ཁྲོ་གཏུམ།
ཁ་བ་དང་བྲལ་བ་ནི་རང་ཡུལ་དང་བྲལ་བ་ཡིན
ཆུང་དུས་ཀྱི་དགུན་ཁ་ནི་ཁ་བ་རེད
ཁ་བའི་འདབ་མ་བརྩེགས་པའི་གངས་རི་དཀར་སང་ངེ
ཁ་བ་བྱ་ཁྱུ་བཞིན་འབབ་པའི་བར་ན
ངའི་ནང་མི་དང་ང་ཡོད་ལ
ངའི་རྟ་ནོར་ལུག་གསུམ་ལས་བོང་བུ་མེད
སྐྱེས་དུས་ནས་མཐོང་མྱོང་བ་ནི་རི་བོ་དག་ལས་དེའུ་འབུར་ཉུང
རི་བོ་མཐོ་ས་ནས་བསང་ཕུལ་ཞོར་རླུང་རྟ་བསྐྱོད
བསང་བརྩི་ཞོར་ཀི་བཏབ
བར་ལམ་ཞིག་སྟེ
ངའི་མི་ཚེ་ཡི་ཐག་སྣེ་རྒན་གྲས་སུ་ཉེ་བར་བཅར་དུས
ང་ཐོན་ས་ནས་ཁ་བ་ཟ་མ་ཐུབ་པའི་ལོ་ཟླ
ཁ་བ་དང་གྱེས་པའི་ཁ་བའི་རྣམ་ཤེས
ལོ་ཟླར་བརྩེགས་པའི་སེམས་པ་དེའི་ཁ་བ་ད་རུང་ཞི་མེད
ཁ་བ་ལགས
ངའི་སེམས་པའི་གངས་རི
ཆུང་དུས་ནས་མིག་ལ་ཐོག་ཅིང་སེམས་ལ་ཉར་ཡོད
ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༡ ཉིན།