སྙིང་སྡུག་མཚམས་གཅོད་སྒྲོལ་མ་ལ་
དོལ་སྨྱོན།
༡༽
དལ་གྱིས་རྒྱུ་བའི་ཆུ་འཛིན་མིན།།
དྲག་ཏུ་འབབ་པའི་རྦབ་ཆུ་མིན།།
རླབས་ཀྱིས་བརྩེན་པའི་རྒྱ་མཚོ་མི
མེ་ཏོག་སྟོང་གི་མཛེས་སྡུག་མིན།།
༢༽
སྔོ་སངས་ནམ་མཁའི་དཀྱིལ་འཁོར་ན།།
དཀར་འཇམ་སྤྲིན་པའི་ཁྱུ་ཚོགས་དེ།
ཁྱོད་ཀྱི་ལང་ཚོའི་ཆ་ཤས་ཀྱི།།
རླུང་གིས་ཕྱོགས་བཅུར་གཏོར་ལ་ལྟོ
༣༽
འདམ་ལས་སྐྱེས་པའི་པདྨ་མིན།།
རླུང་གིས་ཁུར་བའི་དྲི་ཞིམ་མིན།།
མེ་ཏོག་སྟོང་གི་རྩེར་འཕྱོ་བའི།།
སྦྲང་ཆུང་བུང་བ་དེ་བས་མིན།།
༤༽
ཐིག་ལེ་མཆོག་མའི་ཞལ་རས་དེ།།
ཁྱོད་ཀྱི་གདོང་ན་རབ་ཏུ་མཛེས།།
དབྱངས་ཅན་ལྷ་མོའི་མྱོས་བུམ་དེ།།
ཁྱོད་ཀྱི་བྲང་ན་བརྟན་ཞིང་བརྗིད།
༥༽
རྒུན་ཆང་མངར་མོའི་བཟི་ཁ་མིན།།
བསིལ་བསིལ་རླུང་གི་རྒྱུ་ཕྱོགས་
རབ་མཛེས་གངས་རི་དཀར་པོ་མིན།།
སྲབ་འཇམ་ཁ་བའི་འདབ་མ་མིན།།
༦༽
ཁྱོད་ཀྱི་འཇམ་མཉེན་ཕྱག་ཟུང་དེ།།
བདག་གི་སྐེ་ནས་འཁྱུད་པའི་ཚེ།།
གནམ་ས་གཉིས་ཀྱི་བར་གསེང་ནས།།
ཁོ་བོ་ལན་གཅིག་བརྒྱལ་བར་བྱས།།
༧༽
དལ་གྱིས་འབབ་པའི་སྦྲང་ཆར་མིན།།
སྲོད་ཀྱི་དམར་སེར་མཚམས་སྤྲིན་མི
དགུང་སྔོན་དབྱིངས་ཀྱི་ཟླ་བ་མིན།
དཔྱིད་དཔལ་གཞོན་ནུའི་ལང་ཚོ་མིན།
༨༽
ཁྱོད་ཀྱི་སོར་མོས་རེག་པ་ཡི།།
ཉམ་ཐག་ནད་པའི་ཚོགས་དེ་དག།
སེམས་ཀྱི་འཕར་སྒྲ་མ་ནོན་པར།།
དབུག་རིང་ཤུགས་ཀྱིས་ཤོར་ཞེས་ཐོ
༩༽
ཕྱི་ཡི་ལང་ཚོ་མིག་ལ་མཛེས།།
ནང་གི་དཔལ་ཡོན་སེམས་ལ་ཞིམ།།
གསང་བའི་སྤྱོད་པ་བདེ་བའི་ཕུལ།།
བདེ་སྟོང་ཌཱཀྐི་འབུམ་གྱི་མཆོག།
༡༠༽
ཕོ་ལོ་སུམ་ཅུ་དལ་གྱིས་ཟད།།
ཡངས་པའི་རྒྱལ་ཁབ་རིམ་གྱིས་བསྐོ
ཁྱོད་ཀྱི་དཔལ་ལ་བདོ་བ་ཡིས།།
མཛེས་མ་དེ་འདྲ་ངས་མ་མཐོང་།།
༡༡༽
སྔོ་སངས་ནམ་མཁའི་དཀྱིལ་འཁོར་མི
རབ་མཛེས་བཅོ་ལྔའི་དུང་ཟླ་མིན།།
དལ་གྱིས་རྒྱུ་བའི་གཙང་ཆུ་མིན།།
ཟིལ་པས་དུད་པའི་ལོ་མ་མིན།།
༡༢༽
གུར་ཀུམ་ཆབ་ཀྱིས་མ་བཀྲུས་ཤིང་།།
ཙན་དན་དྲི་ཡིས་མ་བགོས་མོད།།
རང་བྱུང་སྟོང་གི་མཛེས་སྡུག་དེས།
སྟག་ཤར་འབུམ་ལ་འགྲམ་ཆུ་བསླངས།།
༡༣༽
ཡིད་འཕྲོག་ལྷ་མོར་མ་ཐོབ་ཅིང་།།
དྲང་སྲོང་རྣམས་ལའང་མ་ཡིན་པའི།།
སྨན་གྱི་བླ་མའི་ལྷུང་བཟེད་ཀྱི།།
བདུད་རྩི་དྲོན་མོ་ཁྱོད་ལ་གཏོར།།
༡༤༽
ཐང་ཕྱེ་རིལ་བུས་མ་ཕན་པའི།།
ཉམ་ཐག་ནད་པ་དུ་མ་ཞིག།
ཁྱོད་ཀྱི་ལང་ཚོ་མཐོང་བའི་མོད།།
ཟུག་རྔུའི་ཚོགས་ལས་རྣམ་པར་རྒྱལ།
༡༥༽
ཕྱི་ནས་འདོད་པའི་བདེ་བ་སྟེར།།
ནང་ནས་བརྩེ་བའི་བཟི་ཁ་འཕྲོ།།
གསང་བ་སེམས་ཀྱི་མུན་སེལ་བའི།།
མར་མེ་ཚེ་འབར་ཁྱོད་ཡིན་ནོ།།
ཁྱེད་ཀྱིས།
ཕོ་ལོ་སུམ་ཅུ་ཟད་ཟད་དུ། །
ཡངས་པའི་རྒྱལ་ཁམས་ཡོངས་བསྐོརད་ཀྱང་། །
མཚམས་གཅོད་སྒྲོལ་མའི་མཚར་སྡུག་ལས། །
ལྷག་པ་མ་མཐོང་དོལ་སྨྱོན་ལགས། །
གལ་ཏེ།
དགེ་སྐྱོང་གོའུ་ཏམ་མ་ཡི། །
རབ་འབྱུང་སྡོམ་པ་མེད་དང་གཅིག །
རྡོར་ཐེག་དབང་ལུང་ཐོས་ཐོབ་གཉིས། །
ཡིན་ན་མཚམས་གཅོད་བསུ་རན་འདུག །
སྙན་གི་འདོད་ཐལ།