རྐ་སྲས་ཀྱིས་བསྒྱུར།
མི་ཞིག་གིས་འཛམ་གླིང་གི་ཕྱུག་བདག་ཆེན་མོ་བྷེལ་གྷེ་ཊི་ལ “འཛམ་གླིང་ན་ཁྱེད་རང་ལས་ཀྱང་ཕྱུག་པའི་མི་ཡོད་དམ”ཅེས་དྲིས་པ་ན། བྷེལ་གྷེ་ཊིས་“ཡོད་པ་རེད། ང་ལས་ཀྱང་ཕྱུག་པའི་མི་ཞིག་ཡོད།”ཅེས་ལན་བཏབ་ཅིང་། དེ་ནས་ཁོས་བྱུང་བ་འདི་བཤད།
“དེ་སྔོན་ང་ཕྱུག་པོ་དང་། མིང་གྲགས་ཅན་གང་ཡང་མིན་སྐབས། ང་ནེའུ་ཡོག་གནམ་ཐང་དུ་ཡོད་པའི་སྐབས་ཤིག་ལ། ངས་ཚགས་པར་བཙོང་མཁན་ཞིག་མཐོང་སྟེ། ཁོང་གི་ས་ནས་གསར་ཤོག་ཅིག་ཉོ་འདོད་བྱུང་། འོན་ཀྱང་། ང་ལ་དངུལ་ལོ་གསིལ་མ་འདང་ངེས་ཤིག་མི་འདུག་པས། གསར་ཤོག་ཉོ་རྒྱུ་བསྐྱུར་ཏེ་ཚགས་པར་ཕྱིར་སྤྲོད་བཞིན།
“དངུལ་གསིལ་མ་མི་འདུག”ཅེས་བཤད་པ་ཡིན། ཚགས་པར་བཙོང་མཁན་གྱིས་“ངས་ཚགས་པར་འདི་ཁྱོད་ལ་རིན་མེད་དུ་སྤྲད་ཆོག་”ཟེར། ཁོང་གིས་ཨུ་ཚུགས་གནང་ཙང་། ངས་ཚགས་པར་དེ་བླངས་བ་ཡིན།
སྟབས་ཁེལ་རྒྱུ་ལ། ཟླ་གཉིས་གསུམ་ཞིག་གི་རྗེས་ནས། ང་གནམ་ཐང་དེ་ག་རང་ནས་འབབ་སྐབས། ཡང་སྐྱར་ང་ལ་གསར་ཤོག་ཉོ་བྱེད་དངུལ་བསིལ་མ་འདང་ངེས་ཤིག་མི་འདུག དེ་རིང་ཡང་དངུལ་མ་སྤྲད་པར་གསར་ཤོག་ལེན་རྒྱུ་མིན་ཞེས། ངས་ཚགས་ཤོག་ལེན་འདོད་མ་བྱས། ཁོང་གིས “གསར་ཤོག་འདི་ཁྱེར་རོཊ། ངས་འདི་ཚོང་གི་ཁེ་བཟང་ཐོག་ནས་སྤྲོད་ཀྱི་ཡོད། ང་ལ་གྱོང་ཕོག་གི་མ་རེད། ཚགས་པ་འདི་ལེན་རོགས།”ཟེར།
“ལོ་ངོ་བཅུ་དགུའི་རྗེས་སུ་ང་མིང་དུ་གྲཊ་ཏེ་ཀུན་གྱིས་ཤེས་པར་གྱུར། གློ་བུར་དུ་གསར་ཤོག་བཙོང་མཁན་དེ་ངའི་ཡིད་ལ་དྲན་བྱུང་། ངས་ཁོང་བཙལ་རྒྱུ་འགོ་བཙུགས་པ་ཡིན། ལོ་གཅིག་དང་ཕྱེད་ཙམ་གྱི་བཙལ་རྗེས་སུ་ངས་ཁོང་རྙེད་སོང་།
“ངས་ཁོང་ལ་ཁྱེད་ཀྱིས་ང་ཤེས་སམ”ཞེས་དྲིས་པ་ན། ཁོས”ལོས་ཤེས། ཁྱོད་བྷེལ་གྷེ་ཊི་རེད”ཟེར། ངས་ཁོང་ལ་ཡང་སྐྱར”ཐེངས་ཤིག་ཁྱེད་ཀྱིས་ང་ལ་ཚགས་པར་རིན་མེད་དུ་སྤྲད་པ་དྲན་གྱི་འདུག་གམ”ཞེས་དྲིས།
ཁོང་གིས”དྲན་གྱི་འདུག ངས་ཁྱེད་ལ་ཚགས་པ་ཐེངས་གཉིས་བྱིན་པ་ཡིན།”ཟེར།
ངས་ཁོང་ལ་”སྐབས་དེར་ཁྱེད་ཀྱིས་ང་ལ་རོཊ་རམ་བྱས་པར་ངས་དྲིན་ལན་འཇལ་གྱི་ཡིན། ཁྱེད་ལ་མི་ཚེ་འདིའི་ནང་ཅི་དགོས་ནའང་ང་ལ་གསུང་དང་ངས་སྤྲད་ཆོག”ཅེས་བཤད་པ་ན།
ཁོང་གི “སྐུ་ཞབས། ཁྱེད་ཀྱིས་དེ་ལྟར་བྱས་ན། ངའི་རོཊ་རམ་གྱི་ཚབ་ཡོང་གི་རེད་དགོངས་ཀྱི་འདུག་གམ།”ཟེར། ངས་“ཅི་ལ་མི་ཡོང་།”ཅེས་དྲིས་པར།
ཁོང་གིས་“ངས་ཁྱེད་ལ་ང་རང་སྐྱོ་པོ་ཚགས་ཤོག་བཙོང་མཁན་ཞིག་ཡིན་དུས་རོཊ་བྱས་པ་རེད། ད་ལྟ་ཁྱོད་རང་འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་སུ་གྱུར་སྐབས། གཞི་ནས་ང་ལ་རོཊ་བྱེད་པ་གཉིས་ཅི་ལྟར་འདྲ་བ་ཡིན།”ཟེར།
“ཉིན་དེར་ངས་ཚགས་ཤོག་བཙོང་མཁན་ཁོང་ནི་ང་ལས་ཀྱང་ཕྱུག་པོ་ཡིན་པ་ཤེས་བྱུང་། རྒྱུ་མཚན་ནི། ཁོང་གིས་མི་ལ་རོཊ་རམ་བྱེད་པར་ཕྱུག་བདག་པོར་གྱུར་གྱུར་པར་དུ་སྒུག་མེད་པ་རེད།”
མི་རྣམས་ཀྱིས་ཤེས་དགོས་པ་ཞིག་ནི། ཕྱུག་པོ་ངོ་མ་ནི་སེམས་པ་ཕྱུག་པོ་ཅན་ཞིག་ལ་གོ་བ་ལས། དངུལ་སྒོར་མང་པོ་ཅན་ཞིག་ལ་གོ་རྒྱུ་མ་རེད།
ཤེས་ཡོན་ལམ་སྲོལ་ཕྱུག་པོ་ཞིག་ཡོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།
བདེན་གི་ཡ། སང་ཉིན་ཞོགས་པ་སྔ་མོ་སོང་ནས་གློག་ཀླད་ཆག་པོ་འདི་དང་། ཁ་པར་རྙིང་པ་འདི། ག་རེ་ད་དུང་ང་ལ་ཅི་ཞིག་འདུག་གམ། གང་ལྟར་ང་ལ་གཅིག་ཡོད་ཡོད་པོ་བསྡུས་ནས་ཁུག་ལི་གང་བྱས་ཏེ་བཙོང་གི་ཡིན། དེའི་རིན་པ་དེ་ཐག་རིང་ཐག་རིང་གི་བྱིས་པ་ཞིག་ལ་སློབ་ཡོན་བྱོས་ཟེར་ནས་མི་སྤྲོད། ཐག་རིང་ཐག་རིང་གི་ནད་པ་ཞིག་ལ་སྨན་ཡོན་བྱོས་ཟེར་ནས་མི་སྤྲོད། ངོ་མི་ཤེས་པའི་ལམ་ཁའི་སློང་མོ་བ་དེ་ཚོ་ལ་ལྟོ་ཟ་སྤྱད་བྱོས་ཟེར་ནས་མི་སྤྲོད། ངའི་ཁྱིམ་མཚེས་ཚང་བཀྲ་ཤིས་ཀྱི་བྱིས་པ་སློབ་གྲྭར་འགྲོ་དུས་དཔེ་ཁུག་ཉོ་སྤྱད་བྱོས་ཟེར་ནས་སྤྲོད་རྒྱུ་ཡིན། ངའི་ཁྱིམ་མཚེས་བསོད་ནམས་རྡོ་རྗེའི་སྐྱེས་དམན་ལ་སྨན་པར་སྟོན་སྤྱད་གྱིས་ཟེར་ནས་སྤྲོད་རྒྱུ་ཡིན།