ཨེ་མ་ཧོ།
དཔལ་ལྡན་སྣང་མཐའི་སྤྲུལ་པ་པདྨ་འབྱུང་།།
རྒྱལ་ཀུན་ཕྲིན་ལས་བྱེད་པོ་བླ་མ་རྗེ།།
འབྲེལ་ཚད་བདེ་ཆེན་འདྲེན་པའི་བླ་མ་རུང་།།
བསྟན་འགྲོའི་མགོན་དུ་བཞུགས་པར་བློ་བ་དགའ།།
ཤར་ནུབ་རྒྱ་མཚོ་ཆེན་པོའི་བསྐལ་ན་ཡང་།།
དད་གུས་དམ་ཚིག་ནམ་ཡང་མ་རལ་བས།།
བདེ་ཆེན་ཞིང་སྒྲུབ་ཆེན་མོ་མཉམ་ཞུགས་ཡོད།།
དགེ་རྩ་ཀུན་ལ་སྙིང་ནས་ཡི་རང་སྨོན།།
རྩ་བརྒྱུད་བླ་མའི་བྱིན་རླབས་མཉམ་དུ་རོལ།།
ཡི་དམ་རྒྱ་མཚོའི་བསྙེན་པ་འབུམ་གསུམ་བཟླས།།
མཁའ་འགྲོ་ཆོས་སྐྱོང་རྒྱུན་དུ་རྟག་འགྲོག་ནས།།
བསྟན་འགྲོའི་དོན་ཀུན་བདེ་མྱུར་ལྷུན་གྱིས་གྲུབ།།
ཅེས་པ་རབ་རྒྱན་ཤིང་རྟའི་བླ་རུང་ཆོས་ཀྱི་གྲོང་ཁྱེར་ཆེན་མོའི་ཞིང་སྒྲུབ་ཆེན་མོ་ཚོགས་ཞུགས་སུ་སྨོན་འདུན་དམ་བཅའ་གསོལ་འདེབས་སུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་དབེན་ཁྲོད་ནས་ཨེ་མ་ཧོས་གུས་ཕུལ་བགྱིས་པར་དགེའོ།།
See More