དོལ་སྨྱོན།
མག་མོག་ནས་རབ་རིབ་ཡིན་པའི་གྲོང་ཁྱེར་འདིའི་ནམ་མཁའ།
དྲི་ངན་དང་སྦག་རྫས་ཀྱིས་བརླན་པའི་གྲོང་ཁྱེར་འདིའི་མཁའ་རླུང་།
འུར་སྒྲ་དང་འཛིར་སྒྲས་ཁྱབ་པའི་གྲོང་ཁྱེར་འདིའི་ཕྱི་ནང་།
ད་དུང་
མེ་ལྟར་འབར་ཞིང་ཆུ་ལྟར་འཁོལ་བའི་ཚ་རླབས།
མདུང་ལྟར་རྣོ་བའི་དུག་སྦྲང་གི་མཆུ་ཏོ།
ཉམ་ཐག་པའི་ནད་པ་དག་གི་སྨྲེ་ངག
གཞན་ཡང་
མི་མངོན་པའི་དབྱིངས་ན་བཞུགས་པའི་མ་ཡུམ་གྱི་ཞལ་རས།
ལ་ལུང་གི་རྒྱབ་ན་ལུས་པའི་ཡབ་ཆེན་གྱི་རྔུལ་ཆུ།
སྙིང་གི་སྦུབས་སུ་འཐིམ་པའི་སྙིང་སྡུག་མའི་འཛུམ་མདངས།
འདི་དག་ཡོད་ཚད།
ང་ཡི་མདུན་རྒྱབ་ནས་འཚང་ཞིང་ཡོང་དུས།
སེམས་པ་བདེ་ལ་འབབ་པའི་གོ་སྐབས་ཤིག་གཏན་ནས་མི་འདུག་ཨང་།
དོལ་སྨྱོན་ཞེས་པའི་ཚིག་མགོ་དོལ་རྒྱལ་ཡིན་ནམ་། ཡང་ན་དོལ་རྒྱལ་དང་ཕ་ཡུལ་ཅིག་པ་ཡིན་།