མྱི་སྲས་བཙན་པོ།
ཡར་ལྟོས་དགུང་སྔོན་གནམ་ན།།
སྤྲིན་པའི་རྔམ་ཁ་མཐུག་རུང་།།
རླུང་བུ་རྒྱུ་ཕྱོགས་ཤིག་གིས།།
ནམ་མཁའི་རང་བཞིན་ངོམས་སོང་།།
མར་ལྟོས་དོག་མོ་ས་ལ།།
མེ་ཏོག་ཁྲ་ཆིལ་དགུ་ཆིལ།།
སྟོན་གྱི་སེར་བའི་བཅོམ་རུང་།།
སང་ལོར་ཡང་བཞད་ཡོད་ཀི།།
ཕར་ལྟོས་ཆུ་མོའི་གཞུང་ན།།
འཁྱག་པའི་བང་རིམ་མཐུག་རུང་།།
དཔྱིད་ཀྱི་ཉི་འོད་འཕོག་ཚེ།།
ཆུ་མོའི་བཞུར་རྒྱུན་རིང་ངོ་།།
གངས་དཀར་ལྷུན་པོའི་རྩེ་ལ།།
སྡུག་གི་མུན་པ་འཐིབ་སོང་།།
མུན་པའི་གཏིང་མཐའ་ནག་པོ།།
དྭངས་པའི་འཐབ་ཤིག་ཨེ་ཡོད།།
སྡུག་བསྔལ་མུན་པའི་ཀློང་ནས།།
རིགས་ཞེན་ཚ་བ་རྒྱས་བྱུང་།།
ཚ་བའི་རེག་བྱ་རྩུབ་མོ།།
གཡེར་མོའི་ཐང་ནས་སྦར་སོང་།།
ཤར་དང་ནུབ་ཀྱི་འབྲེལ་བ།།
ཚོང་དང་སྟོབས་ཤུགས་ཡིན་ན།།
ང་དང་སྤུན་ཟླའི་ཚོགས་ལ།།
ཟུར་མིག་གཡོ་མཁན་མ་བྱུང་།།
ཞི་བདེ་ཟླ་བ་དཀར་པོའི།།
འོད་ཟེར་ཀུན་ལ་འཕྲོས་ཀྱང་།།
བྱང་ཕྱོགས་ཁ་བའི་ལྗོངས་ན།།
ཞི་བདེ་ཁ་གཡང་ཙམ་རེད།།
ཤར་གྱི་ཚོང་པ་སྟོབས་ཆེན།།
ནུབ་ཀྱི་ཆབ་སྲིད་མཁས་པ།།
ཁེ་དང་ཚོང་གི་བར་ན།།
བོད་པ་རྐང་རྩེད་སྤོ་ལོ།།
༼ཡར་ལྟོས་དགུང་སྔོན་གནམ་ན།། ་་་་་་ཡར་ལྟས།
༼མར་ལྟོས་དོག་མོ་ས་ལ།། ་་་་་་་་་་་་་་་་་་མར་ལྟས།
༼སྟོན་གྱི་སེར་བའི་བཅོམ་རུང་།། ་་་་་་སེར་བས།
༼ཕར་ལྟོས་ཆུ་མོའི་གཞུང་ན།། ་་་་་ཕར་ལྟས།
༼དྭངས་པའི་འཐབ་ཤིག་ཨེ་ཡོད།།་་་ཐབས།
(ཡར་ལྟོས་དགུང་སྔོན་གནམ་ན།།)
ཡར་ལ་བལྟས་ཟིན་པ་འམ་ཚར་པའི་དགུང་སྔོན་གནམ་ན་ཟེར་བ་ཡིན་དུས། ཡར་བལྟས་ཞེས་དུས་འདས་མ་ཐག་པའི་ཚིག་ཡིན་དགོས་པ་རེད། རྡོ་རྗེ་གཅོད་པར་ཞུ་དག་གཏོང་སྟངས་རང་རེད་འདུག། ཧ་ཧ།
འོ་གནམ་གྱི་མི་སྐད་ཅིག་བརྒྱབ་སོང་དེ་བདེན་པ་རེད།
༼༢༧༽ ཐུ་བ་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༩ གི་ཆུ་ཚོད་ ༦ སྐར་མ་ ༣༢
གནམ་ལགས།
གྱངས་གི་ཅབས་ཟེར་ན་གོ་རྒྱུ་མེད་པ་དང་།
ཅང་གི་གྱལ་ཟེར་ན་གོ་དོན་ཡོད་པ་རེད་ཟེར་ཡང་བསྐྱར་ཤོད་ཀི་ཡིན།༽
གནམ་ལགས་དེར་གཟིགས་རོགས་གནང་་་་་
༼ རྡོ་རྗེ་གཅོད་པར་ཞུ་དག་གཏོང་སྟངས་རང་རེད་འདུག། ཧ་ཧ།༽
ཤར་གྱི་ཚང་པ་སྟོབས་ཆེན། །ནུབ་ཀྱི་ཆབ་སྲིད་མཁས་པ། །
ཁེ་དང་ཚང་གི་བར་ན། །བོད་པ་རྐང་རྩེད་སྤོ་ལོ། །
ཞེས་པ་ངོས་གནས་བདེན་པའི་རང་སྒྲ་རང་རེད།
བན་དེ་བ་ལགས། ཐུ་བ་ལ་ལན་ཞིག་སྤྲད་ཡོད།
རྣམ་པོ་ཚོ་སོང་ནས་བར་འདུམ་ཞིག་བྱས་ན་ག་འདྲ་འདུག། དེ་མིན། ཐུ་བ་དེའི་ཐུགས་གཤིས་དྲང་མོ་དྲང་མོ་མདའ་འདྲ་ཞིག་ཡིན་མིན་མི་ཤེས་འི། ཧ་ཧ།