་མདོག་མི་འདུག །ཁ་ཕོ་འབྲུག་ལྟར་སྒྲོགས། ལྐོག་ལབ་གཅིག་ཤོད་ལ་སྡོད། ཤེས་ཡོན་དང་མི་གཞི་སོ་སོ་རེད། །མདོར་ན་ཀརྨ་པ་འདི་མི་ཆེ་ཆུང་སུ་ལ་ཡང་བརྩི་བཀུར་མཛད་པའི། བསམ་བློ་སྔོན་ཐོན་པ་ཞིག་ཡོད་པ་འདྲ་བས། བོད་པའི་བུ་རྒོད་དགའ་འོས་པ་ཞིག་རེད་སྙམ། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་བསྟན་སྲིད་ཐུགས་ནས་མི་འདོར་བར། སྐུ་ཚེ་བརྟེན་པར་སྨོན།
ཀ་རྡོ་སོགས་བཀའ་བརྒྱུད་པ་རྣམས་ལ་ཞུ་རྒྱུ། ཀྃ་ཚང་ཟེར་བ་འདི་བོན་ནས་བྱུང་བ་འདྲ། ཀྃ་པོའི་གངས་ར་ལ་བཞུགས་ཙམ་གྱིས་དེའི་མིང་ཐོགས་པ་འདི་སྐབས་དེར་གྲགས་མི་འདུག་སྙམ། ཀརྨ་པ་དུས་གསུམ་མཁྱེན་པ་བོན་པོ་སྐམ་ཚང་ལ་འཁྲུངས་པས་དེའི་མཚན་ནས་ཐོགས་པ་རེད་སྙམ། དགོངས་ཚུལ་ཞིག་གསུངས་རོགས།
༼དཔལ་ལྡན་རྒྱལ་བ་སྨན་རི་བའི་མཁན་རབས་ཉེར་གསུམ་པ། སྐྱབས་རྗེ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོ་མཆོག་ནི། གངས་རི་ར་བས་བསྐོར་བའི་སྨན་ལྗོངས་དོག་མོ་ས་ཡི་ཐིག་ལེའི་མངའ་ཁོངས་མདོ་སྨད་ཁམས་ཕྱོགས་སྡེ་དགེའི་་་སྤོམ་འབོར་སྒང་་་ཞེས་བཀྲ་ཤིས་བྱིན་ཅན་རབ་ཏུ་འབར་བའི་གནས་མཆོག་ཏུ། སྒྲུབ་རྒྱུད་ཞེ་དགུའི་ནང་ཚན་དག་པ་ཀརྨ་ཀམ་ཚང་གི་གདུང་སྲས་སུ་འབྱུང་ལྡན་༢༩༨ཆུ་བྱ། ཕྱི་ལོ་༡༨༡༣ལོར་མངོན་པར་དགེ་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་མཆོག་མིའི་གཟུགས་སུ་མངོན་པར་བལྟམས།༽
སྤོམ་འབོར་སྒང་་་་ཞེས་པའི་ལོ་རྒྱུས་ཅན་གྱི་ས་མིང་དེ་ཁོང་རྣམ་ཚང་གིས་་་ཀམ་པོ་གངས་་་ལ་བཅོས་བསྒྱུར་བྱས་མེད་པའི་རེ་བ་ཡོད། །
ཀརྨ་པ་འདི་ཉིད་བོད་མི་རིགས་ལ་དུས་ལ་བབས་པའི་ཆར་བ་རང་རེད། འོན་ཀྱང་བཀའ་རྒྱུད་ནང་ཁུལ་གྱིས་ཞབས་ནས་མ་འཐེན་ན་བཀའ་རྒྱུད་སྤྱི་དང་བོད་མི་རིགས་ལ་ཕན་པ་རྒྱ་ཆེར་བསྒྲུབ་ཐུབ་མཁན་ཞིག་རེད། ལྷག་པར་དུ་ཁོང་ནི་ཆོས་སྲིད་གཉིས་སོ་སོར་ཕྱེས་ཏེ་མཛད་པ་མཛད་ཚུལ་དེར་ཡི་རངས་ཞུ། རྙིང་མ་པ་ནང་བཞིན་བླ་མ་གཅིག་ལ་སྐུ་གསུང་ཐུགས་ཡོན་འཕྲིན་ལས་བཅས་ཀྱི་སྤྲུལ་སྐུ་བྱུང་བ་ལྟར་བཀའ་རྒྱུད་ལའང་དེ་བཞིན་མི་འབྱུང་བའི་ངེས་པ་མེད་པས་དེ་ལུགས་ཐུགས་འཇག་ཞུ།
# 5 དྲི་མེད་ལྷག་བསམ།་ལགས་ཀྱིས་མཆན་བཏབ་པ།:
April 14th, 2015 at 10:29 PM
ཀ་རྡོ་སོགས་བཀའ་བརྒྱུད་པ་རྣམས་ལ་ཞུ་རྒྱུ། ཀྃ་ཚང་ཟེར་བ་འདི་བོན་ནས་བྱུང་བ་འདྲ། ཀྃ་པོའི་གངས་ར་ལ་བཞུགས་ཙམ་གྱིས་དེའི་མིང་ཐོགས་པ་འདི་སྐབས་དེར་གྲགས་མི་འདུག་སྙམ། ཀརྨ་པ་དུས་གསུམ་མཁྱེན་པ་བོན་པོ་སྐམ་ཚང་ལ་འཁྲུངས་པས་དེའི་མཚན་ནས་ཐོགས་པ་རེད་སྙམ། དགོངས་ཚུལ་ཞིག་གསུངས་རོགས།
ལན་དུ།
ང་ནི་ཀམ་ཚང་པ་ལ་དད་པ་ཙམ་ལས། ཀམ་ཚང་གི་ལོ་རྒྱུས་མི་ཤེས་པས་དེའི་སྐོར་ལ། ཞུ་ཚོ་མི་ཐོག་པས། དགོངས་དག་ཞུའོ།།
སྤྱིར་སྟངས་བཀའ་རྙིང་གཉིས་པོ་བོན་ཆོས་དང་། འདྲ་ཆོས་དང་། མཉམ་བསྲེས་ཅུང་ཟད་ཡོད་པ་འདྲ་དེ་དག་ཤེས་མཁན་ཚོས། འདིར་འགོ་ཐུབ་ན། ང་འདྲ་བོ་དཔེ་ཆ་མེད་མཁན་དང་། དཔེ་ཀློག་མིི་ཐུབ་མཁན་ཚོར། ཕན་ཐོགས་ཆེ་བ་འོངས་ངེས་འདུག་པས་་་་་ དགོངས་འཇགས་འཚལ།། །།
སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རང་རྣམ«དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ»ཞེས་པ་དེ་བཀླག་ན་སྐམ་ཚང་གདུངས་བརྒྱུད་སྐོར་ཁ་གསལ་བཀོད་ཡོད་པ་རེད། ད་ལྟའི་ཆར་དཔེ་ཆ་དེ་འདིར་མེད་པས་ཚིག་ཟིན་ཇི་བཞིན་འགོད་མ་ཐུབ། །
༧རྒྱལ་དབང་མཆོག་གི་སྙན་ངག་དེ་ཕལ་ཆེར་འོག་གི་འདི་ཡིན་པ་ཡོད།
༧རྒྱལ་དབང་ཀརྨ་པ་མཆོག་ནས་དུས་དྲན་མཛད་སྒོ་འདིར་སྩལ་བའི་བཀའ་སློབ།
༄༅༎ སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ཡ་གྱལ། འགྲོ་མགོན་དྭགས་པོའི་བཀའ་བརྒྱུད་ཀྱི་ནང་ཚན་ཀརྨའི་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་ཆེན་མོ་དཔལ་ལྡན་དུས་གསུམ་མཁྱེན་པ་ཕྱི་ལོ་ 1110 ལོར་སྐུ་བལྟམས་ནས་ད་བར་ལོ་ངོ་དགུ་བརྒྱ་ཧྲིལ་པོར་འཁོར་ཞིང་། ཀཾ་ཚང་བཀའ་བརྒྱུད་ཀྱི་དགོན་སྡེ་དང་ཆོས་ཚོགས། བུ་སློབ་ཆོས་མཆེད་རྣམས་ཚོམ་བུ་གཅིག་ཏུ་འདུས་ཏེ་ལོ་འཁོར་གཅིག་རིང་དགུ་བརྒྱའི་དུས་དྲན་གྱི་མཛད་སྟོན་གཟབ་རྒྱས་གཉེར་རྒྱུ་ཡིན་པ་རེད། འདི་ནི་ཀཾ་ཚང་བཀའ་བརྒྱུད་ཀྱི་ལོ་རྒྱུས་བྱུང་རབས་ཁྲོད་ལམ་ཚད་རྡོ་རིང་ཆུང་ངུ་ཞིག་ཡིན་པ་མ་ཟད། དགུ་བརྒྱའི་དུས་དྲན་འདི་ནི་ལོ་ཟླ་མཛུབ་རྩེར་འདྲེན་རྒྱུ་ཙམ་མིན་པར་ཀརྨ་པའི་མཛད་འཕྲིན་གྱི་དོན་སྙིང་དང་དེས་བོད་མི་རིགས་ཀྱི་རིག་གནས་ལ་ཤུལ་བཞག་ཅི་ཡོད་དང་། དུས་ཀྱི་མཐར་ཡང་སེམས་ཅན་གྱི་རེ་བ་སྐོང་བའི་ཚུལ་སོགས་ལ་མནོ་བསམ་གཏོང་དགོས་པ་འདི་གནད་ཀྱི་དམ་པ་ཡིན་སྙམ། འདས་པའི་ལོ་ངོ་དགུ་བརྒྱའི་རིང་རྗེ་ཀརྨ་པ་ནི་སྨག་རུམ་གྱི་སྒྲོན་མེ་དང་མཚན་གུང་གི་ཟླ་བ་ལྟར་སྐུ་ཡི་སྐྱེ་བ་བརྒྱུད་མར་བཞེས་ཏེ་སྐྱོ་ངལ་མེད་པར་གདུལ་བྱ་རྣམས་སྨིན་གྲོལ་དུ་བཀོད་པར་མཛད་ཅིང་། ཁྱད་པར་རྗེ་ཀརྨ་པས་སྲོལ་གཏོད་པར་གྲགས་པའི་སྐྱེ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་འདི་ནི་གངས་ཅན་དུ་དར་བའི་ཐུབ་བསྟན་རིས་མེད་པའི་སྲོག་ཟུངས་སུ་གྱུར་པ་མ་ཟད། རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་བློས་མི་གཏོང་བར་བསམ་བཞིན་དུ་སྲིད་པ་ཉེ་བར་ལེན་པའི་མཚོན་བྱེད་བཟང་པོ་ཞིག་ལགས་ཤིང་། སྤྱིར་ཐོག་མ་མེད་པའི་དུས་ནས་ཚད་མེད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། བྱང་ཆུབ་སེམས་དཔའ་བགྲང་ཡས་པ་མི་མཇེད་ཀྱི་ཞིང་འདིར་རྟག་ཏུ་འགྲོ་བའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཐར་པའི་ལམ་སྟོན་བཞིན་བཞུགས་ཀྱང་། ཚུར་རོལ་མཐོང་བའི་སྐྱེ་བོ་རྣམས་ཀྱིས་རྟོག་དཔྱོད་འཇུག་པ་ཤིན་ཏུ་ཉུང་ལ། རྗེ་ཀརྨ་པའི་ཕྲིན་ལས་འདིས་བྱང་ཆུབ་སེམས་དཔའ་འཁོར་བ་ན་གནས་ཤིང་སེམས་ཅན་གྱི་དོན་མཛད་པའི་ཚུལ་གསལ་བར་མཛད་ཅིང་། ཁྱད་པར་ན་རིམ་ཕལ་མོ་ཆེས་སྐུ་མ་འདས་གོང་ཕྱི་མ་གར་འཁྲུངས་ཀྱི་བརྟག་ཡིག་དང་། འདས་རྗེས་ཀྱི་རྣམ་ཐར་བར་དོ་མ། ཡེ་ཤེས་གཟིགས་དཔྱད་ལ་བརྟེན་ཏེ་གང་ཟག་གཞན་གྱི་སྐུ་སྐྱེ་དང་སྤྲུལ་སྐུ་ངོས་འཛིན་གནང་བ་སོགས་ཐུན་མིན་གྱི་མཛད་ཆོས་བཟང་པོ་དེས་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་སྐྱེ་བ་བཞེས་པའི་སྤྱོད་ཚུལ་དང་འཇིག་རྟེན་པ་རྣམས་ལ་བློ་གྲོས་ཀྱི་སྒོ་འཕར་གསར་དུ་ཕྱེ་བར་མཛད། སྔོན་ཆད་བཀའ་བརྒྱུད་ཀྱི་ཕྱོགས་འདིར་བླ་མ་གོང་མ་དག་གི་དུས་མཆོད་སྤྲོས་པ་རྒྱས་བསྡུས་དུ་མ་ཡོད་མོད། ལོ་བརྒྱ་རེའི་མཚམས་མཛད་སྒོ་གཟབ་རྒྱས་དེ་འདྲ་འཚོགས་སྲོལ་ཡེ་མེད་མོད། སྒྲུབ་བརྒྱུད་ཀྱི་རིང་ལུགས་འདི་གནས་དུས་གང་ཟག་གི་དབང་ལས་རྗེས་སུ་འཇུག་པ་རྣམས་གོང་མའི་གདན་ས་དབེན་གནས་རི་ཁྲོད་རྣམས་ལས་རིང་དུ་བྱོལ་ཏེ། རྣམ་གཡེང་དང་འདུ་འཛིས་ཁེངས་པའི་ཡུལ་དུ་གནས་བཅས་ཏེ། བཤད་པ་དང་སྒྲུབ་པའི་ཚུལ་ཆེས་ཆེར་ཉམས་པའི་དུས་འདིར། དགུ་བརྒྱའི་དུས་དྲན་ནི་ཉེན་ཟོན་གྱི་དྲིལ་བརྡ་ཞིག་དང་འདྲ་བར་རྗེས་འཇུག་རྣམས་ལ་དྲི་མ་མེད་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་བ་ནི་རང་རང་གི་སྐལ་བ་མཆོག་ཏུ་ངོ་ཤེས་པས་ཡབ་རྗེ་དམ་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་ཆོས་འདུལ་བའི་ཚུལ་ཁྲིམས་ཉམས་པ་མེད་པའི་སྒོ་ནས། སེམས་བསྐྱེད་རྣམ་པར་དག་པའི་བྱང་ཆུབ་ཀྱི་སྤྱོད་ཚུལ་ལ་བསླབས་ཏེ་བཤད་སྒྲུབ་ཉམས་ལེན་གྱི་རྨང་བཟང་པོའི་ཐོག་ནུས་ཚོད་ཀྱིས་བསྟན་འགྲོ་ལ་ཕན་འདོགས་པའི་བསྐུལ་མ་ཞུ་རྒྱུ་དང་དགུ་བརྒྱའི་དུས་དྲན་འདིས་བོད་རིགས་ན་གཞོན་རྣམས་ལའང་ལོ་ངོ་སྟོང་ཕྲག་རིང་བོད་མི་རིགས་ཀྱི་རི་བོ་དང་། མཚེའུ། རྩྭ་ཐང་། དྭངས་གཙང་གི་མཁའ་དབྱིངས་སོགས་དང་ལྷན་ཅིག་ཏུ་འབྲེལ་བའི་ལྷད་མེད་ཁོག་ཡངས་ཀྱི་བློ་རྒྱ་སླར་ཡང་རྙེད་དེ། ཁ་བ་རི་པའི་རིག་གནས་ཀྱི་སྐྱེ་སྟོབས་དང་དུངས་སེམས་སྙིང་ཁོང་དུ་འཕགས་ཤིང་ཁྲག་རྒྱུན་གྱི་ཁྲོད་དུ་བཞུར་བར་བྱས་ཏེ། དུས་ཀྱི་འཕོ་འགྱུར་ལ་བརྟེན་ནས་གཞིས་བྱེས་གཉིས་སུ་གྱེས་པའི་བོད་རིགས་ན་གཞོན་རྣམས་མི་རིགས་རིག་གནས་ཀྱི་ཕ་ས་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གྲུབ་ཆ་རྣམས་ཡ་བྲལ་དུ་འགྲོ་ཆེས་པས་ངེས་པར་དུ་སློབ་སྦྱོང་ལ་འབད་བརྩོན་དྲག་པོ་བསྐྱེད་དེ། ཤེས་བྱའི་རྣམ་གཞག་གི་རྭ་བ་ལས་བརྒལ་ཏེ་མི་རིགས་ཀྱི་རིག་གནས་དང་ཤ་པགས་འདྲེས་པའི་བརྩེ་གདུང་དང་། ཁོར་ཡུག་དང་ཉིན་རེའི་འཚོ་བ་བཅས་འོ་ཆུ་ལྟ་བུའི་འབྲེལ་བ་ཟབ་མོ་ཡོང་རྒྱུའི་བསྐུལ་མ་ཞུ་རྒྱུ་དང་། དེ་བཞིན་དགུ་བརྒྱའི་དུས་དྲན་འདིས་འཛམ་གླིང་ས་གནས་གང་སར་བཞུགས་པའི་སྐྱེ་བོ་རྣམས་ཀྱང་སེམས་ཀྱི་འགྲུལ་བཞུད་ལ་ལྷན་ཅིག་ཏུ་ཕེབས་ནས། དུས་རབས་ཉེར་གཅིག་པའི་འཚོ་བ་དང་གནས་སྟངས་ལ་འགྱུར་བ་འདི་མ་ཕྱིན་བྱ་བ་མེད་ཀྱང་། ད་དུང་སྡུག་བསྔལ་འདི་ཉིད་འཕོ་འགྱུར་མེད་པར་གང་སར་ཁྱབ་ནས་ཡོད་ཅིང་རང་རེ་ད་ལྟ་ལས་བྲེལ་ཆེ་རུ་ཕྱིན་ཏེ་མི་ཚེ་སྙིང་པོ་གང་ཡིན་ལ་བསམ་བློ་གཏོང་ཁོམ་མེད་ལ་ཟུངས་སྟོབས་ཀྱང་ཟད་ཅིང་།ཕྱི་ཚན་རིག་གི་དངོས་པོའི་ཡར་རྒྱས་ཚད་མཐོར་ཕྱིན་ཀྱང་ང་ཚོའི་བློ་སྒོ་ཇེ་དམ་དང་བློ་སྣ་ཇེ་ཐུང་དུ་སོང་བས། དུས་དྲན་འདིས་འཛམ་གླིང་ཕྱོགས་མེད་དུ་བཞུགས་པའི་ཆོས་མཆེད་དང་གྲོགས་པོ་རྣམ་པར་ཁྱོད་ཀྱི་སེམས་རེ་སྨོན་དང་བསྟོད་དབྱངས་ཀྱི་རོལ་མོ་དང་འགྲོགས་ཏེ། ང་ཚོའི་ཕ་མེས་དང་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་རྒྱང་ལྟ་བྱེད་ཅིང་རྟག་བརྟན་གྱི་མཁའ་དབྱིངས་སུ་རང་དབང་གི་གཤོག་འགྱུར་རྩེ་ཞིང་། ལྷད་མེད་དྭངས་གཙང་གི་མགྲིན་སྒྲ་ཀུན་ཏུ་སྒྲོགས་པར་སྨོན།། །།
ཀརྨ་པ་སྐུ་ཕྲེང་དག་གི་མཛད་རྗེས་ལས་འབུར་དུ་ཐོན་པ་གསུམ་འདིར་འབྲི་རོགས། གསུམ་མ་གཏོགས་མི་དགོས།
སྙན་ངག་པ་ཚོ། ཁྱོད་ཅག་གི་ལས་འགན་ནི་བདེན་སྲུང་། གུ་ཡངས། འདྲ་མཉམ། རང་དབང་། རང་གི་ཤེས་རབ་གྱིས་ལོ་རྒྱུས་ལ་རི་མོ་འབྲི་རྒྱུ་དེ་རེད། ད་ལྟ་སྐབས་སུ་བབ་པ་མི་སུ་ཐུག་ལ་ངོ་སྟོད་བྱེད་རྒྱུ། གོ་ས་མཐོང་ན་མིག་བཙུམ་པ། དཔའ་བྱོར་མཐོང་ན་ལག་འདར་བ། ཁེ་བཟང་མཐོང་ན་རང་ཚུགས་ཤོར་ཏེ་གཡམ་རྒྱུགས་བྱེད་རྒྱུ་དེ་ལས་ཀྱང་མ་རེད། སྐབས་འདིའི་པདྨ་འབུམ། སྙན་ངག་པ། ཀླུ་སྨྱོན་ཧེ་རུ་ཀ། དཔལ་ལྡན་རྒྱལ། ལྗང་བུ། ལྕགས་མོ་མཚོ་སོགས་ལྷག་བསམ་ལྡན་པ་ཤ་སྟག་ཡིན་པ་ཕྲན་ལ་རྒྱུས་ཡོད། ཁྱིམ་ཚང་རེའི་མི་རབས་གསུམ་རེའི་ལོ་རྒྱུས་བཤད་དགོས་ཀྱང་ཤེས། སྙན་ངག་པ་གཞན་རྣམས་ཀྱི་རྩོམ་ཡིག་མཇལ་བ་ལས་རྒྱུས་དེ་ཙམ་མེད། ཁྱོད་ཚོའི་ལས་འགན་ཀརྨ་བཀའ་བརྒྱུད་མཐུན་སྒྲིལ་བྱེད་རྒྱུ་དེ་རེད། ཁྱོད་ཅག་གི་ནང་དུ། ཀརྨཔ་ཨོ་རྒྱན་ཕྲིན་ལས་ཁྲི་འདོན་སྐོར་དང་། མཐའ་ཡས་རྡོ་རྗེ་བཙོན་དུ་འཇུག་སྐབས་ཀྱི་གནས་ཚུལ་རྒྱུས་ཡོད་མཁན་ཡོད། ཕྱོགས་གཉིས་ཀས་བཟང་ངན་ལས་ཀ་ཅི་བྱས་ལ་ཉམས་ཞིབ་བྱས་ཡོད་མཁན་ཡང་ཡོད། བདེན་པའི་ཡིག་ཆ་དང་སྒྲ་ཐག་ཡོད་མཁན་ཡང་ཡོད། མེད་པ་དེ་སྙིང་སྟོབས་རེད་འདུག སྤོབས་པ་བསྐྱེད། སྙིང་སྟོབས་བསྐྱེད། ཕ་བླ་མི་བཙོང་བར་གྱིས། གྲོགས་པོ་རྣམས་ཀྱིས་མི་ཁྲེལ་བ་བྱེད་དགོས། ལོ་རྒྱུས་ཀྱི་འགན་ཁུར་དགོས། སྤྲུལ་སྐུ་གཉིས་ལ་མཚོན་ན། ཀརྨ་པ་ཨོ་རྒྱན་པྲིན་ལས་ནི་བསྔགས་བརྗོད་དང་ཆེ་མཐོང་འོག་ནས་མཚར་ལོང་བྱུང་བ་ཡིན་པས་སྤོབས་པ་ཆེ་ཞིང་ཐུགས་རྒྱ་ཡངས་བ། བོདཀྱི་མ་འོངས་པར་རེ་བ་བྱེད་པའི་ཡུལ་ཞིག་རེད། ཀརྨ་པ་མཐའ་ཡས་རྡོ་རྗེ་ནི་གཉའ་ནོན་འོག་ནས་བྱུང་བའི་དབང་གི ཉམས་ཆུང་། ཁ་ཏོན་དགེ་སྦྱོར་ཉམས་ལེན་གནང་བའི་གནའ་བོའི་བོད་ཀྱི་བླ་རྒན་ཞིག་འདྲ་བོ་འདུག གཉིས་ཀ་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་སྨོས་མེད། ཀརྨ་བཀའ་བརྒྱུད་ཕྱོགས་གཉིས་སུ་ཡིན་ཡང་གཞན་ཕྱོགས་ཐབས་སྣ་ཚོགས་ཀྱིས་མེད་པ་བྱས་ཏེ་མི་རོའི་ཁྲི་ལ་འགྱིང་ཞིང་ཁྲག་གིས་སྦགས་པའི་ལག་པའི་ནང་དུ་ཞི་བདེའི་དར་ཆ་འཛིན་མི་འོས་པར་སེམས། མཐའ་མར་སུ་ཞིག་རྒྱལ་ཡང་ཁྱོད་ཤི་ང་གསོན་གྱི་གཡུལ་ལས་རྒྱལ་བ་ལས་ཞི་བདེའི་རྒྱལ་ཁ་མིན། །ད་ལྟ་འཁྲུགས་རྩོད་ཅུང་ཟད་འཇམ་པའི་སྐབས་འདིར་མཐུན་ཐུབ་ན་བསྟན་པ་སྤྱི་དང་བྱེ་བྲག་གི་གཟི་བརྗིད་དེ་ལས་ཆེ་བ་ཞིག་མེད། མོའུ་ཙེ་ཏུང་གིས། གང་དུ་གཉའ་ནོན་ཡོད་པ་དེ་རུ་ངོ་རྒོལ་ཡོད། ཞེས་པའི་དུས་སྐབས་སླེབས་ཚེ་འགྱོད་ཀྱང་འཕྱི་བ་ཡིན། མནན་ན་འཕར་བ་གསོན་པོའི་ཆོས་ཉིད་རེད། རེ་བ་ཡོད་པའི་དུས་སྐབས་འདིར་བྱ་བ་རེ་བྱེད་ཐུབ་ཐབས་ལ་བརྩོན། ཕྲན་རང་ཉིད་ཕྱོགས་གཉིས་སུ་ལ་འཕྲད་ཀྱང་མཐུན་ཐབས་ལས་འཁྲུགས་ཐབས་མི་བརྩོན་པ་དཀོན་མཆོག་གིས་གཟིགས་པར་ངེས། །དྲང་མོ་བཤད་དུས་ཐབས་ཅད་མགུ་མི་ཐུབ་པའང་སྔ་མོའི་དུས་ནས་ཤེས་མོད། བཀའ་བརྒྱུད་བསྟན་ལ་སེམས་ཁུར་བྱེད་ཚུལ་ལོ། །མི་དྲང་པ་དང་མི་བདེན་པ་བཤད་མཁན་གྱི་ཕྱོགས་གཉིས་སུ་ལ་ཡང་ངོ་རྒོལ་བྱེད་རྒྱུ་ཡིན། བཀའ་བརྒྱུད་པ་མཐུན་པར་ཤོག །ཀརྨ་པ་གཉིས་སྐུ་ཚེ་བརྟན་པར་ཤོག །
ཀརྨ་པའི་མཛད་རྗེས་ཕ་མཐའ་ཡས་པ་རེད། གསུམ་དུ་བསྡུ་རྒྱུ་དཀའ་ཚོད་རེད། ཀརྨ་པ་མཁྱེན་ནོ། །
རྒྱལ་མཆོག་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།
ཀརྨ་པ་སྐུ་ཕྲེང་དང་པོ་དུས་ གསུམ་མཁྱེན་པ་ནི། རབ་བྱུང་གཉིས་པའི་ལྕགས་སྟག་༡༡༡༠ལོར་མདོ་ཁམས་ཏྲེ་ཤོད་ར་སྟག་སྟེང་དུས་ཕྱིས་ ལྷ་ལྡོང་བེ་རི་རྒྱལ་པཱུའི་མངའ་ཁོངས་ཏེ་ཕྲན་གྱི་སྐྱེས་ཡུལ་གཙང་འགྲམ་གྲོང་གི་ གཙང་པཱུའི་ཕ་ཁ་ན་ཡིནདུ་ཡབ་ལྷ་ལྡོང་རྡོ་རྗེ་མགོན་པོ་དང༌། ཡུམ་སྒང་ལྕམ་མིང་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པའི་མིང་ལ་དགེ་འཕེལ་ཞེས་ཞུའོ།།དགུང་ལོ་ཆུང་ངུའི་དུས་ནས་ཡབ་ལས་ཡི་གེའི་ འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་བཅུ་གཅིག་པར་ལྷ་མོ་སྒྲུབ་པས་ཞལ་གཟིགས། བྲག་ལ་ཞབས་རྗེས་བྱུང༌། དགུང་ལོ་བཅུ་གཉིས་པར་སློབ་དཔོན་ཆག་སེང་གེ་གྲགས་ལས་རབ་ཏུ་བྱུང་སྟེ་མཚན་ལ་ དཔལ་ཆོས་ཀྱི་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་དགུ་པར་དབུས་སུ་བྱོན་ཏེ། དགེ་བཤེས་རྒྱ་དམར་བ་དང༌། ཕྱཱ་བ་ཆོས་ཀྱི་སེང་གེ་གཉིས་ལས་དབུ་མ་དང༌། ཚད་མ། བྱམས་ཆོས་སྡེ་ལྔ་སོགས་ལེགས་པར་གསན། དགེ་བཤེས་ཤ་ར་བ་དང༌། ཤེས་རབ་རྡོ་རྗེ་གཉིས་ལས་བཀའ་གདམས་ཀྱི་ཆོས་སྐོར་སོགས་ལོ་ངོ་དྲུག་ཏུ་སྦྱངས་ པར་མཛད། མཁན་པོ་མལ་འདུལ་འཛིན་སོགས་ལས་བསྙེན་པར་རྫོགས་ནས་འདུལ་བ་ལ་མཁས་པར་བསླབས། དཔལ་རྒྭ་ལོ་དང་ཁམས་པ་ཨ་སེང་གཉིས་ལས་དུས་འཁོར་སྦྱོར་དྲུག་སོགས་བསྐྱེད་རྫོགས་ ཀྱི་གདམས་པ་མང་དུ་གསན། དགུང་ལོ་སུམ་ཅུ་པར་དྭགས་ལྷ་སྒམ་པོར་བྱོན་ནས་རྗེ་སྒམ་པོ་བ་དང་མཇལ། ཐོག་མར་ལམ་རིམ་དང༌། དེ་ནས་དབང་དང་ཐབས་ལམ་གྱི་གདམས་ངག་ཞུས་ཏེ་བསྒོམས་པས་སྒོམ་ཆེན་བརྒྱད་བརྒྱ་ལས་ སྒོམ་བསྲན་ཆེ་བར་གྲགས། དེ་ནས་ཁམས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་སྐོར། རབ་བྱུང་གསུམ་པའི་ཤིང་སྤྲེལ་༡༡༦༤ལོར་ཀཾ་པོ་གནས་ནང་དུ་དགོན་པ་གསར་འདེབས་མཛད། རབ་བྱུང་གསུམ་པའི་ཤིང་འབྲུག་༡༡༨༤ལོར་ཀརྨ་དགོན་པ་གསར་འདེབས་མཛད། རབ་བྱུང་གསུམ་པའི་ས་བྱ་༡༡༨༩ལོར་སྟོད་ལུང་མཚུར་ཕུའི་དགོན་པ་གསར་འདེབས་མཛད། སྐུ་ཚེ་གང་བོར་སློབ་མའི་ཚོགས་པ་བསྐྱངས་ནས་དུས་འདའ་བར་མཛད་དེ། བཀའ་རྒྱུད་སྤྱི་དང་ཀརྨ་བཀབ་བརྒྱུད་ཀྱི་བཞེད་སྲོལ་གསར་དུ་གཏོད། མཐར་རབ་བྱུང་གསུམ་པའི་ཆུ་གླང་༡༡༩༣ལོར་སྐུ་གཤེགས། རྗེ་འདི་ཉིད་ཀརྨ་པའི་སྐུ་ཕྲེང་དང་པཱུ་དེ་ཡིན་ཞིང༌། སློབ་མའི་ཚོགས་ནི་བཀའ་བབ་ཀྱི་བུ་ཆེན་ལྔ་དང༌། རྒྱུད་འཛིན་གྱི་བུ་ཆེན་བཞི། ཉེ་གནས་འོད་བཞི། བླ་མ་བཞི། སྔ་བུ་བཞི། ཕྱི་བུ་བཞི་སོགས་གཙོས་པའི་སློབ་མ་མང་དུ་བྱོན་ནོ།།
སྐུ་འཕྲེང་གཉིས་པ། ཀརྨ་པཀྵི་ཆོས་ཀྱི་བླ་མ་ནི། རབ་བྱུང་གསུམ་པའི་ཤིང་བྱི་༡༢༠༤ལོར་མདོ་ཁམས་འབྲི་ཀླུང་དམ་པ་ཆོས་ཀྱི་ཕྱུག་ པའི་ཡུལ་སྨེ་མདོར་དཀྱིལ་ལེའི་ཙག་ཏཱུའམ། བྱིན་ལེའི་ཚག་ཏོར་ཞེས། དེང་གི་ཆབ་མདོ་འཇོ་མདའ་རྫོང་ཁོངས་བྱི་ལིའི་ཚན་ཏོར་ཞེས་བྱ་བར་ཆོས་རྒྱལ་སསྒྲ ༽་མཇིང་ཡོན་གྱི་གདུང་རབས་བཅུ་གསུམ་པ་གྲུབ་ཐོབ་ཆེན་པོ་ནམ་མཁའ་ལྷ་གཟུངས་ཀྱི་ རྒྱུད་པ། ཡབ་རྒྱ་དབང་ཚུར་ཚ་སྤྲང་ཐར་དང༌། ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པའི་དུས་ཀྱི་ མཚན་ལ་ཆོས་འཛིན་ཞུ། དགུང་ལོ་དྲུག་པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་དགུ་པར་གསུང་རབ་ཐམས་ཅད་ཀློག་འདོན་ཐེངས་རེ་ཙམ་གྱིས་ཐུགས་སུ་ཆུད། དགུང་ལོ་བཅུ་གཅིག་པར་ལྕང་མང་ཕུ་བ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཆོས་ཀྱི་བླ་མ་ ཞེས་གསོལ། དེ་ནས་ཆོས་རྗེ་སྤོམ་བྲག་པ་དང་མཇལ་ཞིང་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ ཁྲིད་རྣམས་གསན་ཏེ་ངོ་སྤྲོད་སྐབས་ཆོས་ཐམས་ཅད་རང་རིག་ཡེ་ཤེས་རབ་འབྱམས་སུ་ངོ་ འཕྲོད། བཀའ་བརྒྱུད་ཀྱི་རྒྱུད་པའི་གདམས་པ་ཡོད་ཚད་གསན་ནས་དག་པའི་སྣང་བ་འབྱམས་ཀླས་པ་ བྱུང༌། ཀཿཐོག་པ་བྱམས་པ་འབུམ་གྱིས་མཁན་པོ་དང༌། སྤྱན་སྔ་མང་ཕུ་བས་སློབ་དཔོན་མཛད་དེ་བསྙེན་པར་རྫོགས། དེ་ནས་གནས་རི་དང་ཡུལ་སྡེ་མང་པོར་ཞབས་ཀྱིས་བཅགས་ནས་འགྲོ་དོན་རྒྱ་ཆེན་མཛད། སྤུངས་རི་ལ་ལོ་ངོ་བཅུ་ཙམ་བཞུགས་ནས་དགོན་པ་བཏབ། དེ་ནས་མཚུར་ཕུར་ཕེབས་ཏེ་ལོ་ངོ་དྲུག་ཙམ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་ཧོར་རྒྱལ་གོར་བེ་ཡིས་གསེར་ཡིག་པ་བཏང་ནས་གདན་འདྲེན་ཞུས་པ་ལྟར་ཕོ་བྲང་ འུ་ཏུར་ཕེབས་ཏེ་རྒྱལ་བློན་འཁོར་དང་བཅས་པར་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་མཛད། བོད་དུ་ཕེབས་པའི་ལམ་ཁ་ནས་མི་ཉག་གི་ཡུལ་ཐམས་ཅད་ལ་ལྷ་ཁང་སུམ་སྟོང་ཙམ་གསར་ བཞེངས་དང་ཞིག་གསོས་མཛད། ཡང་རྒྱལ་པོ་མོང་གོལ་ཧན་གྱིས་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་རྒྱལ་བློན་འཁོར་ བཅས་ལ་འཁོར་ལོ་སྡོམ་པའི་དབང་བསྐུར་ཞིང་ཕོ་བྲང་ནང་གི་ཆང་ཐམས་ཅད་དུས་གཅིག་ལ་ བཞེས་པ་སོགས་ངོ་མཚར་གྱི་རྫུ་འཕྲུལ་མང་པོ་བསྟན། མུ་སྟེགས་ཀྱི་རྟོག་གེ་བ་རྣམས་ལ་རྫུ་འཕྲུལ་འགྲན་ནས་བཏུལ། རྗེ་འབངས་ཐམས་ཅད་ནང་པའི་བསྟན་པ་ལ་བཙུད། དེ་ནས་སེ་ཆེན་རྒྱལ་པོས་ཁོང་ལ་གྲི་མཚོན་མདུང་གསུམ་གྱིས་བསྣུན་པ་དང༌། དུག་བླུད་པ། ཁྲིམས་ཤིང་ལ་བཅིངས་པ། བྲག་གི་རྩེ་ནས་བསྐྱུར་བ། ཆུ་བཱུའི་གཞུང་དང་མཚོ་གཏིང་དུ་བསྐྱུར་བ། ཚེར་དོང་དང་སྦལ་དོང་དུ་བསྐྱུར་བ་སོགས་ཆད་པ་བཅད་པ་ཐམས་ཅད་ལས་རྣམ་པར་རྒྱལ་ བའི་རྫུ་འཕྲུལ་བསྟན། གཅུང་རྡོ་རྗེ་གྲགས་པས་ཀྱང་ལུང་བསྟན་མང་དུ་མཛད་པས་ཁོང་གི་རྩ་བའི་བླ་མར་གྱུར། དེ་ནས་རྒྱལ་པོ་ཡང་སེམས་འགུལ་ཐེབས་ཏེ་བཟོད་གསོལ་དང་བཤགས་པ་མཛད། གུ་ཤྲིའའི་གསེར་ཐམ་དང༌། ཞྭ་ནག་གསེར་མདོངས་ཅན། པཀྵི་སྟེ་སློབ་དཔོན་ཞེས་པའི་ཆོ་ལོ་གནང༌། དེ་ནས་བོད་དུ་ཕེབས་ཏེ་མཚུར་ཕུ་གདན་སར་ལྷ་ཆེན་འདོམ་བཅུ་གསུམ་པ་ལུགས་སུ་ བླུགས་གྲུབ་སྟེ་མཚན་ལ་ལྷ་ཆེན་དབང་འབར་འཛམ་གླིང་རྒྱན་ཞེས་གསོལ། ཀཾ་པོ་གནས་ནང་དུ་སངས་རྒྱས་མར་མེ་མཛད་སྐུ་ཐོག་ཚད་དང༌། ཀརྨ་དགོན་དུ་རྒྱལ་བ་བྱམས་པ་སོགས་བཞེངས་པར་མཛད། མཐར་རབ་བྱུང་ལྔ་པའི་ཆུ་ལུག་༡༢༨༣ལོར་སྐུ་གཤེགས། སློབ་མ་མཆོག་ཏུ་གྱུར་བ་ནི་གྲུབ་ཐོབ་ཨུ་རྒྱན་པ་ཡིན། ཁོང་གི་གསུང་རྩོམ་ནི་སངས་རྒྱས་ཀྱི་ཞིང་ཁམས་ལྟ་བ་དང༌། ཁ་བ་དཀར་པཱུའི་ལམ་ཡིག་བཅས་མང་དུ་བཞུགས་སོ།།
སྐུ་འཕྲེང་གསུམ་པ། ཀརྨ་པ་རང་བྱུང་རྡོ་རྗེ་ནི། རབ་བྱུང་ལྔ་པའི་ཤིང་སྤྲེལ་༡༢༨༤ལོར་མང་ཡུལ་སྐྱིད་གྲོང་འཕགས་པ་ཝ་ཏིའི་ལྷ་ཁང་ གི་ལྷོ་ཕྱོགས་གངས་ཞུར་མོར་ཡབ་ཆོས་དཔལ་དང༌། ཡུམ་ཇོ་མོ་གཡང་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ ལྔ་པར་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་མཇལ་བར་བྱོན། དགེ་བསྙེན་གྱི་སྡོམ་པ་ཞུས་ནས་མཚན་ལ་གྲུབ་ཆེན་པའི་བླ་མའི་གསང་མཚན་རང་བྱུང་ རྡོ་རྗེ་ཞེས་པ་དེ་གནང༌། དགུང་ལོ་བདུན་པར་ཁྲོ་ཕུ་ཤེས་རབ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། འདུལ་བའི་སྐོར་གྱི་ཆོས་རྣམས་གསན། དེ་ནས་ལོ་ཤས་འགོར་རྗེས་གནས་བརྟན་གཞོན་ནུ་འབྱུང་བ་ལས་དགེ་སློང་གི་སྡོམ་པ་ མནོས། སློབ་དཔོན་ཤེས་རབ་དཔལ་དང༌། རྒྱ་སྒོམ་ཡེ་ཤེས། སྙེ་མདོ་ཀུན་དགའ་དོན་གྲུབ་སོགས་ལས་བཀའ་བསྟན་འགྱུར་རོ་འཚལ་ཐམས་ཅད་གསན། དེ་ནས་ཀརྨ་པའི་གདན་སར་བྱོན། ཡུན་རིང་མ་བཞུགས་པར་ཀམ་པོ་གནས་ནང་དུ་བྱོན། དེ་ནས་ཁམས་སུ་བྱོན་ནས་སོག་ཆུར་ལྕགས་ཟམ་བཙུགས། དགུང་ལོ་ཞེ་བརྒྱད་པར་གོང་མ་རྒྱལ་པོས་གདན་དྲངས་པ་ལྟར་རྒྱ་ནག་ཕོ་བྲང་ཆེན་པོར་ ཕེབས། རྒྱལ་བུ་རསྒྲ༽་ཤྲིའ་སོགས་ཀྱིས་བསུ་བ་རྒྱ་ཆེན་མཛད། དེ་ནས་རྒྱལ་བུ་འདས། དེའི་གཅེན་པོ་ཐོ་གན་ཐེ་མུར་སྨན་རྩེའི་ཡུལ་ནས་གདན་དྲངས་ཏེ་རྒྱལ་བློན་འཁོར་ དང་བཅས་པར་དབང་བསྐུར་ཆོས་བཤད་གནང༌། དགུང་ལོ་ལྔ་བཅུ་པར་བོད་དུ་ཕེབས་ཁར་གོང་མས་ཚལ་པ་སི་ཏུ་དགེ་སྦྱོང་ཆེན་པོ་ལ་ གཱུ་ཤྲིའའི་མིང་དང་ཤེལ་ཐམ། མཚུར་ཕུ་དང་ཀརྨ་པ་སོགས་ལ་བདག་རྐྱེན་དང་བོད་སྤྱི་ལ་ཕན་པའི་འཇའ་ས་གསུམ། བསྟན་འགྱུར་བཞེངས་པའི་ཆ་རྐྱེན་སོགས་ཕུལ་ནས་བོད་དུ་ཕེབས། དགུང་ལོ་ང་གཅིག་པར་བོད་ཀྱི་ཆེ་དགུ་ཁག་ལ་རྒྱལ་པཱུའི་འཇའ་ས་གསུམ་བསྒྲགས། གསེར་དངུལ་ཞུན་མས་བསྟན་འགྱུར་པཱུ་ཏི་བརྒྱ་དང་དྲུག་ཅུ་བཞེངས། དགུང་ལོ་ང་གཉིས་པར་སླར་གོང་མའི་ཕོ་བྲང་དུ་ཕེབས། སྐབས་དེར་ས་གཡོས་ཆེན་པོ་བྱུང་དུས་ཁོང་དང་གོང་མ་གཉིས་ལྷན་དུ་བཞུགས་པས་སྐྱོན་ མ་བྱུང་བར་གྲགས། སྐུ་ཚེ་གང་བོར་མི་རིགས་དང་རྒྱལ་ཁབ་ཀྱི་དོན་བསྒྲུབས་ནས་དུས་འདའ་བར་མཛད། མཐར་རབ་བྱུང་དྲུག་པའི་ས་ཡོས་༡༣༣༩ལོར་རྒྱ་ནག་ཏུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་གྲགས་པ་སེང་གེ་དང༌། མཁས་གྲུབ་གཡུང་སྟོན་པ། རྟ་སྣ་གཱུ་ཤྲིའ་ཀུན་རྒྱལ། ཚལ་པ་སི་ཏུ། གཡག་སྡེ་པཎ་ཆེན། ཀུན་མཁྱེན་དོལ་པོ་པ་སོགས་ཡིན། ཁོང་གི་གསུང་རྩོམ་ནི་སྟོན་པའི་སྐྱེས་རབས་དང༌། ཟབ་མོ་ནང་དོན་གྱི་རྩ་འགྲེལ་སོགས་པོད་གསུམ་དུ་བཞུགས་སོ།།
སྐུ་འཕྲེང་བཞི་པ། ཀརྨ་པ་རོལ་པའི་རྡོ་རྗེ་ནི། རབ་བྱུང་དྲུག་པའི་ལྕགས་འབྲུག་༡༣༤༠ལོར་ཀོང་པོ་དང་མདོ་ཁམས་ཀྱི་བར་རྔོད་ཨ་ལ་ རོང་གི་བྲག་ར་གོ་ཆེ་ངདཀར་གྱི་གནམ་རྫོང་དེས་སང་ཆབ་མདོ་ཁོངས་དཔལ་འབར་རྫོང་ར་ ཡུལ་ཤོག་ཨ་ལ་མདོ་ཞེས་བྱ་བར་ཡབ་ལྷ་ལྡོང་བསོད་ནམས་དོན་གྲུབ་དང༌། ཡུམ་བརྩོན་འགྲུས་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་པར་ཡུམ་ལ་ང་ཀརྨ་པཀྵི་ཡིན་གསུངས། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་མཐོང་བ་ཙམ་གྱིས་ཐམས་ཅད་མཁྱེན། དགུང་ལོ་དྲུག་པར་བྲག་སྐྱིལ་ལྷ་ཁང་དུ་བྱོན་ནས་སྐུ་གོང་མའི་དབུ་ཞྭ་སོགས་ངོས་ འཛིན་མཛད། དགུང་ལོ་དགུ་པར་མདོ་དབུས་ཁམས་གསུམ་གྱི་མི་ཆེན་བླ་དཔོན་རྣམས་ཀྱིས་འབུལ་བ་ རྒྱུན་མ་ཆད་པར་ཕུལ་མཁན་བྱུང༌། འོ་ཐང་གི་རྒྱབ་ཏུ་ཆོས་རྗེ་གོང་མའི་ཁྲི་ལ་བཞུགས་ནས་ཆོས་བཤད་མཛད། རྟོགས་ལྡན་ཡེ་རྒྱལ་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་གསང་སྔགས་ གསར་རྙིང་གི་ཆོས་སྐོར་མང་དུ་གསན་པར་མཛད། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཀུར་སྟི་མཛད་ཅིང་ཆོས་ཀྱིས་ཚིམས་པར་མཛད། དེ་ནས་མཚུར་ཕུའི་གདན་སར་ཕེབས། མནལ་ལམ་ནས་རིག་པའི་གནས་མཐའ་དག་མཁྱེན་པས་འགྲན་ཟླ་བྲལ་བར་གྱུར། བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཚུན་ཤ་ཆང་གི་དྲི་ཙམ་ཡངགཟིགས་སར་མི་འགྲིམས་པ་ དང༌། སྐུ་འཁོར་ཐམས་ཅད་དགེ་སློང་ཚུལ་ལྡན་རིག་གྲོལ་གྱི་སྤོབས་པ་ཅན་ཤ་སྟག་འཚོགས། དེ་ནས་གོང་མ་ཐོ་གན་ཐེ་མུར་ཡབ་སྲས་ཀྱིས་གདན་འདྲེན་ཞུས་པ་ལྟར་ལྕགས་བྱི་༡༣༦༠ ལོར་གོང་མའི་ཕོ་བྲང་དུ་ཕེབས། རྒྱལ་བློན་འཁོར་བཅས་ལ་དབང་བསྐུར་མན་ངག་བཤད་ཁྲིད་སོགས་གང་དགོས་གནང༌། རྒྱལ་པོས་འཇའ་ས་དང་བཀའ་ལུང་གནང༌། མི་ཉག་གི་ཡུལ་བརྒྱུད་དེ་བྱང་ངོས་སུ་ཕེབས། གོ་ར་དགོན་གཙུག་ལག་ཁང་ཆེན་པོ་བཞེངས། ཡུ་གུར་དང་མི་ཉག་ཀཾ་ལོག་ཧོར་ཡུལ་སོགས་ནས་ཟླ་ལམ་གཉིས་གསུམ་ཚུན་ཆད་ཀྱི་དད་ ལྡན་རྣམས་བསུ་བ་གནང་ཞིང་ཚིམས་པར་མཛད། ཇོ་བཱུའི་མདུན་དུ་དངུལ་བྲེ་བཅུ་གཅིག་གིས་བརྡུངས་པའི་ཀོང་བུ་ཕུལ། མཚུར་ཕུའི་ལྷ་ཆེན་སྐུ་ལ་གསེར་བྲེ་ཆེན་ལྔའི་གསེར་ཤོག་དང༌། དངུལ་བྲེ་སུམ་ཅུ་རྩ་གཅིག་གིས་བརྡུངས་པའི་ཀོང་བུ་ལྔ་སོགས་བགྲངས་ལས་འདས་པའི་ མར་མེ་རྒྱུན་འབར་དང༌། བསྟན་མཆོད་རྒྱ་ཆེན་པོ་མཛད། རྗེ་ཙོང་ཁ་པས་དགེ་བསྙེན་གྱི་སྡོམ་པ་བཞེས་སྐབས་མཚན་ལ་ཀུན་དགའ་སྙིང་པོ་གསོལ་ ཞིང་སྐྱེས་བུ་དམ་པ་ཡིན་པར་ལུང་བསྟན། དེ་ནས་བོད་ཀྱི་འདན་དང༌། ཀརྨ་ལྷ་སྟེང༌། ཀརྨ་དགོན། རི་བོ་ཆེ། སྨར་ཁམས། ཀཾ་པོ་གནས་ནང༌། ཏྲེ་ཤོད་མབྲསྤྱལ་ཐང༌། འབོམ་སོགས་ནས་དར་མདོ་བར་ཞབས་ཀྱིས་བཅགས་ཏེ་བསྟན་འགྲཱུའི་ཕན་བདེ་ཁོ་ན་ བསྒྲུབས་ནས་སྐུ་ཚེ་འདའ་བར་མཛད་དོ། རབ་བྱུང་དྲུག་པའི་ཆུ་ཕག་༡༣༨༣ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྟོགས་ལྡན་མཁའ་སྤྱོད་དབང་པོ་དང༌། མཚུར་ཕུ་ཀུན་སྤངས་པ། ཀརྨ་དཀོན་གཞོན། རྟོགས་ལྡན་མཚོ་དཀར་བ། ཡོལ་བ་ཡེ་ཤེས་པ་བཅས་ཡིན། ཆོས་འབྲེལ་ཡོད་པའི་སྐྱེས་ཆེན་ནི་རྗེ་ཙོང་ཁ་པ་དང༌། འབྲི་གུང་ཆོས་ཀྱི་རྒྱལ་པོ། ཀུན་སྤངས་ཡེ་ཤེས་རྒྱལ་མཚན། ཀ་བཞི་རིན་ཆེན་དཔལ། སྤངས་མཁན་ཆེན་འོད་ཟེར་བླ་མ་བཅས་མཐའ་ཡས་པར་བྱོན་ནོ།།
སྐུ་འཕྲེང་ལྔ་པ། ཀརྨ་པ་དེ་བཞིན་གཤེགས་པ་ནི། རབ་བྱུང་དྲུག་པའི་ཤིང་བྱི་༡༣༨༤ལོར་ཉང་ཡུལ་མྱང་འདམ་དུ་ཡབ་གུ་རུ་རིན་ཆེན་དང༌། ཡུམ་ལྷ་མཱུ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ ལོ་གསུམ་པར་སློབ་དཔོན་ལ་རང་རེ་རྒྱ་ནག་ཏུ་ཕྱིན་དུས་རྒྱལ་པོ་ཡུམ་སྲས་དང་བཅས་ པར་དབང་གནང་ལུགས་དང༌། འབུལ་བ་ཕུལ་ཚུལ་སོགས་གསལ་པོར་གསུངས། རྟོགས་ལྡན་མཁའ་སྤྱོད་པས་སྐུ་གོང་མའི་དབུ་ཞྭ་ཞྭ་ནག་ཕུལ་ནས་ཁོང་གི་དབུ་ལ་ མནབས་པས་དབུ་ལ་ཆེ་ཆུང་མཚུངས་པར་གྱུར་པ་སོགས་ངོ་མཚར་གྱི་མཛད་པ་ཤིན་ཏུ་མང༌། དགུང་ལོ་བཅུ་གཉིས་པར་མཚུར་ཕུའི་གདན་སར་ཕེབས། དབུས་གཙང་དང་མངའ་རིས་སོགས་ཀྱི་གདུལ་བྱ་རྣམས་སྨིན་པར་མཛད། ཚོགས་དགེ་འདུན་སྒང་དུ་སྡེ་སྣོད་འཛིན་པ་བརྒྱད་ཅུའི་དབུས་སུ་བསྙེན་པར་རྫོགས། བཀའ་བཞི་པ་རིན་ཆེན་དཔལ་སོགས་ལས་གཞུང་ལུགས་མཐའ་དག་སྦྱོང་ཚུལ་མཛད། དེ་ནས་གོང་མ་ཏཱ་མིང་རྒྱལ་པོས་གདན་འདྲེན་ཞུས་པ་ལྟར་གོང་མའི་ཕོ་བྲང་དུ་ཕེབས་ ནས་རྒྱལ་བློན་འཁོར་བཅས་ལ་ཆོས་ཀྱི་སྦྱིན་པ་གནང༌། གོང་མ་ཆེན་པོས་ཁོང་ལ་དེ་བཞིན་གཤེགས་པ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་ནུབ་ཕྱོགས་ ཀྱི་བྱམས་པ་ཆེན་པཱུ་ཞི་བ་དབང་ཕྱུག་གི་སངས་རྒྱས་ཞེས་བྱ་བའི་མཚན་གསོལ་བ་དང༌། གསེར་སྲང་བརྒྱ་ལས་བརྡུངས་པའི་འཇའ་ས་གཅིག ཤེལ་ཐམ་ཡིད་བཞིན་ནོར་བུ། གསེར་དང་དངུལ། ཙན་དན་བཅས་ལས་གྲུབ་པའི་ལྷ་སྐུ་མཆོད་ཆས་སོགས་བགྲང་གིས་མི་ལང་བ་ཕུལ། ཉེས་ཅན་མང་པོ་བཙོན་གྲོལ་བཏང༌། བསྟན་པ་ཤེད་སྤྱད་ཀྱི་ལུང་གི་འཇའ་ས་བསྒྲགས། དེ་ནས་བོད་དུ་ཕེབས་ཏེ་ཐོག་མར་ཀརྨ་དགོན་ལ་བྱོན། ཡུན་རིང་མ་བཞུགས་པར་དབུས་སུ་ཕེབས་ནས་བོད་ཀྱི་མི་ཆེན་བླ་དཔོན་དང༌། སློབ་དཔོན་དགེ་བའི་བཤེས་གཉེན་སོགས་ཀྱིས་བསུ་བ་རྒྱ་ཆེན་པོ་མཛད། ཇོ་བཱུ་རིན་པོ་ཆེ་ལ་མུ་ཏིག་གི་སྣམ་སྦྱར་རིན་ཐང་མེད་པ་གསོལ། མཚུར་ཕུར་བཀའ་འགྱུར་བཞེངས། བོད་ཀྱི་གནས་རི་གྲགས་ཆེན་རྣམས་སུ་ཞབས་ཀྱིས་བཅགས་ནས་སྐུ་ཚེ་གང་བོར་བསྟན་ འགྲཱུའི་བྱ་བ་འབའ་ཞིག་བསྒྲུབས་ནས་དུས་འདའ་བར་མཛད། རབ་བྱུང་བདུན་པའི་ཤིང་ལུག་༡༤༡༥ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་གུ་ཤྲིའ་སངས་རྒྱས་རིན་ཆེན་དང༌། གུ་ཤྲིའ་བློ་གྲོས་རྒྱལ་མཚན། གུ་ཤྲིའ་རིན་ཆེན་དཔལ། གུ་ཤྲིའ་དོན་གྲུབ་འོད་ཟེར། གུ་ཤྲིའ་ཆོས་ཀྱི་རྒྱལ་མཚན། གུ་ཤྲིའ་ཤཱཀྱ་བཟང་པོ། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་བཅས་ཡིན།།
སྐུ་འཕྲེང་དྲུག་པ། ཀརྨ་པ་མཐོང་བ་དོན་ལྡན་ནི། རབ་བྱུང་བདུན་པའི་མེ་སྤྲེལ་༡༤༡༦ལོར་ཁམས་ཀརྨའི་ཉེ་ལོགས་ངོམ་སྟོད་དུ་ཡབ་གོ་ འཇོ་བསམ་གྲུབ་རྡོ་རྗེ་དང༌། ཡུམ་སྟོད་བཟའ་པདྨ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ གསུམ་པར་འཇམ་དབྱངས་གྲགས་པ་དང༌། སོག་དབོན་བཀའ་བཞི་པ་རྣམས་ལ་དབང་ལུང་བཤད་གསུམ་མང་དུ་གསན། འོལ་ཁ་བཀྲ་ཤིས་ཐང་དུ་མཁན་ཆེན་བསོད་ནམས་བཟང་པོ་སོགས་ལས་རབ་ཏུ་བྱུང༌། མཚན་ལ་ཆོས་གྲགས་དཔལ་བཟང་པོ་ཞེས་གསོལ། དེ་ནས་ཙཱ་རི་དང༌། བཀྲ་ཤིས་ལྗོངས། མཚུར་ཕུ། ཟུར་མང༌། ཀརྨ། སྤུངས་རི་སྤང་ཕུག་སོགས་སུ་ཕེབས་སྐབས་ཡི་དམ་དང་སངས་རྒྱས་བྱང་སེམས་རྣམས་ཀྱིས་ ཞལ་གཟིགས་གནང༌། རོང་སྟོན་རིན་པོ་ཆེ་ལས་གཞུང་ལུགས་དུ་མ་གསན་པས་རོང་སྟོན་རིན་པོ་ཆེས་ང་ལ་སངས་ རྒྱས་སློབ་མ་ཡོད་ཅེས་བསྒྲགས་པར་མཛད། སྟག་ལུང་དུ་འདུས་སྡེར་ཆོས་གསུངས་སྐབས་མེ་ཏོག་གི་ཆར་མངོན་སུམ་བབས། ལྷོ་རོང་དུ་བསྟན་འགྱུར་གོས་དར་གྱི་ཐུམ་ཅན་བཞེངས། ཛ་ལབ༼་རར་གསེར་གྱི་བཀའ་འགྱུར་གླེགས་ཤིང་ཅན་བཅས་བཞེངས། རོང་པོ་དང་མི་ཉག་གི་འཁྲུག་པ་དང༌། སྒོ་སྡོང་གི་འཁྲུག་ཆེན་སོགས་སྟོད་སྨད་ཀྱི་འཁྲུགས་པ་མང་པཱུ་ཞི་བར་མཛད། གསང་ཕུར་ཕེབས་ནས་རྟེན་ཐམས་ཅད་རྟེན་སྒམ་དུ་བཞག་ནས་ཕྱག་ཐམ་གྱིས་མནན། དབུ་ཞྭ་དང་ཞལ་གདམས་ཀྱི་ཕྱག་དཔེ་སོགས་གུ་ཤྲིའ་རིན་པོ་ཆེ་ལ་གཏད་དེ་ལུང་བསྟན་ བཀའ་རྒྱ་ཅན་མཛད། དགུང་ལོ་སོ་བརྒྱད་པ་རབ་བྱུང་བརྒྱད་པའི་ཆུ་བྱ་༡༤༥༣ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་གཱུ་ཤྲིའ་དཔལ་འབྱོར་དོན་གྲུབ་དང༌། ཀུན་མཁྱེམ་འཇམ་དཔལ་བཟང་པོ། སྟག་ལུང་ཞས་དྲུང་སོགས་ཡིན།།
སྐུ་འཕྲེང་བདུན་པ། ཀརྨ་པ་ཆོས་གྲགས་རྒྱ་མཚོ་ནི། རབ་བྱུང་བརྒྱད་པའི་ཤིང་ཁྱི་༡༤༥༤ལོར་གསའ་ཕུའི་བྱང་རྔོད་སྤྱི་མདའ་ཨོ་རྒྱན་རི་ ཁྲོད་པ་ཡབ་གྲུབ་ཐོབ་གྲགས་པ་དཔལ་གྲུབ་དང༌། ཡུམ་ཡེ་ཤེས་ཀྱི་མཁའ་འགྲཱུའི་སྤྲུལ་པ་ཇོ་དར་བཟའ་ལྷ་མཱུ་སྐྱིད་གཉིས་ཀྱི་སྲས་ སུ་མདོ་ཁམས་ཏྲེ་ཤོད་དཀར་མཛེས་ཁང་དམར་དུ་སྐུ་འཁྲུངས། ཟླ་ངོ་ དགུ་པར་སྒར་ཆེན་འཛམ་གླིང་རྒྱན་ཆེན་གྱི་སེང་གེའི་ཁྲི་ལ་བཞུགས། མཚན་ལ་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། དེ་ནས་ཀརྨ་དགོན་དུ་ཕེབས་ཏེ་གི་ཤྲིའ་རིན་པོ་ཆེས་དགེ་བསྙེན་གྱི་སྡོམ་པ་ཕུལ། དགུང་ལོ་བཅུ་གཉིས་པར་ཀུན་མཁྱེན་འཇམ་དཔལ་བཟང་པོས་རབ་བྱུང་ཕུལ། མཚན་ལ་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། དེ་ནས་སྤུངས་རི་དང་འབའ་ཐང༌། རྨ་ཆུའི་རྒྱུད་སོགས་ས་གནས་མང་པོར་ཞབས་ཀྱིས་བཅགས་ཏེ་བྱིན་རླབས་དང་རྫུ་འཕྲུལ་ ངོ་མཚར་ཅན་ཤ་སྟག་མཛད། དེའི་སྐབས་སུ་གོང་མ་ཆེན་པཱུ་ཆིང་ཧྭའི་ལུང་གིས་དབུ་ཞྭ་དང༌། མུ་ཏིག་སྣམ་སྦྱར། གསེར་བྲེ་ཆེན། གོས་དར་ཁྲི་ཕྲག་སོགས་ཀྱི་འབུལ་བ་ཡང་འབྱོར། ཀརྨ་གྲྭ་ཚང་གི་བཤད་གྲྭ་ཐོག་མར་བཙུགས། འབྲི་གུང་མཐིལ་དུ་ཕེབས་ནས་ཟབ་ཆོས་ཅི་རིགས་དང་ཕྱག་ཆེན་ཆོས་དྲུག་གི་དབང་ཁྲིད་ དང༌། སྒྲུབ་སྡེ་འཛུགས་པ། ཆོས་ཁྲིམས་བསྡམས་པ་སོགས་ཀྱིས་འབྲི་གུང་གི་བསྟན་པ་གཞི་ནས་གསོ་བར་མཛད། སྤོ་བཱུའི་ཕྱོགས་སུ་ཕེབས་ཏེ་བྲེ་མོ་ཆུ་མདོ་ལ་རྣམ་རྒྱལ་གླིང་གི་དགོན་པ་གསར་ འདེབས་མཛད། སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ་ཡང་མཛད། ཁོང་སྐུ་ཚེ་གང་བོར་རྒྱ་གར་དང༌། རྒྱ་ནག་འཇང༌། བལ་བོ། ཁ་ཆེ། མངའ་རིས། ཀློ་བོ། མདོ་ཁམས། དྭགས་ཀོང༌། ལྷོ་མོན། དབུས་གཙང༌། ཡར་འབྲོག བྱང་རིན་སོགས་ཀྱི་རིགས་སོ་སཱུའི་སྐྱེ་བོ་མཆོག་དམན་ཀུན་ལ་ཆོས་ཀྱི་སྦྱིན་པ་ བཏང་ནས་དུས་འདའ་བར་མཛད། རབ་བྱུང་བརྒྱད་པའི་མེ་སྟག་༡༥༠༦ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་ཆོས་གྲགས་ཡེ་ཤེས་དང༌། གྲུབ་ཆེན་སངས་རྒྱས་མཉན་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། ཀརྨ་འཕྲིན་ལས་པ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ཚད་མ་རིག་གཞུང་རྒྱ་མཚོ་དང༌། མངོན་རྟོགས་རྒྱན་འགྲེལ་འཇིག་རྟེན་གསུམ་གྱི་སྒྲོན་མེ། འདུལ་བ་གཞི་གསུམ་གྱི་ཆོ་ག གསང་འདུས་མི་བསྐྱོད་པའི་མངོན་རྟོགས། བསྟོད་ཚོགས་བཅས་བསྟན་བཅོས་མང་དུ་བཞུགས་སོ།།
སྐུ་འཕྲེང་བརྒྱད་པ། ཀརྨ་པ་མི་སྐྱོད་རྡོ་རྗེ་ནི། རབ་བྱུང་དགུ་པའི་མེ་ཡོས་༡༥༠༧ལོར་ཆབ་མདཱུའི་ངོམ་ཆུའི་རྒྱུད་གཡས་ལུང་དཀར་ཏི་ ཕུག བྲེ་བྲག་ས་ཏམ་གྱི་གྲོང་དུ་ཡབ་ཨ་བྱམས་དང༌། ཡུམ་ལྡོང་བཟའ་བླ་མ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ ལོ་ལྔ་པར་རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་དང་རི་བོ་ཆེའི་མི་སྣ་ལྷོ་རོང་གི་གུ་ ཤྲིའ་སོགས་ནས་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚཱུའི་ཡང་སྲིད་དུ་ངོས་ འཛིན་མཛད། དགུང་ལོ་དྲུག་པར་ཁྲི་འདོན་མཛད། རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་ལས་ཐེག་ཆེན་སོ་ཐར་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཆོས་ ཀྱི་གྲགས་པ་དཔལ་བཟང་པོ་ཞེས་གསོལ། ཡི་གེའི་འབྲི་ཀློག་བསླབས། དགུང་ལོ་བརྒྱད་པར་ཟུར་མང་དེང་སང་ནང་ཆེན་དུ་བྱོན། དེ་ནས་ཀམ་པོ་གནས་ནང་དུ་བྱོན། དགུང་ལོ་དགུ་པར་འཇང་ཡུལ་དུ་ཕེབས། ས་ཐམ་རྒྱལ་པོས་བོད་ལ་ལོ་བཅུ་གསུམ་བར་དམག་ཁྲལ་དང་བཙུན་ཁྲལ་ལོ་ལྟར་ལྔ་བརྒྱ་ རེ་ཕུལ། དགོན་པ་བརྒྱ་འདེབས་པར་ཁས་བླངས། དགུང་ལོ་བཅུ་པར་འདན་མ་གྲུབ་ཆེན་སངས་རྒྱས་མཉན་རས་ལས་དགེ་ཚུལ་གྱི་སྡོམ་པ་ བཞེས། དེ་ནས་འདན་ཁོག་བྱང་ཆུབ་གླིང་དུ་བྱོན་ཏེ་ལོ་གསུམ་བཞུགས་ནས་དབང་ལུང་ཁྲིད་ གསུམ་གསན། དགུང་ལོ་ཉེར་གཅིག་པར་མཁན་ཆེན་ཆོས་གྲུབ་སེང་གེ་ལས་དགེ་སློང་གི་སྡོམ་པ་བཞེས། ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ལས་སྒྲ་དང་སུམ་རྟགས་སོགས་གསན། དགུང་ལོ་སོ་གཅིག་པར་མཚུར་ཕུར་ཕེབས། དེ་དུས་དབུས་གཙང་གི་བར་ཆིངས་མཛད། སྐུ་ཚེའི་མཇུག་ཏུ་ཙ་རིར་གནས་སྐོར་ལ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད། རབ་བྱུང་དགུ་པའི་ཤིང་སྟག་༡༥༥༤ལོར་ལྷོ་ཁ་ཡར་ཀླུང་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་དཀོན་མཆོག་ཡན་ལག་ དཔའ་བོ་གཙུག་ལག་ཕྲེང་བ། རྒྱལ་བ་གྲགས་པ་དཔལ་འབྱོར། ཟུར་མཁར་བློ་གྲོས་རྒྱལ་པོ། ལྷ་མཐོང་ལོ་ཙཱ་བ་སོགས་ཡིན། ཁོང་གི་གསུང་རྩོམ་ནི་རང་གཞན་གྱི་བྱུང་བ་བརྗོད་པའི་གཏམ་དང༌། བླ་མ་བསྟེན་ཚུལ༌། རྒྱལ་བ་འབྲི་གུང་པ་ཁུ་དབོན་གསུམ་གྱི་རྣམ་ཐར༌། ཀ་ལཱ་པའི་གཞུང་གི་དོན་འགྲེལ། སུམ་ཅུ་པའི་འགྲེལ་བ་ལེགས་བཤད་ཉིང་ཁུ་མཁས་པའི་དགའ་སྟོན། རྟགས་འཇུག་གི་འགྲེལ་བ་ཚིག་དོན་སྣང་བར་བྱེད་པ་བཅས་པོད་ཉི་ཤུ་རྩ་བརྒྱད་ཡོད་ སྐད་ཀྱང་ད་ལྟ་བྲིས་མ་པོད་བཅུ་གསུམ་ཡོད་པ་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་ སོ།།
སྐུ་འཕྲེང་དགུ་པ། ཀརྨ་པ་དབང་ཕྱུག་རྡོ་རྗེ་ནི། རབ་བྱུང་དགུ་པའི་མེ་འབྲུག་༡༥༥༦ལོར་མདོ་ཁམས་ཏྲེ་བོའི་ཡུལ་གྱི་ས་སྟོད་ཇོ་བོ་ ཐུགས་རྗེ་ཆེན་པཱུའི་རང་བྱོན་དང་ཧ་ཅང་མི་རིང་བ། ཏྲེ་སྨད་ཁ་བ་གླིང་རིའི་ཞོལ་སྟག་བཟང་ཞེས་བྱ་བར། ཡབ་ཨ་རྡོར་དང༌། ཡུམ་གླིང་བཟའ་ཨ་ལོད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་ བྱིས་པའི་མིང་ལ་ཡུམ་གྱིས་ནམ་མཁའ་རྒྱལ་པོ་ཞེས་བཏགས། དེ་ནས་སྐུ་གོང་མའི་ཕྱག་ཆས་སོགས་ངོས་འཛིན་གནང་བ་བཅས་མངོན་མཁྱེན་དང་རྫུ་ འཕྲུལ་སྟོན་པ་སོགས་མཛད། དགུང་ལོ་བདུན་པར་རྗེ་ཞྭ་དམར་དཀོན་མཆོག་ཡན་ལག་གིས་གཙུག་ཕུད་བཞེས་ནས་མཚན་ལ་ དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་ཅེས་གསོལ། དེ་ནས་འཛམ་ཐང་དང༌། ཤེལ་ཁོག ལ་མེ་རྩེ། མགོ་ལོག ཀཾ་པོ་གནས་ནང་བཅས་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་དབུས་སུ་ཕེབས་ལམ་གླིང་ཚང་གི་མགུ་ཟི་ལ་སྤྱན་འདྲེན་ཞབས་ཏོག་དང༌། དྲན་ཐང་བརྒྱུད་དེ་ཀརྨར་ཕེབས། ཆབ་མདོར་ཞལ་ཐང་ལ་ཕྱག་ནས་གནང་བས་ཟུག་པ་དང༌། གང་དུ་ཁྱེར་ཡང་མི་འདྲིལ་བར་བྱུང༌། ལྷ་སྟེང་དང་ཟུར་མང་ཕྱོགས་སུ་ཕེབས། འབུལ་ཞབས་བསྙེན་བཀུར་མང་པོ་བྱུང༌། དགུང་ལོ་བཅུ་པར་ཡངས་པ་ཅན་བརྒྱུད་དེ་མཚུར་ཕུའི་གདན་སར་ཕེབས། དགུང་ལོ་བཅུ་གཅིག་པར་རྗེ་ཞྭ་དམར་དཀོན་མཆོག་ཡན་ལག་པས་མཁན་པོ་མཛད་ནས་རབ་བྱུང་ གི་སྡོམ་པ་བཞེས། སྡེ་པ་རིན་སྤུངས་པས་ངོ་མཚར་བའི་བཀོད་པ་བཤམས་ནས་སྤྱན་འདྲེན་ཞུས་པ་དང༌། ཐུབ་སྐུ་ཁྱད་ཆོས་གསུམ་ལྡན་དང༌། དུང་དཀར་གཡས་འཁྱིལ་སོགས་འབུལ་ཆེན་མཛད། འབྲོང་བུ་དགོན་རྙིང་ཞིག་གསོ་དང༌། མཚུར་ཕུའི་འདུ་ཁང་ཆེན་མོ་བསྐྱར་གསོ་མཛད། དགུང་ལོ་བཅུ་དྲུག་པར་སློབ་དཔོན་རྣམ་རྒྱལ་གྲགས་པ་ལས་ཕར་ཚད་མངོན་པ་སོགས་མདོ་ ཕྱོགས་རྣམས་ལ་ལེགས་པར་གསན། སྒོ་རབ་བརྟན་གྱི་གཙུག་ལག་ཁང་དང༌། ཐར་གླིང་གྲྭ་ཚང་གི་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་མཛད། དགུང་ལོ་ཉེར་བཞི་པར་རྗེ་དཀོན་མཆོག་འབངས་ཀྱིས་མཁན་པོ་མཛད་ནས་བསྙེན་པར་རྫོགས། མདོར་ན་དབུས་གཙང་ཁམས་གསུམ་གྱི་དགོན་སྡེ་བསྐྱར་བཞེངས་དང༌། དབང་ཁྲིད་གདམས་ངག་གནང་བ། ཡུལ་སྡེའི་འཁོན་རྩོད་བསྡུམས་པ་སོགས་འགྲོ་དོན་མཐའ་ཡས་པ་མཛད་དོ། རབ་བྱུང་བཅུ་པའི་ཆུ་ཡོས་༡༦༠༣ལོར་སྐུ་གཤེགས། གསུང་རྩོམ་ནི་ཚད་མ་རིགས་གཞུང་སྙིང་པོ་དང༌། མངོན་པ་མཛོད་ཀྱི་འགྲེལ་བ་སོགས་པཱུ་ཏི་བཅུ་སྐོར་བཞུགས་སོ།།སློབ་མ་གྲགས་ཆེ་བ་ ནི་རྗེ་བཙུན་ཏཱ་ར་ནཱ་ཐ་དང༌། སི་ཏུ་ཆོས་ཀྱི་རྒྱལ་མཚན། དཔའ་བོ་གཙུག་ལག་རྒྱ་མཚོ། ཏྲེ་ཧོར་ལྷག་བསམ་རྒྱ་མཚོ། ཟུར་མང་ཀརྨ་ལེགས་བཤད་སྒྲ་དབྱངས། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་བཅས་ཡིན།
སྐུ་འཕྲེང་བཅུ་པ། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ནི། རབ་བྱུང་བཅུ་པའི་ཤིང་འབྲུག་༡༦༠༤ལོར་མདོ་ཁམས་རོལ་ཆེན་བཅོ་བརྒྱད་ལས་སྨད་རོལ་ མགོ་ལོག་ཏུ་གྲགས་པའི་ཀམ་ཟི་ཐང་དུ་ཡབ་ཁྱི་གུ་ཐར་དང༌། ཡུམ་ཨ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པའི་དུས་ཀྱི་མིང་ལ་ཡུམ་གྱིས་ཨོ་རྒྱན་སྐྱབས་ཞེས་བཏགས། ཀཾ་པོ་གངས་ར་ནས་རྨ་ཆེན་སྤོམ་རའི་བར་དུ་ཞབས་ཀྱིས་བཅགས་ཚེ་ཡུལ་ལྷ་གཞི་བདག་ གིས་གསེར་སྐྱེམས་དང་མཆོད་འབུལ་ཞུ་བ་མངོན་སུམ་དུ་བྱུང༌། འཇང་བོད་སོགས་མཆོག་དམན་གྱི་སྐྱེ་འགྲོ་རྣམས་དགེ་བའི་ལམ་བཟང་དུ་སྨིན་པར་མཛད། དབུས་གཙང་སོགས་སུ་ཆིབས་ཁ་བསྒྱུར་སྐབས་ཕ་ཝང་རོག་གཏམ་ཞེས་པ་ལ་ཞབས་རྗེས་བྱོན་ པ་དང་བྱང་ཆུབ་དགོན་དུ་འབྲི་ཆུའི་གནོད་པ་བཟློག་པར་མཛད། རྗེ་བཙུན་གཙུག་ལག་རྒྱ་མཚོས་གཙུག་ཕུད་བཞེས། ས་སྐྱོང་ཀརྨ་བསྟན་སྐྱོང་དབང་པོས་རྒྱལ་རྩེར་སྤྱན་དྲངས་ཏེ་འབྱོར་བ་རྒྱ་ཆེན་ པཱུའི་མཆོད་པ་དང༌། དགེ་འདུན་ཚོགས་པ་རྒྱ་ཆེའི་དབུས་སུ་སྨོན་ལམ་གྱི་མཛད་སྒོ་གནང༌། དགུང་ལོ་ཞེ་གཅིག་པར་བསྙེན་པར་རྫོགས། སོག་པོ་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཀྱི་སྲིད་དབང་བཟུང་ནས་ཡོན་བདག་གཙང་པ་ སྡེ་སྲིད་རྩ་གཏོར་བཏང་བར་བརྟེན། ཁོང་ཁམས་ཕྱོགས་བརྒྱུད་འཇང་ཡུལ་དུ་བྱོན། འཇང་དུ་དགོན་ཁག་བཅུ་གསུམ་གསར་འདེབས་མཛད་ཅིང༌། ཀརྨ་བཀའ་བརྒྱུད་ཀྱི་ཆོས་ལུགས་དར་སྤེལ་རྒྱ་ཆེར་མཛད། དེ་ནས་རྒྱལ་དབང་ལྔ་བ་ཆེན་པོས་བོད་དུ་འབྱོར་དགོས་པའི་བཀའ་ལྟར་མཇལ་འཕྲད་གྲུབ། སེམས་ཅན་དབུལ་ཕོངས་ཅན་རྣམས་ལ་ཟང་ཟིང་གིས་ཚིམས་པར་མཛད། སྣང་སྲིད་བདེན་མེད་དུ་གཟིགས་པས་དགའ་སྡུག་གི་སྣང་བ་མི་མངའ། གནོད་སྐྱོན་སྐྱེལ་མཁན་རྣམས་ལ་འཁོན་འཛིན་མེད་ཅིང་ལྷག་པར་བརྩེ་བར་མཛད། ཐུགས་མཉམ་རྗེས་བྲལ་བའི་ཏིང་ངེ་འཛིན་ལས་མི་གཡོ་བར་བཞུགས་སོ། རབ་བྱུང་བཅུ་གཅིག་པའི་ཤིང་སྟག་༡༦༧༤ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་ཡེ་ཤེས་སྙིང་པོ་དང༌། རྒྱལ་ཚབ་ནོར་བུ་བཟང་པོ། དཔའ་བོ་འཕྲིན་ལས་རྒྱ་མཚོ། སི་ཏུ་མི་ཕམ་འཕྲིན་ལས་རབ་བརྟན། གནས་མདོ་ཀརྨ་ཆགས་མེད། ཁྱབ་བདག་གྲུབ་མཆོག་དང་པོ། ཁ་རེག་ཀརྨ་བསྟན་སྲུང་བཅས་ཡིན།
སྐུ་འཕྲེང་བཅུ་གཅིག་པ། ཀརྨ་པ་ཡེ་ཤེས་རྡོ་རྗེ་ནི། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་༡༦༧༥ལོར་མདོ་སྨད་སྨར་ཁམས་ཀྱི་ས་ཆར། ཡབ་ཡུམ་རིགས་ལྡན་པའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ལྷ་ལྡན་གྱི་ཕྱོགས་སུ་གཤེགས་པའི་ཚེ་ཡངས་པ་ཅན་གྱི་ གཙུག་ལག་ཁང་ཆེན་པོར་རྒྱལ་བ་ཡབ་སྲས་ལྷན་རྒྱས་རྟེན་འབྱུང་འགྲིགས་ནས་མཆོག་དམན་ སྐྱ་སེར་གདུལ་བྱའི་ཚོགས་རྣམས་གང་ལ་གང་འདུལ་གྱིས་སྨིན་པར་མཛད། དེ་ནས་འོག་མིན་མཚུར་ཕུའི་གདན་སའི་སེང་ཁྲིར་ཞབས་བཀོད་ནས་མཐོན་མཐིང་ཅོད་པན་ བཞེས་ཏེ་དོན་བརྒྱུད་ཀྱི་བསྟན་པའི་བདག་པོར་འགྲན་ཟླ་དང་བྲལ་བར་བཞུགས་ཤིང༌། ཁྱབ་བདག་ཡེ་ཤེས་སྙིང་པོ་དང༌། ཡབ་སྲས་སྐྱེས་ཆེན་དུ་མ་རྣམས་ལས་དབང་ལུང་མན་ངག་གསན་བསམ་མཐར་ཕྱིན་པ་གནང་སྟེ། བཤད་སྒྲུབ་བསྟན་པའི་སྒྲོན་མེ་ཕྱོགས་ཐམས་ཅད་དུ་སྦར་བར་མཛད། རིག་འཛིན་མི་འགྱུར་རྡོ་རྗེ་དང༌། སྟག་ཤམ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་རྣམས་ཆོས་ཀྱི་བདག་པོར་ལུང་བསྟན་ཅིང་བཀུར་ བ་མཛད། གདན་སའི་ཉམས་གསོ་དང༌། རྟེན་དང་བརྟེན་པ་གསར་བཞེངས་མཛད། མདོར་ན་སྐྱེ་རྒུ་མ་ལུས་པ་སྨིན་གྲོལ་གྱི་ལམ་དུ་བཀོད་ཅིང་ཞྭ་དམར་བརྒྱད་པ་དཔལ་ ཆེན་ཆོས་ཀྱི་དོན་གྲུབ་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་བསྟན་པ་གཏད། རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་དགུང་ལོ་ཉེར་ལྔ་པར་རབ་བྱུང་བཅུ་གཉིས་པའི་ ས་ཡོས་༡༦༩༩ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ་དང༌། གྲུབ་དབང་ཏྲེ་ཧོར་ཀརྨ་བསྟན་པ་དར་རྒྱས། མཁན་ཆེན་ཀརྨ་དོན་ཡོད་སྙིང་པོ་བཅས་ཡིན།
སྐུ་འཕྲེང་བཅུ་གཉིས་པ་ཀརྨ་པ་བྱང་ཆུབ་རྡོ་རྗེ་ནི། རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་༡༧༠༠ལོར་ཁམས་སྡེ་དགེ་དབོན་སྟོད་ཀྱི་ས་ཆ་ ཆུ་བོ་གསེར་ལྡན་གདན་གྱི་འགྲམ་ངོགས་དཀྱིལ་ལེ་ལ་ཙག་ཏོར་བོད་ཀྱི་རྒྱལ་པཱུའི་ གདུང་རྒྱུད་ཡབ་ཀརྨ་ཚེ་བརྟན་དང༌། ཡུམ་དཀར་མཱུ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་འཁྲུངས་ ནས་ཟླ་ངོ་གཉིས་པར་ཀརྨ་པ་ཡིན་ཞེས་གསུང་འབྱོན། སྐུ་གོང་མའི་ཕྱག་མདུད་དང་སྐུ་འདྲ། ཕྱག་ཕྲེང་སོགས་ངོས་འཛིན་མཛད། དགོན་ཆེན་དང་ལྷ་ལུང་ཁུག་ཏུ་ཕེབས་སྐབས་སྡེ་དགེ་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་ མཇལ་སྟོན་སྐུ་བརྫངས་དང་འབུལ་ཞབས་རྒྱས་པར་ཕུལ། དེ་ནས་སྐྱབས་ཆེ་དང༌། ཟུར་མང༌། རྒྱུན་ནེ། ཀརྨ་དགོན། ཇ་པ་དགོན་སོགས་སུ་ཕེབས་ནས་འགྲོ་དོན་མཛད། ནང་ཆེན་རྒྱལ་པཱུའི་སྒར་དུ་ཡང་སྤྱན་འདྲེན་འབུལ་ཞབས་ཞུས། དེ་ནས་ཞྭ་དམར་བརྒྱད་པ་དང་ལྷན་དུ་རྒྱ་ནག་ཏུ་ཕེབས། རྒྱལ་དབང་ཞྭ་དམར་ནག་ཡབ་སྲས་གཉིས་ཉིན་གཅིག་ཀྱང་འབྲལ་མེད་དུ་སྐུ་མྱ་ངན་ལས་ འདས་པའི་བར་དུ་ཕེབས་པས་ཞྭ་དམར་བརྒྱད་པའི་རྣམ་ཐར་དང་གཅིག་མཚུངས་སུ་གྱུར། རྒྱ་ནག་བཀྲ་ཤིས་ཁྲི་སྒོར་སྐུ་གཤེགས་ནས་གདུང་ཐལ་མཚུར་ཕུར་སྤྱན་དྲངས་ཏེ་དངུལ་ གདུང་བཞེངས་ནས་དད་པའི་རྟེན་དུ་བཞུགས་སོ།།རབ་བྱུང་བཅུ་གཉིས་པའི་ཆུ་གླང་༡༧༣༣ ལོར་སྐུ་གཤེགས། སློབ་ མ་གྲགས་ཆེ་བ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་དང༌། དཔའ་བོ་སྤྲུལ་སྐུ་གོང་འོག་རྣམ་གཉིས། འབྲུག་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟ་བཅས་ཡིན།
སྐུ་འཕྲེང་བཅུ་གསུམ་པ། ཀརྨ་པ་བདུད་འདུལ་རྡོ་རྗེ་ནི། རབ་བྱུང་བཅུ་གཉིས་པའི་ཤིང་སྟག་༡༧༣༤ལོར་བོད་ཡུལ་དབུས་ཀྱི་ལྷོ་ཕྱོགས་སྙེན་ལྕ་ བ་གྲོང་དུ་རིགས་རུས་རྣམ་པར་དག་པའི་ཡབ་ཡུམ་གྱི་སྲས་སུ་སྐུ་འཁྲུངས། དགུང་ ལོ་གཅིག་བཞེས་སྐབས་ཀུན་བཟང་འཇིགས་བྲལ་སོགས་ཀྱིས་སྐུ་གོང་མའི་ཡང་སྲིད་དུ་ ངོས་འཛིན་མཛད། དགུང་ལོ་བཞི་པར་འོག་མིན་མཚུར་ཕུའི་གདན་སར་ཕེབས་ཏེ་རྒྱལ་བ་སྐལ་བཟང་རྒྱ་མཚོ་ དང༌། མི་དབང་བསོད་ནམས་སྟོབས་རྒྱས། བཀའ་བརྒྱུད་ཡབ་སྲས་རྣམས་ཀྱིས་གུས་པའི་མཆོད་སྤྲིན་བཅས་སེང་ཁྲི་ཆེན་པོར་མངའ་ གསོལ། སི་ཏུ་བསྟན་པའི་ཉིན་བྱེད་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཅིག་ཅར་དུ་བཞེས། མདོ་རྒྱུད་གསར་རྙིང་གི་དབང་ལུང་ཁྲིད་གསུམ་ཟབ་རྒྱས་མཐའ་དག་བུམ་པ་གང་བྱཱུའི་ ཚུལ་དུ་གསན་ནས་རིགས་ཀྱི་བདག་པོར་འཛིན། གསང་མཚན་ལ་དབང་ཆེན་རྡོ་རྗེ་ཞི་བ་རྩལ་ཞེས་གསོལ། སི་ཏུ་བསྟན་པའི་ཉིན་བྱེད་མཁན་པོ་དང༌། དཔའ་བོ་གཙུག་ལག་དགའ་བས་སློབ་དཔོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།
དགུང་ ལོ་སོ་དགུ་པར་མདོ་སྨད་སྡེ་དགེའི་ཕྱོགས་སུ་བྱོན་ནས་རྒྱལ་བའི་དབང་པོས་དབུ་ མའི་ལྟ་བ་དང་ཐུགས་དམ་ཉིན་མཚན་ཁོར་ཡུག་མངའ་བའི་རྟོགས་འབུལ་མཛད། དེ་ནས་དབུས་སུ་ཆིབས་ཁ་བསྒྱུར་ཏེ་བྱོན་ལམ་གྱི་གདུལ་བྱ་ཐམས་ཅད་བསྡུ་བའི་དངོས་ པོ་བཞིས་ཚིམས་པར་མཛད་ནས་རིམ་པར་མཚུར་ཕུར་ཕྱག་ཕེབས། ཁོང་གིས་དབུ་མ་དང༌། ཕར་ཕྱིན། འདུལ་བ། མཛོད་བཅས་ལ་གསན་རྒྱ་ཆེ་ཞིང་སྒོམ་བྱུང་གི་མཁྱེན་ལ་མངའ་དབང་འབྱོར་བས་ཤེས་བྱ་ ཐམས་ཅད་ཐུགས་སུ་ཆུད། ལྷ་སའི་ཇོ་བཱུ་རིན་པོ་ཆེ་ལ་གསེར་ཞོ་ལྔ་བརྒྱ་ལས་གྲུབ་པའི་ཏིང་བདུན་དང༌། ལྷ་ཆེན་ལ་དངུལ་སྲང་ཉིས་བརྒྱ་ལྔ་བཅུ་ལས་བཟོས་པའི་ཏིང་བདུན། མབྲསྤྱལ་རྡིལ་ཚད་དྲུག་ཅུ་ལས་མཆོད་རྟེན་རྣམ་བརྒྱད་དང༌། གསེར་ཞོ་ལྔ་བར
གླུ་སྨྱོན་ལེགས། ཀརྨ་པའི་མཛད་རྗེས་ཕ་མཐའ་ཡས། སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་བར་གནས་པར་བཤད། ཀརྨ་པའི་མཚན་འཛིན་པའི་སྤྲུལ་སྐུ་ནི་རྒྱུན་ཆད་པར་བཤད། འདི་ཀརྨ་བཀའ་རྒྱུད་ཀྱི་ལོ་རྒྱུས་རང་ན་འདུག །