ཁྲོ་གཏུམ།
ལས་དབང་གི་ཐོད་པ
རུས་ཀོག་སྐྱི་བཏུམས་ཀྱི་ཐོད་པ
ཐོད་པའི་ཁ་ཡིག་ཀློག་འདོད་ཡོད
ཐོད་པའི་ཁ་ཡིག་མཐོང་འདོད་ཡོད
སེམས་པ་བཅུམ་དྲག་རྐྱེན
མིག་ཟུང་ཞ་ར་རུ་གྱུར་དོན་ཅི
དྲན་པའི་ཡ་ཆུང་ལ་བལ་རྒྱབ་རྐྱེན
བསམ་གཞིག་གི་མདུན་ལམ་ནས་ཐང་ལ་རྒྱབ
ལམ་བུ་དེད་དེ་རི་ལམ་ལ་ཞུགས
མ་མཐོང་ན་སྒང་ལ་འབུད་དགོས་བསམ
སྒང་དེ་ནས་ཅི་ཞིག་མཐོང་ཡོང་བསམ
རི་སྒང་ནས་འཚར་ལོངས་བྱུང་བ་ཞིག
རི་སྒང་ལ་ཡང་བསྐྱར་འབུད་དགོས་དོན་མེད་མོད
རི་སྒང་གིས་བཞག་པའི་བག་ཆགས་མང་དྲག་རྐྱེན
སྔར་བཞིན་རི་སྒང་ལ་འཕྱིན
འདང་རྒྱག་འདོམ་པ་གང་གིས་ཁྲིད་དེ
ཞེ་སྨྲེང་བའི་རི་གླུ་སྣ་གླུ་ལ་དྲངས་ཞོར
གྱག་གྱོག་གི་ལམ་ཟུར་ལ་རྐང་པ་དོན་མེད་དུ་སྤོས