སྐྱོ་བྲག་དགའ་དབང་།
རྒྱལ་དབང་ཀརྨ་པ། ཁྱེད་ལ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། འདྲེན་པའི་ནུས་པ་མངའ་བས། ཁྱེད་ནི། འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་རེད་ལ། ང་ཚོའི་སེམས་ནང་གི་ཉི་མ་ཡང་ཡིན།
ཁྱེད་ཀྱི་ཐུགས་རྗེའི་གཟིགས་པས། འགྲོ་བ་མཐའ་དག་དྲིན་ཆེན་ཕ་མ་རུ་གཟིགས་ཀྱིན་ཡོད་ལ། ཁྱེད་ཀྱི་མཛད་པའི་ནུས་པས། འགྲོ་བ་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ནས་འདྲེན་གྱི་ཡོད་ཕྱིར།
ཁྱེད་ནི། འགྲོ་བ་མཐའ་དག་གི་སྐྱབས་མགོན་བླ་ན་མེད་པ་དེ་རེད་ལ། ང་ཚོའི་སེམས་ནང་གི་ཉི་མ་ཡང་ཡིན།
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནི། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་སྟེ། རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པས། ནམ་ཡང་སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་ཡིན་ཕྱིར། གདུལ་བྱའི་མཁའ་ལ་དུས་གསུམ་མཉམ་པ་ཉིད་དུ་འཁོར་གྱིན་ཡོད་པས། ང་ཚོ་ནམ་དུའང་། སྐྱབས་དང་བཅས་པ། མགོན་དང་བཅས་པ། དཔུང་གཉེན་དང་བཅས་པ། འདྲེན་པ་དང་བཅས་པ་རེད་ལ། ང་ཚོའི་སེམས་ནང་གི་ཉི་མ་ཡང་ཡིན།
ཁྱེད་ཡོད་པས། ང་ཚོ་ནི། གནས་སྐབས་དང་མཐར་ཐུག་གི་འཇིགས་པ་མཐའ་དག་དང་བྲལ་བའི་སྐལ་བ་བཟང་པོ་ཅན་ཤ་སྟག་ཡིན་པ་ཚོར་གྱིན་ཡོད་ལ། ཚོར་བ་བཞིན་དུ། བདག་ཅག་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ། ཐུགས་མཉེས་པའི་མཆོད་སྤྲིན་དམ་པ་རུ་འབུལ་བར་བགྱིད་ན། བརྩེ་བའི་ཐུགས་རྗེ་ཆེན་པོས་ཡོངས་སུ་བཞེས་ཤིག །རྒྱལ་དབང་ཀརྨ་པ། ང་ཚོའི་སེམས་ནང་གི་ཉི་མ་ལགས།
འདི་ནི། གདན་ས་རུམ་བཏེག་ཏུ།
སྤྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ དགོང་མོ། ཀརྨ་པ་རིག་པའི་རྡོ་རྗེའི་འདས་མཆོད་ཐེངས་སོ་བཞི་པ་གྲ་རྒྱས་སུ་ཚོགས་པ་ན། ཁོ་བོས་སྒྲོགས་སྦྱང་ཞུས་པའི་རྩོམ་ཐུང་ཞིག་ཡིན།
རྒྱལ་བ་ཐམས་ཅད་མཁྱེན་པ།
པན་ཆེན་ཐམས་ཅད་མཁྱེན་པ།
ཀརྨ་པ་དུས་གསུམ་མཁྱེན་པ་སོགས་འབོད་ནས་བོད་མི་དམངས་མགོ་སྐོར་བཏང་བསྡད་པ་ཉུང་ཉུང་མ་རེད། ཅིག་མཁྱེན་ཐུབ་མདོག་མདོག ཐམས་ཅད་མཁྱེན་མདོག་མདོག སྐད་ཆ་འདི་འདྲ་བཤད་མཁན་དགེ་སློང་ཡིན་ན་རང་རྒྱུད་ལ་སྡོམ་པ་སྟོང་འགྲོ་གི་རེད། མི་ཆོས་བླ་མའི་རྫུན་བཤད་ཀྱི་ཡོད་རེད།
རྒྱལ་བ་དང་པན་ཆེན་ཀརྨ་པ་སོགས་ཐམས་ཅད་མཁྱེན་པ་མིན་བཞིན་དུ་ཐབས་ཅད་པ་རེད་ཟེར་ནས་བཤད། ཁོང་རང་ཚོས་ཀྱང་ཡིན་མདོག་མདོག་གི་ཟོལ་སྟོན། དད་ལྡན་མི་དམངས་མགོ་སྐོང་གཏང། བྱས་སྟངས་ལས་སྟངས་འདི་དག་ལ་བལྟས་ན་ཤྭཀྱའི་དགེ་སློང་ཚད་ལྡན་ཞིག་རྩ་བ་ནས་མིན། སྟོན་པ་ཤྭཀྱའི་རྒྱལ་པོའི་རྗེས་འཇུག་གི་དགེ་སློང་ཡིན་ན་རྫུན་བཤད་མི་ཆོག
རྫུན་གྱི་འཁོར་ལོ་མ་བསྐོར་སྐུ་ཚེ་རིང་།
བོད་མི་རྫུན་གྱི་འོག་ཏུ་བཅུག་བཅུག་གིས།
བླ་མའི་གཅིན་པ་ཡན་ཆད་འཐུངས་ནས་ཐལ།
དད་ལྡན་མི་དམངས་འདི་ཚོ་སྙིང་རེ་རྗེ།
ཧཧཧཧཧ་་་་་་གཏམ་བདེན་པ་ཡིན་ཡང་ཉོན་མཁན་དཀོན་མོ་རེད་ཨ་རོ། གཟབ་མ་གཏོགས་་་་་ལྟ་ལོག་་་་དང་དམ་ཉམས། ཁ་གཏོང་ཀི་་་་་དྲིན་ལན་ལོག་འཇལ་་་་་རྒྱུགས་ཁྱི་་་་་་དོལ་ཚོགས་རེད་ཟེར་ནས་དེང་སང་བོད་པའི་སྤྱི་ཚོགས་ནང་ཞྭ་མོ་ནག་པོ་བསྐོན་རྒྱུ་ཡོད་རེད་གདའ།
ཁྱེད་ཚོ་ལ་ཞྭ་མོ་ནག་པོ་ལས་ཀྱང་སྐོན་རྒྱུ་ཞིག་ཡོད་ན། སྐོན་ཐག་ཆོད་ཡིན། ཁྱེད་ཚོའི་འགྲོ་སྟངས་བཤད་བཤད་སྟངས་འདི་ཚོ་ཆོས་ཕྱོགས་ནས་བཤད་ན་དམྱལ་བ་རེད། སྲིད་ཕྱོགས་ནས་བཤད་ན་དམར་ཕྱོགས་དང་མང་གཙོ་གང་ལ་ཡང་མི་ཚུད་པའི་ཁྲིམས་འགལ་རྐྱང་རྐྱང་རེད།
ཤེས་མེད་གནམ་ལགས་ཀྱིས་ཉོན་ཨ། ༧གོང་ས་ཏྭ་ལའི་བླ་མའི་༡༩༧༤ལོར་སུམ་བཅུའི་དུས་དྲན་གྱི་བཀའ་སློབ་ལས། 《ངེད་རང་དྲང་བདེན་ལ་ཡིད་ཆེས་ཡོད། གལ་ཏེ་དྲང་བདེན་མེད་ན་འགྲོ་བ་མི་ཡི་རིགས་ལ་རེ་བའི་གཞི་རྩ་གཏན་ནས་མེད་པར་འགྱུར། 》་་་ཞེས་གསུངས་འདུག
ངས་ཀྱང་དྲང་བདེན་ཟེར་བ་མེད་ན་འགྲོ་བ་མི་ཡི་རིགས་ལ་རེ་བ་བཅོལ་སའི་གཞི་རྩ་གཏན་ནས་མེད་པར་འདོད་ཀྱི་ཡོད། ཁྱོད་ལྟ་བུའི་དྲང་བདེན་གྱི་གཞི་རྩ་བོར་བའི་མི་ལ་བཟད་ཕྱོགས་ཀྱི་རེ་བའི་གཞི་མེད། དྲང་བདེན་མེད་པའི་མི་རྣམས་ནི་སྤྱི་ཚོགས་ཀྱི་གཤེད་མ་ཡིན། ཉམ་ཆུང་གི་གཉའ་གནོན་ཡིན། ལས་འབྲས་ཀྱི་ལྔོག་ཟླ་ཡིན་ནོ།
ནོར་བཅོས་་་་ངས་ཀྱང་དྲང་བདེན་ཟེར་བ་མེད་ན་འགྲོ་བ་མི་ཡི་རིགས་ལ་རེ་བ་བཅོལ་སའི་གཞི་རྩ་གཏན་ནས་མེད་པར་འདོད་ཀྱི་ཡོད། ཁྱོད་ལྟ་བུའི་དྲང་བདེན་གྱི་གཞི་རྩ་བོར་བའི་མི་ལ་བཟང་ཕྱོགས་ཀྱི་རེ་བའི་གཞི་མེད། དྲང་བདེན་མེད་པའི་མི་རྣམས་ནི་སྤྱི་ཚོགས་ཀྱི་གཤེད་མ་ཡིན། ཉམ་ཆུང་གི་གཉའ་གནོན་ཡིན། ལས་འབྲས་ཀྱི་ལྡོག་ཟླ་ཡིན་ནོ།་་་ཞེས་བཅོས།་་་ཧཧ
ཆོས་ཕྱོགས་ནས་བཤད་པའི་དམྱལ་ཡུལ་དང་རི་རྒྱལ་གླིང་བཞི་སོགས་༧གོང་ས་ཏྭ་ལའི་བླ་མས་ཀྱང་ཡོད་པར་ཁས་མི་ལེན། སློབ་དཔོན་དབྱིགས་གཉེན་ལ་དགོངས་དག་ཞུས་ཡོད། རྨོངས་རྒན་ཁྱོད་ལྟ་བུ་ཞིག་གིས་དམྱལ་བ་བཤད་ཀྱི་ཡིན་ནམ།་་་ཧཧ སྙིང་མ་རྗེ།
དམར་ཕྱོགས་དང་དམངས་གཙོ་གཉིས་ཀ་དང་མི་མཐུན་པའི་འགྲོ་སྟངས་ཡིན་དོན་ཅི་རེད། བཤད་ཀྱི་ཡོད་དམ།་ཧཧ
ཧཧཧཧ་་་་གནམ་ལགས་ཉོན་ཅིག་་་་་་
ཁྱོད་ལ་བློ་ཁོག་དང་གདེངས་སྤོབས་ཡོད་ན་མངོན་སུམ་དོན་ཤོག་དང་ཅོ་རི་ཉི་མ་དང་ང་གཉིས་ཀ་ཏྲེ་ཧོར་ཡིན་ལ་སྡོད་ས་སུད་སི་ནང་ཡོད།ང་ཚོ་གདོང་བསྟན་ནས་བགྲོ་གླེང་བྱས་ཆོག་པས་ཁྱོད་རང་གིས་མུན་ནག་ལྐོག་མདའ་འཕེན་མ་སྡོད། ངེད་གཉིས་ཀྱིས་སྒུག་ཡོད་གདའ།
རྒྱལ་དབང་ཀརྨ་པ། ཁྱེད་ལ། མཁྱེན་པའི་ཡེ་ཤེས་ནི་མེད་། བརྩེ་བའི་ཐུགས་རྗེ་ནི་མེད། འདྲེན་པའི་ནུས་པ་ནི་མེད། ཁྱེད་ནི། འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ནི་མེད། ང་ཚོའི་སེམས་ནང་གི་ཉི་མ་ཡང་ཡིན་མ་བསམ། ཁྱེད་གཞན་ལ་སྐྱབས་བཅོལ་ནས་ཡོད་པས་འགྲོ་བ་མཐའ་དག་གི་སྐྱབས་མགོན་བླ་ན་མེད་པ་གང་ནས་ཡིན། ཁོ་བོས་སྒྲོགས་སྦྱང་ཞུས་པའི་རྩོམ་ཐུང་ཞིག་ཡིན།
#5 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
October 27th, 2015 at 6:56 am
་་་་་་་་་ ཆོས་ཕྱོགས་ནས་བཤད་པའི་དམྱལ་ཡུལ་དང་རི་རྒྱལ་གླིང་བཞི་སོགས་༧གོང་ས་ཏྭ་ལའི་བླ་མས་ཀྱང་ཡོད་པར་ཁས་མི་ལེན། ་་་་་་་་་་
ཆོས་ཕྱོགས་ནས་བཤད་པའི་དམྱལ་ཡུལ་༧གོང་ས་ཏྭ་ལའི་བླ་མས་ཀྱང་ཡོད་པར་ཁས་མི་ལེན། ་་ཟེར་བ་འདི་ལ་ཁུངས་གང་ཡང་མེད་དོ།།
ཅོ་རི་ཉི་མས་གསུང་པ་དེ་ལ་རྒྱུ་མཚན་འདུག་ཉོན་ཤེས་ན།
ཆོས་འབག་གྱོན་ནས་སྲིད་དོན་དུས་ནམ་ཡང་མ་འཁྲབ་པའི་རེ་བ་ཡོད། གལ་སྲིད་གྲྭ་ཆས་གྱོན་ནས་སྲིད་དོན་འཁྲབ་པ་ཡིན་ན་ངེས་པར་ཐེར་འདོན་ངོ་སྤྲོད་བྱེད་ཀྱི་ཡིན།
རྒྱལ་དབང་ཀརྨ་པ། ཁྱེད་ལ་ཡོད་པ་ཚང་མ་སངས་རྒྱས་ལ་མེད། སངས་རྒྱས་ལ་ཡོད་པ་ཚང་མ་ཁྱེད་ལ་མེད། ཁྱེད་ཀྱིས་གནང་བ་ཚང་མ་སངས་རྒྱས་ཀྱིས་མ་གནང་། སངས་རྒྱས་ཀྱིས་གནང་བ་ཚང་མ་ཁྱེད་ཀྱིས་མ་གནང་།
སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་དཔལ་༸རྒྱལ་དབང་ཀརྨ་མཆོག་དང་༸སྐྱབས་རྗེ་འཇམ་མགོན་རིན་པོ་ཆེ་རྣམ་གཉིས་དུང་རྒྱ་སྤོས་སྣས་སྔུན་བསུས་ཀྱིས་བཞུགས་ཁྲིར་འཁོད་དེ་སྦྱིན་པའི་བདག་པོ་བརྒྱ་ཕྲག་ལྷག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྟིང་འགྲོ་མགོན་གྲགས་པ་རྒྱལ་མཚན་གྱི་གསུང་ཞེན་པ་བཞི་བྲལ་གྱི་གདམས་པ་ལས།
ཚིག་རྐང་མཐའ་མ་འཛིན་པ་བྱུང་ན་ལྟ་བ་མིན་ཞེས་པའི་བཀའ་ཁྲིད་སྩལ་བའི་ཐོག་མར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་གསན་ལ་དམ་པའི་ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པས་གསན་འཚལ། དེ་ལ་ཡང་གང་གསན་པར་བྱ་བའི་ཆོས་ནི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་གདམས་ངག་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་དོན་འགྲེལ་ཞུ་རྒྱུ་ཡིན། ཁ་སྔོན་ཉིན་གསུམ་རིང་ཞེན་པ་བཞི་བྲལ་གྱི་གདམས་ངག་ལས་དང་པོ་གསུམ་ཞུས་ཟིན། དེ་རིང་མཐའ་མ་འཛིན་པ་བྱུང་ན་ལྟ་བ་མིན་ཞེས་པའི་དོན་འགྲེལ་ཞུ་ན། དེ་ཡང་རྩ་བ་ལས། བདག་ཇི་ལྟར་འདུག་ཀྱང་ཆོས་ཀྱི་ངང༌། །འཛིན་དང་བཅས་ལ་གྲོལ་བ་མེད། །དེ་ཡང་ཞིབ་ཏུ་བཤད་ཙ་ན། །ཡོད་པར་འཛིན་ལ་ཐར་པ་མེད། །མེད་པར་འཛིན་ལ་མཐོ་རིས་མེད། །གཉིས་ཀར་འཛིན་པ་མི་ཤེས་པས། །གཉིས་མེད་ཀྱི་ངང་ལ་གང་དགར་ཞོག །
འདི་ཡན་ཆད་ཀྱིས་རྟག་ཆད་ཀྱི་ལྟ་བ་སྤངས་ནས་ཟུང་འཇུག་གཉིས་མེད་ལ་བློ་འཇོག་ཚུལ་སྤྱིར་བསྟན་ཏོ། །
ཆོས་ཀུན་སེམས་ཀྱི་སྤྱོད་ཡུལ་ཡིན། །ཕྱྭ་དང་དབང་ཕྱུག་ལ་སོགས་པ། །འབྱུང་བཞིའི་བྱེད་མཁན་མ་ཚོལ་བར། །སེམས་ཉིད་ཀྱི་ངང་ལ་གང་དགར་ཞོག །
འདི་ཡན་ཆད་ཀྱིས་བྱང་སེམས་སེམས་ཙམ་པ་དང་ཐུན་མོང་གི་ལམ་རིམ་བསྟན་ནས། ཐེག་ཆེན་དབུ་མ་པའི་ཐུན་མོང་མ་ཡིན་པའི་ལམ་ནི།
སྣང་བ་སྒྱུ་མའི་རང་བཞིན་དང་། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །གནས་ལུགས་བརྗོད་པར་མི་ཤེས་ཀྱིས། །བརྗོད་བྲལ་གྱི་ངང་ལ་གང་དགར་ཞོག །
དེ་ཡང་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་གདམས་པ་ལས་ཚིག་རྐང་མཐའ་མ་འཛིན་པ་བྱུང་ན་ལྟ་བ་མིན་ཞེས་པའི་དོན་འགྲེལ་ཞུ་རྒྱུ་ཡིན། ཐོག་མར་ད་རིང་ཕྱི་ལོ་གསར་དུ་ཚེས་པ་ཡིན་སྟབས་ཐམས་ཅད་ལ་ཕྱི་ལོ་གསར་པའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་ཤིང་གནོད་འཚེའི་བསམ་སྦྱོར་ཞི་ནས་བྱམས་པའི་སེམས་དང་ལྡན་པས་རང་རེའི་འཛམ་གླིང་ཞི་བདེའི་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། བློ་སྦྱོང་ཞེན་པ་བཞི་བྲལ་ལས་ཐོག་མའི་ཚིག་རྐང་གསུམ་པོས་ཐབས་ཀྱི་ཆ་དང་། ཚིག་རྐང་མཐའ་མས་ཤེས་རབ་ལྟ་བའི་ཆ་དེ་མེད་དུ་མི་རུང་བར་བསྟན་པ་ཡིན། བདག་ཇི་ལྟར་འདུག་ཀྱང་ཆོས་ཉིད་ལ་འཛིན་པ་དང་བཅས་པ་ཡིན་ན་ཐུབ་པའི་དགོངས་པ་རྟོགས་མི་ནུས་པ་དང་། འཁྲུལ་པ་མཐའ་དག་ལས་གྲོལ་མི་ནུས། དེ་ཡང་ལམ་གཙོ་རྣམ་གསུམ་ལས། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། ཅེས་ཚིགས་བཅད་གཅིག་གིས་བསྟན་པ་ལྟར་དངོས་པོ་ལ་དངོས་པོར་ཞེན་ན་རེ་དྭོགས་དང་རྣམ་རྟོག་ལ་ཤོར་བས་དེ་ཉིད་ལ་ཐར་པའི་དཔལ་དང་བྲལ་བ་ཡིན། ཡང་མེད་པར་འཛིན་ན་མངོན་མཐོ་ལྷ་མིའི་གོ་འཕང་ལའང་བགྲོད་ཐབས་མེད། གཉིས་ཀར་འཛིན་པའང་མ་རིག་པའི་རང་བཞིན་ལས་མེད་སྟབས་ཟུང་འཇུག་གཉིས་མེད་ངང་བློ་འཇོག་དགོས་པས་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བའི་སྒོ་ནས་བློ་འཇོག་ཚུལ་བསྟན་པ་ཡིན། རང་རེ་ནང་པ་སངས་རྒྱས་པར་གྲུབ་མཐའ་སྨྲ་བ་བཞི་ཡོད། དེ་ཡང་བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་སྟེ་བཞིའོ། དེའི་ནང་ནས་གྲུབ་མཐའ་འོག་མ་བྱེ་བྲག་སྨྲ་བས་ཤེས་པ་སྐད་ཅིག་ཆ་མེད་དང་། གཟུང་བ་རྡུལ་ཕྲན་ཆ་མེད་བཞེད། མདོ་སྡེ་པས་དེ་ལས་ལྟ་བ་ཅུང་འཕགས་པ་དང་། སེམས་ཙམ་པས་ཆོས་ཀུན་སེམས་ཀྱི་སྤྱོད་ཡུལ་དུ་བཞེད་པས་འདི་རྣམས་ཀྱིས་ཐུན་མོང་གི་ལམ་རིམ་བསྟན་པ་ཡིན། སྣང་བ་སྒྱུ་མའི་རང་བཞིན་དང་ཞེས་སོགས་ཚིགས་བཅད་གཅིག་གིས་ཐེག་ཆེན་ཐུན་མོང་མ་ཡིན་པའི་དབུ་མའི་ལམ་མཚོན་པ་ཡིན། རང་ཅག་རྣམས་ཀྱིས་མཐོང་བཞིན་པའི་ཕྱི་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པ་སྒྱུ་མ་རྨི་ལམ་ལྟ་བུ་རང་བཞིན་གྱིས་བདེན་པར་མ་གྲུབ་པ་ཡིན། དེ་ལྟར་ཡང་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྒྱུ་མ་བྱེད་པོ་དག་གིས་གཟུགས་དང་དང་དྲི། རྟ་དང་གླང་པོ་བཞིན་དུ་སྣ་ཚོགས་བྱ། དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། ཅེས་སོགས་གསུངས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི་ཞེས་སོགས་གསུངས་པ་བཞིན་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ཚོགས་པ་ལ་བརྟེན་ནས་སྣང་བའམ་གྲུབ་པ་འབའ་ཞིག་ཡིན། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ནས་སྣང་བ། མ་ཚོགས་ན་མི་སྣང་བ་ཡིན། མདོར་ན་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ཚོགས་པ་ལ་བརྟེན་ནས་བྱུང་། དེའང་ཇི་སྐད་དུ། གང་ཞིག་རྟེན་འབྱུང་མ་ཡིན་པའི། ཆོས་འགའ་ཡོད་པ་མ་ཡིན་ནོ། དེ་ཕྱིར་སྟོང་ཉིད་མ་ཡིན་པའི། དངོས་པོ་འགའ་ཡང་ཡོད་མ་ཡིན། ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་གནས་ལུགས་དོན་དམ་པའི་ངོ་བོར་རང་བཞིན་གྱིས་གྲུབ་པ་མེད་པ། ཡུལ་སྣང་མ་གྲུབ་པ། སྤྲོས་བྲལ་སོགས་སྒོམ་དགོས་པ་ཡིན། ཆོས་མཐའ་དག་གི་གནས་ལུགས་ལ་རྣམ་གྲངས་ཀྱི་དོན་དམ་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་པ་གཉིས་སུ་ཡོད་པ་ལས་འདིར་ཕྱི་མ་བསྟན་པ་ཡིན། དེ་ཉིད་ཀྱིས་ཆོས་ཐམས་ཅད་རྟེན་འབྱུང་གི་ཚུལ་དུ་བསྟན་པ་ཡིན། དེ་ཡན་ཆད་ཞི་གནས་སྒོམ་ཚུས་ཤུགས་ལ་བརྟེན་ནས་ལྷག་མཐོང་སྒོམ་ཚུལ་དངོས་སུ་བསྟན། ལྷག་མཐོང་ལ་ཡང་ཕྱི་རོལ་ཐམས་ཅད་སེམས་སུ་གྲུབ་པ་ཡིན་པ་དང་། དེ་ལྟར་གོང་དུ་རིམ་གྱིས་ཡུལ་སྣང་སེམས་སུ་བསྒྲུབ་པ་དང་། དེ་རང་བཞིན་མེད་པ། སྒྱུ་མ། རྟེན་འབྲེལ་དང་བརྗོད་བྲལ་གཏན་ལ་ཕབ་ནས། སྤྲོས་བྲལ་ཟུང་འཇུག་སྒོམ་པ་རྣམས་དངོས་སུ་བསྟན་ཏོ། དེ་བར་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་གདམས་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གསུངས་པ་ཞུས་ཟིན། དེ་ཡང་ཆོས་ཅི་འདྲ་ཞིག་ཉམས་ལེན་བགྱིས་ཀྱང་སྐྱབས་འགྲོ་སེམས་བསྐྱེད་དང་། མཐར་བསྔོ་བས་རྒྱས་བཏབ་པའམ་དམ་པ་གསུམ་གྱི་རྩིས་ཟིན་པ་ཞིག་བྱ་དགོས། མ་བསྔོས་ན་དགེ་རྩ་ཆུད་ཟོས་སུ་འགྲོ་བ་ཡིན། འདིར་བསྔོ་བ་ནི། ཞེན་པ་བཞི་བྲལ་བཤད་པ་ཡིས། དགེ་བ་འདི་ཡིས་བསོད་ནམས་ཀྱིས། འགྲོ་བ་བདུན་པོ་མ་ལུས་པ། སངས་རྒྱས་ས་ལ་འགོད་པར་ཤོག །འདིར་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་གདམས་པ་བསྟན་པའི་དགེ་བའི་བསོད་ནམས་འདིས་སྤྱིར་འགྲོ་བ་རིགས་དྲུག་གི་སྟེང་བར་དོའི་འགྲོ་བ་བསྣན་པས་འགྲོ་བ་བདུན་པོ་མཐའ་དག་ལ་བསྔོ་བ་དང་། འབྲས་བུ་སངས་རྒྱས་ཀྱི་སར་བགྲོད་པ་ཡང་ཞར་དུ་བསྟན། ཞེན་པ་བཞི་བྲལ་གྱི་གདམས་ངག་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་སྦྱར་བ་ཆོས་རྗེ་ས་པཎ་གྱི་མཆན་སྦྱར་མ་བཅས་རྫོགས་སོ། །
མཐར་རང་རེ་རྣམས་ཆོས་པ་ཞིག་ཡིན་པའི་ཆ་ནས་བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞིག་བགྱི་དགོས་པ་ཤིན་ཏུ་གནད་ཆེ་བ་ཡིན།
་་་་་་ རང་རེ་ནང་པ་སངས་རྒྱས་པར་གྲུབ་མཐའ་སྨྲ་བ་བཞི་ཡོད། དེ་ཡང་བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་སྟེ་བཞིའོ། ་་་་་་་་་
བློ་ཆོས་སུ་འགྲོ་བ།
ཆོས་ལམ་དུ་འགྲོ་བ།
ལམ་འཁྲུལ་པ་སེལ་བ།
འཁྲུལ་པ་ཡེ་ཤེས་སུ་འཆར་བ།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། ཞེས་དམིགས་གསལ་དུ་”ཡང་དག་བླ་མ་”ཞེས་པ་ལ་རྒྱུ་མཚན་དང་གོ་རྒྱུ་ཆེན་པོ་ཡོད་ཏེ། བླ་མ་ཡིན་པ་གང་ཞིག་ལ་ཡང་དག་པ་མིན་པའི་རྒྱུ་མཚན་གྱིས་བླ་མར་བརྫུས་ནས་འགའ་ཞིག་ལ་གཅིན་པ་བཏུང་བ་འདྲ། ང་རང་ལ་བླ་མ་མང་པོ་ཞིག་འབྲེལ་བ་ཡོད་ཏེ་གཅིན་པའམ་གསང་ཆབ་ནི་འཐུང་རྒྱུ་མ་བྱུང་།
སྙན་ངག་ནི་རང་གི་ཚོར་བ་དང་འདོད་པ། གསང་བ། དེ་བཞིན་རྨི་ལམ་སོགས་ཡི་གེའི་མིང་ཚིག་སྣ་ཚོགས་པས་མཚོན་པར་བྱེད། ཆོས་ལུགས་ཀྱང་མཐར་རང་གི་རྨི་ལམ།་འདོད་ཕྱོགས། མངོན་འདོད་སོགས་བསམ་བློའི་འཆར་སྣང་དུ་མས་བསྐྲུན་ཡོད། མི་ཞིག་ལ་མཚོན་ན་དེ་ལྟར་བཀོལ་བ་ཡང་རང་དབང་རེད།
ང་ཚོའི་མངོན་འདོད་ཐམས་ཅད་དངོས་སུ་གཟུགས་ལ་ཕབ་དགོས་ཟེར་ན། ཅོ་རི་བ་ཁྱེད་རྣམ་པས་འདོད་པའི་རྡོ་རྗེ་ཤུགས་ལྡན་དེ་ཡང་ཤུགས་དང་ལྡན་པ་ཞིག་རེད་མིན་འདུག གཞན་གྱིས་མགོ་ལ་བརྒྱབ། རྐང་པའི་འོག་ལ་བརྫིས། བདུད་དང་དོལ་ཚོགས། མར་རྒྱུགས། ཕྱི་ལ་རྒྱུགས། དམ་ཉམས་ཟེར་དུས། ཤུགས་དང་ལྡན་པ་དེས་ཅི་གང་འཇོན་མ་སོང་ང་། ཡིན་ནའང་། ངས་ད་བར་ལ་ཁྱེད་ཚོའི་ཤུགས་ལྡན་དེ་ཤུགས་ལྡན་མ་རེད། ཀླད་སྟོང་རེད་ཅེས་བཤད་མ་མྱོང་། ཆོས་ལུགས་ཀྱི་གུས་ཞབས་ཟེར་བ་འདི་གཞན་གྱི་མངོན་འདོད་ལ་གུས་ཞབས་བྱེད་པ་མ་ཡིན་ནམ།
ང་ཚོས་རང་གི་བླ་མ་རྒྱལ་དབང་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པར་བསྟོད་པ་བྱེད་པ་འདི་ཁྱེད་ཀྱིས་གཡོ་དང་རྫུན་ལ་མཐོང་གི་ཡོད་ན། རྡོ་རྗེ་ཤུགས་ལྡན་སངས་རྒྱས་རེད་ཟེར་བ་འདི་ཡང་དྭོགས་གཞི་མ་རེད་པས། ཤུགས་ལྡན་སྲུང་མ་ཡིན་ཟེར་བ་ལ་ཡང་དྭོགས་གཞི་མང་པོ་འདུག གཞན་སྲྲུང་རྒྱུ་ཅི། རང་གི་ལྷ་ཁང་དང་། བླ་མ། སློབ་མ་བཅས་སྲུང་ཐུབ་ཀྱི་མིན་འདུག བོད་ལ་དགོན་པ་འགའ་ཤས་ཀྱི་ཐེམ་སྐས་འོག་ལ་ཤུགས་ལྡན་གྱི་ཐང་ག་སྦས་ནས་འདུག འོན་ཀྱང་ངས་འདིར་ཁྱེད་ལ་ཤུགས་ལྡན་ཤུགས་མ་ལྡན་པའི་ཀླད་སྟོང་རེད་ཅེས་ཞུ་མྱོང་མེད། བྱས་ནས་ངའི་བླ་མ་རྒྱལ་དབང་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པ་ཡང་འདིར་སྨྱོ་ལབ་མ་བྱོས།
དེ་ལྟར་བྱས་ན། ང་ཚོས་ཀྱང་ཅིག་མ་བཤད་ན་སྡོད་མི་ཐུབ། བཤད་ན་ཁྱེད་རྣམ་པ་རྡོ་རྗེ་ཤུགས་ལྡན་པར་དད་པ་བྱེད་མཁན་ཚོའི་སེམས་ལ་ཕོག་གི་རེད། དེ་ལྟར་བྱས་ན་སུ་ལ་ཕན།
“བྱས་ནས་ངའི་བླ་མ་རྒྱལ་དབང་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པ་ཡང་འདིར་སྨྱོ་ལབ་མ་བྱོས།” འདི།
“བྱས་ཙང་ངའི་བླ་མ་རྒྱལ་དབང་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པ་ཡང་འདིར་སྨྱོ་ལབ་མ་བྱོས།”ཅེས་པར་བཅོས་ཤིག
་་་་་་་་་་ “བྱས་ཙང་ངའི་བླ་མ་རྒྱལ་དབང་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པ་ཡང་འདིར་སྨྱོ་ལབ་མ་བྱོས།”་་་་་་་་་
་ཧ་ཧ་་་བསྟན་འཛིན་ལགས། ངས་ཤུགས་ལྡན་ཟེར་བ་ཞིག་ཡོད་པར་མི་འདོད་ལ་གནས་ཆུང་དང་ལྷ་མོ་སོགས་གཙོ་བོ་གྱུར་པའི་ལྷ་སྲུང་ཡིན་ཟེར་དེ་དག་ལ་ཁྱི་རྒན་ཞིག་གི་ནུས་པ་ཡོད་པར་མི་འདོད། ཁྱོད་ཀྱིས་ཅིག་བཤདང་མདོག་མདོག་བྱས་པ་ཁས་ལེན་མེད་པའི་དགག་ལན་རེད།་་་་ཧཧཧ
ང་ཅོ་རི་དངོས་ཐོག་བདེན་འཚོལ་བྱེད་མཁན་ཞིག་ཡིན། དེར་ཤེས་པར་བྱོས་ཨ། མ་མཁྱེན་མཁྱེན་མདོག་བྱས་ནས་མི་ཆོས་བླ་མའི་རྫུན་བཤད་ན་སྡོམ་པ་སྟོང་གི་རེད་ད། དད་ལྡན་མི་དམངས་སྐོར་གཏོང་ཀྱི་མཚམས་འཇོག་པའི་རེ་བ་ཡོད།
ཀརྡོ་གཉེར་ཕྱག་པ་ལེགས་ཀྱིས་བཀོད་པ་ལྟར་སངས་རྒྱས་པ་ལ་གྲུབམཐའ་སྨྲ་བ་བཞི་ཡོད་པ་བདེན།་དེ་ཡང་།
སངས་རྒྱས་པ་ལ་བཞི་པ་དང་།
ལྔ་པ་ཐུབ་པའི་དགོངས་པ་མིན།
ཞེས་པའི་ལུང་འདི་གཞུང་གང་དུ་ཡོད་དམ། སྤྱི་ལོ་བརྒྱ་རབས་བཅུ་བཞི་པར་བྲིས་པའི་ལྟ་བ་ཐམས་ཅད་བསྡུས་པ་ཞེས་པའི་བསྟན་བཅོས་ན། ཕྱི་དོན་མངོན་སུམ་ཚད་མས་གྲུབ་པར་སྨྲ་བ་བྱེ་བྲག་སྨྲ་བ་དང་། ཕྱི་དོན་རྗེས་དཔག་ཚད་མས་གྲུབ་པར་སྨྲ་བ་མདོ་སྡེ་པ་དང་། ཕྱི་དོན་མེད་པར་སྨྲ་བ་སེམས་ཙམ་པ་དང་། སེམགས་ཀྱང་མེད་པར་སྨྲ་བ་དབུ་མ་ཡིན་ཞེས་པར་འདོད། དེ་བཞིན་དུ། ཨ་རི་འི་སློབ་དཔོན་སྐུ་གཤེགས་་ཨེ་ལེགས་མཆོག་གིས་ཀློག་བཞིན་པའི་བསྟན་འགྱུར་ཀྱི་དཔེ་ཆ་ཞིག་ན་ཡང་ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་སྔོན་དུ་མཐོང་། རྗེས་སུ་སླར་དེ་ལ་བལྟས་ཏེ་ནན་ཏན་བྱེད་དགོས་བསམས། དེ་འདྲ་གསུངས་པ་བསྟན་འགྱུར་དཔེ་ཆ་གང་ན་ཡོད། སུས་བཤད་པ་ཡིན་གསུང་ཐུབ་མཁན་ཡོད་དམ། ཡོད་ན་དེ་ལ་ཕྱག་འཚལ་དགོས་པ་ཡིན། མེད་ན་རང་ཅག་རྣམས་ཀྱིས་བཀའ་བསྟན་ཀློག་པ་མེད་པ་ལ་སེམས་སྐྱོ་དགོས་པ་ཞིག་ཏུ་འདུག་གོ། དོན་འདི་ལ་དགོངས་ནས། ༧་གོང་ས་སྐྱབས་མགོན་ཆེན་པོས་བཀའ་བསྟན་དང་བཀའ་བརྟེན་གྱི་གཞུང་དཔེ་དག་ཕྱག་མཆོད་འབུལ་གྱི་ཡུལ་ཙམ་མ་ཡིན་པར་ཀློག་དགོས་པ་ཡང་དང་ཡང་དུ་གསུང་བཞིན་པ་ཐོས་སོ།
ག་རེ་བཤད་རུང་མ་བཤད་རུང་ཀརྨ་པ་རིན་པོ་ཆེ་རྒྱ་ནག་གི་དཔལ་འབྱོར་ལ་མགོ་མ་འཁོར་ཞིང་། དྲག་ཤུགས་ལ་དཔའ་མ་ཞུམ་པར་བཙན་བྱོལ་ལ་ཕེབས་ཡོང་བ་འདི་ཅིག་པུས་སྟེང་ནས་བསམ་ན་ཡང་ཁོང་བོད་མི་རིགས་ཀྱི་དཔའ་བོ་རེད་ཟེར་ཆོག དངུལ་གྱི་ཆེད་དུ་འུར་རྒྱག་མཁན་དྲ་འབུ་ཚོས་ཁོང་གི་རྐང་པའི་མཐེ་བོང་ལ་ཡང་སྡུར་ས་མེད་པ་རེད།
་་་་་་་་་ ཕྱི་དོན་མངོན་སུམ་ཚད་མས་གྲུབ་པར་སྨྲ་བ་བྱེ་བྲག་སྨྲ་བ་དང་། ཕྱི་དོན་རྗེས་དཔག་ཚད་མས་གྲུབ་པར་སྨྲ་བ་མདོ་སྡེ་པ་དང་། ཕྱི་དོན་མེད་པར་སྨྲ་བ་སེམས་ཙམ་པ་དང་། སེམས་ཀྱང་མེད་པར་སྨྲ་བ་དབུ་མ་ཡིན་ཞེས་པར་འདོད། ་་་་་་་་་་་
དྲ་གྲོགས་ཚོ། བདེ་སྡུག་གི་ཚོར་བ་ཡོད་མཁན། ལས་དང་སྐྱིད་སྡུག་གཅིག་པ། ཁྲག་རུས་གདུང་རྒྱུད་གཅིག་པ། རང་རེ་བོད་པ་ཞིག་རྒྱ་ནག་དམར་བོའི་བཙོན་འོག་ནས་མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་མི་བཟེད་པའི་དཀའ་སྡུག་སྣ་ཚོགས་མྱངས་ནས་ཕྱིར་ཡང་ས་རང་ཡུལ་ལ་སླེབས་པའི་གནས་ཚུལ་མིག་ལམ་ལ་བཀྲམ་འདུག བོད་ནང་གི་བོད་མི་ཚོར་མཚོན་ན་ཉེན་ཁ་ཡང་ཡོད་བཞིན་དུ་འཚམས་འདྲིར་སྐྱོད་ཀྱི་ཡོད། རང་དབང་ལུང་པའི་ནང་གི་ང་ཚོར། བཀྲིས་བདེ་ལེགས་ཀྱི་ཚིག་སྐེམ་ཞིག་ལས་མེད་ཀྱང་ཞུ་འོས་པ་མ་རེད་དམ། རྙོག་དྲ་ཞིག་ལ་ཐུག་ན་སྦྲང་ནག་འཁོར་འཁོར་རེད་ཟེར་པ་དེར་དངོས་གནས་བདེན་ཞད་འདུག ཁྲེལ་མེད་རེད་དམ་མ་རེད་བསམ་བློ་ཐོངས།
་་་་་་་་་ །རྒྱལ་དབང་ཀརྨ་པ། ང་ཚོའི་སེམས་ནང་གི་ཉི་མ་ལགས། ་་་་་་་་་་་་