རྩོམ་པ་པོ། འཇམ་དབྱངས་ནོར་བུ། (མ་རྩོམ་༢༠༡༣ ཕྱི་ཟླ་༦ ཚེས་༦ ཉིན་སྤེལ།)
ཐོས་པ་དགས་བསྒྱུར། (ཕྱི་ཟླ་༧ ཚེས་༡༠ ཉིན་བོད་བསྒྱུར་བྱས།)
ཉེ་ཆར་༸རྒྱལ་བ་རིན་པོ་ཆེའི་ཨ་རིའི་ཆིབས་བསྒྱུར་ཞིག་གི་སྐབས་ཝིས་ཁོ་སིན་མངའ་སྡེའི་གྲོང་ཁྱེར་མེ་ཊི་སན་དུ་བོད་པའི་སློབ་ཕྲུག་འགའ་ཤས་དང་ཐུག་འཕྲད་མཛད། དེ་དུས་སློབ་ཕྲུག་ཞིག་གིས་དྲི་བས་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དཀྲུགས་ཡོད་ཚོད་འདུག ཐོག་མར་སློབ་ཕྲུག་དེས་དྲི་བ་འགོད་སྐབས་ཚིག་མ་འདང་བ་སོགས་གང་ལྟར་ཚོར་བ་མི་བདེ་བ་ཞེ་པོ་གཅིག་གི་ངང་ནས། ཕལ་ཆེར་མི་གཞན་༼རྒན་རབས་ཤིག་དང་ངེས་པར་དུ་ཆབ་སྲིད་པ་༽ཞིག་གིས་བཀོད་བྱུས་བྱས་པ་ལྟ་བུ་འི་ཚོར་སྣང་ཞིག་གི་ཐོག་ནས་དྲི་བ་དེ་བཀོད་སོང་། འོན་ཀྱང་དེ་ལྟར་མིན་པ་ཡང་སྲིད།
དྲི་བ་དེ་ནི་བོད་མིའི་བཙན་བྱོལ་སྤྱི་འཐུས་ཞིག་དང་འབྲེལ་བ་ཆགས་ཡོད་པ་དང་ཁོས་དོ་བདག་སྒེར་གྱི་མིང་འདོན་རྒྱུ་མིན་ཞེས་ལབ་སོང་། སློབ་ཕྲུག་དེས་ཕལ་ཆེར་རང་གིས་གང་བཤད་པ་གསལ་པོ་ཞིག་རྟོགས་ཀྱི་ཨེ་ཡོད་བསམ་བསམ་ཞིག་འདུག ཁོས་༸རྒྱལ་བ་རིན་པོ་ཆེར་ག་རེ་བྱས་ནས་བོད་པའི་སྤྱི་འཐུས་ཤིག་གིས་༸ཏཱ་ལའི་བླ་མས་དབུ་མའི་ལམ་རྩོད་པ་མ་ཟད་རང་བཙན་གཙང་མ་ཡང་རྩོད་ཀྱི་ཡོད་ལུགས་བཤད་པ་དང་། དེ་འདྲའི་ནོར་འཁྲུལ་ཇི་ལྟར་ཤོར་དུ་བཅུག་པ་རེད་ཅེས་དྲིས་སོང་།
སྐད་ཆ་རིང་ཐུང་མེད་པར་༸གོང་ས་མཆོག་གིས་ནམ་རྒྱུན་བཞིན་ལམ་སེང་ཁ་རེ་ཁ་ཐུག་གིས་ལན་འདེབས་གནས་སོང་། ཁོང་གིས་སྤྱི་འཐུས་དོ་བདག་གི་མིང་འགེབས་དགོས་དོན་ཡོད་མ་རེད། ཁོས་མིང་ལ་ཀརྨ་ཆོས་འཕེལ་ཟེར། ༸གོང་ས་མཆོག་གིས་མུ་མཐུད་ནས་ཀརྨ་ཆོས་འཕེལ་གྱིས་༸ཏཱ་ལའི་བླ་མས་ཁ་ནས་རང་སྐྱོང་བཤད་པ་ལས་ཁོག་ཏུ་རང་བཙན་རྩོད་ཀྱི་ཡོད་པ་བཤད་པ་རེད་ཅེས་ཕྲུ་གུ་དེའི་དྲི་བར་ཡོ་བསྲང་ཡང་གནང་སོང་།
དངོས་གནས་བྱས་ན་ཀརྨ་ཆོས་འཕེལ་ལགས་ཀྱིས་འདི་འདྲའི་རྡུམ་པོ་གང་ཡང་བཤད་མ་སོང་ལ། ཁོང་གིས་གང་བཤད་པ་རྣམས་དད་གུས་དང་ཡིན་ལུགས་ཚུལ་ལྡན་གྱི་སྒོ་ནས་བཤད་སོང་བསམ་པ་བྱུང་། ཁོས་རང་ཉིད་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་གི་ཕྱོགས་ཆ་ནས་དད་གུས་དང་ཡིད་ཆེས་གཡོ་བ་མེད་པ་ཡོད་རུང་། ད་བར་༸རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་ཀྱི་སྲིད་བྱུས་དེ་ལམ་ལྷོངས་མ་བྱུང་བས་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་མིན་པ་དང་། ༸ཏཱ་ལའི་བླ་མས་སྲིད་བྱུས་དེ་འདྲ་ལག་བསྟར་བྱེད་དགོས་དོན་ནི་བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་སྟངས་སེལ་ཐབས་ཙམ་གྱི་ཆེད་ཐག་གཅོད་གནང་པ་ཞིག་ལས། ༸རྒྱལ་བ་རིན་པོ་ཆེའི་སེམས་ནང་བོད་མི་ཚོས་འདོད་པ་ནི་རང་བཙན་གཙང་མ་འདོད་ཀྱི་ཡོད་པ་མཁྱེན་གྱི་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད་སོང་། དེ་ནི་ངས་བསྡོམས་ཚིག་ཙམ་ཞིག་ཡིན་པ་ལས་གཏམ་བཤད་ངོ་མའི་གློག་བརྙན་དང་དབྱིན་ཇིའི་ཕབ་བསྒྱུར་སོགས་རང་བཙན་དྲ་ཐག་ཐོག་གཟིགས་རོགས།
ད་ལྟའི་རྩོམ་ཡིག་འདིའི་ནང་ངས་ཀརྨ་ཆོས་འཕེལ་དང་གཞན་རྣམས་གྱིས་བེད་སྤྱོད་བྱས་པས་”སེམས་”ཞེས་པའི་བོད་ཡིག་གི་ཐ་སྙད་ཀྱི་དོན་བསྒྱུར་དེ་བེད་སྤྱོད་བཏང་མེད། དེའི་ཚབ་ཏུ་དབྱིན་ཇིའི་ཐ་སྙད་“heart” ཞེས་པ་དེ་བེད་སྤྱོད་བྱས་ཡོད། དེ་ལྟར་བྱེད་དགོས་དོན་་ནི་”mind”ཅེས་པའི་ཐ་སྙད་དེས་བོད་སྐད་ནང་”སེམས་ནང་”ངམ་”སེམས་སྟེང་དུ་ཡོད་པ་”འབའ་ཞིག་ལས་བོད་སྐད་ཀྱི་”སེམས་ནང་ཡོད་པའི་”ཞེས་པའི་སྐབས་ཀྱི་”རང་ཉིད་ལ་གཅེས་པ་”འམ་“གཙིགས་ཆེ་བའི་”གོ་དོན་ཞིག་སྟེར་ཐུབ་ཀྱི་མི་འདུག་སྙམ།
གང་ལྟར་༸་རྒྱལ་བ་རིན་པོ་ཆེ་སྐུ་རླུང་བཞེངས་ཏེ་ཀརྨ་ཆོས་འཕེལ་གྱིས་༸རྒྱལ་བ་རིན་པོ་ཆེས་ཁ་ནས་རང་སྐྱོང་བཤད་པ་ལས་ཁོག་ཏུ་རང་བཙན་རྩོད་ཀྱི་ཡོད་རེད་ཅེས་རྒྱལ་བ་རིན་པོ་ཆེ་མ་བིན་བཟོ་གི་འདུག་ཅེས་གསུངས་སོང་། “ང་མ་བིན་བཟོས་ནས་ཆོ་གས་འདུག་གས་”ཅེས་༸རྒྱལ་བ་རིན་པོ་ཆེས་དྲིས་སོང་། ཁོང་གིས་རྒྱུན་དུ་རྒྱལ་སྤྱིའི་ནང་མི་དང་འབྲེལ་བ་ཇི་འདྲ་ཞིག་བྱེད་ཀྱང་ཁ་ཞེ་གཉིས་མེད་དང་དྲང་པོ་དྲང་ཤག་བྱེད་དགོས་པས་ཁ་ཏ་བྱེད་ཀྱི་ཡོད་ཅེས་ཐེར་འདོན་གྱིས་གསལ་བཤད་གནང་སོང་།
ངས་ཀརྨ་ཆོས་འཕེལ་ལགས་ལ་རྒྱབ་སྐྱོར་བྱེད་དགོས་དོན་གང་ཡང་མི་འདུག ཁོང་རང་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ལོ་མང་གནང་མྱོང་ཡོད་པས་ཉམས་མྱོང་ཅན་གྱི་སྤྱི་འཐུས་ཞིག་རེད། ཉེ་ཆར་ཡོངས་བསྒྲགས་ཐོག་ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་དེ་ནི་བསྔགས་བརྗོད་འོས་པ་དང་བློ་སྟོབས་ལྡན་པའི་བྱ་སྤྱོད་ཞིག་ཀྱང་རེད། ལྷག་པར་དུ་ད་ལྟའི་གནས་སྐབས་སུ་གྲོས་ཚོགས་ནང་འཐུས་མི་གཅིག་ནས་ཀྱང་སྲིད་བྱུས་དེའི་སྐོར་ཛ་དྲག་གི་གྲོས་བསྡུར་ཙམ་ཡང་དགོས་སྐོར་གྱི་འདུན་པ་སྟོན་མཁན་བྱུང་མེད།
རིང་མིན་རྡ་རམ་ས་ལའི་གཡས་ཕྱོགས་ཆོས་ལུགས་པའི་ཁྱུ་ཚོགས་རྣམས་སྲང་ལམ་སྟེང་ཀརྨ་ཆོས་འཕེལ་གྱི་ཀླད་པ་འགེམས་དགོས་པའི་སྐད་ཅོར་མ་བརྒྱབ་གོང་། ལྷག་པར་དུ་ད་ནི་ཁོང་ཚོར་༸རྒྱལ་བའི་དགོངས་པ་དཀྲུག་པའི་དཔང་རྟགས་དངོས་སུ་སྟོན་རྒྱུ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། དེ་ཕྱིར་ངས་འགན་ལེན་གྱིས་གལ་གནད་ཆེ་བའི་གསལ་བཤད་ཞིག་༸རྒྱལ་བ་རིན་པོ་ཆེ་ལ་ཞུ་འདོད་བྱུང་། ༸རྒྱལ་བ་རིན་པོ་ཆེ་མ་བིན་བཟོ་མཁན་ངོ་མ་ཞིག་ཡོད་པ་ཡིན་ན། དེ་ནི་ཁོང་རང་གི་སྟོན་པའི་དབུ་མའི་ལམ་སྲིད་བྱུས་ཀྱི་རྗེས་འབྲངས་པ་དེ་ཚོ་རེད། ཁོང་ཚོས་རྒྱུན་དུ་༸རྒྱལ་བ་རིན་པོ་ཆེ་སེམས་ནང་རང་བཙན་ཡོད་པ་མ་ཟད་དབུ་མའི་ལམ་གྱི་རྗེས་འབྲངས་པ་ཚང་མའི་སེམས་ནང་དུའང་རང་བཙན་གྱི་སེམས་པ་ཡོད་ལུགས་བཤད་ཀྱི་རེད།
ངས་དབུ་ལམ་གྱི་རྗེས་འབྲངས་པ་ཚོ་དང་མཉམ་དུ་གྲོས་བསྡུར་དང་དགག་སྒྲུབ་ལན་མང་བྱེད་མྱོང་། ལྷག་པར་དུ་དབུ་ལམ་གྱི་དཔྱོད་ལྡན་པ་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་དང་དེ་བཞིན་༸རྒྱལ་བ་རིན་པོ་ཆེའི་ཨ་རིའི་སྐུ་ཚབ་བློ་བཟང་སྙན་གྲགས་རྣམས་དང་ལྷན་དུ་གྲོས་བསྡུར་ག་དུས་བྱས་ཀྱང་། ཁོ་ཚོས་༸རྒྱལ་བ་རིན་པོ་ཆེས་བཏོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྩེ་གཅིག་ཏུ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་ཀྱི་དབར་དུ་བོད་མི་སྐྱེས་ཕོ་མོ་སྤྱི་མཚུངས་བཞིན་ཁོ་ཚོའི་སེམས་ནང་དུ་རང་བཙན་ཡོད་རབས་བཤད་མྱོང་ཡོད། དབུ་མའི་ལམ་གྱི་རྒྱབ་སྐྱོར་བ་ཚོས་ད་དུང་མུ་མཐུད་ནས་༸རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་འབེབ་དགོས་དོན་གཙོ་བོ་ནི་བོད་མི་འཆི་གསོན་གྱི་གནས་སྐབས་སུ་སླེབས་ཡོད་པ་དང་། ལམ་དེ་ལས་ལྷག་པའི་གདམ་ཁ་གཞན་མེད་པ་དང་། ད་དུང་ཁོང་ཚོས་༸རྒྱལ་བ་རིན་པོ་ཆེ་ཡིན་ན་ཡང་དབུ་མའི་ལམ་གྱི་རྗེས་འབྲངས་པ་སྤྱི་མཚུངས་བཞིན་སེམས་ནང་དུ་རང་བཙན་འདོད་ལུགས་སོགས་བཤད་མྱོང་ཡོད། ཁོང་ཚོས་རང་ཉིད་ནི་དངོས་ཡོད་དང་མཐུན་པ། ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་རྟོགས་མཁན་ཞིག་ཡིན་པ་དང་དེ་མིན་རང་བཙན་རྩོད་མཁན་རྣམས་ནི་སེམས་ཚོར་དང་རྨོངས་ཞེན་གྱི་གཞན་དབང་དུ་སོང་བའི་གྲས་སུ་བརྩི་བ་ཡིན།
ཚིག་དོན་གྱི་གཡོས་སྦྱོར་འདི་ལྟའི་ནང་འགལ་ནི་གསལ་གསལ་ཐིག་ཐིག་རེད། ཡིན་ཀྱང་ད་དུང་དེ་ལྟར་འཇུག་པ་ནི་ཅི་བྱ་གཏོལ་མེད་ཀྱི་གནས་སྐབས་མི་སྲིད་པ་ཞིག་ལ་མིའི་རང་བཞིན་གྱིས་བརྡ་ལན་ཞིག་ཡིན་པར་བློ་གཏད་བྱེད་ཆོག དེ་ནི་ཆབ་སྲིད་ཀྱི་དངོས་ཡོད་ཞིག་ལ་ངོས་ལེན་མི་བྱེད་པའི་གནས་སྐབས་ཀྱི་དཔེ་མཚོན་རྩེ་ཕུད་ཅིག་ཀྱང་རེད། མི་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེ་ལ་བརྩེ་གདུང་ཆེ་དྲགས་(ཡང་ན་འཇིགས་དྲག་པ) པས་དབང་གིས་ཁོང་ལ་བཀའ་གསུང་ཅི་བསྒྲུབ་མ་ཞུས་ན་ལས་ངན་བསགས་མི་ཡོང་ངམ་སྙམ་པའི་འཇིགས་སྐྲག་དང་། དེ་བཞིན་ལོ་བཅུ་ཕྲག་འགའ་ཞིག་རིང་བཙན་བྱོལ་དུ་རང་གི་སྙིང་དུ་བརྣག་པའི་འདོད་དོན་ཆེད་སྡུག་དཀའ་ལས་བརྒྱབ་པ་རྣམས་ཀྱང་ཡོངས་སུ་བློས་གཏོང་མི་ཐུབ་པའི་གནས་སྟངས་ཤིག་གི་རེད། ཡ་མཚན་པ་ཞིག་ལ་སེམས་ནང་གི་རང་བཙན་ཅེས་པའི་ཚིག་ལབ་དེ་ནི་ཡོངས་གྲགས་ཆགས་ཡོད་ལ། ལྷག་པར་སྲིད་སྐྱོང་བློ་སེང་མཆོག་གིས་འོས་བསྡུའི་སྐབས་དེར་བཅོས་བསྒྱུར་ཞིག་བཏང་ནས་དབུ་མའི་ལམ་དང་རང་བཙན་གཉིས་ཀར་མོས་མཐུན་ཡོད་པའི་དབུས་རང་གི་འབོད་སྒྲ་གཅིག་གི་ཐོག་ནས་གང་ལྟར་རང་ལ་རྒྱལ་ཁ་ལོན་པ་བྱས་སོང་།
ང་རང་གུས་ཞབས་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེས་སྟོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེར་ཁྱོན་ཡོངས་ནས་ཁས་ལེན་མེད་པའི་གང་ཟག་ཞིག་ཡིན། ༸རྒྱལ་བ་རིན་པོ་ཆེས་སེམས་ནང་གི་རང་བཙན་ཅེས་པའི་ཚིག་ལབ་དེར་རང་གི་སྲིད་བྱུས་སྲུང་ཐབས་སུ་ཁས་ལེན་མི་བྱེད་པ་ནི་འགྲིག་ཡོད། ༸རྒྱལ་བ་རིན་པོ་ཆེས་སྟོན་པའི་གྲོས་འཆར་རིམ་པར་རྒྱས་ངོས་ལེན་མི་བྱེད་པའི་གཞི་རྩའི་འགག་རྩ་གཙོ་བོ་དེ་གང་ཡིན་པ་ནི་ཁོང་གིས་མཁྱེན་གྱི་ཡོད་ཤག་རེད། པེ་ཅིང་ནས་ཡོངས་གྲགས་སུ་༸རྒྱལ་བ་རིན་པོ་ཆེས་བཏོན་པའི་ཚད་མཐོའི་རང་སྐྱོང་གི་གྲོས་འཆར་འདིའི་ནང་ཡང་སྙིང་མེས་རྒྱལ་ཁ་བྲལ་གྱི་བསམ་བློ་སྦས་ཡོད་པར་བཤད་ཡོད། སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་སྲིད་བྱུས་ལ་དོ་ཕོག་གཏོང་ངེས་ཀྱི་གཏམ་བཤད་དེ་འདྲ་སྤེལ་ཡོད་པ་ནི་ད་ཆ་འགོག་ཐབས་མེད། ཝང་ལི་ཤོན་གྱིས་བརྩམས་དེབ་”རྒྱ་ནག་གི་དུས་རབས་༢༡ གི་ཉེན་ཁ། བོད།”ཞེས་པ་འདིའི་ནང་ཁོའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་གྱིས་ཕ་རན་སིའི་གསར་འགོད་པ་ཞིག་དང་བཅར་འདྲི་བྱེད་སྐབས་ཁོས་རང་སྐྱོང་ནི་རང་བཙན་གྱི་གོམ་པ་དང་པོ་དེ་རེད་ཅེས་བཤད་པ་དེ་འདྲ་བཀོད་འདུག
རྒྱ་གཞུང་གིས་དོགས་པ་རྣམ་རྟོག་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁས་ལེན་མ་བྱས་པ་དེས་༸རྒྱལ་བ་རིན་པོ་ཆེ་ལ་རང་བཞིན་གྱི་སུན་སྣང་ཞིག་སྐྱེས་ངེས་རེད། འོན་ཀྱང་ཁོང་གིས་མཁྱེན་དགོས་པ་ཞིག་ལ་རྒྱ་གཞུང་གིས་ཡིད་ཆེས་མི་བྱེད་པའི་རྒྱུ་རྐྱེན་དེ་རང་བཙན་རྩོད་མཁན་ཚོ་ལ་བརྟེན་ནས་མ་རེད། རྒྱ་གཞུང་གིས་རང་བཙན་རྩོད་མཁན་ཚོ་རྒྱ་གཞུང་ལ་ངོ་རྒོལ་དང་ཁོང་ཚོའི་འོག་ཏུ་ནམ་ཡང་བསྡད་འདོད་མེད་པའི་འདུན་པ་དེ་གསལ་པོ་ཤེས་ཀྱི་ཡོད། སོང་ཙང་ཡིད་ཆེས་བྱེད་མི་བྱེད་ཀྱི་དྲི་བ་དེ་ཡོང་ཐབས་མེད་པ་རེད། རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོགས་པ་རྣམ་རྟོག་གང་བྱུང་བ་རྣམས་ནི་གཙོ་བོ་༸རྒྱལ་བ་རིན་པོ་ཆེར་གུས་ཞེན་ཅན་དབུ་མའི་ལམ་གྱི་རྗེས་འབྲངས་པ་རྣམ་པས་རྟག་ཏུ་རང་བཙན་གྱི་དམིགས་ཡུལ་དོར་ཡོད་ཀྱང་སེམས་ནང་རང་བཙན་ཡོད་ཁུལ་བཤད་པ་དང་། ད་དུང་༸རྒྱལ་བ་རིན་པོ་ཆེ་ཡང་ཁོང་ཚོ་ནང་བཞིན་ཡིན་ཁུལ་བཤད་པ་དེས་རེད། ༸རྒྱལ་བ་རིན་པོ་ཆེས་དྲང་པོར་བྱས་ན་དབུ་ལམ་རྗེས་འབྲངས་པ་ཚོས་མ་ཤེས་པར་ཁོང་གི་སྲིད་བྱུས་ལ་དོ་ཕོག་བཏང་བཞིན་ཡོད་པར་བརྟེན། ཁོང་ཚོར་གཙིགས་དགོས་ལ་མ་འོངས་པར་ཁོང་རང་གི་སྲིད་བྱུས་སྐྱོབ་སྐབས་ཁ་ཇི་ལྟར་གྲག་དགོས་མིན་ཁ་ཏ་གནང་དགོས།
ད་ལྟའི་བར་གྱོང་གུད་ནི་ཕོག་ཚར་བ་རེད་ལ་དབུ་ལམ་སྲིད་བྱུས་བསྐྱར་བཤད་ཡང་བཤད་བྱས་ནས་རྒྱ་གཞུང་གིས་༸རྒྱལ་བ་་རིན་པོ་ཆེ་ལ་དོན་དམ་གྱི་ཡིད་ཆེས་ཤིག་རྙེད་མི་སྲིད་པ་ལྟ་བུ་རེད། རང་བཙན་བཤད་མཁན་ཞིག་གི་ཆ་ནས་གནད་དོན་འདིའི་སྐོར་བསམ་འཆར་སྟོན་རྒྱུ་དེ་ངས་ཇུས་གཏོགས་མ་རེད་དེ། ངས་མཐོང་སྣང་ལ་དབུ་ལམ་གྱི་རྗེས་འབྲངས་པ་ཚོས་༸རྒྱལ་བ་རིན་པོ་ཆེས་དོན་དམ་དུ་རང་སྐྱོང་འདོད་ཀྱི་ཡོད་པ་ར་སྤྲོད་ཡོང་ཐབས་སུ་དེ་སྔ་དང་མ་འདྲ་བའི་རྣམ་འགྱུར་གཅིག་སྟོན་པའི་དུས་ལ་སླེབས་འདུག
ངས་བསམ་འཆར་ཞིག་ཞུས་ན། དབུ་མའི་ལམ་གྱི་རྗེས་འབྲངས་པ་སྟོང་ཚོ་ཞིག་ཐོག་མའི་ཚོད་ལྟའི་ཁུལ་དུ་བོད་དམ་མེས་རྒྱལ་དུ་ལོག་དགོས། དེ་དག་གིས་རྒྱ་གཞུང་དང་མཉམ་དུ་མཉམ་ལས་བྱེད་སྒོ་བཙུགས་ནས་ཕན་ཚུན་བརྩི་མཐོང་དང་ཡིད་ཆེས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན་ཕལ་ཆེར་དབུ་ལམ་གྱི་སྲིད་བྱུས་དེ་ལམ་ལྷོང་ཡོང་ཐབས་ལ་ཕན་ཐོགས་ཆེན་པོ་ཡོང་སྲིད། རྒྱ་གཞུང་དང་ལྷན་དུ་ཞིབ་ཕྲའི་གནད་དོན་ཁག་དཔྱད་ཞིབ་དང་གོ་སྐབས་བྱུང་ཚེ་རྒྱ་ནག་མི་མང་ལའང་གོ་རྟོགས་སྤེལ་ཐབས་སུ་ཐོན་དང་པོའི་གྲས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བྱང་ཆུབ་པ་རྣམས་ཀྱིས་སྣེ་ཁྲིད་བྱེད་དགོས། ངས་བྱས་ན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལས་ལྷག་པ་དབུ་མའི་ལམ་གྱི་སྐོར་མཁྱེན་རྒྱ་ཡོད་མཁན་ཕལ་ཆེར་མེད་པས་ཁོང་ལས་འོས་པ་སུ་ཡང་མི་འདུག དེ་མིན་གཞན་མེད་དུ་མེད་རུང་བའི་དབུ་ཁྲིད་ནི་འབུམ་རམས་པ་བློ་བཟང་སེང་གེ་ལགས་རེད། ཁོང་ནས་དུས་ནས་དུས་སུ་རྒྱ་གཞུང་གི་རྩ་ཁྲིམས་ནང་དབུ་མའི་ལམ་ལག་བསྟར་འཁྱོལ་ཐབས་ཡོད་པ་ཡང་ཡང་གསུངས་མཁན་ཞིག་རེད། སོང་ཙང་ཁོང་གི་ལྟ་གྲུབ་དེ་དངོས་ཡོད་དོན་འཁྱོལ་ཡོང་མིན་དཔྱད་པ་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་ཆག་པརེད།
དེ་དག་ཐམས་ཅད་ནི་བཙན་བྱོལ་ནས་བསྒྲུབ་ཐབས་ཤིག་ཡོད་མ་རེད། བཙན་བྱོལ་དུ་བསྡད་པ་ཙམ་གྱིས་རྒྱ་ནག་ལ་ཡིད་ཆེས་མེད་པ་སྟོན་གྱི་ཡོད། དེས་རྒྱ་ནག་འགོ་ཁྲིད་ཚོ་ལ་ཐལ་ལྕགས་བཞུ་བ་ལྟ་བུ་རེད། བཙན་བྱོལ་དུ་བསྡད་པ་འདིས་བཙན་བྱོལ་དུ་གཏོང་མཁན་གྱི་སྲིད་དབང་དེ་ལ་མོས་མཐུན་མེད་པའི་རྣམ་པ་སྟོན་གྱི་ཡོད། དེ་འདྲ་ཡིན་དུས་རང་བཙན་རྩོད་མཁན་ཚོ་བཙན་བྱོལ་དུ་སྡོད་པ་ནི་ནོར་མེད་ལ་གོ་སྐབས་ནམ་བྱུང་རྒྱའི་སྲིད་དབང་མགོ་རྟིང་སློག་ཆེད་བོད་དུ་ཕྱིར་ལོག་དགོས། འོན་ཀྱང་དབུ་ལམ་གྱི་རྗེས་འབྲངས་པ་ཚོའི་འདོད་དོན་ནི་རྒྱ་དཔོན་ཚོས་དབུ་ལམ་གྱི་སྲིད་བྱུས་དེར་ཡིད་ཆེས་དང་ངོས་ལེན་ཐོབ་ཐབས་ཤིག་ཡིན་སྐབས་རང་རང་གིས་བཀའ་དང་ལེན་བྱས་ནས་”མེས་རྒྱལ་ཆེན་པོའི་”པང་དུ་ལོག་པ་ལས་ལྷག་པའི་ལག་ལེན་བཟང་བ་གཞན་ཞིག་མིན་འདུག་སྙམ།
༸རྒྱལ་བ་རིན་པོ་ཆེ་ནི་ཕྱིར་ལོག་ཐབས་བྲལ་བ་ཞིག་རེད། དབུ་ལམ་གྱི་སྲིད་བྱུས་དེ་༸ཁོང་གིས་བཏོན་པ་ཞིག་ཡིན་རུང་དེ་ལས་ལྷག་པ་༸ཁོང་ནི་བོད་མིའི་རང་དབང་དང་རང་བཙན་གྱི་མཚོན་རྟགས་གསོན་པོ་ཞིག་ཀྱང་ཆགས་ཡོད་ལ། རང་བཙན་འཐབ་རྩོད་པ་ཚོས་ཚེ་སྲོག་དང་ངལ་བ་དུ་མ་ཁྱད་དུ་བསད་ཟིན་པས་༸ཁོང་རང་ཡང་བསྐྱར་རྒྱའི་གཡོ་ཐབས་ཀྱི་དྲི་ཁ་བའི་རྒྱ་རྙི་ནང་གཏོང་ཐབས་ནི་བྲལ་བ་ཞིག་རེད། ཉེ་བའི་ཆར་༸རྒྱལ་བ་རིན་པོ་ཧོང་ཀོང་དུ་ཕེབས་འཆར་ཡོད་པའི་གསལ་བསྒྲགས་ཤིག་གོ་ཐོས་བྱུང་བས་རང་བཙན་འཐབ་རྩོད་པ་ཚོས་གྲུང་པོ་བྱས་ནས་ལྟ་དགོས། དེ་དང་འབྲེལ་ཡོད་གནད་དོན་སྐོར་མ་འོངས་པར་ཞིབ་ཕྲའི་གྲོས་བསྡུར་ཞིག་ངེས་པར་དུ་བྱ་དགོས།
སྐབས་བབ་ཀྱི་གྲོས་གཞི་དེར་མུ་མཐུད་ན། ངས་འདིར་དབུ་ལམ་རྗེས་འབྲངས་པ་ཚང་མར་གསལ་པོར་གསལ་སྟོན་བྱས་ཡོད། ལྷག་པར་དུའང་རྒྱ་འོག་ཏུ་འདུག་འདོད་ཡོད་མཁན་རྣམ་པས་”སེམས་ནང་གི་རང་བཙན་”ཞེས་པའི་ཚིག་ལབ་རང་ཉིད་ཀྱི་སེམས་ཚོར་ཞི་འཇམ་འོང་ཆེད་ཀྱི་བདེ་སྲུང་གི་མལ་གཟན་ད་ལྟ་བུ་དེ་ད་ནས་ངེས་པར་དུ་འདོར་རན་འདུག དབུ་ལམ་ལ་ཕྱོགས་ཡོངས་ནས་ཡིད་ཆེས་དང་དང་ལེན་བྱེད་ཐུབ་པ་ཞིག་དགོས་ལ། ལྷག་པར་དུའང་རང་བཙན་གྱི་སེམས་པ་དེ་བློས་གཏོང་ཐུབ་དགོས། མ་ཟད་རང་དབང་དང་། དམངས་གཙོ་ཡང་བློས་བཏང་ནས་ཇི་ལྟར་སྲིང་སྐྱོང་མཆོག་གིས་ཉེ་ཆར་ཝ་ཤིང་ཊོན་དུ་བཀའ་སློབ་གསལ་པོར་ཕེབས་པ་བཞིན་གུང་ཁྲན་ཏང་འོག་ཏུ་སྡོད་རྒྱུའི་གྲ་སྒྲིག་བྱེད་དགོས། དེ་དང་མཉམ་དུ་དབུ་ལམ་དད་མོས་ཅན་ཚོས་སྲིད་སྐྱོང་གིས་ཝ་ཤིན་ཊོན་དུ་ཇི་ལྟར་རྒྱ་སྐད་ཀྱི་ཤེས་ཚད་ངོམ་སུ་སྟོན་པ་བཞིན་ག་ལེར་རྒྱ་སྐད་སྦྱོང་རྒྱུ་འགོ་བརྩམས་ན་ཧ་ཅང་བཟང་། སྐད་རིགས་ཀྱི་ཤེས་ཚད་འདང་ངེས་ཤིག་ཡོད་ན་འོང་རྒྱུའི་འཕོ་འགྱུར་སྐབས་ཕན་ཐོགས་ཆེ་ཆེར་བྱུང་ངེས། ཤེ་ཤེ།
(དབྱིན་ཡིག་ཐོག་སྤེལ་བའི་རྩོམ་ཡིག་མང་པོ་ཞིག་བོད་ཡིག་ནང་བསྒྱུར་མཁན་ཉུང་བ་དང་གནད་དོན་མང་པོ་ཞིག་བོད་ཡིག་ཀློག་པ་པོ་ཚོས་ལྟ་མི་ཐུབ་པ་དང་། གཙོ་བོ་བོད་ཀྱི་སྐད་ཡིག་གོང་མཐོར་དང་དྲ་ལམ་དུ་བོད་སྐད་ཐོག་འཇུག་ཐུབ་ཐབས་སུ་ད་ལན་བསྒྱུར་བ་ཞིག་ཡིན། རྩོམ་ཡིག་དེ་འདེམས་དགོས་དོན་དེ་རྩོམ་དེར་དབྱིན་ཡིག་ནང་མཆན་༣༠༠ ཙམ་བཀོད་འདུག་པས་བོད་པའི་སྤྱི་ཚོགས་ཐོག་གྲོས་བསྡུར་ཟབ་མོ་དགོས་ངེས་ཀྱི་གླེང་གཞི་ཞིག་དང་། ལྷག་པར་རྒྱ་ཆེའི་བོད་ཡིག་ཀློག་པ་པོ་ཚོས་བསམ་ཚུལ་གང་མང་འདོན་ཐུབ་རྒྱུའི་རེ་བ་ཡིན། རྩོམ་ཡིག་དེ་ནི་ཕྲན་གྱིས་བསྒྱུར་བ་ཐོག་མ་དེ་ཡིན་པས་དག་ཡིག་ཐད་ནས་འགལ་འཛོལ་བྱུང་བར་དག་སེལ་དང་སྔ་ས་ནས་དགོངས་སེལ་ཞུ།)
ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ལ་འགྱུར་བ་མེད་ཟེར།
རྒྱ་ནག་སྲིད་གྲོས་ཀྱི་མགོ་འཁྲིད་ཡིས་ཀྲིན་ཧྲིན་མདོ་སྨད་བླ་བྲང་དགོན་པར་གཟིགས་སྐོར་བྱས་ཏེ། རྒྱ་གཞུང་གིས་ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ནི་བརྟན་ཞིང་གསལ་བོ་ཡིན་ཞེས་བརྗོད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་འཁྲིད་ཡིས་ཀྲིན་ཧྲིན་(俞正声)བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་བྲང་དགོན་གཙོ་བོར་གྱུར་བའི་ཤང་དང་གྲོང་བརྡལ་ཁག་ཅིག་གི་སློབ་གྲྭ་དང་བཟོ་གྲྭ་སོགས་སུ་ལྟ་སྐོར་དུ་སོང་སྟེ། རྒྱ་གཞུང་གིས་༸གོང་ས་མཆོག་ལ་བཟུང་བའི་སྲིད་བྱུས་ལ་འགྱུར་བ་མེད་པར་སྔར་བཞིན་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་། བོད་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ་གཏོང་བའི་ལས་གཞི་གལ་ཆེན་གཉིས་ཤུགས་ཆེར་སྤེལ་ཏེ་འཚོ་བ་ཡར་རྒྱས་ཕྱིན་ཚེ། བོད་རིགས་མི་མང་སྔར་ལས་ཏང་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྦྲེལ་ཐུབ་པའི་སྐོར་སོགས་བརྗོད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ། ཡིས་ཀྲིན་ཧྲིན་བླ་བྲང་དགོན་དུ་འབྱོར་ཏེ། དགོན་པའི་གནད་ཡོད་མི་སྣ་དང་ཐུག་འཕྲད་སྐབས་བརྗོད་དོན། “ ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་དུས་ཡུན་རིང་པོ་ནས་མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཏེ། རྒྱལ་ཡོངས་མི་མང་གི་ཐུན་མོང་ཁེ་ཕན་ལ་གཏོར་བཤིག་བཏང་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལམ་ལུགས་ལ་རྒྱབ་འགལ་བྱས་ཡོད། ཏཱ་ལའི་བླ་མའི་བོད་ཆེན་པོའི་ཚད་མཐོའི་རང་སྲིད་རང་སྐྱོང་དམིགས་འབེན་དུ་བཟུང་བའི་དབུ་མའི་ལམ་ནི། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་གཉིས་དང་འགལ་ཟླ་ཡིན་པ་དང་། རྒྱལ་ཁབ་གཅིག་གྱུར་དང་བོད་ཁུལ་འཕེལ་རྒྱས་བརྟན་ལྷིང་ཡོང་ཕྱིར། ངེས་པར་དུ་མངོན་གསལ་དོད་པོས་ཏཱ་ལའི་རུ་ཚོགས་ལ་འཐབ་རྒོལ་གཏིང་ཟབ་བྱེད་དགོས་ཤིང་། ཏང་གི་སློབ་གསོའི་ལམ་སྟོན་འོག་བོད་བརྒྱུད་ནང་བསྟན་གྱི་མི་སྣས་ཆབ་སྲིད་ཐད་ཏཱ་ལའི་བླ་མ་དང་དབྱེ་མཚམས་གསལ་བོ་བཟོས་ཏེ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་། ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཚང་མར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། རྒྱ་གཞུང་གིས་ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ནི་བརྟན་ཞིང་གསལ་བོ་ཡིན། ཏཱ་ལའི་བླ་མས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཡོངས་ཁྱབ་གསལ་བཤད་དང་། བོད་རང་བཙན་གྱི་ལངས་ཕྱོགས་དོར་ཞིང་། མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་འགུལ་རིགས་མཚམས་འཇོག་བྱས་ཚེ། ད་གཟོད་རྒྱ་ནག་དབུས་གཞུང་དང་འབྲེལ་བ་ལེགས་བཅོས་བཏང་ཡོད་པར་བཤད་ཆོག ” ཅེས་བརྗོད་ཡོད་པ་དང་། ད་དུང་རྒྱལ་གཅེས་ཆོས་གཅེས་ཀྱི་ཤེས་ལྡན་དགེ་འདུན་པ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་ཚུལ་སོགས་བརྗོད་ཡོད་འདུག
གཞན་ཡང་། ཡིས་ཀྲིན་ཧྲིན་བླ་བྲང་(王格尔塘)གྲོང་བརྡལ་དཀྱིལ་སྙིང་སློབ་ཆུང་དུ་ཕྱིན་ཏེ་དགེ་སློབ་ཚོར་གཏམ་བཤད་བྱས་དོན། “ གྲངས་ཉུང་མི་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོ་ཡར་རྒྱས་གཏོང་དགོས་ལ། སྐད་གཉིས་སློབ་གསོ་ཡིས་མ་འོངས་པར་སློབ་མའི་མདུན་ལམ་ལ་ཕན་ཐོགས་ཆེན་པོ་ བསྐྲུན་ཞིང་། མི་རིགས་བར་རྒྱུས་ལོན་དང་མཐུན་སྒྲིལ་གོང་འཕེལ་དུ་གཏོང་བར་ཕན་ནུས་ཆེན་པོ་ཐོན་ཐུབ་སྟབས། ཕྲུ་གུའི་དུས་ཀྱི་སློབ་གསོ་ནས་མགོ་བརྩམས་ཏེ་སྐད་གཉིས་སློབ་གསོ་རྩ་འཛིན་བྱེད་དགོས། ” ཞེས་སོགས་བརྗོད་འདུག
ད་དེ་རེད། ཐོག་མར་ཟམ་གདོང་སྤྲུལ་སྐུ་དང་བློ་བཟང་སེང་གེས་སྣེ་ཁྲིད་ནས་དབུ་ལམ་ལ་ཡིད་ཆེས་ཡོད་མཁན་མི་གཅིག་སྟོང་ཞིག་ཕར་མེས་རྒྱལ་ལམ་ཕ་ཡུལ་དུ་ལོག་པ་དེ་ཡག་ཤོས་རེད། དེ་མིན་ཅང་བཤད་རྒྱུ་མི་འདུག
དབུ་ནས་གང་འཚམ་བཀླགས་པ་ཡིན། སྐད་ཆ་འགོ་བཙུགས་དུས་ནས་ཀུན་སློང་བསྐྱོགས་ཚར་བ་གསལ་པོ་འདུག
“ཕལ་ཆེར་མི་གཞན་༼རྒན་རབས་ཤིག་དང་ངེས་པར་དུ་ཆབ་སྲིད་པ་༽ཞིག་གིས་བཀོད་བྱུས་བྱས་པ་ལྟ་བུ་འི་ཚོར་སྣང་ཞིག་གི་ཐོག་ནས་དྲི་བ་དེ་བཀོད་སོང་། འོན་ཀྱང་དེ་ལྟར་མིན་པ་ཡང་སྲིད།”
དྲི་བ་དྲིས་སྟངས་ལས་དེ་ལྟ་བུ་བསམ་ཚུལ་ཞིག་ཡོང་སྲིད་ན། དེང་གི་ན་གཞོན་བོད་སྐད་ཤེས་པ་ཚོས་ཀྱང་དྲི་བ་དྲིས་སྐབས་ངག་སྐད་ལྡབ་བེ་ལྡིབ་བི་དང་། གོ་རིམ་གསལ་ལ་མི་གསལ་དེ་འདྲ་ཡོང་ཉུང་ཉུང་མ་རེད་ལ། ཡོང་གྲགས་ཀྱང་རེད། ཉེ་ཆར་བརྡ་སར་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་སྐབས་དྲི་བ་དྲིས་ལན་འཐད་གཟིགས་དང་ཤེས་ཡོང་། ཁོ་རང་ཚོར་སེམས་གཏིང་ནས་གུས་ཞབས་ཡོད་ཙང་བོད་སྐད་ཚིག་མ་འདང་བ་སོགས་ངེས་པར་ཡོང་གི་འདུག བྱས་ན་ཁྱེད་རང་རྣམ་རྟོག་དེ་འདྲ་གྲངས་དུ་མེད་པ་ཞིག་སྐྱེས་སྲིད་རྣམ་རྟོག་པ།
དེ་དུས་༧གོང་ས་མཆོག་ནས་”ཀརྨ་ཆོས་འཕེལ་མེས་རང་ལྷག་བསམ་གཅིག་ནི་གཏན་གཏན་ཡིན་གྱི་རེད་” ཞེས་པའི་དུམ་པོ་དེའི་ཐོག་གླེང་སློང་ཙམ་ཡང་མེད་པར་གང་ནས་སྐྱོན་བརྗོད་དགོས་བསམ་ནས་ཚིག་འཚོལ་སྒྲུབ་བྱས་པ་ཞིག་རེད་འདུག
“དངོས་གནས་བྱས་ན་ཀརྨ་ཆོས་འཕེལ་ལགས་ཀྱིས་འདི་འདྲའི་རྡུམ་པོ་གང་ཡང་བཤད་མ་སོང་ལ། ཁོང་གིས་གང་བཤད་པ་རྣམས་དད་གུས་དང་ཡིན་ལུགས་ཚུལ་ལྡན་གྱི་སྒོ་ནས་བཤད་སོང་བསམ་པ་བྱུང་།”
སྐད་ཆ་ཚང་མ་གོང་འོག་སྒྲིགས་ནས་ཉན་ན་དོན་དག་ཕྲུ་གུ་དེའི་དྲིས་པ་དེ་ག་རེད། ཡིན་ལུགས་ཚུལ་ལྡན་ཟེར་ན་གང་འདྲ་ཞིག་ལ་གོ་དགོས། མགོ་གུག་གུག་བྱེད་ནས་སྐྱག་པ་ཟ་ལབ་ན་ཡིན་ལུགས་ཚུལ་ལྡན་རེད་པས། ཡང་ན་མཁས་པའི་དབང་པོ་འཇམ་ནོར་ལགས་འཛམ་གླིང་ནང་ནས་མཁས་ཤོས་རེད་ལབ་ན་ཚུལ་ལྡན་རེད་པས།
དེ་ནས་མར་ཀློག་སྙིང་འདོད་མ་བྱུང་། གང་ལྟར་ཁྱེད་རང་དམིགས་ཡུལ་དང་ཕུགས་བཏན་མེད་པའི་རང་བཙན་པ་ཞིག་རེད། དེ་ཁྱེད་རང་འདོད་མོས་རེད། བྱུང་ན་ཁྱེད་སྲིད་བསྐྱོང་གི་གདན་གང་ཐེངས་གཅིག་སླེབ་ཐུབ་པ་བྱོས་དང་ང་དང་ཁྱེད་རང་གི་ཕྱོགས་གཏོགས་པ་ཚོས་རྒྱབ་བསྐྱོར་ཞུས་ཡོང་། ཁྱེད་རང་གི་ཁ་བདེ་པོ་དེ་དུས་ཤོད་དང་། ཁྱེད་རང་གི་ནུས་པ་དེ་དུས་སྟོན་དང་།
འཇམ་ནོར་གྱིས་རྩོམ་འབྲི་སྟངས་ལྟར་རླུང་ལ་བསྣུམས་ནས་འདི་ལྟར་བྲིས་ན། ཁག་ཅིག་གིས་བདེན་བདེན་འདྲ་མཐོང་གི་རེད་སྙམ། ༼དོན་ལ་ཁུངས་ལུང་གང་ཡང་མེད༽ ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནས་དབུ་ལམ་ལ་རྒྱབ་སྐྱོར་མེད་ཚུལ་དང་༧གོང་ས་མཆོག་གིས་དབུ་ལམ་བཤད་པ་ལས་སེམས་ན་རང་བཙན་འདོད་ཀྱི་ཡོད་ཚུལ་སྒྲུབ་བྱེད་ལ་ཆོས་སྐྱོང་འགའི་འཕྲིན་བཅོལ་ལུང་འདྲེན་བྱས་ཡོད། ཀར་ཆོས་ཀྱིས་དེ་ལྟར་བྱེད་པ་ལ་འཇམ་ནོར་གྱིས་རྒྱབ་ནས་་བཀོད་ཇུས་བྱས་པ་རེད། ཀར་ཆོས་ལ་དེའི་རྐྱེན་གྱིས་༧གོང་ས་མཆོག་གིས་བཀའ་ཕེབས་དགོས་བྱུང་བ་རེད་ལ། ༧གོང་ས་མཆོག་གི་་བཀའ་དེ་ལ་དམིགས་ཏེ་འཇམ་ནོར་གྱིས་གོང་གི་རྩོམ་ཐུང་དེ་བྲིས་པ་རེད་ལ་འབྲི་རུ་འཇུག་མཁན་ཀརྨ་ཆོས་འཕེལ་རེད་ཅེས་ལབ་ན་འདྲ་སེ་མི་འདུག་གམ།
རྟ་མགྲིན་དབང་ཆེན་གྱིས་ཡག་པོ་བཤད་ཤག ངས་ཁ་སང་་་་༼བོད་ཀྱི་གྲིབ་གཟུགས༽་་་་འཇམ་ནོར་ཟིན་བྲིས་སྟེང་དབྱིན་ཡིག་ཐོག་མཆན་གཅིག་སྤེལ་ཡོད། ད་འདིར་བྲིས་ཁོམ་མ་བྱུང་། དགོས་པ་བྱུང་ན་རིམ་གྱིས་སྤེལ་ཡོང་།
ཧ་ཧ་ཧ་ཧ་ཧ་
མི་འདི་ཚོ་༧རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་ཐབས་མཁས་བ་དང་བྱུས་བཟང་བ་ཡོད་མདོག་མདོག་་་་་མ་རིག་པས་དངོས་གནས་དྲང་གནས་སྒྲིབ་པ་ཡིན་ན་ནི་ཉམ་ཐག་པ་འདི་ཚོར་སྙིང་རེ་ཇེ།།
རྡ་རམ་ས་ལ་བཙོན་ཁང་ཆུང་ཆུང་བཟོས་ན་ཡག་པོ་འདུག འཇམ་དབྱངས་ནོར་བུ་དང་ཀརྨ་ཆོས་འཕེལ་གཉིས་གཙོ་བྱས་པའི་བོད་རང་བཙན་འཐབ་རྩོད་པ་རྣམས་བཅུག་སའི་བཙོན་ཁང་ཞིག་ངེས་པ་ཏུ་དགོས་ཀྱི་འདུག སྲོག་ཐོག་གཏོང་དགོས་པ་རྣམས་ལ་སྲོག་ཁྲིམས་གཅོད། ཉེས་པ་ཏོག་ཙམ་ཆུང་བའི་རིགས་ལ་ཉེས་ཁྲིམས་བཅད་ནས་བཙོན་ཁང་ནང་དུ་བཅུག་བཞག་ན་་གུན་ཁྲན་ཏང་གིས་དབུ་མའི་ལམ་པ་ཚོ་ལ་་ཤེ་ཤེ་་ཟེར་གི་རེད། དེ་ནས་དབུ་མའི་ལམ་ལ་ཡིད་ཆེས་བྱེད་མདོག་ཁག་པོ་རེད།་་་་ཧཧ
ང་རང་བཙན་འཐབས་རྩོད་པ་ཞིག་མིན་རུང། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན། ང་འཇམ་ནོར་ལ་དགའ་མཁན་ཞིག་མིན་རུང། རང་བཙན་འཐབས་རྩོད་པ་ཚོ་བགུར་མཁན་ཅིག་ཡིན། མདོ་དོན་བཤད་ན་་ངས་ཁ་སང་དེ་རང་སྔར་བོད་སྡེ་བ་གཞུང་གི་རུལ་དྲི་ཁ་བའི་སྐུ་གྲགས་དབང་འཛིན་པ་དག་གི་རོ་མདོག་འཇམ་ནོར་གྱི་ཁ་རླངས་ལས་ཚོར་ཡོངས་ཀྱིན། དྲེང་མོ་བཤད་ན་འཇམ་ནོར་གྱི་རང་བཙན་རྩོད་ཀྱིན་ཡོད་ནི་མ་རེད་་་་་ཁྱིམ་རྒྱུད་ཀྱི་གཏིང་ནད་རྩོད་བཞིན་ཡོད་ནི་རེད། མི་བདེན་པ་ཁྱོད་ཚོས་ལྟོས་དང་་་་ཉེ་སྔོན་ཨ་རིའི་རླུང་འཕྲིན་ལས་ཁུངས་ཀྱིས་བཟོ་སྒྲིགས་བྱས་བའི་རང་ལུས་མེ་སྲེག་སྐོར་གྱི་བརྙན་ཐུང་དེའི་ནང་འཇམ་ནོར་གྱི་བཤད་པའི་སྐད་ཆ་དག་ལ་ཉོན་དང་་་་ཁོས་སྐུ་གྲགས་ཚོའི་ནག་ཉེས་འགེབས་ཅི་ཐབས་བྱེད་ཀྱིན་པ་ལས་གཞན་ག་རེ་བཤད་ཀྱིན་འདུག་་་་འདི་ནི་དཔེ་ཙམ་ཡིན་་་་་་གང་ལྟར་འཇམ་ནོར་ཟེར་བའི་མི་འདི་ལ་བརྟགས་དགོས་་་་་
ཆུ་བ་འདིས་ཐབས་མཁས་ཀྱི་སྒང་ནས་འཇམ་ནོར་ནག་པོ་བཟོ་བཞིན་འདུག་པས་མ་དགའ་བའི་སྐད་ཆ་ལས་ཅི་ཡང་མ་མཐོང་།
རིག་གནས་གསར་བརྗེ་སྐབས་ཀྱི་སྤྲང་ཕྲུག་ཨེ་ཡིན།
རྡ་སའི་རི་བོའི་སྟེང་གི་ལྐོག་གཟན་ཨེ་ཡིན།
གསར་བརྗེ་ངོ་ལོག་པ་རྣམས་གསོད་མཁན་ཨེ་ཡིན།
ཁ་བྲལ་རིང་ལུགས་རྩ་མེད་གཏོང་མཁན་ཨེ་ཡིན།
མི་དྲག་སྐུ་དྲག་རྡུང་མཁན་ཏང་ཕྲུག་ཨེ་ཡིན།
བྲན་གཡོག་མཉམ་ལས་ལམ་ལུགས་འཛུགས་མཁན་ཨེ་ཡིན།
གུན་ཁྲན་དམར་པོའི་གཞུང་ལ་དགའ་མཁན་ཨེ་ཡིན།
གདོང་དམར་བོད་ཀྱི་གཞུང་ལ་སྡང་མཁན་ཨེ་ཡིན།
ས་སྟེང་བོད་མི་གསོད་མཁན་ཤན་པ་ཨེ་ཡིན།
ས་འོག་གཏེར་ཁ་འཕྲོག་མཁན་ཇག་པ་ཨེ་ཡིན།
ཡིན་ན་འཇམ་དབྱངས་ནོར་བུར་རྡུང་ན་ལུས་ཆོག
ཡིན་ན་ཀརྨ་ཆོས་འཕེལ་གསོད་ན་ལུས་འགྲིག་་་་་་་་་་་ཏང་ཕྲུག་ཚོ་ཁག་མེད།
ཚོན་མདོག་ནག་པོ་ལ་ནག་པོ་་་དཀར་པོ་ལ་དཀར་པོ་མ་ཟེར་ན་་་ཉ་དང་ཉུང་མ་་་་་ཨ་མ་དང་བོུ་ནོར་ཉེས་ཆེ་་་་ཧཧཧཧ་་་་ཨ་ནུ་ཨ་ནུ་རང་རེད་་་་་་་ཕག་པས་བལྟས་ན་ཕག་ཚང་ཞི་ཡེས་ཁེངས་་རང་གི་བསྟས་ན་རང་གཙང་ཞེ་ཡེས་ཁེངས་་་་་་་ད་ཡང་ན་ཁྱེད་ཀྱི་དགའ་བའི་སྐད་ཆ་ཤོདདང་་་་་་ངས་ཉན་ཆོག་
ད་དངོས་གནས་འཇམ་ནོར་འདི་ལོ་ན་རྒས་ནས་རྫི་ཐིབ་པ་འདྲ། ཀརྨ་ཆོས་འཕེལ་གྱི་བཤད་པའི་སྐད་ཆའི་ཟུར་གཅིག་ལས་འདིར་ལུང་འདྲེན་མ་བྱས་པར་རང་ཉིད་ཀྱི་བརྗོད་འདོད་པའི་སྐད་ཆར་རྒྱབ་བརྟེན་འཚོལ་ཐབས་བྱས་པ་ནི་ངོ་མ་ངོ་ཚ་དགོས་པ་ཞིག་རེད། གལ་སྲིད་ཁྱོད་རང་ལ་དྲང་ཚུགས་ཡོད་ན་མ་མཐར་ཀརྨ་ཆོས་འཕེལ་གྱི་བཤད་པའི་སྐད་ཆ་ཚང་མ་ལུང་འདྲེན་བྱེད་དགོས་པ་རེད། ཁོ་པས་རྒྱལ་བ་རིན་པོ་ཆེས་རང་བཙན་བརྩོད་གནང་བའི་སྒྲུབ་བྱེད་དེ་བདེན་ཚིག་སྨོན་ལམ་ནང་གི་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་་ཞེས་པ་དེ་དང་། དེ་བཞིན་ཆོས་སྐྱོང་གི་འཕྲིན་བཅོལ་ནང་གི་ཚིག་འགའ་ལུང་དྲངས་པ་རེད། མདོར་ན། ཀརྨ་ཆོས་འཕེལ་བོད་ཡིག་གི་གནས་ཚད་ཞན་དྲག་ནས་རང་དབང་དང་རང་བཙན་གཉིས་འབད་དེ་འཕྲུལ་བ་རེད། དེའི་ཞོར་དུ་འཇམ་དབྱངས་ནོར་བུའང་འཕྲུལ་ཕྱིན་པ་རེད།
རྒྱལ་ཁབ་ཤོར་བས་སྤྲང་ཕྲུག་ཁྱོད་ལ་ལྟོས་དང་ང་ལྟོས་་གདོང་ལ་(Refugee)་སྐྱབས་བཅོལ་ཐོགས་པ་ཅིག་པ་ཡིན་འགྲོ་གལ་ཏེ་ཁྱེད་ལ་འཐོལ་ཡོད་ན་་་་་་མཐོང་ཆན་་་་་་་་་་་་་་་་
བཙན་པོའི་བུ་ལགས་
རྒས་ནས་རྫི་ཐིབ་པ་འདྲ།་་་་འབད་དེ་འཕྲུལ་བ་རེད།་་་ཅེས་བྲིས་འདུག་པས་རྒྱལ་གཅེས་ཀརྨ་ཆོས་འཕེལ་མཆོག་གི་བོད་ཡིག་ཤེས་ཚོད་ལ་ཁྱོད་ཀྱིས་ཚད་འཇལ་ཐུབ་ས་མ་རེད། དེ་ལས་སོ་སོར་ལ་ཞིབ་འཇུག་བྱོས།
བཙན་པོའི་བུ་ནི་བུ་རང་རེང་་་་་་་་་་
གནད་ལ་འཁལ་བས་སྐལ་རེད་
ཏང་ཕྲུག་ངོས་མ་དེ་སུ་ཡིན་ས་འོག་འབུ་ཡིན་ཡང་་ཤེས་ཚོད་རེད་རྒྱ་དམར་གཞུང་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་གང་ས་ཅི་ཐད་ནས་སྐྱོན་གཏོགས་གང་ཐུབ་བྱས་བཞིན་ཡོད་་་་་་་་་་་་་་་་་་་་་་་་ད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་མཚན་སྨས་ཞུ་མཁན་དེ་ཚོ་ཡང་དེ་དེ་ཞིན་ནོ་
ཧཧཧ་སྤྱི་སྟངས་ཁྱི་ལ་རྫི་ཡོད་ཟེར་བ་ལས་མི་ལ་རྫི་ཡོད་ཟེར་བ་ཞིག་གོ་མྱངས་མེད། ཡིན་ཀྱང་རྡ་སའི་ལྐོག་ཟ་རུལ་སུངས་ཚོའི་སྣ་ཡིས་རྫི་བརྒྱབ་ཤེས་ཀྱི་ཡོད་པར་འདྲ། སྤྱི་དམངས་ཀྱི་སྒོར་མོ་ག་པ་ཡོད་མེད་རྫི་བརྒྱབ་ནས་ཤེས་ཀྱི་ཡོད་པར་འདྲ།་་་ཧཧ
ཁྲིམས་ཐོག་ལ་འཇོག་ཐུབ་ནིའི་སྐད་ཆ་ཞིག་སུ་གཅིག་གིས་ཀྱང་བཤད་ཀི་མི་འདུག།
ཟེར་རོ། ཐོས་སོ། སྲིད་དོ། འདྲ་འོ། བསམ་མོ་ལྟ་བུ་ནི་ཅལ་གཏམ་ཙམ་ལས་དགོས་སྙིང་མི་ལྡན།
སུ་ཞིག་ཡིན་ན་ཡང་སོ་སོས་སོ་སོ་ཡག་པོ་དང་སྤྱང་པོ་རབས་བཤད་པས་ཅང་མི་ཕན། དེ་ལས་ལག་ལེན། ལྟ་བ། དམིགས་ཡུལ་སོགས་ཁྱད་དུ་འཕགས་པ་ཞིག་ཡོད་ན། རང་ཕྱོགས་སུ་རྒྱབ་རྟེན་འཚོལ་དགོས་བ་རེད། དེ་མིན། མགོ་བ་ཚོས་ཡས་བཤད། སྔ་མ་ཚོས་འཆལ་གཏམ་སྤེལ་ན་དགོས་བ་ཅང་མཐོག་གི་མི་འདུག་གོ།
མཐོང་་གི་མི་འདུག་གོ།
སྣ་ལ་རྫི་མེད་ན་ད་གངདུ་ཡོད་་་་་་་་མ་ཞི་ནས་ཁྱེད་དང་་འཇམ་ནོར་རྫི་རྐུབ་ལ་ཡོད་པ་འདྲ
མཁས་དབང་ཅོ་རི་ཉི་མའི་སྐད་ཆ་ལ་གོ་རྒྱུ་འདུག རང་བཙན་འདོད་དང་མི་འདོད་ཀྱི་སྐད་ཆ་རེད།
རང་བཙན་མི་འདོད་དབུ་མ་རང་ཡིན་ཟེར་ན་དེ་ཀས་ཆོག་པ་རེད། དབུ་མ་ལ་ཡ་བྱེད་ཀྱི་རེད་དམ། ཁ་སང་རང་རྒྱ་ནག་གིས་དབུ་མའི་ལམ་ཟེར་བ་་་ཆེས་རང་སྐྱོང་ལྗོངས་ཟེར་བ་དེ་ཚོ་ཡོང་ཐབས་མེད་པ་དང་དེ་རྒྱ་ནག་གི་རྩ་ཾཁྲིམས་དང་འགལ་རབས་བཤད་སོང་ང། ད་གོང་ཚད་དང་དབུ་ཚུགས་རྒྱབ་ས་མི་འདུག དེ་ལས་བློ་གཅིག་སེམས་གཅིག་བྱས་ཏེ་སྔར་རྒྱུན་བཞིན་དམ་བཅའ་བརྟན་པོ་རང་ལ་བསྡད་ན་་་ཚོང་རྒྱབ་མཁན་་་ལ་ལ་ལ་དེ་ཚོས་གོང་ཚད་མར་གཅོག་མདོག་རེད། དེ་མིན་དངོས་ཟོག་ཉོ་མཁན་གྱིས་ཕར་ཨུ་ཚུགས་རྒྱབ་ཀྱི་བསྡད་ན་་ཚོང་པ་ལ་ལ་ལ་དེ་ཚོས་གོང་མི་གཅོག་ཐག་ཆོད་པ་རེད། གང་ལྟར་དབུ་རང་གཉིས་ཀ་ནང་འཛིངས་མི་བྱེད་པར་་ཕྱི་དབུ་མ་བྱས་་ནང་རང་བཙན་བྱས་ཏེ་བསྡད་ན་ཡག་པོར་མཐོང། བོད་ཀྱི་གཏམ་དཔེར། མི་ངན་ནང་ལ་བསྡད་ནས། ཇུས་ངན་ཕྱི་རུ་འདིང་དགོས། ཟེར་བ་ལྟར་རེད། ཆབ་སྲིད་པ་ཟེར་ན་དེ་འདྲ་དགོས་པ་རེད། དེ་མིན་གཅིག་གིས་གཅིག་ལ་དགྲ་རུ་བཟུང་བ་ཡིན་ན། དོན་དག་མི་འགྲུབ་པ་བོད་ཀྱིས་གཏམ་དཔེ་ལས་ཤེས་ཐུབ། ཕྱི་རུ་ཞབས་བྲོ་རྒྱབ་པར། ནང་དུ་རྡོག་གྲྭ་འགྲིག་དགོས། ཟེར་བ་ལྟར་རེད།
བན་དེ་བ་ལགས། སྐུ་ཚེ་རིང་་་མཁས་དབང་ཟེར་བའི་མིང་ཚིག་འདི་ང་ལ་བེད་སྤྱོད་མ་གཏོང་བྱོས། ཁ་མ་ཡིན་དོན་ཡིན། ང་སྐྱིད་པོ་རྩ་བ་ནས་ཡོང་གི་མི་འདུག ངོ་ཚ་ཡོང་གི་འདུག དཀོན་མཆོག་ལ་དཔང་བཙུགས། སྐད་ཆ་བཤད་འདོད་མེད་པར་ཆགས་འགྲོ་གི་འདུག་་་རྗེས་སུ་ངེས་པ་ཏུ་ཐུགས་ལ་བཞག་རོགས་བྱོས།
དབུ་མ་ལམ་པ་བ་ཚོས་ངོས་ནས་དབུ་མའི་ལམ་འདི་ཀྲུང་ཧྭ་མི་མདངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་རབས་མང་པོ་བཤད་བསྡད་པ་རེད། ཡིན་ཀྱང་ཏང་ཀྲུང་ཡ་ཡིས་ངོས་ནས་རྩ་ཁྲིམས་དང་འགལ་ཡོད་ཅེས་བཤད་ཡོད་རེད། ད་ལན་བརྒྱབ་དགོས་པའི་དུས་བབ་ཡོད་རེད། རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཡོང་ཐབས་ཡོད་ན།
ངས་ངོས་ནས་བྱས་ན་སྤྱན་རས་གཟིགས་ལ་མ་ཎིའི་ལུང་གནང་བ་དང་གུན་ཁྲན་ཏང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཤད་པ་གཉིས་ཆ་ཆ་རྐྱང་རེད་བསམས་ཀྱི་འདུག་་་སྤྱན་རས་གཟིགས་ལ་མ་ཎིའི་ལུང་ཐུབ་མཁན་ཡོད་ན་་་་གུན་ཁྲན་ཏང་ལ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སློབ་ཁྲིད་བྱེད་ན་འགྲིག་རེད།་་ཧཧཧ
་་ མདོར་ན། ཀརྨ་ཆོས་འཕེལ་བོད་ཡིག་གི་གནས་ཚད་ཞན་དྲག་ནས་རང་དབང་དང་རང་བཙན་གཉིས་འབད་དེ་འཕྲུལ་བ་རེད། དེའི་ཞོར་དུ་འཇམ་དབྱངས་ནོར་བུའང་འཕྲུལ་ཕྱིན་པ་རེད། ་་་ཟེར།
ཟེར་ཟེར་ཀརྡོ་ཕྱག་གཉེར་ལགས། ད་ནི་་་ཁ་ནང་མཛུབ་མོ་བཅུག་ནས་མ་སྡོད་རོགས་བྱོས། དབུ་མའི་ལམ་འདི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་རྒྱ་བོད་མཉམ་གནས་ཐུབ་པའི་སྲིད་ཇུས་ཤིག་ཡིན་ཞེས་བཤད་ཀྱི་ཡོད། ད་་རྒྱ་དཔོན་ཚོས་དབུ་མའི་ལམ་དང་རྒྱའི་རྩ་ཁྲིམས་འགལ་བ་ཡིན་ཟེར་དུས་་་ཅི་ལབ་ཀྱི་ཡོད་དམ། དེ་མིན་བོད་མི་རྒྱལ་གཅེས་བོད་གཅེས་པ་ཚོས་ཐོག་ཏུ་ཅིག་བཤད་མ་བསྡད་་་ལོ།
རྒྱ་ནག་སྲིད་གྲོས་ཀྱི་མགོ་འཁྲིད་ཡིས་ཀྲིན་ཧྲིན་ཁོས་ (རྒྱ་གཞུང་གིས་ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ནི་བརྟན་ཞིང་གསལ་བོ་ཡིན་) ཞེས་བརྗོད་ཡོད་པའི་གོ་སྐབས་དང་བསྟུན་ནས་འཇམ་ནོར་དང་ཁོའི་ཕྱོགས་གཏོགས་ཚོས་ཡང་བསྐྱར་༧གོང་ས་མཆོག་ལ་ཟུར་ཟ་དང་། དབུ་ལམ་ལོག་སྒྲུབ་སོགས་བོད་མའི་རྡོག་རྩ་གཅིག་དྲིལ་ལ་གནོད་པའི་དབྱེན་དཀྲུག་ཚུལ་མིན་གྱི་བྱ་ངན་འདིས་རྒྱ་མའི་འདོད་དོན་སྒྲུབ་པ་ཙམ་ལས་བོད་མི་རིགས་ལ་ཕན་ཐོགས་ཅི་ཞིག་འདུག་གམ།
ལྷག་པར་སྲིད་སྐྱོང་བློ་སེང་མཆོག་གིས་འོས་བསྡུའི་སྐབས་དེར་བཅོས་བསྒྱུར་ཞིག་བཏང་ནས་དབུ་མའི་ལམ་དང་རང་བཙན་གཉིས་ཀར་མོས་མཐུན་ཡོད་པའི་དབུས་རང་གི་འབོད་སྒྲ་གཅིག་གི་ཐོག་ནས་གང་ལྟར་རང་ལ་རྒྱལ་ཁ་ལོན་པ་བྱས་སོང་། ་་་་་ཟར།
སྙིང་དཀར་པོའི་ནང་ནས་དཀྲུགས་གཏམ་ནག་པོ་ཞིག་འབྲི་མཁན་ཁྱོད་རང་ལ་བཤད་ཀྱི་ཡོད་ན་དབུ་མ་དང་རྩ་ཁྲིམས་མི་འགལ་བའི་ལན་རྒྱོབ། ཁ་རྒྱ་ལ་འཁོར་ནས་ལན་རྒྱོབ།
༸རྒྱལ་བ་རིན་པོ་ཆེ་ནི་ཕྱིར་ལོག་ཐབས་བྲལ་བ་ཞིག་རེད། དབུ་ལམ་གྱི་སྲིད་བྱུས་དེ་༸ཁོང་གིས་བཏོན་པ་ཞིག་ཡིན་རུང་དེ་ལས་ལྷག་པ་༸ཁོང་ནི་བོད་མིའི་རང་དབང་དང་རང་བཙན་གྱི་མཚོན་རྟགས་གསོན་པོ་ཞིག་ཀྱང་ཆགས་ཡོད་ལ། རང་བཙན་འཐབ་རྩོད་པ་ཚོས་ཚེ་སྲོག་དང་ངལ་བ་དུ་མ་ཁྱད་དུ་བསད་ཟིན་པས་༸ཁོང་རང་ཡང་བསྐྱར་རྒྱའི་གཡོ་ཐབས་ཀྱི་དྲི་ཁ་བའི་རྒྱ་རྙི་ནང་གཏོང་ཐབས་ནི་བྲལ་བ་ཞིག་རེད། ་་་་་ཟེར།
སྲིང་སྐྱོང་མཆོག་གིས་ཉེ་ཆར་ཝ་ཤིང་ཊོན་དུ་བཀའ་སློབ་གསལ་པོར་ཕེབས་པ་བཞིན་གུང་ཁྲན་ཏང་འོག་ཏུ་སྡོད་རྒྱུའི་གྲ་སྒྲིག་བྱེད་དགོས། དེ་དང་མཉམ་དུ་དབུ་ལམ་དད་མོས་ཅན་ཚོས་སྲིད་སྐྱོང་གིས་ཝ་ཤིན་ཊོན་དུ་ཇི་ལྟར་རྒྱ་སྐད་ཀྱི་ཤེས་ཚད་ངོམ་སུ་སྟོན་པ་བཞིན་ག་ལེར་རྒྱ་སྐད་སྦྱོང་རྒྱུ་འགོ་བརྩམས་ན་ཧ་ཅང་བཟང་། སྐད་རིགས་ཀྱི་ཤེས་ཚད་འདང་ངེས་ཤིག་ཡོད་ན་འོང་རྒྱུའི་འཕོ་འགྱུར་སྐབས་ཕན་ཐོགས་ཆེ་ཆེར་བྱུང་ངེས། ཤེ་ཤེ། ་་་་་ཟེར། ཤེ་ཤེ་ཟེར་ན་རྒྱ་ནག་སྐད་དུ་ཐུགས་རྗེ་ཆེ་ཞུ་བ་འདྲ།
རྒྱ་ནག་གཞུང་གི་ག་དུས་ཡིན་ཡང་རྫུན་མ་གཏོགས་གང་བཤད་་་་་་་་་་་དབུ་མ་་་་་་ཀྲུང་ཧ་མི་དམངས་ཀྱི་རྩ་ཁྲིམས་དང་འགལ་ལུགས་བཤད་པ་ད་རེས་ཅིག་པོ་ག་ནས་ཡིན་་་ཁྱེད་གང་དུ་མགོ་གཏུམ་བསྡད་ཡིན་ནམ་
སྐབས་འདིར་ངས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་བོད་ཀྱི་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གི་བཀའ་སློབ་ཅིག་དྲན་གི་ཁོང་གིས་{ང་ཚོ་ལ་ཡོད་པ་ནི་ནང་འཁྲུག་དང་འབྲེལ་བའི་སྙན་ངག་པ་དང་རྩོམ་པ་པོ་ཡིན། དེ་དངོས་གནས་མང་དྲགས་སོང་}ཞེས་པའི་ཚིག་དུམ་འདི་རེད། རང་བཙན་རྩོད་མཁན་ཡིན་མདོག་གི་སྐད་ཆ་བཤད་མཁན་དག་གིས་ལས་དོན་དངོས་ལ་མི་འཇུ་པར་ཉིན་རྒྱུན་གངས་ཅན་སྐྱིད་གཞུང་དང་༧གོང་ས་མཆོག་གིས་ཅི་གསུང་ལ་མདུང་རྩེ་གཏོད་པ་འདི་དངོས་གནས་དགོད་ཁ་ཤོར་བའི་གནས་རེད། རང་བཙན་པ་དག་གིས་ཀྱང་ཞལ་འདེབས་སྒམ་ཆུང་རེ་བཟུང་ནས་ལམ་གྱི་གཞི་མདོ་རེ་སྲུང་ནས་བསྡད་ཡོད་པ་ལས་མཐོང་ཡ་མི་འདུག དགོངས་དག་སྐབས་འདིར་ངས་དྲ་ཐོག་གི་རང་བཙན་ལས་འགུལ་བ་དག་བརྗེད་འདུག
སྤྱིར་བོད་རང་བཙན་ནི་བོད་མིའི་ཐོབ་ཐང་རེད་ཅེས་༧གོང་ས༧མཆོག་གིས་རྒྱུན་ཏུ་གསུངས་བཞིན་ཡོད།
རང་བཙན་རྩོད་མཁན་ཚོས་རང་བཙན་རྩོད་སྟངས་ཀྱི་ཐབས་ལམ་ཞིག་སྟོན་ཐུབ་ན་སུ་ལ་སྐྱོན་བརྗོད་དང་ཟུར་ཟ་བྱས་ཀྱང་བཀུར་ཆོག དེ་མིན་ཆབ་སྲིད་ཀྱི་ལྟ་གྲུབ་ཁོ་ན་བཟུང་སྟེ་སྐྱོན་བརྗོད་བྱེད་པ་འདི་དེ་ཙམ་ཐལ་ཆེ་དྲག་འདུག་སྙམ། མ་གཞི་ནས་འཇམ་ནོར་གྱི་རྩོམ་རྩལ་ལ་ཁྱད་ཆོས་ཞིག་ཡོད་པ་ནི་ཀློག་འདོད་པ་ཞིག་རྒྱུན་ཏུ་སེམས་ཚོར་སླེབས་ཀྱི་འདུག་པས་ཁོང་ལ་དགའ་བོ་ཡོད། ཡིན་ཡང་སྐབས་རེ་ཁོའི་བསམ་ཚུལ་འབྲི་དུས་དང་གཏམ་བཤད་གཉིས་ཀའི་ནང་༧གོང་ས༧མཆོག་གིས་སྐུ་དྲག་ལམ་ལུགས་ལ་བསྒྱུར་བཅོས་བཏང་བས་དེའི་སེམས་ནད་ཅུང་འདུག་བསམ་པའི་ཚོར་བ་ཡང་ཐེངས་མང་བྱུང་མྱོང་། ངས་ཐེངས་གཅིག་ཁོ་ཨ་རིའི་གྲོང་ཁྱེར་དེའི་མིང་དེ་རིང་དྲན་གྱི་མི་འདུག་མོད།འོན་ཀྱང་བོད་ཀྱི་གཞོན་ནུ་མང་པོ་ཞིག་གིས་ཁོང་ཆེད་མངགས་ཀྱིས་གདན་འདྲེན་ཞུས་ཏེ་གཏམ་བཤད་གནང་དུ་བཅུགས་འདུག དེ་དུས་ཁོས་གཏམ་བཤད་ནང་སྔོན་མའི་བོད་ཀྱི་ལམ་ལུགས་ལ་ཁྱེད་ཅག་ངོ་ཚ་བྱེད་དགོས་ཀྱི་མ་རེད། སྔོན་མ་ང་ཚོའི་དགའ་ལྡན་ཕོ་བྲང་གིས་སྲོག་ཁྲིམས་གཅོད་པ་དེ་མེད་པ་བཟོས།དེ་ནི་འཛམ་གླིང་གི་ནང་ཐོག་མ་རེད་ཅེས་འུར་བསྟོད་ཆེན་པོ་བློ་སྟོབས་ཆེན་པོ་བྱས་སོང་། ཡིན་ཡང་སྔོན་མའི་ཁྲིམས་ལུགས་ནང་མི་གསོན་པོའི་མིག་རུལ་བཏོན་པ་སོགས་ཀྱི་གནས་ཚུལ་བརྗེད་ཡོད་ངེས་མ་རེད།མ་ཟད་རྭ་སྒྲེང་རིན་པོ་ཆེ་ཡང་བཙོན་ཁང་ནས་སྒོང་འབྲས་གཅུར་ཏེ་བསད་པ་སོགས་བཙོན་ཁང་གི་ཁྲིམས་ཡིན་མིན་མི་ཤེས་ཀྱང་གནས་ཚུལ་བྱུང་བ་རེད།ཡིན་ཡང་ཁོས་དེ་འདྲའི་རིགས་ནམ་ཡང་བཤད་ཀྱི་མེད། ད་རུང་དེ་འདྲའི་རིགས་མང་པོ་མཐོང་སོང་བས་གོང་གི་སེམས་ཚོར་དེ་བྱུང་མྱོང་།
རེད་་མི་མང་པོ་ཞིག་གིས་བོད་རང་བཙན་ཁ་ནང་དུ་འཁོར་ནས་རྩོད་མ་འོང་ཟེར་གྱི་འདུག བོད་རང་བཙན་རྩོད་པ་ལ་བོད་གཞུང་གིས་ངོས་ནས་དབང་ཆ་དང་ཁོར་ཡུག་མ་སྤྲད་ན་རང་བཙན་རྩོད་སྟངས་མེད། སོ་སོའི་གཞུང་གིས་བོད་རང་བཙན་རྩོད་པ་ལ་ངོས་ལེན་མེད་ན་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ཡོང་ཐབས་མེད།
མདུང་རྩེ་ནང་ལ་གཏད་ཀྱི་འདུག་ཅེས་བཤད་ཀྱི་རེད། ནང་ནས་རང་བཙན་འཐབ་རྩོད་ཀྱི་ཐོག་ཏུ་འགྲིག་ཡོད་མེད་བསམ་བློ་བཏང་མྱངས་སམ། བོད་རང་བཙན་རྩོད་པ་ལ་ཆ་རྐྱེན་དགོས་པ་རེད། ཆ་རྐྱེན་དང་པོ་ནང་ནས་ཚང་དགོས་པ་རེད། ནང་ནས་རང་བཙན་རྩོད་ཀྱི་མིན་དང་མིན་ཟེར་ཡོང་དུས་མདུང་རྩེ་རང་བཞིན་གྱི་ནང་དུ་འཁོར་བ་འགྲོ་བ་ནི་ཆོས་ཉིད་ཤིག་རེད་དོ།།
དབུ་མ་པ་ཚོས་རྒྱ་ཁུངས་སྡོད་ཀྱི་ཡིན་ཟེར་ནས་གཞུང་དམངས་གཉིས་ཁྲིད་འགྲོ་དུས་རང་བཙན་རྩོད་སའི་ས་ཆ་ཞིག་ག་པ་འདུག་གམ། བསམ་བློ་ཏོག་ཙམ་བཏང་ནས་གསུང་རོགས་བྱོས། ཁ་ཧམ་ཧམ་ནང་ནས་གཏམ་ཕད་ཕད་རེ་བཤད་མ་འོང་རོགས།
རྒྱལ་གཅེས་པ་ཀརྨ་ཆོས་འཕེལ་ལགས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་མིན་ཟེར་དུས་ཁྱོད་ཚོ་ཁོང་ཁྲོ་ག་ཚོད་ཟ་མ་སོང་ངམ། ང་ཚོ་ཡང་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་མཁན་ཚོ་ཐོག་ཏུ་སྙིང་རླུང་ལངས་འོང་གི་འདུག གཅིག་པ་རེད་བ། གནད་ལུགས་ཐོག་ཏུ་དྲང་པོ་གནང་རོགས་བྱོས། དྲང་པོ་བཤད་རོགས་བྱོས།
ང་སྒེར་དོན་གྱི་ཐོག་ནས་མི་གཅིག་ལ་མི་དགའ་བ་དེ་འདྲ་རྩ་བ་ནས་མེད། ཡིན་ཀྱང་རྩ་དོན་འཐབ་རྩོད་ཀྱི་ཐོག་ཏུ་གསོད་རེ་བྱེད་དགོས་ས་རེད་བསམས་བསམས་མང་པོ་ཡོང་གི་འདུག ཅིའི་ཕྱིར། ལྟ་གྲུབ་མི་མཐུན་པ་དང་དབང་ཆེ་ཆུང་གི་ཐོག་ནས་བརྙས་བཅོས་བྱས་ཀྱི་ཡོད་པས་རེད་དོ།།
ལྟོས་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་སྤྱི་རྒྱུ་ལྐོག་ཟ་བྱས་ནས་བསྡད་ནའང་ཅང་ཟེར་མཁན་ཡོད་པ་མ་རེད། བོད་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་ཞིག་ཡིན་ན་མ་ཉེས་ཁ་གཡོག་གི་ཞྭ་མོ་གོན་གང་ཐུབ་བྱེད་ནས་མྱི་གྲལ་ནས་ཁྱི་གྲལ་གཡུག་ཨེ་ཐུབ་བལྟ་གི་རེད། འདི་ཡ་རབས་རེད་དམ། འདི་རྒྱུ་འབྲས་ཡོད་པའི་སྐད་ཆ་རེད་དམ།་་་ཧཧཧ ངོ་མ་སྐྱུག་མེར་ལངས་འོང་འདུག
ཨོ་རེད་་་ད་དུང་ལྟོས་ཨ་་་དྲ་ཐོག་ཏུ་སོ་སོའི་མིང་ཙམ་ཡང་འབྲི་མི་ནུས་པར་སྤྱི་ཚོགས་ནང་གི་ཕྱི་གསལ་ནང་གསལ་ཡོད་པའི་ཀརྨ་ཆོས་འཕེལ་དང་འཇམ་ནོར་ལྟ་བུ་རྣམས་ལ་ཚད་ལས་བརྒལ་བའི་སྐྱོན་བརྗོད་བྱེད་ཀི་རེད། བསམ་བློ་ཐོངས་དང་། ཕོ་ཡིན་ནམ་མོ་ཡིན། སྤྱི་ཚོགས་ནང་དུ་ཕྱི་གསལ་ནང་གསལ་བཟོ་མི་ཕོད་པའི་གནད་དོན་ག་རེ་རེད་དམ། སྤྱི་རྒྱུ་ལྐོག་ཟ་བྱས་པ་ཡིན་ནམ།
བོད་མི་རྒྱལ་གཅེས་པ་ཚོས་རང་སྲོག་བློས་བཏང་གི་ཡོད་རེད། མིང་ལྷག་འོག་གི་མི་ཁ་རྒྱག་པ་ཁྱོད་ཚོས་བློ་གཏོང་ག་རེ་བྱེད་ཀྱི་ཐུབ་ཀྱི་ཡོད་དམ། གཞན་ལ་དམའ་དང་མཐོང་ཆུང་ཁྱད་བསད་རྐྱང་རྐྱང་བྱས་ནས་ཕན་ག་རེ་ཐོགས་སོང་ངམ། ཕྱི་གསལ་ནང་གསལ་གྱི་བོད་མི་བསམ་ཚུལ་བཤད་མཁན་བསླེབས་སོང་ན་མིང་ལྷག་གི་འོག་ནས་དགག་པ་ཆར་པ་འབབ་འབབ་རེད། ངོ་མ་བོད་མི་རིགས་འདི་ལ་བདེ་སྐྱིད་ཡོང་ཡང་ཡོང་གི་མི་འདུག་ལ་ཡོང་དོན་ཡང་ག་ནས་ཡོད་བསམ་བསམ་རེད།
དྲ་གྲོགས་ཅོ་རི་ལགས་ཁྱེད་ཀྱི་དགོངས་ཚུལ་ངས་ཤེས། ཡིན་ནའང་ངས་ཁྱེད་ཀྱི་དགོངས་ཚུལ་དང་དགོངས་པར་གང་ཡོད་པ་དེ་ཤོད་ཕོད་པར་ངས་ཁ་ཁོག་གཉིས་མེད་དང་བོད་མི་རིགས་འདི་ལ་སེམས་གཏིང་ནས་དགའ་ཞེན་དང་ལྷག་བསམ་ཟོལ་མེད་ཡོད་པ་དེ་ལ་རྗེས་སུ་ཡི་རངས་བསྔགས་བརྗོད་ཚད་མེད་ཞུ་བཞིན་ཡོད། ངས་ཁྱེད་ཀྱི་དགོངས་ཚུལ་ཐོག་མར་དུས་བབས་དྲ་རྒྱུར་མཐོང་བ་ནས་བཟུང་སྟེེ་ཁྱེད་རང་ལ་སྨོན་པ་སྐྱེ་བཞིན་ཡོད། ཡིན་ནའང་ད་ལྟ་བོད་མི་རིགས་འདི་ད་དུང་ཡང་དམངས་གཙོའི་གནད་དོན་ཤེས་མེད་པས་ཁ་ཁོག་གཉིས་མེད་ཀྱི་སྐད་ཆ་ཤོད་ས་ཞིག་རེད་མི་འདུག ད་དུང་ཡང་ལྷ་དང་འདྲེ་ཞེས་སྨོད་ཀྱང་དེ་ལ་སྐྱབས་བཅོལ་བ་དང་རེ་བ་རྒྱབ་པ་སོགས་རྨོངས་དད་ཀྱི་རྒྱ་ལས་གྲོལ་ཐུབ་མེད། མི་དང་མི་ཐུག་ནས་སྐད་ཆ་ཤོད་དུས་སྟེང་གི་ལྷ་ཡི་བཀའ་ལུང་མར་འདྲུད་ཡོང་གི་རེད། བྱས་ཙང་ཤིན་ཏུ་ཁག་པོ་རེད། དམངས་གཙོའི་གོ་རྟོགས་མེད་ན་དམངས་གཙོ་ཞེས་མི་དམངས་ལ་སྦྱིན་ཀྱང་ཕན་ཐོགས་མི་འདུག གཟིགས་དང་བལ་ཡུལ་གྱི་རྒྱལ་ཁབ་འདི་བཞིན་སྔར་རྒྱལ་པོའི་སྐབས་སུ་མི་མངས་ལ་བདེ་སྐྱིད་ཞི་བདེ་འདུག ད་ཆ་ཤེལ་འཕྲེང་འཐོར་བ་བཞིན་འཐོར་བཞིན་འདུག ལྐོག་ཟ་བྱེད་མཁན་ཇེ་མང་རྐུན་ཇག་ཇེ་དར་རེད་འདུག མི་མང་ལ་དམངས་གཙོའི་ཤེས་ཚད་མེད་ན་སྨྲ་བརྗོད་རང་དབང་སྤྲོད་ཀྱི་མ་རེད།
བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་གོ།།
ཧ་ཧ་ཧ་
མི་འདི་ཚོ་༧རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་ཐབས་མཁས་བ་དང་བྱུས་བཟང་བ་ཡོད་མདོག་མདོག་་་་་མ་རིག་པས་དངོས་གནས་དྲང་གནས་སྒྲིབ་པ་ཡིན་ན་ནི་ཉམ་ཐག་པ་འདི་ཚོར་སྙིང་རེ་ཇེ།།
དྲ་གྲོགས་བན་དེ་བ་ལགས། ངས་ངོས་ནས་ལྐོག་ཟ་རུལ་སུངས་ཟེར་བ་འདི་ནི་འབངས་མི་ཉམ་ཆུང་ཚོའི་ལྟོ་ཕོར་འཕྲོག་མཁན་དང་རྒྱལ་ཁབ་ཡར་རྒྱས་འགྲོ་མི་བཅུག་མཁན་གྱི་དགྲ་བོ་ངོ་མ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། ལྐོག་ཟ་རུལ་སུངས་མེད་པ་བཟོ་མ་ཐུབ་ན་བོད་རང་བཙན་ཡོད་ཀྱང་བོད་མི་ཉམ་ཆུང་རྣམས་ལ་ཁེ་ཕན་སྤུ་ཙམ་ཡོང་མི་སྲིད། དེ་བརྟེན་བོད་མི་ཉམ་ཆུང་ཚོའི་ཆེད་དུ་ལྐོག་ཟ་རུལ་སུངས་དགག་གང་ཐུབ་བྱེད་དགོས་ངེས་ཡིན་ནོ།
གཉིས་པ། བཙན་བྱོལ་བོད་མིའི་ཤེས་ཡོན་ཡག་པོ་ཆགས་བསྡད་ཡོད་རེད། ཡིག་རྨོངས་བརྒྱ་ཆ་ཉུང་ཉུང་ལས་མེད། དམངས་གཙོ་ལོངས་སུ་སྤྱོད་ཐུབ་དགོས་ངེས་རེད། ཡིན་ཀྱང་བཙན་བྱོལ་བོད་མི་རྣམས་ཀྱི་ནང་དུ་མ་བིན་མང་བ་དང་། སྒེར་དོན་འགྲུབ་སོང་ན་སྤྱི་དོན་ལ་བསམ་བློ་མི་བཏང་བ། ཀླད་པ་ཆོས་ཀྱིས་བཟི་བའི་མི་མང་བ། བླ་སྤྲུལ་གཡོ་སྒྱུ་མཁས་པ་བཅས་ཀྱིས་དམངས་གཙོ་ལོངས་སྤྱོད་ཐུབ་ཀྱི་མེད་པ་རེད།
ཡིན་ཀྱང་་ད་ལྟའི་བར་དུ་འཛམ་གླིང་ཐོགས་ཏུ་དམངས་གཙོ་ལས་ཡག་བའི་ཆབ་སྲིད་ཤིག་མེད། མ་འོངས་པ་དེ་ལས་ཡག་བའི་ཆབ་སྲིད་རེ་གསར་གཏོད་ཡོང་མི་སྲིད་མ་རེད། བོད་མི་རིགས་ཀྱིས་ཀྱང་དམངས་གཙོ་ལ་ངེས་པ་ཏུ་ལོངས་སྤྱོད་ཐུབ་པ་གནང་དགོས། དམངས་གཙོ་མེད་ན་རང་དབང་གཙང་མ་ཞིག་ཡོང་ཡ་མེད།
མདང་དགོང་ངས་ཡུང་ཁྲིང་ནང་དུ་གློག་བརྙན་ཞིག་བལྟས་པ་ཡིན། སྟོད་མངའ་རི་བ་རེད། མངའ་རི་མི་དམངས་ཀྱི་འཚོ་བའི་གནས་སྟངས་དང་ཤེས་ཡོན་བཅས་དང་སི་སུད་གཉིས་བསྡུར་དུས་སེམས་པ་སྐྱོ་ནས་མིག་ཆུ་ལན་གཅིག་ཤོར་དགོས་བྱུང་། བོད་མི་རིགས་འདིའི་ཆབ་སྲིད་དང་དཔལ་འབྱོར་བཅས་ཀྱི་ཐོག་ཏུ་སི་སུད་ལྟ་བུ་ཆགས་པ་ལ་ལོ་༢༠༠་འགོག་ས་རེད་བསམས་བསམས་འདུག
རང་གི་ལུས་པོ་ཙམ་ཡང་ཆུ་ལ་ཁྲུས་མ་མྱངས་བའི་མི་རིགས་འདིའི་དམངས་གཙོའི་འགན་ཁུར་ཐུབ་པའུ་དུས་ཤིག་ག་དུས་སླེབས་འོང་ན་བསམས་ནས་སེམས་པ་ཧ་ཅང་སྐྱོ་པོ་བྱུང་། བཙན་བྱོལ་བོད་མིས་དམངས་གཙོ་ལ་ལོངས་སྤྱོད་མ་ཐུབ་ན་གཞིར་ལུས་བོད་མི་མང་ཕྱོགས་ནི་དུར་འགྲོ་ལས་བཟང་ཙམ་ལས་མི་འདུག་གོ་་་དཀོན་མཆོག་མཁྱེན་་་དེ་འདྲ་རེད་་་ཤ་ཉེ།
ཆུ་ཡི་ཉ་མོ་ལག་ལེན་ཆུ་ལ་ཟབ།
གང་གི་མྱོང་བ་དེ་ལ་རྒྱུས་སུ་ཆེ།་་ཞེས་དམ་པ་དགེ་ཆོས་མཆོག་གིས་གསུངས་པ་ལྟར་འཇིག་རྟེན་འཁོར་བའི་རྣམ་བཞག་ལ་འཇིག་རྟེན་པ་མཁས་པ་ལས་དགྲ་བཅོམ་པ་མི་མཁས། ཆུ་ནང་ཉ་ཟིན་དགོས་ན་ཉ་པ་རྒད་པོ་མཁས་པ་ལས་སློབ་སྤྱི་ཆེན་མོ་མི་མཁས་བསམས་ཀྱི་འདུག་་་ཧཧཧ
འཇིག་རྟེན་ཀུན་རྫོབ་ཀྱི་རྣམ་བཞག་ལ་མཁས་པ་ནི་མ་རིག་ཡིན་པ་ལས་དོན་དམ་སྟོང་ཉིད་རྟོགས་པའི་ཤེས་རབ་མིན།་་་ཧཧ
ཨོ་རེད་་་༧རྒྱལ་བ་རིན་པོ་ཆེན་ལ་དགའ་མདོག་དང་དྲིན་ལན་འཇལ་མཁན་ཡིན་མདོག་བྱེད་མཁན་ང་ཅོ་རིའི་མི་ཚེ་ནང་དུ་གང་མང་མཐོང་མྱངས་ཡོད། ཁ་མ་ཡིན་དོན་གྱིས་དྲིན་ལན་འཇལ་མཁན་ཞིག་ཡིན་ན་བོད་མི་ཉམ་ཆུང་རྣམས་སྐྱོང་རོགས་བྱེད་དགོས་པ་ལས་སྤྱི་རྒྱུ་ལྐོག་ཟ་བྱེད་ནས་སྡོད་ཀྱི་དེ་མ་རེད།
༧རྒྱལ་བ་རིན་པོ་ཆེན་གྱིས་དམིགས་ཡུལ་ངོ་མ་བོད་མི་རིགས་ཀྱི་བདེ་སྐྱིད་འདི་ཡིན་ན་འཇམ་ནོར་དང་ཀརྨ་ཆོས་འཕེལ་སོགས་ཀྱིས་དྲིན་ལན་འཇལ་བཞིན་ཡོད་པ་ལས་དྲིན་ལོག་བྱེད་བཞིན་མེད། དྲིན་ལན་ལོག་འཇལ་བྱེད་མཁན་ངོ་མ་རྒྱལ་བཙོང་བ་དང་ལྐོག་ཟ་རུལ་སུངས་ཚོ་ཡིན།
གལ་སྲིད་བཙན་བྱོལ་བོད་པར་མང་གཙོ་དང་རང་དབང་ངོ་ཐོག་ཏུ་ཡོད་ཚེ་རང་བཙན་དང་དབུ་ལམ་གང་ཞིག་བསམ་ཆོག་པ་དང་བཤད་ཆོག་པ་ཞིག་ངེས་པར་དུ་དགོས། བླ་དཔོན་འགས་ཅི་གསུངས་བཀའ་ལྟར་འགྲོ་དགོས་ན་མང་གཙོ་དང་རང་དབང་ཞེས་པའི་ཚིག་སྦྱོར་སྙན་པོ་དེ་དག་བེད་སྤྱོད་མ་གཏོང་ན་ཡག་རྒྱུ་རེད། ཀརྨ་ཆོས་འཕེལ་ལགས་ཀྱིས་མང་གཙོ་དང་རང་དབང་སོགས་འགྲོ་བ་མིའི་ཀུན་སྤྱོད་དང་འགལ་བའི་གཏམ་བཤད་གང་དུ་ཡང་སྤེལ་མི་འདུག། གལ་སྲིད་བོད་རང་བཙན་ལ་མོས་ནས་དབུ་ལམ་ལ་རྒྱབ་སྐྱོ་མ་བྱས་པས་ཁོང་མི་ནག་ཆེན་ཞིག་ཏུ་འདོད་ན་དེ་ལྟར་འདོད་མཁན་དེ་ཡང་བོད་མི་རིགས་འདིར་དོན་དངོས་ཀྱི་ལར་རྒྱ་ཡོད་མེད་དཔྱོད་རྒྱུ་རེད། ཐབ་བརྒྱ་ཇུས་སྟོང་གིས་བོད་འདི་རྒྱའི་ཁོངས་སུ་སྒྱུར་ཐབ་བྱེད་པར་ཡང་ཕྱི་ནང་གི་མིའི་ཁྱད་པ་མེད། མ་གཞི་ནི་དབུ་ལམ་འདིས་རྒྱ་བོད་བར་གྱི་དཀའ་སེལ་ཉེར་ལམ་དང་རང་བཙན་ནི་རིང་ལམ་ཡིན་ཚུལ་འདི་ཡང་དོན་དངོས་དང་མཐུན་པ་ཞིག་མ་རེད། དབུ་ལམ་སྤྱོད་ནས་རྒྱ་མི་བརྒྱ་ཕྲག་ཁ་ཤས་མཉམ་དུ་འབྲེལ་གྲོགས་བྱུང་བ་དེ་ཙམ་ལས་འདི་གཉིས་ལ་ཉེར་རིང་གི་ཁྱད་པར་སྤུ་རྩེ་ཙམ་ཡང་མཐོང་རྒྱུ་མི་འདུག། ད་ལྟའི་དབུ་ལམ་འདིར་སྤྱོད་ནས་བོད་མི་སྟོང་ཕྲག་མང་པོའི་སེམས་ནང་རྨ་ཁ་བཟོ་བཞིན་པ་འདིར་བསམ་གཞིགས་གནང་དགོས་པ་མ་ཡིན་ནམ། དབུ་ལམ་དབུ་ལམ་ཟེར་ནས་རྒྱ་རྒན་ལ་ངོ་སྟོད་ག་ཚོད་ཞུ་ཀྱང་བོད་ལ་ཕན་རེ་མེད་པས་མི་ལོ་ལྔ་བཅུའི་ལྷག་གི་རྒྱ་བོད་མཉམ་གནས་ཀྱི་བྱུང་རིམས་ནས་གསལ་ནི་ཡོད། གལ་སྲིད་དབུ་ལམ་གྱིས་རྒྱ་བོད་མཐུན་ཐབ་ཞིག་ཡོད་ན་རྒྱ་དམར་གྱིས་༧གོང་ས་མཆོག་ལ་མཚན་སྨད་དང་སྐུ་འདེབས་མུར་མཐའ་མེད་པའི་འདི་ལྟ་བྱེད་དགོས་དོན་གང་ཡིན་ནམ། འདི་དག་ནི་རང་བཙན་པར་ངན་ཁག་གཡོག་རྒྱུར་ངན་སེམས་མ་སྐྱོངས་རོགས།
བོད་ཀྱི་བོད་རྒྱལ་མཚན་ལགས་་་་ཐུགས་རྗེ་ཆེ། ཁྱོད་ཀྱི་བཀའ་མོས་དེ་ནི་ངོ་མ་བདེན་པ་རེད།་་་དབུ་མ་ལམ་འདིས་ང་ཚོའི་སེམས་ལ་རྨ་ཁ་བཟོ་པ་ཉུང་ཉུང་རྩ་བ་ནས་མིན། བོད་མི་རིགས་དང་ཁ་བྲལ་ནས་འགྲོ་བཞིན་ཡོད།
ཅོ་རི་ཉི་མ་ལགས། ཚོར་བ་རྗེས་འབྲང་གི་སྐད་ཆ་མ་བཤད་པར་དེ་བས་གནས་ལུགས་དང་རྒྱུ་མཚན་རྗེས་འབྲང་གི་སྐད་ཆ་བཤད་ན་གང་འདྲ་འདུག ཁྱེད་རང་གིས་ཀརྨ་ཆོས་འཕེལ་གྱིས་བཤད་པའི་སྐད་ཆ་དང་འཇམ་ནོར་གྱིས་ལུང་དྲང་པའི་ཀརྨ་ཆོས་འཕེལ་གྱི་ལུང་འདྲེན་གཉིས་ལ་ཁྱད་པར་གང་འདུག འཇམ་ནོར་གྱིས་རྩོམ་ཡིག་ནང་ཀརྨ་ཆོས་འཕེལ་གྱི་བཤད་པའི་སྐད་ཆའི་ཟུར་གཅིག་ལས་ལུང་མ་དྲང་པའི་རྒྱུ་མཚན་ཅི་རེད། ཁྱེད་རང་གིས་ཀྨ་ཆོས་འཕེལ་གྱིས་བཤད་པའི་སྐད་ཆ་ཆ་ཚང་ལ་ཐེངས་གཅིག་ཉོན་དང་། གཞི་ནས་ཁོ་པའི་སྐད་ཆའི་དོན་རྟོགས་ངེས་ལ་ཁོ་པས་རང་དབང་གཙང་མ་དང་རང་བཙན་གྱི་འཁྲུལ་གཞིའང་རྟོགས་ངེས་རེད། དེ་གཅིག་ཡིན། མ་གཞི་ནས་རང་བཙན་དང་དབུ་མ་གཉིས་དེ་མེ་སྤུ་ཁ་སྤྲོད་ཀྱི་གནས་བབ་ཞིག་གི་སྟེང་དུ་ལྷག་མེད། གང་ཡིན་ཟེར་ན། དེ་གཉིས་ཀྱི་ཁ་གཏད་དེ་རྒྱ་དམར་པོ་རེད་མ་གཏོགས་གཞན་སུའང་མ་རེད། དེས་ན་དེ་གཉིས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་བདེ་སྡུག་སེལ་ཐབས་རེད། གཉིས་ནས། མི་རིགས་ཤིག་གི་འཐབ་བརྩོད་དེ་མི་སྒེར་རེ་རེ་ནས་འགོ་བཙུགས་ཏེ་བརྩོད་དགོས་པ་ཞིག་རེད། དེར་བརྟེན་བོད་གཞུང་གི་རང་བཙན་བརྩོད་པའི་ཁོར་ཡུག་སྤྲོད་ཀྱི་མི་འདུག་ཟེར་ན་ཅུང་ཐལ་དྲག་པར་འདོད། ཁྱེད་རང་ལ་མཚོན་ནས་བཤད་ན། ཁྱེད་རང་རང་དབང་རྒྱལ་ཁབ་ནང་ཡོད་པ་རེད། ཁྱོད་རང་གི་བོད་རྒྱལ་ཁབ་ཀྱི་རང་བཙན་ཆེད་དུ་ཡུལ་ཁྲིམས་དང་མ་འགལ་བའི་ལས་ཀ་ག་རེ་བྱས་ཀྱང་འཐུས་པ་རེད། བོད་གཞུང་ངོས་ནས་ཁྱེད་རང་ལ་གནོན་ཤུགས་སོགས་གང་སྤྲོད་ངེས་མིན། དེས་ན་ཁོར་ཡུག་དགོས་ན་སོ་སོས་བསྐྲུན་དགོས་པ་ལས་ཁོར་ཡུག་རྡོག་རྡོག་གཅིག་སུ་ཞིག་གིས་སྤྲོད་ཐུབ་ཀྱི་མ་རེད།
ན་རང་བཙན་ཨང་དང་པོར་འདེམས་ངེས་རེད། འོན་ཀྱང་། རང་བཙན་གྱི་འདམ་ང
དྭ་དངོས་གནས་བོད་པ་ཚང་འདི་སེམས་ཚོར་དང་འགན་ཁུར་གཉིས་ལྡན་གྱི་མི་བུ་དག་མ་ཞིག་དྲྭ་མཆན་འདི་ལ་ཧ་ཅང་མཐོང་དཀོན། རང་མིང་ཙམ་ཡང་འབྲི་མི་འདོད་པ་མ་ཟད་རང་ལས་གང་ཟག་གཉིས་པ་ཞིག་གིས་ཤེས་མི་བཅུག་པ་དང་། ད་དུང་མི་གཅིག་གི་མིང་གསུམ་དང་བཞི་ལྔ་ལྷག་བཀོལ་སྤྱོད་བྱས་ཏེ་ལོ་ཆུང་བྱིས་པ་ཁ་རྩོད་རྒྱབ་པ་བཞིན་མདོར་ན་མིའི་བཟང་སྤྱོད་ཟེར་བ་དེ་དྲི་ཙམ་ཡང་མེད་པའི་དབང་གིས་འགན་འཁུར་དང་བསམ་ཤེས་གང་ཡང་མེད་ཐོག་དུས་ཚོད་གང་ཆོད་བྱེད་བཞིན་པ་འདི་དག་ལ་བལྟས་ན་བོད་མི་རིགས་འདི་ད་དུང་རང་དབང་དང་མང་གཙོ་ཟེར་བ་གོ་དོན་དེ་ཉིན་མོ་སྐར་མ་བཞིན་སྣང་། ད་དུང་རང་བཙན་ཁ་འཁྱེར་པ་འཇམ་ནོར་སོགས་འགའ་ཞིག་གིས་རྩོད་དགོས་ངེས་རང་བཙན་མ་རྩོད་པ་རྒྱུན་དུ་མདའ་རྩེ་དང་མདུང་རྩེ་ཐམས་ཅད་ནང་དུ་བཀོལ་ཏེ་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་སོགས་ལ་མ་ཉེས་ཁག་གཡོག་གི་སྐྱོན་བརྗོད་ཁོ་ན་བྱེད་བཞིན་པ་འདིས་བོད་མི་རིགས་ཆིག་སྒྲིལ་གྱི་རྩ་བ་རྨངས་ནས་གཏོར་བ་ཙམ་ལས་མི་རིགས་ཀྱི་བདེན་དོན་ཆེད་ཕན་པ་ལས་གནད་པ་ཆེ་བ་ཤེས་བཞིན་དུ་ཡང་ཡང་བྱེད་བབ་འདིས་གང་ནས་བསམ་ཀྱང་མི་རིགས་ཀྱི་དོན་དུ་མིན་པ་ཤེས་ཐུབ། མི་འདི་དག་གིས་རང་དོན་ཁོ་ནའི་ཆེད་འཚོ་བ་རོལ་ཏེ་ཕྱི་རྒྱལ་རང་དབང་ལུང་གང་ཞིག་ལ་སླེབ་ཉལ་བྱེད་ནས་བསྡད་པ་མ་གཏོགས་བོད་ནང་གི་བོད་མིའི་ཆེད་དུ་དོན་དམ་པའི་བསམ་བློ་རེ་གཏོང་མྱོང་ངམ། རང་དབང་ལུང་པ་ནང་དུ་ཁ་སྟོང་ནང་གི་ཚིག་སྟོང་རེ་བཤད་པ་ལས་མི་རིགས་ཀྱི་ཆེད་དུ་དཀའ་ལས་སུས་རྒྱབ་མིན་བོད་མི་མང་རྣམས་ཀྱིས་སེམས་ལ་གསལ་གསལ་ཐིང་ཐིང་ཡོད།
བཙན་པོ་བུ་ལགས། འཇམ་ནོར་དང་ཀརྨ་ཆོས་འཕེལ་གཉིས་ཀྱི་བར་དུ་དཀྲུགས་ཤིང་བརྒྱབ་དགོས་པ་མ་རེད། ཀརྨ་ཆོས་འཕེལ་གསུངས་ཚད་ཐབས་ཅད་འཇམ་ནོར་གྱིས་ལུང་འདྲེན་བྱས་མེད་ནའང་སྐྱོན་མི་འདུག་པས་བཞག་ན་འགྲིག་གི་འདུག ང་ཚོ་བོད་རང་བཙན་འདོད་མཁན་རྣམས་ལ་ཡང་ལ་རྒྱ་རེ་ཡོད།
བཙན་བྱོལ་བོད་གཞུང་འདི་ངའི་གཞུང་རེད་དམ་མ་རེད། བོད་རང་བཙན་འདོད་མཁན་ཚོའི་གཞུང་རེད་དམ་མ་རེད། ཡིན་ན་གཞུང་གིས་བོད་བཙན་འདོད་མཁན་ཚོས་རྒྱབ་སྐྱོར་མི་བྱས་དོན་གང་རེད་དམ། གཞུང་གི་ལམ་ཕྱོགས་བོད་རང་བཙན་མི་འདོད་པ་གང་ཡིན་ནམ། བོད་རང་བཙན་འཐབ་རྩོད་བྱེད་སའི་ཁོར་ཡུག་ཡོད་ཟེར་་བ་ནི་བདེན་པའི་གནད་ལུགས་ཤིག་མིན།
བྱས་ན་གཞུང་གི་ལམ་ཕྱོགས་བོད་རང་བཙན་གྱི་ཐོག་ཏུ་འགྲོ་ནས་ཁྱོད་རང་ཚོས་དབུ་མ་ཟུར་ལ་རྩོད་ན་ག་འདྲ་འདུག་གམ། ཁྱོད་རང་ཚོ་ཡང་རང་དབང་ལུང་པ་ནང་དུ་བསྡད་ཡོད་རེད་བ།
གྲྭ་ཚང་སེར་ར་བྱེས་པའི་ནང་དུ་བཀོར་ཟ་བསྡད་ཡོད་པའི་མི་ཞིག་གིས་སོ་སོའི་ཁ་ཕོར་བ་ལའང་བསམ་བློ་གཏོང་མྱངས་སམ། རང་ཉིད་ཁོ་ནའི་ཆེད་དུ་བཀོར་ཟས་ནས་སྐྱེ་བ་ཕྱི་མར་ལྷ་ཡུལ་དུ་འགྲོ་འདོད་བྱས་ནས་བསྡད་ཡོད་མཁན་འཇམ་ནོར་ཡིན་ས་མེད། སོ་སོས་རང་ཉིད་ཁ་ནར་མིན་པ་བོད་སྤྱི་ལ་ཕན་པའི་ལས་ཀ་ག་རེ་བྱས་མྱངས་སམ།
ད་ཉ་རྙོག་མང་པོ་གླེང་འདོད་མེད། རྩོམ་པ་པོས་བརྗོད་དོན་ངོ་མ་དེ་དབུ་མ་རྣལ་མ་ཞིག་བྱེད་འདོད་ན་སེམས་གཏིང་གི་རང་བཙན་འདོར་དགོས་པ་མ་ཟད། ཕར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་ནས་རྒྱ་གཞུང་དང་མཉམ་དུ་མཉམ་ལས་བྱེད་འགོ་བཙུགས་ནས་ཕན་ཚུན་ཡིད་ཆེས་བརྙེད་པ་བྱེད་རྒྱུ་དེ་རེད། ད་དེ་སུ་སུ་མེས་རྒྱལ་གྱི་པང་དུ་ལོག་འདོད་ཡོད་མེད་དེ་རེད། ཡུལ་གྱར་ལ་བསྡད་དེས་ཏང་གི་བཅའ་ཁྲིམས་ལ་བརྩི་བཀུར་ཡོད་མདོག་གིས་རེ་བ་ཆེན་པོ་ཞིག་བརྒྱབས་བསྡད་པས་ཅང་ཕན་ནི་མ་རེད། ཏང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་བྲོ་བ་ཡིན་ཅིག་མྱང་དགོས་པ་དེ་གལ་ཆེན་པོ་རེད། ཏང་གི་རྩ་ཁྲིམས་དང་བཅའ་ཁྲིམས་དེ་གཏན་ལ་ཕབས་ནས་ད་བར་ལག་བསྟར་ཇི་ཙམ་བྱས་འདུག། འབྱུང་འགྱུར་ལག་བསྟར་གང་འདྲ་བྱེད་ཀྱི་རེད། དེ་ཡང་བསམ་བློ་གཏོང་དགོས་པ་རེད།
ཁྱོད་ཚོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་མིག་བཙུམ་ནས་བསྡད་པ་དེ་ཡང་རང་ཉིད་ཀྱི་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཆེད་དུ་མིན་ན་གང་ཡིན་ནམ། རང་དོན་ཁོ་ནར་མ་གཏོགས་བསམས་ཀྱི་མེད་མཁན་དང་འཛམ་གླིང་ལ་མེད་པའི་བདེ་སྐྱིད་ཤིག་འཐོབ་འདོད་ཡོད་མཁན་ཁྱོད་ཚོ་མིན་སུ་རེད་དམ།་་་ཧཧཧ
ཅི་རི་ལགས། བོད་གཞུང་དེ་བོད་མི་ས་ཡ་དྲུག་གི་བདེ་དོན་བརྩོད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་སུའང་སྙོན་མེད་རེད། དེའི་ནང་རང་བཙན་བརྩོན་མཁན་རྣམས་ཚུད་ཡོད་པ་ནི་སྨྲོས་མེད་རེད། ང་ཚོ་སུ་གཅིག་གིས་ཀྱང་རང་བཙན་བརྩོད་མཁན་ལ་ལོག་མཐོང་བྱས་ན་ནོར་སོང་བ་རེད། རང་བཙན་བརྩོད་མཁན་ཚོས་ཀྱང་རང་ཉིད་ཀྱི་ལྟ་བ་དང་ལང་ཕྱོགས་ཁྱེར་ནས་བོད་སྤྱི་པའི་རྩ་དོན་བརྩོད་ཀྱི་ཡོད། དེར་བརྟེན་ཁོང་ཚོར་གུས་བཀུར་ཞུ་དགོས་པ་རེད། འོན་ཀྱང་། སྒྲིག་འཛུགས་དང་གཞུང་ཞིག་ལ་མཚོན་ན། དེར་ལང་ཕྱོགས་དང་སྲིད་བྱུས་དགོས་པ་རེད། ང་ཚོའི་གཞུང་དེ་མང་གཙོའི་གཞུང་ཞིག་ཡིན་སྟབས་དེར་མང་མོས་ཀྱིས་ཐག་གཅོད་བྱས་པའི་སྲིད་བྱུས་ཤིག་ཡོད་པ་རེད། དེ་ནི་གཞན་གང་ཡང་མིན་པར་བོད་མིའི་ཁ་གྲངས་བརྒྱ་༦༠ཡན་གྱི་མང་མོས་ཐོབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་རེད། དེ་མང་གཙོའི་ལམ་ལུགས་ཐོག་ཐག་བཅད་པའི་སྲིད་བྱུས་རེད། གཞུང་གི་ལང་ཕྱོགས་ཡང་དེ་རང་རེད་མ་གཏོགས་གཞན་གང་ཡང་མེད། གཞུང་གི་ལང་ཕྱོགས་རང་བཙན་དགོས་ན་རྒྱུད་རིམ་ངེས་ཅན་ཞིག་གི་ཐོག་ནས་ཐག་གཅོད་དགོས་པ་རེད། མཐར་གཏུགས་ནས་བཤད་ན།་བོད་མི་བརྒྱ་ཆ་༥༠་ཡན་གྱི་རྒྱབ་སྐྱོར་དགོས་པ་རེད། བོད་གཞུང་གི་ལང་ཕྱོགས་རང་བཙན་ཆགས་ན་དབུ་མ་ཟུར་ལ་བརྩོད་མཁན་ཡོང་སྲིད་པ་རེད། གང་ཡིན་ཟེར་ན། མང་གཙོའི་འགྲོ་ལུགས་ཤིག་ཡིན་པས་སོ།
ཡང་འགའ་རེས་བོད་དང་བོད་མི་རིགས་ཀྱི་ཆག་ཆེ་ཉམས་ང་ཐམས་ཅད་འབྱུང་རྩ་སྐུ་དྲག་མ་གཏོག་གླེང་གི་མི་འདུག། བོད་ལ་གུང་ཁྲན་སླེབས་ནས་རིག་གནས་གསར་རྗེ་སྐབས་གྲལ་རིམ་འཐབ་རྩོད་ཀྱི་ལམ་ལུགས་ངུ་བྲོ་ལ་སྐྱུག་བྲོ་བ་ཞིག་བྱུང་བ་རེད། དེ་ཡང་མངའ་བདག་ཆེན་པོ་གསུམ་དང་གྲལ་རིམ་རབ་འབྲིང་མཐའ་གསུམ་དབུས་ཕྱུགས་ཀྱི་དབྱེ་འབྱེད་བྱས་པ་རེད། ཕལ་ཆེར་གནའ་སྔ་མོ་བོད་འདི་ནང་བསྟན་ཆོས་ལུགས་ཀྱི་དགེ་སྡིག་ལས་འབྲས་ཀྱིས་རྣམ་གཞག་ལ་མཁས་ཆེ་བ་བྱས་པ་ཙམ་ལས་དོན་དངོས་དབང་ཆ་ཆེ་ཤོས་མངའ་བདག་ཆེན་པོ་གསུམ་ཡིན་བཟོ་འདུག། དཔེ་མཚོན་ཆུང་ཆུང་ཞིག་བཀོད་ན་ལྷ་སར་དབྱིན་སློབ་འཛུགས་རྩིས་བྱས་པར་གདན་ས་ཁག་གིས་ངོ་རྒོལ་གྱིས་ལམ་ལྷོངས་མ་བྱུང་བ་རེད། དེ་དེ་བཞིན་ར་སྟག་གི་དོན་རྐྱེན་བྱུང་རྩ་ལ་སོམས་དང་འདི་ཚོའི་ནང་བྱེད་གཏེ་སུ་སུ་རེད་འདུག། འོ་ན་སྐུ་དྲག་མ་གཏོག་མངའ་བདག་གཞན་གླེང་འདོད་མེད་པ་རེད་ཡང་ན་གླེང་མི་ནུས་པ་རེད།
བཙན་པོའི་བུ་ལགས། ༢༠༠༨་ལོར་བོད་རྒྱལ་ཡོངས་གཞུང་དམངས་ཛ་དྲག་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་གཞུང་ལ་བསྒྱུར་དགོས་ཀྱི་དམངས་་མོས་བྱུང་བ་རེད། དམངས་མོས་ལ་བརྩི་མེད་རྡོག་རོལ་བཏངས་ནས་སྒྲིག་འཛུགས་ལ་སྒྱུར་པ་རེད། ༢༠༡༡ལོར་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་གི་མཚན་བྱང་རང་བཞག་དགོས་དམངས་མོས་བྱུང་བ་རེད།་་་རྩིས་མེད་བཏངས་ཡོད། དམངས་གཙོའི་ལུགས་བཤད་སའི་ས་ཆ་ཅང་ལྷག་ཡོད་པ་མ་རེད།
དབུ་མ་ལམ་འདི་ཡང་བརྒྱ་ཆ་༥༠་ཡན་ཆན་གྱིས་འོས་ཐོབ་པ་དེ་འདྲ་མ་རེད། དམངས་གཙོའི་ལམ་ནས་འོས་བསྡུ་ཚོད་ལྡན་ཤིག་བྱས་མྱངས་མེད་པས་ངོས་ལེན་མེད།
འོ་དེ་རེད། ཐམས་ཅད་མཐའ་མ་དེ་བོད་མི་མང་གིས་འོས་འདེམས་བྱས་པའི་བཀུར་འོས་སྤྱི་འཐུས་རྣམ་པས་རྣམ་དཔྱོད་ཀྱི་རྩལ་ལས་མང་མོས་དང་ཡང་ན་སྤྱི་མོས་སོགས་ཀྱིས་ཐག་བཅད་གནང་ཡོད། ཅོ་རི་ཁྱེད་ཀྱིས་ཁ་བཤད་ཙམ་ལས་དོན་དུ་མང་གཙོ་ཟེར་བ་ཞིག་འདོད་དམ། ཡང་ན་རང་འདོད་དང་མི་འཐུན་པའི་རྒྱུ་མཚན་གང་ཡིན། ཡང་ན་ཁྱོད་ཀྱིས་ཆབས་སྲིད་ཚོགས་པ་བཙུགས་ཏེ་རང་ལྟ་དང་པའི་མཐུན་སྤྱི་འཐུས་ཤིག་གདམས་དང་། མི་བཅུ་གྲངས་ཤིག་བཀུག་ཐུབ་པའི་ནུས་པ་ཞིག་ཁྱོད་ལ་ཡོད་དམ། ཧཧཧཧ ཡང་ན་ད་བར་ཁྱོད་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་ལས་དཀའ་གང་ཞིག་བྱས་ཡོད་དམ། མི་གཞན་ལ་ཁ་ཕར་བསྐོར་བ་མ་གཏོགས། རང་གི་རང་ལ་དཔྱད་པ་རེ་བྱེད་མྱོང་ངམ། དངོས་གནས་དགོད་མོ་ཤོར་སོང་།
གྲོས་ཚོགས་ནང་དུ་ཡེ་ཤེས་དབྱིངས་དཔྱད་བྱས་པ་རེད་ཅེས་གོ་མྱངས་མེད་པེ། ཁྱོད་ལ་ཁག་མེད། ཆོས་གོས་སེར་པོའི་འོག་ནས་བལྟ་དུས་ཁ་དོག་ཡོད་ཚད་སེར་པོར་མཐོང་གི་རེད། ཧཧཧ་་ང་ལ་ནི་མི་བཅུ་བཀུག་ཐུབ་པའི་ནུས་པ་ཕར་ཞོག་རང་གིས་རང་ཡང་བཀུག་ཐུབ་ཀྱི་མི་འདུག
ངས་ནི་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་སྣ་གཅིག་ལས་མྱངས་མེད་ལ་ལས་བསམ་བཞིན་ཡང་མེད། མ་ཎི་འདྲ་འདོན་ནས་ལྷ་ཡུལ་དུ་སྐྱེས་རོགས་བྱས་ན་བསམ་བསྡད་ཡོད། ཧཧ
སྤྱི་འཐུས་རྣམ་པའི་ཕྱག་དེ་ཡེ་ཤེས་དབྱིངས་དཔྱད་ཡིན་རྒྱུ་རེད། ཁྱོད་རང་གི་མིག་ཤེལ་ནག་གྱོན་པ་སང་ཙ་ཐམས་ཅད་ནག་པོ་མཐོང་པ་རེད། རང་འདོད་དང་མི་མཐུན་ན་མང་མོས་དང་སྤྱི་མོས་ཟེར་བ་དེ་ཕར་རིའི་སྤང་རྒྱན་རང་རེད། ཧཧཧ
རྒྱུ་ནོར་གྱིས་སྟོང་བའི་སྒམ་ཆུང་དེ། །
རྣར་གཟན་གྱི་པང་སྒྲ་ཁྲོག་སེ་ཁྲོག །
བློ་རིག་གིས་སྟོང་བའི་གླེན་བུ་དེ། །
དོན་མེད་ཀྱི་ཅ་ཅོ་ལྷང་སེ་ལྷང་། །
རང་བཙན་གྱི་ཆེད་དུ་ཁོག་པའི་ནང་གྲ་སྒྲིག་ཁབ་རྩེ་ཙམ་ཡང་མེད་པའི་མི་རེ་ཟུང་ཅིག་གིས་དུས་རྒྱུན་རྡ་སའི་བོད་གཞུང་ལ་ངན་དམོད་དང་མཚང་འདྲི་བྱེད་ལ་དཀའ་ལས་རྒྱག་གིན་འདུག ཧཧཧ
མཐོ་པོའི་རི་ནས་བརྒྱབ་པའི་ཀི་སྒྲ་དེ།
སྤྱང་ཀིའི་རྣ་ལ་སུན་ན་འགྲིག་པ་རེད།
སྒོ་ཁྱི་དར་མས་བརྒྱབ་པའི་ཟུག་སྐད་དེ།
རྐུ་མའི་རྣ་ལ་སུན་ན་འགྲིག་པ་རེད།
དེ་རིང་ཉིན་གང་བྲིས་པའི་མཆན་བུ་འདིས།
ཁྱོད་ལ་ཕོག་ན་ང་ཡི་བསམ་དོན་འགྲུབ།
བླུན་པོ་ལེབ་ལེབ་ཁྱོད་ཀྱི་རྨོངས་བློ་ལ།
སུན་དབྱིན་རི་མོ་བྲིས་ན་འགྲིག་པ་རེད།།་་ཧཧཧ་་་དེ་ལས་ཨེ་དགོས།
ད་ལྟ་བྲེལ་བ་ཏོག་ཙམ་ཡོད་པས་འདིར་མང་པོ་འབྲི་ཁོམ་མི་འདུག་ འོན་ཀྱང་རྗེས་སུ་ཡོང་གི་ཡིན། ང་ཚོས་བགྲོ་གླེང་བྱེད་སྐབས་ཆོ་མེད་ལོང་གཏམ་མི་སྨྲ་བར་གནས་ལུགས་མདུན་ལ་སྤུངས་ནས་གསུངས་ན་ཡག་པོ་ཡོད་ས་རེད། དེ་མིན་བརྗོད་གཞི་དང་ཁ་བྲལ་སྟེ་མི་སྒེར་ལ་སྙོད་པའི་བྱ་བར་ཕྱིན་ན་ནོར་སོང་བ་རེད།
བཙན་པོའི་བུ་་་ཁྱོད་བདེན། རྗེས་སུ་བསམ་ཚུལ་དྲང་པོ་བརྗོད་རོགས་། སྤོབས་པ་མཐའ་ཡས་ཀྱིས་དམངས་གཙོའི་སྐོར་དུ་རྩོམ་ཡིག་ཞིག་འབྲི་མི་ཡོང་ངམ་བསམས་ཀྱི་འདུག དེ་དུས་ཡིན་ད། རྣམས་པ་ལྷན་རྒྱས་བཞུགས་གདན་འཇག་
ཅོ་རི་ཉི་མ་ཟེར་བའི་མི་འདིར་དྲ་འབུ་ཞིག་གིས་མཁས་མིང་ཞིག་བཏགས་པ་དང་ཉ་ཉོག་ལོང་པ་གང་དྲ་སྟེང་ལ་བྱོ་བཞགས་ཐལ། གང་ལྟར་དེ་གནད་དོན་མ་རེད། ཁྱེད་རང་དགའ་ན་འགྲིགས་ཀ། གང་ལྟར་མཁས་མི་མཁས་གཞུགས་ནས་ལྟ་ཆོག། ངས་བཤད་འདོད་པ་གང་ཡིན་ཞེ་ན། སྐུ་གྲགས་ཁྱིམ་རྒྱུད་ཀྱི་ཁྱི་ཕྲུག་ཚོར་ཡིད་ཆེས་རྩ་བ་ནས་མེད་ཟེར་རྒྱུ་དེ་དང། དམིགས་བསལ་བོད་ཀྱི་རིག་གཞུང་གི་ཁ་ཏོག་ཙམ་ཡང་མི་ཤེས་ཤིང་གཞན་སྐད་གང་ཡང་རུང་བ་རེ་སྤྱད་ཏེ་རང་ཉིད་ཀྱི་ཁྱིམ་རྒྱུད་ཀྱི་ནག་ཉེས་འགེབས་བསྲོངས་དང་གཡོ་སྒྱུའི་ཟློ་གར་གང་ཡང་རུང་བ་རེ་འཁྲབ་སྟེ་ཉིད་ཀྱི་མིང་ཐོབ་བསམ་མཁན་དཔེར་ན་འཇམ་ནོར་དང་་་མངའ་ཕོད་་་འོད་ཟེར་་་ལྷ་སྒྲོན་ལྟ་བུ་སོགས་ལ་ནམ་ཡང་ཡིད་ཆེས་མེད་ལ་རྒོལ་ལན་ཡོད། དྲེང་མོ་བཤད་ན་ཁོང་ཚོ་མི་ལོ་བཅུ་དྲུག་ལ་མངའ་ཕོད་ཀྱིས་ཨེ་ཤ་ཡི་རང་དབང་རླུང་འཕྲིན་བདག་གཉེར་བྱེད་དུས་སུ་གསོ་སྐྱོང་བྱས་བའི་གསོ་ཕྲུག་རེད། ཅོ་རི་ངས་ཁྱོད་ལ་འདྲི་འོད་ཟེར་ག་འདྲ་བྱས་ཏེ་སྐད་གྲགས་དང་རྟགས་མ་རེག་ག་རེད་་་་་ཅི་ཞིག་ལ་རྒྱ་མིའི་ལག་ག་མི་འཆིངས་བ་རེད། གལ་ཏེ་ཁྱོད་ལ་དྲིས་ལན་ཡོད་ན་་་ངས་གཅིག་རེ་གཉིས་བྱས་ཏེ་ཁོང་ཚོའི་ཤི་མཚུངས་རོ་མཚུངས་ཕྱི་འཕུལ་དགོས། དེ་ནས་ཁྱོད་ཚོས་སུ་ཞིག་རང་བཙན་འཐབས་རྩོད་པ་དང་གང་ཞིག་དྲེང་བདེན་སྐྱོང་མཁན་ཡིན་མིན་ཤེས་ཡོང་་་ད་དེ་ཙམ་ཡིན་
ཅོ་རི་ལ་སྐད་ཆ་འགའ་དང་བསླབ་བྱ་གཅིག།
༧གོང་ས་མཆོག་བེད་སྤྱོད་བྱས་ནས་ཆབ་སྲིད་འཁྲབ་མཁན་ལ་དགའ་བོ་མེད།
༧གོང་ས་མཆོག་གི་གདོང་ལ་ལངས་ནས་སྲིད་ཇུས་བཏོན་མཁན་ལ་དགའ་བོ་ཡོད།
རང་ལ་ནུས་པ་མེད་དུས་རྗེས་སུ་སེམས་ཤུགས་ཆག་ནས་རེ་བ་ཆད་སོང་ཟེར་བ་གོ་ན་དགའ་བོ་མེད།
རང་ལྟ་མཆོག་འཛིན་གྱི་ནུས་ཤུགས་གཡུལ་སར་བཤམས་ནས་མྱི་ཚེ་སྐྱལ་བ་དང་ཤི་ན་ཤིན་ཏུ་དགའ།
རང་གིས་རོགས་སྐྱོབས་པར་གདེང་སྤོབས་མེད་པའི་ཆབ་སྲིད་ནི་གཡོ་སྒྱུ་ཡིན།
གཞན་གྱིས་རང་སྐྱོབས་པར་རེ་བའི་སྲིད་ཇུས་ནི་སྟོང་བསམ་ཡིན།
ཆབ་སྲིད་བ་ཞིག་བྱེད་ན།
སེམས་དཀར་དགོས།
ཁ་མཁས་དགོས།
ཁོག་ཡངས་དགོས།
འདི་དག་མི་ཚང་ན་གྱོད་འདྲེ་རང་ཡིན་པས་མི་རིག་མི་གོ་ས་ཞིག་ནས་ཤི་ན་དགའ། ཧ་ཧ།
༥༠༽ ཞོལ་གཡག་འབྲོང་རྒྱུད་ནས།
ཡང་འགའ་རེས་བོད་དང་བོད་མི་རིགས་ཀྱི་ཆག་ཆེ་ཉམས་ང་ཐམས་ཅད་འབྱུང་རྩ་སྐུ་དྲག་མ་གཏོག་གླེང་གི་མི་འདུག། བོད་ལ་གུང་ཁྲན་སླེབས་ནས་རིག་གནས་གསར་རྗེ་སྐབས་གྲལ་རིམ་འཐབ་རྩོད་ཀྱི་ལམ་ལུགས་ངུ་བྲོ་ལ་སྐྱུག་བྲོ་བ་ཞིག་བྱུང་བ་རེད། དེ་ཡང་མངའ་བདག་ཆེན་པོ་གསུམ་དང་གྲལ་རིམ་རབ་འབྲིང་མཐའ་གསུམ་དབུས་ཕྱུགས་ཀྱི་དབྱེ་འབྱེད་བྱས་པ་རེད། ཕལ་ཆེར་གནའ་སྔ་མོ་བོད་འདི་ནང་བསྟན་ཆོས་ལུགས་ཀྱི་དགེ་སྡིག་ལས་འབྲས་ཀྱིས་རྣམ་གཞག་ལ་མཁས་ཆེ་བ་བྱས་པ་ཙམ་ལས་དོན་དངོས་དབང་ཆ་ཆེ་ཤོས་མངའ་བདག་ཆེན་པོ་གསུམ་ཡིན་བཟོ་འདུག། དཔེ་མཚོན་ཆུང་ཆུང་ཞིག་བཀོད་ན་ལྷ་སར་དབྱིན་སློབ་འཛུགས་རྩིས་བྱས་པར་གདན་ས་ཁག་གིས་ངོ་རྒོལ་གྱིས་ལམ་ལྷོངས་མ་བྱུང་བ་རེད། དེ་དེ་བཞིན་ར་སྟག་གི་དོན་རྐྱེན་བྱུང་རྩ་ལ་སོམས་དང་འདི་ཚོའི་ནང་བྱེད་གཏེ་སུ་སུ་རེད་འདུག། འོ་ན་སྐུ་དྲག་མ་གཏོག་མངའ་བདག་གཞན་གླེང་འདོད་མེད་པ་རེད་ཡང་ན་གླེང་མི་ནུས་པ་རེད།
ངོ་དྲ་འབུ་ཁག་ཅིག་གིས་དམངས་གཙོའི་གོ་དོན་ད་དུང་ཡང་རྟོགས་མི་འདུག སྟེང་ལྷ་ཡི་ཡུལ་ནས་དམངས་གཙོ་གསོལ་རས་བསྩལ་ཀྱང་འོག་དྲ་ཀླུ་འདི་ཚོས་བེད་སྤྱོད་བྱེད་ཤེས་ཀྱི་མི་འདུག འཇམ་ནོར་གྱི་རང་བཙན་གྱི་སྐད་ཆ་ཤོད་དུས་འཇམ་ནོར་བོད་མིའི་གྲལ་ནས་ཕུད་གྲབས་བྱེད་ཀྱི་འདུག ཀར་ཆོས་ཀྱིས་གྲོས་ཚོགས་ནང་རང་བཙན་ཤོད་དུས་ཀར་ཆོས་སྤྱི་འཐུས་ནས་ཕྱིར་འབུད་དགོས་ཟེར། གཞོན་ནུས་རང་བཙན་ཤོད་དུས་གཞོན་ནུའི་ཚོགས་པ་སྒོ་རྒྱབ་དགོས་ཟེར་སོང། བཤད་པའི་གཏམ་ལ་རང་ཉིད་ཀྱིས་ལན་འདེབས་བྱེད་མི་ནུས་དུས་སུ། སྟེང་ལྷ་དང་འོག་ཀླུ་བར་མི་ཐམས་ཅད་སྦྲན་ཡོང་གི་འདུག ཕྲུ་གུ་ཚོས་འཛིང་འཁྲུགས་བྱེད་དུས་རང་ཉིད་ཀྱིས་མ་ཐུབ་དུས་སུ་་་་་ཨ་ཕ་་་་་ཨ་མ་ཟེར་ནས་ངུ་འབོད་བྱེད་ཀྱི་རེད། དོན་ངོ་མ་དྲིན་ཅན་དྲིན་ཆེན་པོའི་ས་ལ་བཞག་ན་དྲིན་ཅན་དྲིན་ཆེན་པོ་ཡིན་པར་ཀུན་གྱིས་གུས། དྲིན་ཅན་རེད་ཟེར་ནས་ཡར་ཾ྄འཁྱེར་མར་འཁྱེར་ནས་ཁྲོམ་འཁྱེར་བྱེད་པ་འདི་་དྲིན་ཆེན་ལ་གུས་ཞབས་མེད་པ་དང་བརྩི་བཀུར་མེད་པའི་དན་རྟགས་རེད། ད་གང་ལྟར་དབུ་རང་གཉིས་རྩོད་ན་རང་སར་རྩོད་དགོས་པ་ལས། སྟེང་གི་ལྷ་དང་འོག་གི་ཀླུ་མི་འབོད་པར་དགོངས་འཇགས་འཚལ།
མཆན་བཀོད་མཁན་ནང་མི་གཅིག་མིང་ཁ་ཤས་བེད་ནས་མཆན་བྲིས་ཀྱི་ཡོད་པ་ཚོར་ནང་བྱུང་། དཔེར་ན་ཅི་རི་ཉི་མ་ཁ་ཤས་ཡོད་པ་འདྲ། ད་བར་ཆན་ཀློག་ནས་བསྡད་ཡིན། ཅོ་རི་ཉི་མས་༧གོང་ས་མཆོག་དང་དབུས་སྒྲིག་འཛུགས་ལ་སྐྱོན་བརྗོད་ཀྱི་ཚིག་མ་གཏོགས། བོད་མི་སྤྱི་ལ་ཕན་པའི་ལས་འགུལ་སྒྲུབ་པ་གཅིག་ཀྱང་མ་མཐོང་། ངའི་ཚོར་སྣང་ལ་ཁོང་དོལ་རྒྱལ་དང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་ཤར། དོན་ངོ་མ་ཅི་ཡིན་མ་ཤེས། གང་ལྟར་བོད་མི་ནང་འཁུལ་འཁྲུག་བསྡད་པ་ཚོར་སྣང་ཡོང་གིས། ཤེས་ཡོན་ཅན་ནི་རེད་འདུག །དམིགས་ཡུལ་ག་རེ་ཡོད་མེད་མི་ཤེས།
ངས་བསམ་ན། ད་ལྟའི་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་གཞུང་གི་གནས་སྟངས་འདིའི་འོག་ནས་རང་བཙན་དང་དབུ་མའི་ལམ་གང་ཡིན་ཡང་རག་ཐབས་མི་འདུག རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་གཞུང་གིས་དབུ་མའི་ལམ་གྱི་དོན་མ་གོ་བ་མིན་པ་དང་། དེའི་རྒྱབ་ན་རང་བཙན་སྐུང་ཡོད་མེད་ལའང་སེམས་ཁྲལ་སྤུ་ཙམ་ཡང་མེད་པར་འདོད། དོན་དངོས་ཐོག་དབུ་མའི་ལམ་ནས་བོད་ཀྱི་གནད་དོན་སེལ་འདོད་ཡོད་ན། དབུ་མའི་ལམ་གྱི་རྒྱབ་ན་རང་བཙན་ཡོད་མེད་ལ་འབྲེལ་བ་གང་ཡང་མི་འདུག གང་ཡིན་ཞེ་ན། བོད་ཀྱི་གནད་དོན་དེ་དབུ་མའི་ལམ་ནས་ཐག་ཆོད་པའི་ཉིན་མོ་དེར། བོད་རྒྱ་གཉིས་ཀྱི་ཕྱོགས་ནས་གྲོས་མཐུན་གྱི་ཆོད་ཡིག་བྲིས་ཏེ་རང་མོས་དང་རང་དབང་གིས་མཚན་རྟགས་རྒྱག་དགོས་པ་དང་། དེ་འཛམ་གླིང་ཡོངས་ལ་གྲགས་པར་འགྱུར་བ་དང་རྒྱལ་སྤྱིའི་གཞུང་དམངས་མང་པོས་བོད་རྒྱ་ཞུ་འགྲིག་གི་རྟེན་འབྲེལ་ཞུ་སྲིད། ཉིན་མོ་དེ་ནས་བཟུང་བོད་རྒྱ་ནག་ནས་ཁ་འབྲལ་ཐབས་མེད་པར་ཆགས་པ་དང་། བོད་ཕྱོགས་ནས་རང་དབང་གིས་མིང་རྟགས་འཁོད་པའི་ཁྲིམས་མཐུན་མནའ་གན་ལ་བརྩི་འཇོག་བྱ་དགོས་པ་ཡིན། གལ་སྲིད་ཁ་འབྲལ་ཐབས་བྱས་ན། རྒྱ་ནག་ལ་རྒྱལ་ཁབ་གཅིག་གྱུར་སྲུང་བའི་ཐོབ་ཐང་ནི་ཁྲིམས་དང་མཐུན་པ་ཡོད་པས། དེ་དུས་བོད་རང་བཙན་ཟེར་བ་ལ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་མེད་པ་ཡིན། ད་ལྟའི་གནས་སྐབས་འདིར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་དོན་ཐག་གཅོད་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་མཐོང་མེད་པ་མ་ཟད། བོད་ལ་རང་སྲིད་རང་སྐྱོང་སྤྲད་ན་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་དབང་ལ་གཡོ་འགུལ་ཐེབས་པ་དང་འཇིག་པའི་ཉེན་ཁ་འབྱུང་བར་དོགས་ཡོད་པར་སྙམ།
འཇམ་དབྱངས་ནོར་བུས་བོད་ཀྱི་ཡོད་ཚད་རྒྱ་ལག་ཏུ་བཞག་འདོད་ཡོད་པ་འདྲ།
ཆུ་བ་འཕྲིན་བཟང་ལགས། ཁྱེད་བོད་རང་བཙན་དགའ་མཁན་དང་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་པར་དགའ་པོ་ཡོད། བཀྲ་ཤིས་བདེ་ལེགས། འཐབ་ཕྱོགས་གཅིག་གྱུར་ཡིན།
༢་་ཁྱེད་སྐུ་དྲག་གི་རིགས་རྒྱུད་ལ་མི་དགའ་ཟེར་བ་འདི་རེད། སྐུ་དྲག་ཡིན་ཚད་ཐམས་ཅད་སྡུག་སྐྱ་རེད་བསམས་ཀྱི་མེད། ལྷག་པ་ཏུ་མཁས་དབང་འཇམ་དབྱངས་ནོར་བུ་ལྟ་བུ་ནི་སྡུག་སྐྱ་རེད་རྩ་བ་ནས་བསམས་ཀྱི་མེད།
༣་་་འོད་ཟེར་ལགས་སྐུ་དྲག་གི་ཁྱིམ་རྒྱུད་ཡིན་པ་ཡང་ཤེས་མེད། གོ་ཐོས་ལ་ཕ་རིག་གནས་གསར་བརྗེ་སྐབས་སུ་གུན་ཁྲན་གྱི་རྒྱུགས་ཁྱི་ཡིན་པའི་སྤྲང་ཕྲུག་ཞིག་དང་ཁྱོ་ག་རྒྱ་རྒན་ཞིག་ཡིན་རབས་གོ བདེན་མིན་མི་ཤེས།
གནམ་རྒན་མས་བསླབ་བྱ་གནང་བར་བཀའ་དྲིན་ཆེ། ཁྱེད་ཀྱིས་ང་ལ་དོ་སྣང་གནང་བར་དགའ་པོ་བྱུང་ཞུ་རྒྱུ་ལས་གཞན་མེད།
མཁས་དབང་འཇམ་ནོར་ལགས་གྱིས།
༼རིང་མིན་རྡ་རམ་ས་ལའི་གཡས་ཕྱོགས་ཆོས་ལུགས་པའི་ཁྱུ་ཚོགས་རྣམས་སྲང་ལམ་སྟེང་ཀརྨ་ཆོས་འཕེལ་གྱི་ཀླད་པ་འགེམས་དགོས་པའི་སྐད་ཅོར་མ་བརྒྱབ་གོང་། ལྷག་པར་དུ་ད་ནི་ཁོང་ཚོར་༸རྒྱལ་བའི་དགོངས་པ་དཀྲུག་པའི་དཔང་རྟགས་དངོས་སུ་སྟོན་རྒྱུ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། དེ་ཕྱིར་ངས་འགན་ལེན་གྱིས་གལ་གནད་ཆེ་བའི་གསལ་བཤད་ཞིག་༸རྒྱལ་བ་རིན་པོ་ཆེ་ལ་ཞུ་འདོད་བྱུང་། ༸རྒྱལ་བ་རིན་པོ་ཆེ་མ་བིན་བཟོ་མཁན་ངོ་མ་ཞིག་ཡོད་པ་ཡིན་ན། དེ་ནི་ཁོང་རང་གི་སྟོན་པའི་དབུ་མའི་ལམ་སྲིད་བྱུས་ཀྱི་རྗེས་འབྲངས་པ་དེ་ཚོ་རེད། ཁོང་ཚོས་རྒྱུན་དུ་༸རྒྱལ་བ་རིན་པོ་ཆེ་སེམས་ནང་རང་བཙན་ཡོད་པ་མ་ཟད་དབུ་མའི་ལམ་གྱི་རྗེས་འབྲངས་པ་ཚང་མའི་སེམས་ནང་དུའང་རང་བཙན་གྱི་སེམས་པ་ཡོད་ལུགས་བཤད་ཀྱི་རེད།
ངས་དབུ་ལམ་གྱི་རྗེས་འབྲངས་པ་ཚོ་དང་མཉམ་དུ་གྲོས་བསྡུར་དང་དགག་སྒྲུབ་ལན་མང་བྱེད་མྱོང་། ལྷག་པར་དུ་དབུ་ལམ་གྱི་དཔྱོད་ལྡན་པ་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་དང་དེ་བཞིན་༸རྒྱལ་བ་རིན་པོ་ཆེའི་ཨ་རིའི་སྐུ་ཚབ་བློ་བཟང་སྙན་གྲགས་རྣམས་དང་ལྷན་དུ་གྲོས་བསྡུར་ག་དུས་བྱས་ཀྱང་། ཁོ་ཚོས་༸རྒྱལ་བ་རིན་པོ་ཆེས་བཏོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྩེ་གཅིག་ཏུ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་ཀྱི་དབར་དུ་བོད་མི་སྐྱེས་ཕོ་མོ་སྤྱི་མཚུངས་བཞིན་ཁོ་ཚོའི་སེམས་ནང་དུ་རང་བཙན་ཡོད་རབས་བཤད་མྱོང་ཡོད། དབུ་མའི་ལམ་གྱི་རྒྱབ་སྐྱོར་བ་ཚོས་ད་དུང་མུ་མཐུད་ནས་༸རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་འབེབ་དགོས་དོན་གཙོ་བོ་ནི་བོད་མི་འཆི་གསོན་གྱི་གནས་སྐབས་སུ་སླེབས་ཡོད་པ་དང་། ལམ་དེ་ལས་ལྷག་པའི་གདམ་ཁ་གཞན་མེད་པ་དང་། ད་དུང་ཁོང་ཚོས་༸རྒྱལ་བ་རིན་པོ་ཆེ་ཡིན་ན་ཡང་དབུ་མའི་ལམ་གྱི་རྗེས་འབྲངས་པ་སྤྱི་མཚུངས་བཞིན་སེམས་ནང་དུ་རང་བཙན་འདོད་ལུགས་སོགས་བཤད་མྱོང་ཡོད། ཁོང་ཚོས་རང་ཉིད་ནི་དངོས་ཡོད་དང་མཐུན་པ། ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་རྟོགས་མཁན་ཞིག་ཡིན་པ་དང་དེ་མིན་རང་བཙན་རྩོད་མཁན་རྣམས་ནི་སེམས་ཚོར་དང་རྨོངས་ཞེན་གྱི་གཞན་དབང་དུ་སོང་བའི་གྲས་སུ་བརྩི་བ་ཡིན།༽ཞེས་གསུངས་འདུག་འདི་ནི་དོན་ལ་གནས་བཀའ་མོས་རེད།
༡་་་མ་ཟད་དབུ་མའི་ལམ་མི་དམངས་ལས་འགུལ་ཁང་གི་གཙོ་འཛིན་ཡུང་གླིང་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང་བོད་མི་སྐྱེ་བོ་གནམ་བརྟེན་ཡོངས་ཀྱི་སེམས་སུ་རང་བཙན་མི་འདོད་མཁན་ཡོད་མ་རེད་ཅེས་གསུངས་སོང་།
༢་་༧རྒྱལ་བ་རིན་པོ་ཆེན་འཛམ་གླིང་རྒྱལ་སྤྱི་ནང་དུ་མ་བིན་བཟོ་མཁན་ངོ་མ་དབུ་མའི་ལམ་དང་ལམ་དེ་ལ་འཇུག་མཁན་ཚོ་རེད་བསམས་ཀྱི་འདུག
༣་་་༧རྒྱབ་བ་རིན་པོ་ཆེན་ཡི་ལོ་རྒྱུས་ལ་སྲུང་སྐྱོབ་དང་མ་བིན་མི་བཟོ་མཁན་ངོ་མ་བོད་རང་བཙན་གྱི་ལྟ་གྲུབ་དང་འཇམ་ནོར་སོགས་རེད་བསམས་ཀྱི་འདུག བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རྒྱལ་བ་རིན་ཆེན་ལོ་རྒྱུས་ཧང་ཅང་འབྲེལ་བ་ཆེན་པོ་རེད། བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་མ་བིན་བཟོས་ན་རྒྱལ་བ་རིན་པོ་ཆེན་ལོ་རྒྱུས་མ་བིན་བཟོས་པ་རེད། མཁས་དབང་འཇམ་ནོར་ལགས་ནི་ཕྱིའི་རྒྱལ་ཁབ་ཁག་གི་རྩོམ་བྲིས་པ་ཚོས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་མ་བིན་བཟོ་འོང་དུས་དགག་ལན་སྤྲད་གཙོ་བོ་ཞིག་རེད། བྱས་ཙང་འཇམ་ནོར་དོན་གྱི་༧རྒྱལ་བ་རིན་ཆེན་གྱི་ལོ་རྒྱུས་ལ་མ་བིན་བཟོ་མི་བཅུག་མཁན་གྱི་མི་ཡག་པོ་རེད་འདོད་ཀྱི་ཡོད་དོ།།
ལུང་རྟོགས་ལགས། བོད་ཀྱི་ཡོད་ཚད་རྒྱ་ལག་ཏུ་བཞག་འདོད་ཡོད་མཁན་འཇམ་ནོར་མ་རེད་དབུ་མ་རེད།་་ཧཧ
བཀྲ་ཤིས་དོན་ལྡན་ལགས། ཁྱོད་ཀྱི་མིང་འདི་ཡང་ཁ་བརྡ་ཐོག་ཏུ་གསར་པ་ཞིག་བསླེབས་བྱུང་། མིང་དེའི་འོག་ཏུ་སུ་ཡོད་མེད་མི་ཤེས།
ཁྱོད་ཀྱིས་ང་ཅོ་རིས་མིང་མང་བེད་སྤྱོད་བྱས་ཀྱི་འདུག་བསམས་པར་ཁྱོད་རང་འཁྲུལ་བ་རེད། ང་ཅོ་རི་མ་བིན་ཞིག་མིན། མིང་ལྷག་འདྲ་མིན་གྱི་འོག་ཏུ་མཆན་བུ་བརྒྱབ་མཁན་ཞིག་མིན། ཁ་བརྡ་ཚང་ལ་དྲིས་དང་ཤེས་ཀྱི་རེད། མ་བིན་ཁྲམ་མཁན་བསྡད་མཁན་ཚང་དྲ་བདག་ཚོས་ཤེས་ཀི་རེད།་་་ཧཧ་་
དུག་ནག་པོ་སྦྲུལ་གྱི་ལང་ཚོ་འདིར།
ཟ་འདོད་ན་རྨ་བྱའི་མཛེས་མདངས་དགོས།
བུ་ཅོ་རིའི་རྩ་བའི་དམ་བཅའ་ལ།
རྩོད་འདོད་ན་རྟོག་གེ་སྨྲ་བ་དགོས།
ཕྱི་གསལ་གསལ་གོས་མེད་གཅེར་བུ་ཡིན།
ནང་གསལ་གསལ་ཤེལ་གྱི་སེམས་པ་ཡིན།་་ཞེས་པ་འདི་ནི་སྔོན་མ་ངའི་དུས་བབ་ཟིན་བྲིས་ནང་གི་ངོ་སྤྲོད་རེད། ཁོག་སྟོད་གཅེར་བུ་མའི་འདྲ་པར་ཞིག་ཀྱང་བཞག་པ་ཡིན། སྤྱི་ཚོགས་ནང་དུ་ཕྱི་གསལ་ནང་གསལ་བཟོས་ནས་སྤྱི་དོན་གླེང་གི་ཡོད་དོ།།་ཧཧ་་་རྒྱ་དང་ཤུགས་ལྡན་སོགས་ལ་འབྲེལ་བ་འདུག་བསམ་མི་དགོས་
ཡིད་སྐྱོ་བ་ཞིག་ལ་མགོན་པོ་ཕྱག་གཉིས་བ་ཁ་བརྡ་དྲ་ཐོག་ནས་གཏན་ཏུ་བཞུད་ཤུལ་ན་་་དོན་དངོས་གནད་ལ་ཁེལ་བའི་རྩོམ་འབྲི་དང་མཆན་འདེབས་མཁན་ཅིག་དཀོན་ཚོད་རེད། ལྟོས་དང་འཇམ་ནོར་གྱི་བྲིས་བའི་རྩོམ་དུམ་འདིའི་ནང་གི་༧རྒྱལ་བ་རིན་པོའི་ཆེ་གཙོ་བཅས་ལམ་དབུ་མའི་རྗེས་འབྲང་པ་དང་བོད་མི་ས་ཡ་དྲུག་གི་སེམས་ནང་ན་རང་བཙན་ཡོད་མེད་དང་རང་བཙན་འདོད་མིན་འདི་རྩོད་དགོས་བ་ཞིག་འདུག་གམ། ༧རྒྱལ་བ་རིན་པོ་ཆེའི་ཐུགས་ན་རང་བཙན་མེད་ན་བློའི་གཏོང་རྒྱུ་ཞིག་ཀྱང་ག་ལ་ཡོད། ཡོད་པ་ཞིག་བློའི་བཏངས་བ་ལས་མེད་པ་ཞིག་བློའི་གཏོང་རྒྱུ་ཞིག་ཡོད་མི་སྲིད། མདོར་བསྡུས་ན་་རང་བཙན་ཐུགས་ན་ཡོད་པ་དང། རང་བཙན་ཐུགས་ལ་དམིགས་ཏེ་ཁ་ནས་དབུ་མ་རྩོད་ཀྱིན་པ་གཉིས་ཁ་ཁ་སོ་སོ་རེད། རང་བཙན་འདོད་པ་དང་རང་བཙན་རྩོད་པ་གཉིས་འཁྲུལ་བ་འཇམ་ནོར་སོགས་ལ་ཅི་ཁེག་ཁོང་ཚོ་རང་མི་རིགས་ཀྱི་སྐད་ཡིག་བརྡ་སྤྲོད་ཀྱི་དྲི་ཙམ་མི་བྲོ་བའི་ཕྱིར། ངས་ཁྱོད་ཚོ་ལ་དཔེ་ཆུང་ཆུང་ཞིག་འཇོགས་དཔེར་ན་མི་ཞིགགིས་གཏམ་བཤད་འདི་འདྲ་ཞིག་བྱས་ན། ༧གོང་ས་མཆོག་གཙོ་བཅས་བོད་མི་དྲུག་གི་རང་བཙན་མི་འདོད་མཁན་ཞིག་དང་སེམས་ན་རང་བཙན་མེད་མཁན་གཅིག་ཀྱང་ཡོད་པ་མ་རེད། ཡིན་ནའང་དུས་དང་ཁོར་ཡུག་དང་ཕྱོགས་མང་པོ་ཞིག་ནས་དབུ་མའི་ལམ་འདི་ལས་ལམ་ཁ་ཞིག་ང་ཚོ་མི་འདུག་ཅེས་ལབ་མཁན་གྱི་མི་འདི་་་་ཁྱོད་ཚོས་རང་བཙན་རྩོད་མཁན་དང་ཡང་ན་དབུ་མའི་ལམ་རྩོད་མཁན་རེད་ཟེར་རྒྱུ་ཡིན་ནམ་་་་འདྲི་ཚིག་འདི་ལ་བསམ་བློ་ཐོངས་དང་དེ་ད་གཟོད་འཇམ་ནོར་དང་རྐམ་ཆོས་ཀྱིས་ཉོག་བཤད་ལ་ནང་དོན་ཡོད་མེད་ཤེས་་་་་་ངས་གོང་དུ་བཤད་ཡོད་་་ང་ནི་རང་བཙན་ལ་མཐའ་གཅིག་དུ་རྒྱབ་སྐྱོར་བྱེད་མཁན་མི་ཞིག་ཡིན་་་་ཡིན་ནའང་་་རང་བཙན་བཤད་མཁན་རྩོད་ཚང་མ་ལྷ་རུ་བཀུར་ཞིག་མིན་་་དབུ་མ་རྩོད་མཁན་ཚང་མ་བདུད་རུ་མཐོང་མཁན་ཞིག་དེ་བས་མིན་་་སུས་དྲེང་བདེན་གནས་ལུགས་བཤད་གུས་བརྩུ་ཡོད། ལངས་ཕྱོགས་གནས་ཚུལ་གཞན་ཞིག་རེད་་་་
ཆུ་བ་འཕྲིན་བཟང་ལགས། འདས་པོ་མགོན་པོ་ལགས་གསུངས་ཀྱི་ཡོད་དམ། ཁོང་གི་སྨྱུག་མིང་གཞན་ཞིག་ཡོད་བསམས་ཀྱི་འདུག སྔོན་མ་དུས་བབ་དྲ་ཐོག་ཏུ་འོད་ཟེར་ལགས་ཀྱི་དོན་དག་གི་ཐོག་ཁ་རྩོད་ཏོག་ཙམ་ཡང་བརྒྱབ་མྱངས་ཡོད། དེའི་རྗེས་འདས་པོ་ཁོང་གིས་དབུ་མའི་ལམ་ལ་དགག་པ་ཞིག་བརྒྱབ་ཡོད་བསམས་ཀྱི་འདུག རྩོམ་ཡིག་དེ་སྔོན་མ་ཁ་བརྡའི་ཐོག་ཏུ་སྤེལ་པ་རེད། ཁྱོད་ཀྱིས་ཤེས་ཀྱི་ཡོད་ན་རྩོམ་ཡིག་དེ་ཡར་འཁུར་ནས་ཤོག་དང་། ང་རང་ཚོས་འདས་པོ་ཁོང་གི་བསམ་ཚུལ་ལ་ཡང་བསྐྱར་ཞིབ་དཔྱད་རེ་དང་དྲང་གསོ་རེ་བྱེད་ན་ག་འདྲ་འདུག་གམ། ངས་ཁ་བརྡའི་ནང་དུ་མང་འཚོལ་བ་ཡིན་ཀྱང་བརྙད་མ་བྱུང་།
དྲང་པོ་བཤད་ན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་ཡི་ནང་དུ་མང་གཙོ་ཁ་ནས་བཤད་ཤེས་པ་ཙམ་ལས་ མང་གཙོ་དངོས་སུ་ལག་ལྟར་བྱེད་མཁན་མི་བུ་རེ་གཟུང་ལས་མེད་པ་འདི་དངོས་གནས་ཐབས་སྐྱོ་པོ་རེད། ང་ཚོའི་ཞན་ཆ་གཙོ་བོ་དེ་ནི་ཆོས་དོད་ཆེ་གྲགས་བའི་སྐྱོན་རེད་འདུགས་ ད་དུང་མུ་འཐུད་ནས་འདི་འདྲའི་ནང་འཁྲུགས་རྒྱབ་སྡོད་ན་རྒྱ་ནག་ལ་དགོས་རྒྱུས་ལག་ཆ་གཙོ་བོ་དེ་རེད་འདུགས་བས།
རང་བཙན་པ་དང་དབུ་མ་པའི་དམིགས་འབེན་དེ་རྒྱ་དམར་རེད། དེ་ནི་ཐུན་མོང་གི་གདུང་རྩེ་གཏོད་ས་དེ་རེད། འོན་ཀྱང་། འཇམ་ནོར་གཙོ་བོར་གྱུར་བའི་རང་རིགས་མི་ཉུང་བ་ཞིག་གི་སྨྱུག་རྩེ་གཏོད་ས་དེ་རང་གཞུང་རེད། དེ་ནི་མི་དེ་རིགས་ཀྱི་ཞན་ཆ་གཙོ་བོ་དེ་རེད། གཉིས་ནས། རང་བཙན་བརྩོད་ན། ཐབས་བྱུས་དགོས་པ་རེད། དེང་གི་དུས་སུ་ཁྲོམ་ལ་འགྲོ་སྐབས་ཀྱང་བརྗེད་ཐོ་དང་། འཆར་གཞི་འགྲིག་ནས་གྲོ་གི་ཡོད་པ་རེད། འོན་ཀྱང་། ང་ཚོས་རང་བཙན་རང་བཙན་ཟེར་བ་ཙམ་ལས་སྦྱོར་དངོས་མཇུག་གསུམ་གང་ཡང་མེད་པར་སྐད་ངན་རྒྱག་གི་ཡོད། དེ་ནི་འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་རེད། འཇའ་ཁ་མདོག་བཀྲ་ཡང་སྣང་བ་རེད། ཟེར་བ་དང་ཅིས་མི་བདེན། གལ་ཏེ་བོད་ཀྱི་འཐབ་བརྩོད་ཀྱི་ཁ་ཕྱོགས་དེ་རང་བཙན་པྱོགས་སུ་བསྒྱུར་འདོད་ན་ཐོག་མར་འཆར་གཞི་ངེས་ཅན་དགོས་པ་རེད། དེ་མིན་གླིང་སྒྲུང་གི་འུར་གཏམ་དེ་ཚོས་དེད་པའི་ཚོར་ཤུགས་རྗེས་སུ་ཕྱིན་ན་ཅི་གང་ཡོང་མདོག་མེད། མཐར་ཅོ་རི་ལགས། གླིང་སྒྲུང་གཟིགས་དྲག་ན་ཁྱེད་རང་ལ་གཟི་སྨན་ཟས་པའི་ཚོར་སྣང་ཞིག་སྦྱིན་ངེས། འོན་ཀྱང་། དེས་ཁྱེད་རང་གང་དུའང་བསླེབས་མི་སྲིད་དོ།
སྤྱིར་བཏང་ཁོ་བོ་དྲ་འབུ་ཚོ་དང་ཁ་བརྡ་བྱེད་རྒྱུ་དེ་ཙམ་དགའ་པོ་མེད་ནའང་། བོད་མི་མང་ལ་མཐོང་ཆུང་གིས་༧གོང་ས་མཆོག་ལ་ཟུར་ཟ་དང་། བོད་མིའི་སྤྱི་ཚོགས་དཀྲུག་ཤིང་བྱེད་བཞིན་པ་མཐོང་དུས་ཁ་ཞིག་གྲག་དགོས་པ་རང་ཉིད་བོད་མི་ཞིག་ཡིན་པས་འོས་འགན་ཡིན། འཇམ་ནོར་དང་ཁོའི་ཕྱོགས་གཏོགས་ཚོས་ད་བར་དུ་བོད་ཀྱི་ཆོས་དང་རིག་གནས། མི་རིགས་དང་བཅས་ལ་ཕན་ཐོགས་པའི་བྱ་བ་ཅི་ཞིག་བསྒྲུབས་ཡོད་དམ། དེ་ལྟར་མེད་ཀྱང་རུང་། ཁོག་ལ་སྙིན་ཞིག་ཡོད། སྙིང་ལ་འཕར་ལྡིང་ཞིག་ཡོད་ན། རྗེས་སོར་བོད་མི་ནང་ཁུལ་མི་མཐུན་པའི་ཕྱོགས་འཐེན་དཔུང་སྒྲིག་དགྲ་དགའ་གཉེན་སྡུག་ལས་ནམ་ཡང་མ་བྱེད་རོགས་གནང་། སྐུ་མཁྱེན།
ཨོ་ཡ་་་བཙན་པོའི་བུ་ལགས། ཁྱོད་བདེན་པ་ཡིན་གྱི་རེད། ང་དང་འཇམ་ནོར་ལྟ་བུ་ཚོ་ནི་ཚོར་བ་ཙམ་དང་གླིང་གི་གེ་སའི་སྒྲུང་འདྲ་མ་གཏོགས་ཤེས་ཀྱི་མེད། ད་ནི་ཁྱོད་ཡིན་ད། ཁྱོད་རང་རང་བཙན་འདོད་མཁན་ཞིག་ཡིན་ན་རང་བཙན་ཐོག་ཏུ་སྦྱོར་དངོས་མཇུག་གསུམ་ཆ་ཚང་ཡོད་པ་ཞིག་གསུང་རོགས་གནོངས་། ཁྱོད་རང་ལམ་དབུ་མར་འདོད་མཁན་ཞིག་ཡིན་ན་དབུ་མའི་ཐོག་ཏུ་སྦྱོར་དངོས་མཇུག་གསུམ་ཆ་ཚང་ཞིག་གསུང་རོགས་གནོངས།
ངས་ཉན་གི་ཡིན། ཁྱོད་ལ་གསུང་གྱི་མེད་ན་ངས་བཤད་ཡོང་། ཁྱོད་རང་གིས་ཉན་རོགས་བྱོས། ང་རང་ཚོས་ག་རེ་མ་བྱུང་བ་རེད། བོད་མི་རིགས་འདི་ཡང་མི་ནི་རེད།་སྨྲ་ཤེས་དོན་གོ་མཁན་ཞིག་ནི་རེད། ང་རང་ཚོས་གྲོས་བསྡུ་བྱེད་ན་ཐབས་ལམ་རྙེད་སྲིད་པ་རེད། ཡཡ་་་ད་ཁྱོད་ཡིན་ད། ངས་སྒུག་ནས་སྡོད་ཡོད།
སྙིང་དཀར་ལགས། ང་དྲ་འབུ་ཞིག་ཡིན་པའི་དབང་དུ་བཏང་ནའང་ཁྱོད་ཀྱི་སྐད་ཆ་འདྲ་པོ་དེ་འདྲ་ཉན་འདོད་མེད། ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོས་དེ་འདྲ་པོ་བརྒྱ། དེ་འདྲ་པོ་སྟོང་བཤད་མྱངས་བ་རེད། རྒྱུས་ཡོད།
tsering ལགས། ཁྱེད་རང་གི་སྐད་ཆ་བདེན་པ་རེད་བསམས་ཀྱི་འདུག་པས་མུ་མཐུད་ནས་གསུང་རོགས་གནོངས།
ལགས་སོ་ཅོ་རི་ལགས། དང་པོ། ཡུལ་ལུང་གང་ཞིག་རང་བཙན་བྱེད་པར་ཚང་དགོས་པའི་ཆ་རྐྱེན་ངེས་ཅན་བཞི་ཡོད། དང་པོ། ཡུལ་ལུང་དེ་དང་དེར་འཚོ་བའི་མི་རྣམས་ལ་ཐུན་མོང་གི་སྐད་ཡིག་ཡོད་པ། གཉིས་པ་ལོ་རྒྱུས་ཡོད་པ། གསུམ་པ། སྲིད་གཞུང་། བཞི་བ་རྒྱལ་ཁོངས་རང་བཞིན་གྱི་ས་བཅད་ངེས་ཅན་དགོས་པ་རེད། དེ་དག་འཛོམས་ན་རྒྱལ་ཁབ་གཅིག་གི་ཚད་ཉིད་ཚང་བར་འདོད། ང་ཚོར་མཚོན་ན་ཆ་རྐྱེན་དེ་དག་ཚང་ཡོད་ངེས་ཀྱང་རྒྱལ་ཁོངས་རང་བཞིན་གྱི་ས་བཅད་གསལ་པོ་ཞིག་ཧ་ལམ་ཡོད་ཐོག་མེད། དེ་གཅིག་ཡིན། གཉིས་པ། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཡོད་བཞིན་པའི་རང་སྐྱོང་གི་ཐོབ་ཐང་དེ་ཡིག་ཐོག་ལ་ཕབ་ནས་རྒྱ་ནག་ལ་སྤྲད་ཟིན་པ་རེད། དེས་རྒྱལ་སྤྱིའི་སྟེང་གི་རབ་རིབ་ཅན་གྱི་བོད་དོན་དེ་ཡང་སྙིང་ཅི་ཞིག་ཡིན་པ་གསལ་ཁ་གཏོད་ཚར་བ་རེད། གསུམ་པ། རྒྱལ་སྤྱིའི་སྟེང་གི་བོད་དོན་ཟེར་བའི་ཐ་སྙད་དེའི་གོ་དོན་བབ་ས་དེ་མཐར་གཏུགས་ནས་བཤད་ན་འགྲོ་བ་མིའི་ཐོབ་ཐང་ཐོག་བབ་ཡོད་པ་ལས་བོད་དེ་རྒྱས་བཙན་འཛུལ་བྱས་པའི་གནད་དོན་ཞིག་ལ་ངོས་འཛིན་མཁན་མེད་པ་རེད། དེ་ཡང་གནད་འགག་ཆེན་པོ་ཞིག་ཡིན།
མུ་མཐུད་ཡིན་ད་་་་་བུ་བཙན་པོ་ལགས།
ད་བྱས་ན་མི་ལོ་ལྔ་བཅུ་ལྷག་གི་རིང་ང་ཚོས་བོད་རྒྱ་གཉིས་ ཡུལ་སྲོལ་ གོམས་གཤིས་ མི་རིགས་ སྐད་ཡིག་ གང་གིས་ཆ་ནས་ཐ་དད་ཡིན་པ་དང། ང་ཚོ་བོད་འདི་སྔོན་མ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་རབས་བཤད་ནས་འཛམ་གླིང་གང་སར་སྡུག་སྐད་རྒྱབ་པ་དེས་ ང་ཚོས་སོ་སོར་མགོ་སྐོང་གཏོང་བ་ཡིན་ནམ་ ཡང་ན་འཛམ་གླི་གི་མི་མང་རྣམས་ལ་ང་ཚོས་རྫུན་བཤད་པ་རེད།
ཚེ་རིང་ལགས། ང་ཚོས་འཛམ་གླིང་མི་མང་ལ་མགོ་སྐོར་བཏང་བ་མ་རེད་ལ་རྫུན་གཏམ་བཤད་པའང་མ་རེད། དེ་བས་ང་ཚོས་ལོ་རྒྱུས་ཀྱི་ཐོབ་ཐང་བརྩད་པ་རེད། འོན་ཀྱང་། རང་བཙན་རག་ཐབས་མེད་པ་དོན་དངོས་ཀྱིས་ར་སྤྲོད་བྱས་པ་རེད། དེར་བརྟེན་དོན་དངོས་དང་མཐུན་པའི་སྲིད་བྱུས་བཟུང་བ་རེད། ལོ་རྒྱུས་ལ་ཁ་ལོ་བསྒྱུར་བའི་དབང་ཆ་དང་ནུས་པ་ང་ཚོར་མེད་པ་རེད། འོན་ཀྱང་མ་འོངས་པའི་ང་ཚོའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་འོས་འགན་དང་ནུས་པ་ཏོག་ཙམ་ང་ཚོར་ཡོད་པ་རེད།
ཨེ་་བཙན་པོའི་བུ་ལགས། སྦྱོར་དངོས་མཇུག་གསུམ་ཆ་ཚང་བཤད་ཚར་བའི་སྐད་ཆ་ཡིན་ནམ། དེ་ལས་ཅང་བཤད་ཀྱི་མེད་པེ། མེད་ན་ནི་ད་ནས་བཟུང་འཇམ་ནོར་ལགས་ཐོག་ཏུ་ཅིག་བཤད་ཀྱི་མཚམས་ཞོག
ཅོ་རི་ལགས། ངས་ཁྱེད་རང་ལ་ཏོག་ཙམ་གསུང་རྒྱུ་མེད་དམ་སྙམ་སོང་། འོན་ཀྱང་ཅང་གསུང་རྒྱུ་མེད་པ་འདྲ། ད་བྱེད་དུས་ལོ་རྒྱུས་ལ་པྱིར་བལྟས་ཤིག་རྒྱབ་ནས་གླེང་དགོས་པ་འདྲ། དེ་ཡང་སྤྱི་ལོ་ ༡༩༥༡་ལོའི་ཆིངས་ཡིག་དོན་ཚན་ ༡༧ དེ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་ངལ་སེལ་རྒྱུའི་གོམ་པ་དང་པོ་དེ་རེད། སྤྱིར་དོན་ཚན་༡༧ བཙན་དབང་འོག་བཞག་ཀྱང་༧གོང་ས་མཆོག་གིས་བོད་རྒྱའི་དཀའ་ངལ་དེ་སྒྲོམ་གཞི་དེའི་འོག་ནས་སེལ་རྒྱུར་འབད་བརྩོན་ལོ་ངོ་ ༨ གནང་བ་རེད། འོན་ཀྱང་རྒྱ་ཕྱོགས་ནང་བཟང་པྱོགས་ཡ་ལན་གང་ཡང་བསྟན་མེད་སྟབས་མཐར་ ༡༩༥༩ ཟླ་བ་ ༤ ཚེས་ ༡༨་ཉིན་ཏི་ཛུར་གྲོས་བདུན་ ༡༧ རྩིས་མེད་གནང་རྒྱའི་ཁྱབ་སྒྲགས་གནང་པ་རེད། དེ་ནས་ ༧༩་བར་བོད་གཞུང་དང་༧གོང་ས་མཆོག་གིས་རང་བཙན་གྱི་འཐབ་བརྩོད་གནང་པ་རེད། འོན་ཀྱང་། རྒྱལ་སྤྱིའི་འགྱུར་འགྲོས་དང་ལྷག་པར་དུ་རྒྱའི་དཔོན་རིགས་ཏིང་གི་བཟང་པྱོགས་ཀྱི་རྣམ་འགྱུར་བསྟན་པ་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གཟིགས་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་པ་རེད། དེའི་རྒྱབ་ལྗོངས་དེ་སྔོན་ཞུས་ཚར། མཐར་རྒྱ་གཞུང་དང་འབྲེལ་ལམ་གནང་རྒྱུའི་སྦྱོར་བ་བརྩམས་ཅིང་དངོས་གཞི་གྲོས་མོལ་ཡང་གནང་པ་རེད་ལ་མཇུག་འབྲས་ཀྱང་མི་དམན་ཙམ་ཐོབ་པ་ནི་སྨོས་མེད་རེད། དེ་ཙམ་ཡིན་ཏ། གནས་ལུགས་སྤུངས་ནས་ཕེབས་དང་།
བཙན་པོའི་བུ་ལགས་་་ཁྱོད་ཀྱིས།་་་གཉིས་ནས། རང་བཙན་བརྩོད་ན། ཐབས་བྱུས་དགོས་པ་རེད། དེང་གི་དུས་སུ་ཁྲོམ་ལ་འགྲོ་སྐབས་ཀྱང་བརྗེད་ཐོ་དང་། འཆར་གཞི་འགྲིག་ནས་གྲོ་གི་ཡོད་པ་རེད། འོན་ཀྱང་། ང་ཚོས་རང་བཙན་རང་བཙན་ཟེར་བ་ཙམ་ལས་སྦྱོར་དངོས་མཇུག་གསུམ་གང་ཡང་མེད་པར་སྐད་ངན་རྒྱག་གི་ཡོད། དེ་ནི་འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་རེད། འཇའ་ཁ་མདོག་བཀྲ་ཡང་སྣང་བ་རེད། ཟེར་བ་དང་ཅིས་མི་བདེན།ཞེས་འདི་ཁྱོད་ཀྱི་སྐད་ཆ་རེད།
ཁྱོད་ཀྱིས་བོད་རང་བཙན་གྱི་ཐོག་ཏུ་འཆར་གཞི་དང་སྦྱོར་དངོས་མཇུག་གསུམ་གསུངས་ཀི་ཡིན་ཟེར་གྱི་ཡོད་རེད། ངས་དེར་སྒུག་བསྡད་ཡོད། རང་རྩོད་སྟངས་ཀྱི་སྦྱོར་དངོས་མཇུག་གསུམ་ཆ་ཚང་བ་ཞིག་གསུང་རོགས་བྱོས། སྒུག་སྡོད་ཡིན།
བོད་རང་བཙན་ཐོག་ཏུ་གསུང་གྱི་མེད་ན་ལམ་དབུ་མའི་སྦྱོར་དངོས་མཇུག་གསུམ་ཆ་ཚང་བ་ཞིག་གསུང་རོགས་བྱོས།།
ཅོ་རི་ལགས། འདུག་སེ་བལྟ་དུས་གོ་ནོར་ཐེབས་པ་འདྲ། ངས་རང་བཙན་བརྩོད་མཁན་རྣམས་ལ་ཐབས་བྱུས་རང་བཞིན་གྱི་འཐབ་བརྩོད་ཀྱི་འཆར་གཞི་དགོས་ཀྱི་ཡོད་ཀྱང་སྟོན་རྒྱུ་མི་འདུག་ཞུ་གི་ཡོད་མ་གཏོགས་ང་ལ་སྟོན་རྒྱུ་ཡོད་ལུགས་ཞུ་རྒྱུ་མ་བྱུང་། དེ་རང་བཙན་འཐབ་བརྩོད་རྣམས་ཀྱི་ཞན་ཆ་ཤེ་ཤོས་ཤིག་རེད། མཁས་དབང་འཇམ་ནོར་ལགས་སུའང་དེའི་ཐད་གང་ཡང་གསུང་རྒྱུ་མི་འདུག་ཀ ཁོང་གིས་གོམ་པ་མདུན་དུ་སྤོས་ན་གང་དུ་རྐང་པ་ཟག་གི་ཡོད་མིན་ཤེས་ཀྱི་མི་འདུག་ཀ
ད་དུང་ཞུ་རྒྱུ་ཞིག་ལ་ནུབ་ཕྱོགས་པ་ཚོས་ལས་དོན་ཆེ་བའི་རིགས་ཅི་འདྲ་ཞིག་འགོ་བརྩམས་ཀྱང་ཐོག་མར་གང་ཟག་སུ་དང་སུ། དུས་ཚོད་ག་དུས། ཇི་ལྟར་བྱ་མིན། རྒྱུ་མཚན་བཅས་དྲི་རྟགས་དེ་རིགས་ལ་བསམ་བློ་གཏོང་གི་རེད། ཁྱེད་རང་གིས་དྲི་རྟགས་དེ་རིགས་རང་བཙན་འཐབ་བརྩོད་པ་རྣམས་ལ་བཀོད་དང་། ལན་ངེས་གསལ་ཞིག་འདུག་གམ་མི་འདུག
བྱས་ཙང་་་ཁྱོད་ཀྱིས་བོད་རང་བཙན་ལེན་སྟངས་ཀྱི་ཐབས་ཇུས་སྟོན་གྱི་མི་འདུག ང་ཚོ་ལ་ཡོད་པ་སེམས་ཚོར་ཙམ་དང་གླིང་སྒྲུང་བལྟ་མང་དྲག་ནས་བཟི་བསྡད་པ་ཙམ་རེད་ཅེས་ཁྱོད་ཀྱིས་གསུངས་ཀྱི་འདུག དེ་ཡིན་དུས་་་ངས་ཁྱོད་ལ་བདེན་པ་ཡིན་གྱི་རེད་ཅེས་ལབ་པ་དང་། ཁྱོད་རང་ལ་རང་བཙན་དང་དབུ་མ་གང་ཐོག་ཏུ་ཐབས་ཇུས་དང་འཆར་གཞི་ཡོད་ན་གསུང་རོགས་བྱོས་ཅེས་ཞུས་པ་ཡིན། དོན་དེ་ཡིན།
ཁུངས་ལུང་མི་འདུག
རྒྱུ་མཚན་དེ་ལ་བརྟེན་ནས་ངས་དབུ་མའི་ལམ་བུ་དེ་དམིགས་ཐག་ཉེ་བ་མཐོང་གི་ཡོད།
ད་དུང་ཞུ་རྒྱུ་ཞིག་ལ་ནུབ་ཕྱོགས་པ་ཚོས་ལས་དོན་ཆེ་བའི་རིགས་ཅི་འདྲ་ཞིག་འགོ་བརྩམས་ཀྱང་ཐོག་མར་གང་ཟག་སུ་དང་སུ། དུས་ཚོད་ག་དུས། ཇི་ལྟར་བྱ་མིན། རྒྱུ་མཚན་བཅས་དྲི་རྟགས་དེ་རིགས་ལ་བསམ་བློ་གཏོང་གི་རེད། ཁྱེད་རང་གིས་དྲི་རྟགས་དེ་རིགས་རང་བཙན་འཐབ་བརྩོད་པ་རྣམས་ལ་བཀོད་དང་། ལན་ངེས་གསལ་ཞིག་འདུག་གམ་མི་འདུག
ཅོ་རི་ལགས། གལ་ཏེ་ཁྱེད་རང་ལའང་རང་བཙན་འཐབ་བརྩོད་ཀྱི་ཐབས་བྱུས་མེད་ན་དབུ་མའི་ལམ་དུ་ཕེབས་ན་གང་འདྲ་འདུག ཆུ་ཆེན་གྱི་ཞིང་ལ་མ་བལྟས་ན། ཕོ་གསར་གྱི་རྐྱལ་དེ་སྙོ་རྐྱལ་ཆགས་ཡིན། དེ་མིན་ཁྱེད་ཀྱི་སློབ་དཔོན་འཇམ་ནོར་ལ་དམིགས་བསལ་གྱི་ཐབས་བྱུས་འདྲ་འདུག་གམ། ངས་བལྟས་ན། ཅང་མེད་པ་རེད།
ཚ་ཞང་སྡེར་མ་དང་། ལྗང་ཕྲུག་གཡུ་ཐོག་བྱེད་དགོས་བསམ་ཀྱང་མཐར་ཨ་ཁུ་ཁྲོ་འཐུང་ཆགས་ན་ཚར་བ་རེད་ཏ། སྐུ་རྩེ་ཡིན།
ཨོ་ཧཧཧ་་་བཙན་པོ་བུ་ལགས། ཁྱོད་ལ་བཤད་ཀྱི་ཡོད་དམ་མེད། མེད་ན་མེད་ལབ་དང་། དེ་ནས་ངས་བཤད་ཆོག
བཙན་བུ་ལགས། ལོ་རྒྱུས་ཀྱི་ཐབ་ཐང་བརྩད་ན་མགོ་རྔ་ཡོད་པ་ཞིག་བརྩད་དགོས། དེ་མིན་ན་རྫུན་གཏམ་ལས་མ་འདས། གཡར་ཀའི་ གནམ་ངོ་བཞིན་དུ་འགྱུར་ལྡོག་མོང་ན་མཐའ་མ་བློ་འགྱོད་སྐྱེ་སྲིད། བསམ་བློ་སྔོ་ལ་གཏོང་ན་མཁས་པ་ཡིན་ འགྱོད་པ་རྗེས་སུ་སྐྱེས་ན་གླུན་པོའི་རྟགས། ལམ་དབུ་མ་མ་རྩོད་ཞུ་གི་མེད་ རང་བཙན་ནམ་ཡང་མ་དོར་རོག་གནང་ཞི་གི་ཡོད། སྤྱི་འཐུས་རྐམ་ཆོས་འཕེལ་ནས་མང་གཙོའི་ཐབ་ཐང་ལོངས་སུ་སྤྱོད་ནས་ཁོ་རང་སྒེར་གྱི་བསམ་ཚུལ་དེ་སྦས་གསང་མེད་པ་ཕྱིར་སྟོན་པ་དེས་དངོས་གནས་ཁོ་རང་མི་དྲང་ལྡན་ཞིག་ཡིན་པའི་རྟགས་རེད། ད་དུང་མི་མགའ་རེས་ཁོང་ལ་ར་བཟི་དང་དམ་ཉམས་ཟེར་དངོས་གནས་ལོ་གསུམ་བྱིས་པའི་ངང་ཚུལ་ཅན་རང་རེད། དེ་རིང་ཁ་སང་བྱིས་པ་ལོ་གསུམ་ཅན་ཚོས་ཀྱང་སྐད་ཆ་དེ་ལས་གྲགས་ཙམ་བཤད་ཤེས་ཀྱི་རེད།
བཙན་པོའི་བུ་ལགས། ང་ཅོ་རི་མར་ཉལ་ན་བསམ་བློ་བཏང་གི་ཡོད། ཡར་ལངས་ན་བསམ་བློ་བཏང་གི་ཡོད། བོད་རང་བཙན་ལེན་སྟངས་ཀྱི་སྦྱོར་དངོས་མཇུག་གསུམ་ཆ་ཚང་བ་ཞིག་ཡོད། ༧གོང་ས་མཆོག་གི་མདུན་དུ་ཞུ་མཁན་འགྲོ་དགོས་ནའང་ཞུ་ཆོག་པའི་སྤོབས་པ་མཐོ་པོ་ཡོད།་་་ཧཧཧ མ་འོངས་བོད་མི་རིགས་ཀྱིས་ཡུལ་ལུང་ཟིན་སྟངས་ཀྱི་སྐོར་དུ་མཐའ་ན་གསང་སྤྱོད་ཡན་ཆན་བསམ་བློ་གཏོང་གི་ཡོད། གཞི་ལུས་བོད་མི་རྣམས་ལ་ཁྲུས་ཁང་མེད་པས་སེམས་སྡུག་ཆེན་པོ་ཡོད།་་་ངའི་མགོ་ཡི་ནང་གི་ཀླད་པ་འདི་ཡང་མི་ཡི་ཀླད་པ་ཡག་བའི་གྲལ་ཞིག་ཡིན་བསམས་ཀྱི་ཡོད།་་ཧཧ
ཁྱེད་རང་འཆར་གཞི་ཡོད་ན་ང་ལ་གསུངས་རོགས་གནང་། སློབ་སྟོན་ཡོང་ས་རེད།
ཅོ་རི་ཉི་མ་ལགས། ངས་བྷི་རག་དམ་བི་གང་བཏུངས་པ་ཡིན། ཁྱེད་རང་གླིང་སྒྲུང་གིས་བཟི་མེད་ཀྱང་ང་བྷི་རག་གི་བཟི་བ་འདྲ།
་ད་་ཁྱོད་ཀྱིས་མདོག་རྒྱབ་དེ་རེད་པེ། སྦིས་ཡ་ཤེལ་དམ་གང་གིས་བཟི་བྱུང་བས་སྙིང་རྗེ་ཡ་འདྲ་ཞིག་འདུག ཁ་བཙུམ་ནས་ཉལ་རོགས་བྱོས།
རང་བཙན་ཡིན་ཟེར་མཁན་ཚོས། རང་བཙན། རང་བཙན། རང་བཙན། ཞེས་འབོད་སྡད་པ་ཙམ་ལས་རང་བཙན་གྱི་དོན་དུ་ལས་ཀ་འདི་བྱས་པ་རེད་ཟེར་བ་ཞིག་ཧ་ཅང་དཀོན་པོ་རེད། ད་དུང་རང་བཙན་སྒྲུབ་པའི་འཆར་གཞི་དང་། རང་བཙན་ཐོབ་ཐུབ་པའི་གདེང་ཚོད་གང་ཡང་མེད་པ་རེད། འདི་འདྲ་ཡིན་བཞིན་དུ་ད་དུང་རང་བཙན་རྩོད་ཀྱི་ཡོད་ཅེས་རྩོད་དགོས་པ་རྒྱ་གཞུང་ལ་མ་རྩོད་པར། གོང་ས་མཆོག་དང་རང་གཞུང་ལ་རྟག་ཏུ་མ་འགྲིག་མ་འཐུས་རྐྱང་བཤད་སྡད་པ་འདི་ནི། ངོ་མ་བཤད་ན་བོད་ཀྱི་ཡོད་ཚད་རྩ་མེད་བཟོ་བའི་ས་བོན་སྐྲུན་པ་རང་རེད།
ཚེ་རིང་ལགས། ཁྱེད་རང་གིས་ཆབ་སྲིད་ཀྱི་དོན་སྙིང་རྟོགས་ཀྱི་མེད་པ་འདྲ། ལོ་རྒྱུས་ཀྱི་ཐོབ་ཐང་བརྩོད་ན་འགྲིག་གི་རེད། དེའི་རྩ་དོན་ལ་འགྱུར་བ་གཏོང་མིན་ཡང་འཐབ་བརྩོད་པ་དེར་རག་ལུས་ཡོད། འོན་ཀྱང་། ཐོབ་ཐང་བརྩད་ནས་རག་མ་རག་དེ་གནས་ཚུལ་ལོགས་ཀ་རེད། དམག་འཁྲུག་དང་གཉིས་གོང་ལ་འཛམ་གླིང་སྟེང་རང་བཙན་རྒྱལ་ཁབ་བཅུ་གྲངས་འགའ་ལས་མེད་པ་རེད། འོན་ཀྱང་། ད་ལྟ་རྒྱལ་ཁབ་སུམ་བརྒྱ་ཅམ་ཡོད་པ་རེད། གཉིས་ནས། དམག་ཆེན་དང་གཉིས་གོང་ལ་བོད་དེ་རང་བཙན་རྒྱལ་ཁབ་རེད། དམག་གཉིས་པའི་རྗེས་སུ་ཡུལ་ལུང་མང་པོར་རང་བཅན་ཐོབ་ཀྱང་བོད་དེ་རྒྱ་འོག་ཏུ་ཚུད་པ་རེད། དེ་ནི་ཆབ་སྲིད་ཀྱི་འགྱུར་འགྲོས་རེད། ཐོབ་ཐབས་མེད་པའི་ལོ་རྒྱུས་ཀྱི་རང་བཙན་བརྩད་པ་ནི་ལག་ལྡུམ་བྲག་ལ་འཛེགས་པ་དང་གཅིག་མཚུངས་རེད། དེ་ནི་བློ་གྲོས་ལྡན་པའི་བྱ་སྤྱོད་ཤིག་མིན། དེ་བས་ལྐུག་པ་ཨུ་ཚུགས་རེད། ད་ལྟ་བོད་ནང་གི་བོད་མི་ཚོས་ཚད་མཐོ་ཤོས་ཀྱི་ངོ་རྒོལ་རྣམ་པ་སྟོན་གྱི་ཡོད། འོན་ཀྱང་ང་ཚོར་ཐོབ་པ་དེ་གང་རེད་དམ། རྒྱལ་སྤྱིའི་སྟེང་གནད་དོན་དེའི་ཐད་ག་རེ་གླེང་གི་འདུག བབ་ས་གཙོ་བོ་དེ་འགྲོ་བ་མི་ཡི་ཐོབ་ཐང་དང་། ཆོས་དད་རང་དབང་རེད་མི་འདུག་གམ། ད་ལྟའི་དུས་སུ་གནད་དོན་གསར་པ་ཞིག་ཡོད་པ་ནི་ཁོར་ཡུག་སྐོར་རེད།
ཡ་ཡ་ ད་ལུང་བཙན་ཁྱེད་གཉིས་ནི་ཆབ་སྲིད་ཀྱི་གོ་རྟོགས་དང་ལྡན་པ། མི་རིགས་ཀྱི་ལ་རྒྱ་ཅན་ བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་རབས་དང་ རང་བཙན་ལ་གདེང་ཚོད་མེད་ཚུལ་ མི་ཁྱོད་གཉིས་ལས་ལྷགས་ཞིག་གོང་དུ་ཡོད། ཡིན་ན་འང་ཁྱོད་གཉིས་ལ་ཡང་ལམ་དབུ་མའི་གང་ལ་གདེང་ཚོད་གང་ཡང་མེད་པ་ངས་ཚོད་དཔག་བྱེད་ཐུབ། ཉེ་འཆར་རང་ལ་རྒྱ་དཔོན་ཞིག་གིས་ང་ཚོས་ཏཱ་ལའི་བླ་མ་འཛིན་པའི་ཆབ་སྲིད་ལ་འགྱུར་བ་གང་མེད་ཚུལ་བཤད་པ་ཁྱེད་གཉིས་འོན་པ་མིན་ན་གོ་ཚོད་ཡིན། ད་དུང་ཏ་འུ་ས་ཁུལ་དུ་མི་ག་ཚོད་མེ་མདའ་རྒྱབ་འདུག་ལོང་བ་མིན་ན་མཐོང་ཚོད་ཡིན།
ད་གནས་ལུགས་མེད་པའི་སྐད་ཆར་ཉན་ཁོམ་མེད། གནས་ལུགས་ཡོད་ན་ངའི་སྒང་ལ་ཤོར་ཤོག དེ་མིན་ཡ་བྱེད་ཁོམ་མེད་དོ།
རང་བཙན་བརྩད་ན་ལེན་སྟངས་མི་ཤེས་དབུ་མ་བརྩད་ན་བསྟེར་སྟངས་ཀྱང་མི་ཤེས། འདི་གཉིས་བར་ན་སྐབས་འཚོལ་རིང་ལུགས་དང་མགོ་གཏད་རིང་ལུགས་པ་ཚོས་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་ལམ་གཅིག་བཟང་རབ་དང་གཅིག་ངན་རབས། གཅིག་མྱུར་་རབས་དང་གཅིག་འགོར་རབས། གཅིག་སྦྱོར་དངོས་རྗེས་གསུམ་ཡོད་རབས་དང་གཅིག་ཤོད་དེ་མེད་རབས། མདོར་ན་རང་ལྟ་ཕྱོགས་འཛིན་དང་གཞན་ལྟ་འབུར་བཅོམས་བྱེད་པའི་ལམ་ལུགས་ཀྱི་ནད་ཡམས་འདི་འགོ་མཐོ་རིམ་གྱི་དཔོན་ཆེན་ནས་རྩིས་པའི་འོག་གད་པ་བར་ཁྱབ་འདུག། འོ་ན་གཅིག་ཤོས་དེ་བཟང་རབས་རྒྱན་རབས་མྱུར་རབས་ཡིན་ན་ཅིའི་ཕྱིར་ཏང་གིས་ཁ་ཡ་མ་བྱས་པ་རེད། ཅིའི་ཕྱིར་བོད་ནང་གི་གནས་སྟངས་་ཛ་དྲག་ཇེ་ཆེ་ཕྱིན་པ་རེད། ཅིའི་ཕྱིར་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་སྔ་ཕྱི་བར་གསུམ་དུ་འགྱུར་བ་མེད་པ་རེད། ཅིའི་ཕྱིར་དོན་སྙིང་ལྡན་པའི་གྲོས་མོལ་མི་བྱེད་པ་རེད། ཅིའི་ཕྱིར་ལན་དགུ་ཆད་མཐུད་ཀྱི་འབྲེལ་མོལ་ལ་གྲུབ་འབྲས་མ་བྱུང་བ་རེད། འོ་ན་སྦྱོར་དངོས་རྗེས་གསུམ་གྱི་འཇུག་ཚུལ་རིམ་པ་ཁ་ཡོད་ལག་ཡོད་ཀྱིས་གསལ་པོ་འགྲེལ་བརྗོད་མེད་ན་བཟང་རབས་རྒྱན་རབས་མྱུར་རབས་བཤད་ནས་ཅང་ཕན་ནི་མ་རེད།
ད་དུང་དབུ་མ་པ་ཚོས་རང་བཙན་པ་ཚོར་ཁ་བརྡུང་དྲག་པོ་བཏང་བ་མ་ཟད་གདོལ་ཚོགས་ལྟ་བུ་སྤྱི་ཚོགས་ཀྱི་ཟུར་ཏུ་འབུད་རྩིས་ལན་མང་བྱས་སོང་ལ་རང་བཙན་པས་ཁ་བསྒྲགས་ཚད་མཚན་སྨོད་དང་ཟུར་ཟའི་ཞ་ནག་གཡོགས་པའི་ལམ་ལུགས་ཇི་ལྟར་དར་སོང་བ་རེད།
འཇམ་ནོར་ལ་གཟབས་གཟབས་བྱེད་དགོས་་་འཇམ་ནོར་དང་གཏོར་རྒྱལ་ཚོགས་གཙོ་ཉམས་དུ་པར་རྒྱབ་ཡོད་ཀི་་་སྐད་འཕྲིན་ནང་ན་མང་པོ་མཐོང་རྒྱུ་འདུག་་་གཟབས་གཟབས་བྱོས་་་
མི་རིགས་ཤིག་གི་གནད་དོན་དེར་མི་སྒེར་ཞིག་དང་ཁྱིམ་ཚང་གཅིག་གི་གནད་དོན་མ་རེད། དེའི་ནང་བརྗོད་མི་ཚར་བའི་སྙོག་འཛིང་མང་པོ་ཡོད་པ་རེད། སྙོག་འཛིང་དེ་དག་གོམ་པ་རེ་རེ་བཞིན་སྤོ་དགོས་པ་ལས་ཆང་འཐུང་ཞོར་དང་ཁ་བརྡ་གློད་ཞོར་ཏུ་འགྲིག་ཐབས་མེད་པ་རེད། ད་ལྟའི་ཆར་༧གོང་ས་མཆོག་ཧོང་ཀོང་དང་ཨའོ་མན་སོགས་སུ་གདན་ཞུ་བྱ་རྒྱུའི་གཏམ་གླིང་ཞིག་རྒྱའི་ཤེས་ལྡན་མི་སྣའི་ཁྲོད་ཡོང་གི་ཡོད། དེ་ནི་གོམ་པ་དང་པོ་དེ་རེད། མ་མཐར་དབུ་མའི་ལམ་གྱི་སྲིད་བྱུས་འོག་བརྒྱུད་ལམ་གཅིག་ཡོད་པ་རེད། དེར་བརྟེན་ཆོ་མེད་ཀྱི་ལོང་གཏམ་མི་སྨྲ་བར་གནས་ལུགས་སྤུངས་ཤོག་ཨང་། མུ་མཐུད་ཡོད་ཏ།
ད་ལྟའི་ཆར་༧གོང་ས་མཆོག་ཧོང་ཀོང་དང་ཨའོ་མན་སོགས་སུ་གདན་ཞུ་བྱ་རྒྱུའི་གཏམ་གླིང་ཞིག་རྒྱའི་ཤེས་ལྡན་མི་སྣའི་ཁྲོད་ཡོང་གི་ཡོད། དེ་ནི་གོམ་པ་དང་པོ་དེ་རེད། མ་མཐར་དབུ་མའི་ལམ་གྱི་སྲིད་བྱུས་འོག་བརྒྱུད་ལམ་གཅིག་ཡོད་པ་རེད། ་་་་་ཟེར།
ཡ། ད་དེ་འདྲ་དུས་ཚོད་འགྱུར་ལྡོག་ཆེན་པོ། སྔར་ཐེ་ཝན་དུ་འགྲོ་ན་མི་དེ་མག་པོར་གྱུར། ད་ཐེ་ཝན་དུ་འགྲོ་རྒྱུ་མ་རག་པའི་དཀའ་ངལ། ཡང་སྔར་རྒྱ་ནག་དུ་འགྲོ་ན་མི་དེ་ནག་པོ་གྱུར། ད་རྒྱ་ནག་ཨོང་མན་ལ་འགྲོ་རྒྱུ་མ་རག་པའི་དཀའ་ངལ། སྔར་བོད་དེ་རང་བཙན་མ་བཤད་ན་མི་དེ་རྒྱ་ནག་གི་གསང་ཉུལ་ལ་བརྩི་རྒྱུ་ལས་མེད། ད་རང་བཙན་བཤད་ན་རྒྱལ་བའི་བཀའ་དང་འགལ། དེ་འདྲ་ཆབ་སྲིད་མགོ་ཉོག་པོ་ཨ། མི་རྟག་པ་རང་།
༡༠༧༽ ཚེ་རིང་ལགས་ཀྱུ་མཆན་བུ་འདི་སྣང་བར་འགྲོ་ཤོས་དང་སྙན་ཤོས་སུ་བྱུང་ལགས།
ལོ་རྒྱུས།
སྔར་གྱི་མན་ཇུ་ཨམ་བྷན།
བར་གྱི་མའོའི་དམར་གཞུང་།
སྔར་གྱི་ཐེ་ཝན་གསོ་ཕོགས།
དེང་གི་ཐེ་ཝན་ཧོང་ཀོང་།
ཉམས་ལེན།
སྲིད་ནམ་མཁའི་གློག་ལྟར་གཡོ་བ་འདི། །
བསམ་ཤེས་ན་མི་རྟག་སློབ་དཔོན་རེད། །
ཅིའི་ཕྱིར་རྒྱ་ཕྱོགས་བྱེད།
འཇམ་ནོར་ཁྱོད་ཀྱིས་ཅིའི་ཕྱིར་རྒྱ་ཕྱོགས་བྱས། རྒྱ་གཞུང་གིས་༸གོང་ས་མཆོག་ལ་སེམས་ནང་གི་རང་བཙན་ནམ་མངོན་པ་མི་གསལ་བའི་རང་བཙན་རྩོད་ཀྱིན་འདུག་ཟེར་བ་དང་གཅིག ཀརྨ་ཆོ་འཕེལ་གྱིས་༸གོང་ས་མཆོག་གིས་དགོངས་པ་ལ་རང་བཙན་བཞེད་ཀྱིན་ཡོང་རེད་ཟེར་བ་དང་གཉིས། འཇམ་ནོར་ཁྱོད་ཀྱིས༸གོང་ས་མཆོག་ལ་མཚན་སྨོད་དང་འབྲེལ་དབུ་ལམ་རྗེས་འབྲངས་པ་ཚོའི་སེམས་ནང་གི་རང་བཙན་རེད་ཟེར་བ་གསུམ་ཅི་འདྲ་མཚུངས་འདུག འཇམ་ནོར་ཁྱོད་ཀྱིས་ཁ་ལ་རང་བཙན་འཁྱེར་ནས་ལས་ཀ་ཚང་མ་རྒྱ་ཕྱོགས་རེད་འདུག དེ་ཅིའི་ཕྱིར་ཡིན་ནམ། ཁྱོད་རྒྱ་གར་བ་ཡིན་ཡིན་ལ། བོད་པ་སྐྱབས་བཅོས་བ་ཡིན་ཁུལ་བྱེད་དོན་ཅི་ཡིན་ནམ།
དེ་ལ་ལན་གསལ་པོ་གསུང་རོག
རེ་བ་ཡོད་པའི་རཀ་རིན་པོ་ཆེ་གཤེགས་ནས་ལོ་གཅིག་འགྲོ་བགྱིད་ཡོད་པ་འདྲ། རཀ་རའི་ཚ་བོ་འཇམ་ནོར་ལགས་ལ་ནི། ངས་ནི་རེ་བ་གང་ཡང་བྱེད་མི་ཐུབ་བོ།།
དབུ་མས་རང་བཙན་པར་ལོག་མཐོང་དང་སྨོད་བོར་བ་དང་། རང་བཙན་པས་དབུ་མར་ངན་ཁག་གཡོགས་པ་སོགས་ནི་ཐ་གཉིས་སུ་ལྷུང་བའི་བྱ་སྤྱོད་ཞིག་རེད། ཕྱོགས་གཉིས་ཀྱི་འཐབ་བརྩོད་པ་སོ་སོར་རང་ཉིད་ཀྱི་གནས་ལུགས་དང་རྒྱུ་མཚན་ངེས་ཅན་རེ་ཡོད་ཀྱི་རེད། རྒྱུ་མཚན་དང་གནས་ལུགས་གཉིས་ཀྱི་མཐར་བབ་ས་དེ་རྒྱུད་རིམ་ངེས་ཅན་ཞིག་དང་། མཇུག་འབྲས་རེད། མཇུག་འབྲས་མེད་ན་གནས་ལུགས་ག་ཚོད་ཡོད་ཀྱང་ཚར་སོང་བ་རེད།
འདིར་གཟིགས་དང་། གནས་ལུགས་མི་ཉུང་བ་ཞིག་རྟོགས་སྲིད། https://www.youtube.com/watch?v=g20DmTamrYE
བཙན་བུ་ལགས་ཁྱེད་སྐུ་ཚེ་རིང། དེ་ཚོ་ལན་གྲངས་མོང་པོ་བལྟས་ཟིན། ཁོང་ཚོ་ཚང་མའི་ངག་ནས་ལམ་དབུ་མ་བཟང་རབས་བཤད་པ་ཙམ་ལས། གདེང་ཚོད་ཡོད་པ་ཞིག་སུ་གང་གིས་གསུང་མ་སོང།
ཚེ་རིང་ལགས། ད་བྱས་ན། ཁྱེད་རང་གིས་རང་བཙན་འཐབ་བརྩོད་བྱེད་ཕྱོགས་ཤིག་གསུངས་དང་། ངས་ཉན་ཡོད།
བོད་འདི་སྔོན་མ་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་བརྩོད་མེད་རེད། མ་ཟད་རྒྱལ་རབས་དང་ལོ་རྒྱུས་གང་གིས་ཆ་ནས་ངོ་ཚོ་ལ་བདེན་དཔང་ཡོད་གདོད་རེད། ད་དུང་རྒྱལ་ནག་གཙོས་པའི་འཛམས་གླིང་རྒྱལ་ཁབ་མོང་པོའི་ཡིག་ཆ་ནང་དུ་གསལ་ཡོད་རེད། རང་བཙན་འཐབ་བརྩོད་ནི་ནམ་ཡང་ཞི་བའི་སྒོ་ནས་བརྩོད་པ་ལས་དྲག་པོའི་ལམ་ནས་མིན། ང་དགུའི་ལོ་ནས་དེ་རིང་གི་བར་ང་ཚོའི་ག་རེ་བརྩོད་ཡོད་རེད། ད་དུང་མུ་ཐུད་ནས་ཇི་སྲིད་བོད་རང་བཙན་མ་ཐོབ་བར་དེར་སྲིད་དུ་བརྩོད་དགོས། མ་ཟད་རྒྱ་རིགས་མང་གཙོ་འདོད་མཁན་ཚོའི་གཉམ་དུ་ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་ཐོག་གནོན་ཤུགས་སྤྲོད་ནས་རྒྱ་ནག་དེ་མང་གཙོ་ཅན་དུ་འགྱུར་ཐོབ་བྱེད་དགོས་ གལ་སྲིད་རྒྱ་ནག་འདི་མང་གཙོ་ཆགས་སོང་ན་ རབས་བྱུང་ན་ང་ཚོ་ལ་རང་བཙན་དང་ དེ་མ་བྱུང་ན་འང་དབུ་མའི་ལམ་དེ་རག་བ་ཐེ་འཚམ་མི་དགོས། དབུ་ལམ་གཅིག་པོའི་ཐོག་ནས་ཐོབ་ན་དབུ་ལམ་དང་མ་བྱུང་ན་འཛུབ་མོ་ཁ་ནང་ཅུག་རྒྱུ་ལས་མེད།
ཚང་མས་ཞབས་འདེབས་བསྡུས་ཏེ་ཅོ་རི་ཉི་མར་མེ་མདའ་ཞིག་ཉོ་རོགས་ཞུ་རྒྱུ་ཡིན།
བོད་མི་རིགས་ལ་བསོད་ནམས་ཀྱི་མཐུ་ལས་བླ་མ་ཡག་པོ་དང་མགོ་འཁྲིད་ཡག་པོ་བཀོད་རུང་བེད་སྤྱོད་བྱེད་མ་ཤེས་པར་ཆབ་སྲིད་ཁ་ལ་འཁུར་ནས་གང་བསམ་གང་དྲན་བྱེད་མཁན་དེ་དག་ངོ་རེ་ཚ་ལ་རང་མི་རིགས་ཀྱི་རྐང་པ་འཐེན་མཁན་རང་རེད་བྱས་ཙང་གང་ཡང་མ་འབྱོན་ཡང་རང་གི་མི་རིགས་ལ་གནོང་མ་བསྐྱལ་རོགས་།