Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“སེམས་པས་བསམ་ཡང་ལུས་པོས་མི་ལྕོགས།”

Posted on 2012-04-032012-04-03 By ཁ་བརྡ་ 10 Comments on “སེམས་པས་བསམ་ཡང་ལུས་པོས་མི་ལྕོགས།”

-རྒན་མོ་ཞིག་གི་སྐད་ཆ་ལས་འཕྲོས་པའི་གཏམ།

གཅན་འོད་འབར།

དེ་རིང་དཔའ་བོ་ཞིག་གི་སྐུ་ཕུང་ལ་སྐྱེལ་མ་བྱས་རྗེས་ཕྱིར་ལས་ཁུངས་སུ་ལོག་སྐབས་ལམ་འགྲམ་གྱི་ཟ་ཁང་ཆུང་ཆུང་ཞིག་ཏུ་ལས་གྲོགས་འགའ་དང་མཉམ་དུ་སྐོོམ་ཆུ་འཐུང་དུ་སོང་བ་ཡིན། དེ་རིང་གི་ཉིན་མོ་འདི་ཧ་ཅང་མྱ་ངན་ཆེ་ཞིང་ཤིན་ཏུ་གཟི་བརྗིད་ལྡན་པའི་ཉིན་མོ་ཞིག་ཡིན་པ་མ་ཟད་ཚ་བ་ཆེ་བའི་ཉིན་མོ་ཞིག་ཀྱང་རེད། དེ་རིང་གཙུག་ལག་ཁང་གི་ལམ་འགྲམ་ན་ཡོད་པའི་རྒྱ་གར་གྱི་ཟ་ཁང་ཆུང་ཆུང་དེར་ནམ་རྒྱུན་དང་མི་འདྲ་བའི་བོད་མི་མང་པོ་ཞིག་འཛོམས་འདུག་ལ་ང་ཚོས་ཀྱང་མངར་ཇ་དང་སྐོམ་ཆུ་སོགས་བསྔགས་རྗེས་དེ་རིང་གི་ལས་འགུལ་འདིའི་འགོ་མཇུག་བར་གསུམ་གྱི་སྐོར་ལ་གླེང་མོལ་བྱེད་བཞིན་པའི་སྐབས་ཤིག་ལ་ངའི་ལས་གྲོགས་བུ་མོ་ཞིག་གིས་ཟ་ཁང་གི་སྒོ་འགྲམ་བརྒྱུད་གཙུག་ལག་ཁང་དུ་ཕྱི་དྲོའི་སྨོན་ལམ་ལ་འགྲོ་བཞིན་པའི་རྒན་མོ་ལོ་ལོན་ཞིག་ལ་ཇ་འཐུང་དུ་ཤོག་ཅེས་ཟ་ཁང་དུ་སྐད་བཏང་བྱུང། (རྗེས་སུ་རྒན་མོ་དེ་ངའི་ལས་གྲོགས་བུ་མོ་དེའི་ཤ་ཉེ་ཞིག་ཡིན་པ་རྟོགས་བྱུང་།) དེ་དང་བསྟུན་ངས་ཀྱང་རྒན་མོར་དེར་གུས་ཉམས་ཤིག་དང་སྦྲགས་ཁོ་མོར་ཞིབ་བལྟ་ཐེངས་གཅིག་བྱས་དུས། གཟུགས་པོའི་ཁོག་སྟོད་སྒུར་ཞིང་ངོ་གདོང་གཉེར་མས་གཡོགས་པ། ལག་ཏུ་འཁར་རྒྱུག་བཟུང་ནས་གོམ་པ་འཁྱར་འཁྱོར་སྤོ་བའི་ངང་ཚུལ་ལས་ཁོ་མོ་ལོ་ན་བདུན་ཅུ་བརྒལ་ཡོད་པ་ཚོད་དཔག་བྱེད་ཐུབ་ལ་ཁ་ཚོན་ཡང་གཅོད་ནུས། མོ་ཟ་ཁང་དེའི་སྒོ་ཐེམ་འཛེགས་དུས་རྐང་པས་ལུས་པོ་མ་ཐེགས་པར་ལོག་གྲབས་བྱས་པས་ངའི་ལས་གྲོགས་བུ་མོ་དེས་ལམ་སེང་སྒོ་འགྲམ་དུ་སོང་ནས་རྒན་མོ་དེ་ཡང་གིས་སྐྱོར་ཞོར་ནང་དུ་བསུས་བའི་ངང་ཚུལ་དེས་ང་ལ་ནམ་རྒྱུན་བོད་མིའི་སྤྱི་ཚོགས་ཀྱིས་ཁ་གཅིག་གྲགས་དང་སེམས་གཅིག་ཐོག་གིས་བགྲང་བཞིན་པའི་རྒན་པར་གུས་བཀུར་དང་གཞོན་པར་བྱམས་སྐྱོང་ཞེས་པའི་ཡབ་རབས་བཟང་སྤྱོད་ཀྱི་གོམ་གཤིས་ཤིག་ཡོད་པ་དེ་དྲན་གསོ་བསླངས་བྱུང་ལ།

འདི་ལྟ་བུའི་གོམ་གཤིས་ཡག་པོ་ང་ཚོས་སོ་སོའི་མི་ཚེའི་འཚོ་བའི་ཁྲོད་དུ་མི་ཉམས་རྒྱུད་འཛིན་གྱིས་ལག་ལེན་བྱ་རྒྱུ་ནི་ཅི་འདྲའི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་ཨང་སྙམ་པའི་ཚོར་བ་ཞིག་ཀྱང་ངམ་ངམ་ཤིག་ཤིག་གི་སྐྱེས་སུ་བཅུག་བྱུང། རྒན་མོ་དེ་ཟ་ཁང་དུ་སླེབས་རྗེས་ང་ཚོས་མོ་ལ་མངར་ཇ་ཞིག་དང་ཞོག་ཁོག་བག་ལེབ་ཅིག་བསྔགས་པ་ཡིན། ཁོ་མོའི་གཉེར་མས་གཡོགས་པའི་ངོ་གདོང་རྔུལ་ཆུས་བརླན་ན་ཡང་ཐང་ཆད་པའི་ཉམས་སྣང་ཅི་ཡང་མེད་པར་སྤོབས་པ་དང་སེམས་ཤུགས་ཀྱིས་ཕྱུགས་པའི་རྣམ་པ་དེ་ལས་ང་ཚོས་ཁོ་མོ་ང་ཚོ་གཞོན་པ་ཚོ་དང་འདྲ་བར་རྒྱལ་གཅེས་དཔའ་བོ་དེའི་ཕུང་བོར་སྐྱེལ་མ་བྱེད་དུ་སོང་བ་ཤེས་ཐུབ་ལ་ད་ཡང་རང་འགན་རང་འཁུར་དང་རང་ནུས་ཅི་ལྕོགས་ཀྱིས་ཉིན་གུང་གི་ཟ་མ་ཡང་མ་ཟས་པར་ཕྱི་དྲོའི་སྨོན་ལམ ་ལ་འགྲོ་བཞིན་པ་རྟོགས་བྱུང་། འོན་ཀྱང་གློ་བུར་དུ་རྒན་མོ་དེའི་འོད་མདངས་དབེན་པའི་མིག་ཟུང་ལས་མིག་ཆུ་ཁྲོམ་ཁྲོམ་བཞུར་བ་མ་ཟད་ངུ་སྐད་འདྲེས་མའི་སྐད་ཆ་ལྡབ་ལྡིབ་ཅིག་ཀྱང་ཁ་ལྕེ་མི་དག་པའི་ངག་ནས་བཤད་བྱུང་། ཁོ་མོའི་སྐད་ཆ་དེ་ནི་རང་གིས་རང་ལ་ཤེས་འཇོན་ཅི་ཡང་མེད་ཁར་ད་དུང་རྒྱལ་ཁབ་ཀྱི་རྩ་དོན་ལ་ཕན་ཞིང་མི་རིགས་ཀྱི་བདེན་དོན་ལ་སྨན་པའི་ལས་འགུལ་དང་ངོ་རྒོལ་སོགས་སུ་བོད་མི་ཕྱིངས་དང་འདྲ་བར་འཛུལ་ཞུགས་བྱ་མི་ཐུབ་པར་དམོད་མོ་དང་ལས་བདའ་བྱ་ཀྱིན་པ་དེ་རེད། ཁོ་མོས་བཤད་དོན་ ”ངས་ནི་འཐབ་རྩོད་བྱ་དགོས་བསམ་པ་སེམས་པས་བསམ་ཡང་ལུས་པོས་ལྕོགས་ཀྱིས་མི་འདུག་ལ་ལས་འགུལ་ལ་ཞུགས་དགོས་ཡིད་ཀྱིས་སྙམ་ཡང་ནུས་པ་དང་ཤེས་འཇོན་མི་འདུག” ཅེས་རང་ལ་འཁང་ར་དང་ཁག་འདྲི་བྱེད་ཀྱིན་ཕངས་སེམས་དང་འགྱོད་སྣང་གི་སྤྱན་ཆབ་ཤམ་ཤམ་བསིལ་བས་ཉེ་འཁྲིས་ཀྱི་བོད་མི་ཚོས་གཅིག་འཕྲོར་གཉིས་འཕྲོར་ཁོ་མོར་དེ་འདྲ་མིན་པའི་སེམས་གསོའི་སྐད་ཆ་སྣ་ཚོགས་ཤིག་ཡང་ནས་བསྐྱར་དུ་བཤད་ན་ཡང་ཁོ་མོའི་ངོ་གདོང་ན་ད་དུང་ཅི་མི་སྙམ་ཞིང་རེ་འདོོད་མ་ཁེངས་པའི་རྣམ་འགྱུར་ཞིག་ལྷག་འདུག

དེ་འདྲ་ཞིག་ལོས་ཡིན་སྟེ་རང་ཉིད་ཀྱི་སེམས་པས་བསམ་ཞིང་རེ་བས་འདོད་པ་བཞིན་གྱི་ལས་འགུལ་དང་འཐབ་རྩོད་ཅིག་མིག་གིས་མ་མཐོང་ལ་རྣ་བས་མ་གོ་བས་ལོས་ཡིན་སྙམ། མཚམས་འདིར་ངས་བསམ་བློ་གཞན་ཞིག་འཁོར་བ་ནི་རྒན་རྒོན་ལོ་ལོན་འདི་ཚོས་སེམས་པས་བསམ་ཡང་ལུས་པོས་མ་ལྕོགས་པར་ཁག་མི་འདུག་མོད། འོན་ཀྱང་ལང་ཚོ་དར་ལ་བབ་པའི་གཞོན་སྐྱེས་མང་པོ་ཞིག་གིས་རང་མི་རིགས་ཀྱི་རྩ་དོན་རྩོད་པར་ལུས་པོས་ལྕོགས་ཀྱང་སེམས་པས་མ་བསམ་པའི་རྒྱུ་རྐྱེན་ཅི་ཡིན་ནམ་སྙམ་པའི་དྲི་བ་དེ་རེད་ལ། ད་དུང་ཆེས་བློས་མི་དཔོགས་པ་ཞིག་ནི་རྒན་མོ་དེའི་མིག་ཟུང་ལས་གློ་བུར་དུ་ཅི་ཡིན་དེ་ཡིན་མེད་པར་ཕངས་སེམས་ཀྱི་སྤྱན་ཆབ་བསིལ་བའི་ངང་ཚུལ་དེའི་རྒྱབ་ལྗོངས་ཀྱི་རྒྱབ་ལྗོངས་ཀྱང་རེད་ལགས།

རྒན་མོ་དེའི་མིག་ཆུ་དང་བདེན་ཅོག་ཅོག་གི་སྐད་ཆ་སོགས་ཀྱིས་ངའི་སྐོམ་ཆུ་མངར་མོ་དང་ཞོག་ཁོག་བག་ལེབ་དེའི་བྲོ་བ་རྨང་ནས་བསད་སོང་ལ་འགྲེལ་བཤད་རྒྱག་མི་ཤེས་པའི་ཚོར་བ་རྣོ་པོ་ཞིག་ཀྱང་ཤུགས་ཀྱིས་སྤྲད་བྱུང་། དེ་དང་བསྟུན་ནས་རྒ་བཞིན་པའི་མི་རབས་རྒན་པ་འདི་ཚོའི་ཉམས་པ་མེད་པའི་སེམས་ཤུགས་དང་ཞུམ་པ་མེད་པའི་བློ་སྟོབས་སོགས་ནམ་ཡང་འགྱུར་བ་མེད་པར་གནས་ཡོད་པ་ར་སྤྲོད་བྱས་བྱུང་ལ། ད་དུང་ཁོང་ཚོས་ང་ཚོ་མི་རབས་གསར་པ་རྣམས་ལ་བཅོལ་བའི་རང་དབང་སླར་གསོའི་ཡིད་ཆེས་དང་རིག་གཞུང་རྒྱུད་འཛིན་གྱི་རེ་བ་ནི་ཅི་འདྲའི་ལྕི་ཞིང་ཆེ་བའི་འགན་འཁྲི་གལ་ཆེན་ཞིག་རེད་ཨང་སྙམ་པའི་ཚོར་བ་ཞིག་ཀྱང་དྲག་ཏུ་ལངས་སུ་བཅུག་བྱུང། དེ་བཞིན་ནུབ་ཁའི་ཉི་མ་ལྟ་བུའི་རྒན་མོ་འདི་དང་མཚུངས་བའི་མི་རབས་རྒན་པ་ག་ཚོད་ཅིག་ལ་ཡུན་རིང་མཐོང་མ་མྱོང་པའི་ཕ་ས་མ་ཡུལ་ལ་མགྱོགས་ནས་མྱུར་དུ་ལོག་འདོད་ཀྱི་རེ་འདུན་དང་སྨོན་སེམས་ཅི་འདྲའི་ཆེ་ཨང་བསམ་པའི་བསམ་བློ་ཞིག་ཀྱང་ངང་གིས་འཁོར་བྱུང།།
༢༠༡༢།༣།༣༠ དགོང་མོར་རང་ཤག་ནས་ཤར་མར་བྲིས་པ་དགེའོ།།

རྩོམ་རིག

Post navigation

Previous Post: རྗེ་རིན་པོ་ཆེའི་སྙན་དངགས།
Next Post: རང་དབང་གི་མེ་ལྕེ།

Comments (10) on ““སེམས་པས་བསམ་ཡང་ལུས་པོས་མི་ལྕོགས།””

  1. མེ་ཏོག་དཀར་པོ། says:
    2012-04-03 at 2:05 am

    དངོས་གནས་རྨོ་མོ་ལགས་དེ་ཐུགས་ཁག་མེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-04-03 at 6:42 am

    སྔར་བདོ་ཀྱི་གཏམ་དཔེར།

    ལུས་པོ་གསེར་ལྟར་ཡོད་དུས།
    སེམས་པ་རོ་ལ་གནས་འདུག
    སེམས་པ་གསེར་ལྟར་སོང་དུས།
    ལུས་པོ་རོ་ལྟར་ཆགས་འདུག

    ན་གཞོན་བྱིས་པ་ཚོར་ཡིན་ནོ།

  3. ཕུག་རོན། says:
    2012-04-03 at 6:49 am

    ཡག་པོ་བྲིས་འདུག
    མ་དག་པ། བྱིངས། ལེ་བདའ།

  4. ཤུག་པ། says:
    2012-04-03 at 8:09 am

    ཁ་བརྡ་དྲ་བདག་ལགས། བདག་ཁ་བརྡའི་དྲ་བར་གསར་ཞུགས་བྱེད་མཁན་ཞིག་ཡིན་པས། ཇི་ལྟར་ཞུགས་དགོས་མིན་ཐད་ལམ་སྟོན་ཞིག་ཐུགས་རྗེ་གཟིགས།

  5. གངས་པ says:
    2012-04-03 at 12:19 pm

    ཧ་ཅང་ཡག་པོ་བྲིས་འདུག
    བྱིངས།
    ལེ་བདའ།
    ཡ་རབས།
    གོམས་གཤིས།
    མངགས་པ་སོགས་མ་མཁྱེན་པ་ག་ལ་ཡིན།
    ཤར་མར་བྲིས་ན་ཤུལ་དུ་ལོས།
    དལ་བོར་བྲིས་དག་མ་ཡོངས་་་་་་་་་ཟེར་བ་དེ་བདེན་པའི་རྟགས་རེད།

  6. ཐུབ་པ། says:
    2012-04-03 at 3:14 pm

    དངོས་གནས་ཡག་པོ་བྲིས་འདུག
    མུ་མཐུད་དུ་འབྲི་རོགས

  7. ཆོས་འཕེལ་དར་རྒྱས་ says:
    2012-04-03 at 5:15 pm

    ༡༽ ཕ་ཡུལ། ཕ་ས་མ་ཡུལ།
    ངའི་དེང་པོའི་མཁའ་དབུགས་རྔུབས་ས།
    ངའི་ཐོག་མའི་ལྟེ་ཁྲག་བཞིར་ས།
    ངའི་ཆེས་ཐོག་མའི་ངུ་སྐད་དང་དགོད་སྒྲ་སྒྲོཊ་ས།

    ༢༽ ཕ་ཡུལ། ཕ་ས་མ་ཡུལ།
    ངའི་ཨ་ཕས་ནོར་ལུག་འཚོ་ས།
    ངའི་ཨ་མས་འབྲི་འོ་བཞོ་ས།
    ང་ཆུང་དུས་འཚར་ལོང་བྱུང་ས།

    ༣༽ ཕ་ཡུལ། ཕ་ས་མ་ཡུལ།
    ང་ལྟོག་དུས་རྩམ་པ་ཟ་ས།
    ང་སྐོམ་དུས་འོ་ཇ་འཐུང་ས།
    ང་བརྒྱགས་དུས་གཅིན་སྐྱག་གཏོང་ས།

    ༤༽ ཕ་ཡུལ། ཕ་ས་མ་ཡུལ།
    ང་ཆུང་དུས་སློབ་གྲྭར་འགྲོ་ས།
    ང་གཞོན་དུས་དགའ་རོཊ་བསྒྲིགས་ས།
    ང་རྒས་དུས་སེམས་པ་ཆགས་ས།

    ༥༽ ཕ་ཡུལ། ཕ་ས་མ་ཡུལ།
    ངས་ཉིན་མོར་དྲན་པ་ཤོར་ས།
    ངས་མཚན་མོར་རྨི་ལམ་འཁོར་ས།
    ངས་ནམ་རྒྱུན་སྨོན་ལམ་འདེབས་ས།

    ༦༽ ཕ་ཡུལ། ཕ་ས་མ་ཡུལ།
    ཁར་སང་གི་རྩ་ས།
    དེ་རིང་གི་ཁྲག་ས།
    སང་ཉིན་གྱི་སྨག་ས།

    ༧༽ ཕ་ཡུལ། ཕ་ས་མ་ཡུལ།
    ཡ་གླིང་གི་ཡ་གྱལ།
    ཡོ་གླིང་གི་སྨོན་ཡུལ།
    ཡ་ཡོ་(亚洲和欧洲)གླིང་མཚམས་ནས་དྲན་སོང་།

    ཞེས་བ་འདི་༢༠༡༢་ལོའི་ཟླ་༤་བའི་ཚེས་༣་ཉིན་ཁ་ཆེས་གྲོང་ཁྱེར་ཡེ་སི་ཐན་བྷོལ་ནས་བྲིས།

  8. གཅན་འོད་འབར། says:
    2012-04-04 at 2:56 am

    དྲ་གྲོགས་ཚོས་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་ལྷུག་པོར་བརྗོད་པ་ཐུགས་རྗེ་ཆེ། རྩོམ་འདི་ལ་ཞིབ་དག་གཏོང་རྒྱུའི་གོ་སྐབས་མ་རེག་པས་ཡིག་ནོར་ཅུང་ཙམ་ཐོན་འདུག་རྗེས་སུཉམས་འཇོག་བྱ་ངེས་ཡིན། མུ་མཐུད་བསམ་འཆར་གནང་བར་དགའ་བསུ་དང་རེ་བ་ཡོད། གཅན་འོད་འབར་ནས།

  9. གཅན་འོད་འབར། says:
    2012-04-04 at 3:02 am

    རྗེས་སུ་དྲ་ཚིགས་ནས་ཀློག་དུས་རང་ཉིས་ཀྱིས་ཀྱང་ཡིག་ནོར་མང་པོ་ཞིག་ཡོད་པ་ཤེས་སོང་མོད་བཟོ་བཅོས་རྒྱག་རྒྱུའི་བསམ་བློ་སྐྱེས་ཀྱང་བཟོ་ཐབས་མ་བྱུང། རང་དབང་དྲ་རྒྱར་བཟོ་བཅོས་བརྒྱབ་ནས་བཀོད་ཡོད་པས་དེར་གཟིགས་རོགས་ཞུ།

  10. ཀརྡོ་གཉེར་ཕྱག་པ་ says:
    2012-04-04 at 3:15 am

    ༦༽ ཕ་ཡུལ། ཕ་ས་མ་ཡུལ།
    ཁར་སང་གི་རྩ་ས།
    དེ་རིང་གི་ཁྲག་ས།
    སང་ཉིན་གྱི་སྨག་ས།

    འདིར།
    མདང་།
    འདི་རིང་།
    སང་ཉིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (65)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (36)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme