མིང་མི་ཤེས་པའི་རང་ཉིད་ཀྱི་ཆུང་མ་ལ་ཕུལ་བ།
དོལ་སྨྱོན།
ངས་ཡངས་པའི་རྒྱལ་ཁམས་གསུམ་གཉིས་དལ་གྱིས་བསྐོར་ཀྱང་།
ད་བར་ཁྱོད་དང་འཕྲད་མ་སོང་ལ།
ངས་མི་ཚེ་གསུམ་གཉིས་ལ་རྫོགས་ཚིག་རིམ་གྱིས་བཀོད་ཀྱང་།
ད་བར་ཁྱོད་དང་ཐུག་མ་སོང་།
ང་ཡི་སེམས་ནང་གི་ལྷ་མོ། དོན་ངོ་མར་ཁྱོད་གང་ན་ཡོད།
ངས་ཁྱོད་གཅིག་པུ་བཙལ་བཙལ་ནས་ད་བར་ལུས་སོང་བ་ཡིན་ནམ།
ཁྱོད་ཀྱིས་ང་ཁོ་ན་སྒུག་སྒུག་ནས་ད་བར་འགོར་སོང་བ་ཡིན།
གང་ལྟར་སྟོན་འཇུག་རིང་མོ་འདིའི་ཕ་མཐའ་ན།
དཔྱིད་རླུང་བསིལ་མོ་ཞིག་ལྡང་རྒྱུ་ཡོད་པ་སྨྲོས་མེད་རེད།
ང་ཡི་བུ་ཕྲུག་ལ་སྙིང་ནས་བརྩེ་བའི་བྱམས་ལྡན་གྱི་མ་ལོ།
ང་ཡི་སྙན་ངག་ལ་ཞེ་ནས་སྤྲོ་བའི་སེམས་ནང་གི་མཛའ་མོ།
ཁྱོད་ནི་མི་ཡུལ་གྱི་བུད་མེད་མཛངས་མ་ཞིག་དང་།
དབྱངས་ཅན་མའི་སྤྲུལ་བ་ངོ་མ་ཞིག་ཡིན་པར་ངས་ཡིད་ཆེས་བྱས་ཡོད།
མི་རིང་བར་དུས་ཚིགས་ཀྱི་ཀྱོག་མཚམས་ཤིག་ནས།
འུ་གཉིས་ཐུག་ངེས་ཡིན་ལ།
མི་འགྱངས་བར་འཁོར་ཡུག་གི་གྲུ་ཁ་ཞིག་ནས།
འུ་གཉིས་སེམས་གཏམ་ཤོད་ངེས་ཡིན།
སྐབས་དེ་དུས་ངས་ཐོན་མིས་སྲོང་བཙན་སྒམ་པོར་ཡིག་ཕུད་དུ་ཕུལ་བ་ལྟ་བུའི།
སྙན་ངག་གི་ཤིས་ཚིག་མང་པོ་ཞིག་ཁུར་ནས་ཡོང་ངེས་ཡིན་ལ།
སྐབས་དེ་དུས་ཁྱོད་ཀྱིས་ཀྱང་ཆེས་དགའ་སའི་བཅའ་དངོས་མང་པོ་ཞིག
བརྩེ་སེམས་ཀྱི་ཀུན་ནས་བསླངས་ཏེ་ངའི་ལག་ཏུ་འཇོག་ངེས་ཡིན།
དེ་ནས་བཟུང་འུ་གཉིས་ཀྱི་འཇིག་རྟེན་ཆུང་ངུ་དེ་ནི།
མེ་ཏོག་གི་ཀུན་ནས་གཏམས་པའི་མཛེས་སྡུག་གི་འཇིག་རྟེན་ཞིག་ཡིན་ལ།
དུས་དེ་ནས་བཟུང་འུ་གཉིས་ཀྱི་འཁོར་ཡུག་ཆུང་ཆུང་དེ་ཡང་།
ལྷིང་འཇགས་དང་ཁུ་སིམ་གྱིས་ཡོངས་སུ་ཕྱུག་པའི་གྲུ་ཁ་རྣལ་མ་ཞིག་ཡིན།
ཞོགས་པའི་སྐྱ་རེངས་ཤར་ཐེངས་རེ་རེར།
ངས་ཁྱོད་ལ་བསྟོད་པའི་སྙན་ངག་གི་ཚིགས་བཅད་སྙན་མོ་རེ་འབྲི་ཆོག་ལ།
ཉི་མ་ནུབ་རིར་ཡིབ་ཐེངས་རེ་རེར།
བདེ་སྟོང་དབྱེར་མེད་ཀྱི་བདེ་བ་ལ་ཆུ་ལ་ཆུ་བཞག་གི་ཚུལ་དུ་རོལ་ཆོག
ཁྱོད་ཀྱི་མིང་ལ་ཅི་ཞིག་ཟེར་ནའང་ཆོག
ཁྱོད་ཀྱི་རྣམ་པ་ཇི་འདྲ་ཡིན་ནའང་རུང་།
ང་ལ་མཁོ་བ་ནི་ང་ཡི་སྙན་ངག་ལ་དུང་བ་དང་།
ང་ཡི་བུ་ཕྲུག་ལ་བྱམས་པ་དེ་ཡིན།
ཁྱོད་ཀྱི་རིགས་རུས་ཅི་འདྲ་ཡིན་ནའང་འགྲིག
ཁྱོད་ཀྱི་ལོ་ཚད་གང་དུ་སླེབས་ཀྱང་ཆོག
ང་ལ་མཁོ་བ་ནི་བཅོས་མིན་གྱི་བརྩེ་དུང་དང་།
རྣམ་དག་གི་ཡིད་ཆེས་ཁོ་ན་ཡིན།
མི་རིང་བར།
འུ་གཉིས་ཀྱི་འཇིག་རྟེན་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་ངེས་ཡིན་ལ།
ང་ལ་སྙན་ངག་གི་བརྗོད་བྱ་གསར་བ་མང་པོ་ཞིག་ཀྱང་རག་ངེས་ཡིན།
དེ་དུས་ང་ཡི་སྙན་ངག་གི་བརྗོད་བྱ་གཙོ་བོ་ཁྱོད་ཡིན་ལ།
ང་ཡི་བུ་ཕྲུག་གི་བྱམས་ལྡན་མ་ལོའང་ཁྱོད་ཁོ་ན་ཡིན།
མཚམས་རེར་ངས་འབུར་དུ་ཐོན་པའི་ཁྱོད་ཀྱི་མྱོས་བུམ་ཟུང་ནས།
དགའ་བ་དགུ་འགྱུར་གྱིས་འཕག་འཚག་རྒྱག་ངེས་ཡིན་ལ།
ལན་རེར་བླ་ཟུང་བར་གྱི་པདྨའི་ཟེའུ་འབྲུ་ལ།
ངོམས་མེད་ཀྱི་ཚུལ་དུ་ལན་བརྒྱར་བསྲུབས་ངེས་ཡིན།
ཁོ་བོ་ལུགས་སྲོལ་གྱི་བག་ཆགས་རྙིང་པ་ལ་དུང་ཞེན་མེད་པས།
འུ་གཉིས་དུད་འགྲོའི་ལུགས་ལྟར་རྒྱབ་ནས་སྤྱད་ཀྱང་ཆོག་ལ།
འདབ་ཆགས་ཀྱི་ལུགས་ལྟར་སྟེང་ནས་རོལ་ཀྱང་ཆོག
ད་དུང་སྐྲ་སེར་སྤྲེའུའི་ལུགས་ལྟར།
ཕན་ཚུན་འཇིབ་ལྡག་རྔུབ་གསུམ་བྱེད་ཆོག་ལ།
རྩམ་ཟན་བོད་པའི་ལུགས་ལྟར་སྒྲ་མེད་དལ་བུས་རོལ་ནའང་འགྲིག
ཡུན་རིང་དུ་དཀའ་བས་ཁུར་བའི་ལས་འགན་གྱི་རྡོག་འཁྲེས་ལྕི་མོ།
ཁྱོད་ཀྱི་ཕྲག་པར་ལན་གཅིག་གློད་ན་འདོད་བྱུང་།
ཡུན་རིང་དུ་འབད་པས་བསགས་པའི་བདུད་རྩིའི་ཐིགས་པ་ཡོད་ཚད།
ཁྱོད་ཀྱི་པདྨར་དལ་གྱིས་བྱོ་ན་བསམ་བྱུང་།
ང་ཡི་སེམས་ནང་གི་ལྷ་མོ།
ཁྱོད་ཉིད་གྲོང་ཁྱེར་དང་གྲོང་གསེབ་སོགས་གང་ཞིག་ན་ཡོད་ཀྱང་།
ང་ཡི་འཇིག་རྟེན་ལ་མྱུར་མོར་ཤོག་དང་།
ང་། དུས་རབས་འདིའི་ཀྱོག་མཚམས་འདི་ནས་ཡུན་རིང་དུ་འཚོ་དགོས་ལ།
ད་དུང་ངས་མུ་མཐུད་ནས་སྙན་ངག་མང་པོ་ཞིག་ཀྱང་འབྲི་དགོས།
རྨི་ལམ་ནང་གི་མཛེས་མ།
ཕྱི་གཤོལ་དང་སོས་དལ་མེད་པར་ཕེགས་ཤོག
ངོ་ཚ་དང་བག་འཁུམས་མེད་པར་ཕེབས་ཤོག་
ང་དང་ང་ཡི་སྙན་ངག་གིས་ཁྱོད་ཉིད་སྒུག་ནས་ཡོད་ལ།
འུ་གཉིས་ཀྱི་བུ་ཕྲུག་ཏུ་འགྱུར་ངེས་པའི་རྣམ་ཤེས་མང་པོ་ཞིག
བར་བདོའི་ཁམས་ནས་རེ་སྒུག་བྱེད་བཞིན་འདུག
ཁྱོད་ཀྱི་རིགས་རུས་ཅི་འདྲ་ཡིན་ནའང་འགྲིག
ཁྱོད་ཀྱི་ལོ་ཚད་གང་དུ་སླེབས་ཀྱང་ཆོག
ང་ལ་མཁོ་བ་ནི་བཅོས་མིན་གྱི་བརྩེ་དུང་དང་།
རྣམ་དག་གི་ཡིད་ཆེས་ཁོ་ན་ཡིན།
ཚིག་འདི་ལ་ཐད་ཀར་བལྟས་ན་རང་གི་མ་རྒན་གྱིས་འགྲིག་པ་འདྲ་འདུག ཁྱེད་རང་ལ་དགོས་པ་དེ་ཁོ་ན་ཡིན་ན། ཁྱེད་ལ་བཅོས་མིན་གྱི་བརྩེ་དུང་དང་རྣམ་དག་གི་ཡིད་ཆེས་ནི་རང་གི་མ་རྒན་ལས་ཆེ་བ་སུ་ལའང་མེད་ངེས་ཡིན།
སྐུ་ཉིད་ལ་གནའ་བོའི་བོད་མིའི་སྲོལ་རྒྱུན་རིག་གནས་ཀྱི་ཡོན་ཏན་ངེས་ཅན་ཞིག་ཡོད་བཞིན་དུ། བོད་མིས་རྒྱུནརིང་བསྐྱེད་བསྲིང་བྱས་པའི་ཐུནམིན་རིག་གཞུང་ངོ་མར་ཤེས་ཡོན་མེད་པར་རྒྱ་ནག་ཚོད་འཛིན་སློབ་གྲྭའི་འོག་ནས་ཐོནཔ་ཚོའི་རྗེས་ཟློས་མི་བྱེད་པར། ཤེས་ཡོན་གྱི་རྣམ་པ་མཐོ་ལ་གཏིང་ཟབ་པའི་རིག་གཞུང་གི་ཁྱད་ཆོས་ཁག་ཕྱི་སྟོན་ཡོང་བའི་སྨོན་འདུན་ལན་བརྒྱར་ཞུ།།
ངེས་པར་ཐུག་ངེས། སེམས་ཁྲལ་མི་དགོས།
དྲ་གྲོགས་དབང་འདུས་ལགས།
ཐོག་མར་ཕྲན་གྱི་སྙན་ངག་ལ་རོལ་མྱོང་ཚར་གཅིག་གནང་བར་ཐུགས་རྗེ་ཆེ།
དེ་ནས་ཁྱེད་ཀྱི་བསམ་ཚུལ་དག་ལའང་ཕྲན་གྱི་བསམ་བློ་གཏོང་ངེས་ཡིན།
ཐུགས་རྗེ་ཆེ་ཞུ།
ཨ་ཁུ་དར་རྒྱས་ལགས།
ཕྲན་གྱི་འཇིག་རྟེན་ཆུང་ངུའི་ནང་ཕེབས་པར་དགའ་བསུ་ཞུ།
ཁྱེད་རང་ཨ་ཁུ་ཞིག་ཡིན་དུས་ངེད་གཉིས་མྱུར་དུ་ཐུག་པའི་སྐྱབས་འཇུག་ཅིག་ཅི་ནས་ཀྱང་གནང་རོགས་ཞུ།
ཡག་པོ་བྲིས་འདུག མུ་མཐུད་དུ་ཕྲིས
དྲ་གྲོགས་གཡུ་བྲག་ལགས།
སེམས་ཤུགས་སྤར་གནང་བར་ཐུགས་ཆེ་རྗེ།
སྐུ་ཉིད་མུ་མཐུད་ནས་ཕེབས་དང་ངས་ཀྱང་མུ་མཐུད་ནས་འབྲི་ངེས་ཡིན།
སྟུ་མཇེ་ཡི་སྐོར་ལ་ཉམས་མྱོང་ཆེ་བའི་ཨ་ཁུ་ང་ཐོན་ཡོད། །
དོལ་སྨྱོན་རྒད་པོ་འདི་ཡི་སེམས་ཀྱི་རེ་བ་འགྲུབ་སླད་དུ། །
སྐྱབས་གནས་འདུས་པ་རྒྱ་མཚོ་ཡི་ཚོགས་ཀྱི་དབུས་སུ། །
དར་དཀར་ཞིག་བཟུང་སྟེ་སྐྱབས་འཇུག་སེམས་གཏིང་ནས་ཞུ་ཡ། །
བྱ་ཁུ་ལོའི་མགྲིན་པ་ལས་སྙན་པའི། །
རྩོམ་ཡིག་འདི་ཐེངས་འགའ་བཀླགས་དང་ང་། །
རྒད་པོ་ཡི་སེམས་ཁམས་སྨྱོན་འདུག་པར། །
ཨ་ཁུ་ངས་གསལ་བོ་ཤེས་སོང་ང་། །
དྲ་གྲོགས་རྩམ་དགའ་ལགས།
སྟུ་མཇེ་ཡི་སྐོར་ལ་ཉམས་མྱོང་ཁྱོད་ཆེ་ཡང་།།
སོར་ལྔ་ཡི་ཐད་ལ་ང་ལས་ལྷག་པ་སུ།།
སྨྱོན་པ་ངའི་བསམ་དོན་འགྲུབ་སླད་དུ།།
མཆོག་གསུམ་ལ་སྐྱབས་འཇུག་ཞུས་པར་ཐུགས་རྗེ་ཆེ།།
ཁུ་བྱུག་གཞོན་ནུའི་མགྲིན་ལས་མི་སྙན་རུང་།།
ཉིད་ཀྱིས་བཀླགས་པ་རྩམ་གྱིས་དགའ་བསུ་ཞུ།།
སྨྱོན་པ་དངོས་གནས་སྨྱོས་པ་ཤེས་སོང་ན།།
སྨྱོ་བ་སངས་པའི་དངོས་སྒྲུབ་སྩལ་ཏུ་གསོལ།།
དོལ་མྱོན་མཛའ་མོ་མ་རེག་གང་དུ་མཆིས།
དོལ་ཡུལ་མཛངས་མ་རོང་པས་སྡུག་ལ་འབྱར།
དོལ་མྱོན་དོལ་ལ་ལན་གཅིག་མ་ཕེབས་ན།
དོལ་རིགས་ར་མིན་ལུག་མིན་གྱུར་ཞིང་འདུག
དོལ་སྨྱོན་ཡིན་པས་གསུངས་པར་ཡིད་ཆེས་དཀའ།།
དོལ་སྨྱོན་ཡིན་པས་བསམ་བློའི་འགྱུར་ལྡོག་སླ།།
དོལ་སྨྱོན་ཡིན་པས་མཛེས་མ་རྙེད་ཐབས་དཀའ།།
དོལ་སྨྱོན་ཡིན་པས་ལག་སོར་བཀའ་དྲིན་ཆེ།།
དོན་ལ་མེད་པའི་རྨི་ལམ་ལྷ་མོ་དང་།།
མཐོང་རྒྱུ་མེད་པའི་སེམས་ཀྱི་མཛའ་ན་མོར།།
ཡུན་རིང་དུས་ནས་རེ་བའི་འཆིང་ཐག་གིས།།
བཅིངས་ཀྱང་དོན་ལྡན་ཡོང་བ་སྨོན་པའི་ཡུལ།།
མིང་ཡང་མི་ཤེས་ཐུག་ཀྱང་མ་མྱོང་བའི།།
བརྩེ་ལྡན་སྙིང་གི་མཛའ་མོ་གང་དེ་ཉིད།།
སྐྱེས་མྱོང་མེད་པའི་ཁྱེད་ཀྱི་བུ་ཕྲུག་ལ།།
བྱམས་པར་འདོད་པ་དོལ་སྨྱོན་ཁྱེད་ཀྱི་ལུགས།།
ཁྱེད་ཉིད་སྡོད་མྱོང་མེད་པར་འཛམ་གླིང་སྐོར།།
མཛེས་མའི་བཞེངས་མྱོང་མེད་པར་བསྒུགས་ནས་ལྷག།
སྟོན་མཇུག་དཔྱིད་ཀྱིས་བསུ་བས་ངང་ཚུལ་འདིས།།
སྙན་ངག་མཁན་པོའི་སེམས་སྒྲོ་བཏགས་མཚོན།།
ངོ་མཚར་དབྱངས་ཅན་ལྷ་མོའི་སྒྱུ་འཕྲུལ་ལས།།
བུ་ལ་ཤིན་ཏུ་བྱམས་པའི་ཨ་མ་དང་།།
ཁྱེད་རང་སྙིང་ནས་དགའ་སའི་མཛའ་མོ་སྟེ།།
ཟུང་འཇུག་སྤྲུལ་པའི་དགའ་སྟོན་ཨེ་མ་ཧོ།།
ཐུག་མྱོང་མེད་པའི་སེམས་ཀྱི་མཛའ་མོ་དེ།།
སྐྱེས་མྱོང་མེད་པའི་ཁྱེད་ཀྱིས་བུ་ཕྲུག་གི།།
ཨ་མར་གྱུར་ཅིང་ད་དུང་བྱམས་པའི་ཚུལ།།
གསལ་པོར་རྟོགས་ཚེ་སྒྱུ་མའི་སྟོན་མོ་འདྲ།།
མཁྱེན་དཔྱོད་རྣམ་པར་བཀྲ་བ་དོལ་སྨྱོན་ལགས། བརྩེ་མཚར་དེ་ཙམ་ཡིན་རྗེས་སུ་མཇལ་ཡོང་།
བཟོད་པ་ལྷ་རྩེ་ལགས།
འདི་ལྟར་མུན་པ་ཟབ་པའི་གྲུ་ཁ་ན།།
མཛའ་མོས་བོར་བའི་ཁེར་རྐྱང་སེམས་པ་འདི།།
ར་མིན་ལུག་མིན་ཚུལ་དུ་འཕྱེན་པའི་ཚེ།།
སྟོང་འདང་ཀློང་ན་མི་འཁྱམས་རང་འཁྱམས་རེད།།
དབང་འདུས་ལགས།
དོལ་སྨྱོན་དོན་ལ་སྨྱོན་པ་མིན་མོད་ཀྱང་།།
རྒྱུ་རྒྱེན་འགའ་ཡིས་དེང་སང་སྨྱོ་བཞིན་འདུག།
སྨྱོན་པའི་ན་ཟུག་དེང་སང་ཇེ་ཆེ་རེད།།
སྨྱོན་པའི་ནད་རྟགས་དེང་སང་ངེས་མེད་རེད།།
སྨྱོ་བ་སངས་བའི་སྨན་འདི་སྲིད་ན་དཀོན།།
སྨྱོ་བ་དྭངས་བའི་ཐབས་འདི་རྙེད་པར་དཀའ།།
སྨྱོ་བ་ནང་ནས་བརྩེ་བས་སྨྱོ་བ་འདི།།
སྨྱོ་བ་ཀུན་ལས་ཉེན་ཁ་ཆེ་ཤོས་ཤིག།
ཐུག་མྱོང་མེད་པའི་ཆུང་མར་སྙན་ངག་དང་།།
འཕྲད་མྱོང་མེད་པའི་མཛའ་མོར་བརྩེ་འཕྲིན་སོགས།།
སོར་མོའི་འདུ་བྱེད་དང་དུ་བླངས་པ་འདི།།
སྙན་ངག་གླིང་གར་སྤྲོ་འཁྱམས་བྱེད་ལུགས་རེད།།
འོད་སྟོང་ལྡན་པའི་ཁ་བརྡའི་དྲ་ཚིགས་འདིར།།
རྣམ་དཔྱོད་ལྷག་བསམ་བཀྲ་བའི་གྲོགས་རྣམས་དང་།།
ལྷན་གཅིག་མཉམ་གྲོགས་བྱེད་པའི་གོ་སྐབས་འདི།།
ང་ལ་མཚོན་ན་རིན་ཆེན་གསེར་ལས་ལྷག།