སོག་མདའ།
རང་ས་མ་མོའི་བྲང་གཞུང་འདྲ་བོ་ཧམ་གྱིས་འཕྲོག་ནས་ཚར་སོང་ཐལ།།
རང་ཆུ་དྭངས་མོ་ལྷ་ཆབ་འདྲ་བོ་མགོ་ནས་རྙོག་ནས་བརྗད་དང་ཐལ།།
ས་འོག་གཏེར་གྱི་དགོས་འདོད་ནོར་བུ་གཞན་སར་དྲངས་ནས་ཚར་བར་ཐལ།།
ད་ནི་ང་ཚོས་ཅི་ཞིག་བྱེད་དགོས་ཆོལ་གསུམ་ཕུ་ནུ་མིང་སྲིང་གསུམ།།
སྒོ་བཞི་ཕྱུགས་ཀྱི་གཡང་རྟེན་ནོར་བུ་བཤས་རར་བསྒྱུར་ནས་རྗོགས་པར་ཐལ།།
ཞིང་ཚུགས་གྲུ་བཞིའི་ཡུར་མ་ཡུར་ས་འཕྲུལ་གྱིས་བསློགས་ནས་བཅོམ་དང་ཐལ།།
འབྲོག་པའི་འཚོ་རྟེན་ཕྱུགས་ལས་སྣུམ་པོ་གྲོང་ལ་བསྒྱུར་ནས་ཚར་བར་ཐལ།།
ད་ནི་ང་ཚོས་ཅི་ཞིག་བྱེད་དགོས་ཆོལ་གསུམ་ཕུ་ནུ་མིང་སྲིང་གསུམ།།
ཕ་སྐད་གཙང་མའི་ལྕེ་སྐད་གསོན་པོ་འདྲ་མ་འདྲེས་ཀྱིས་བརླགས་དང་ཐལ།།
བོད་ཡིག་དག་མའི་ཀ་ཁ་སུམ་ཅུའི་ཀློག་སྦྱོར་ངག་ནས་ལྐུགས་པར་ཐལ།།
ལ་རྒྱ་བཟུང་ནས་རང་སྐད་བཤད་ན་ཁྲིམས་ཀྱི་རྒྱ་ལས་འགལ་བར་ཐལ།།
ད་ནི་ང་ཚོས་ཅི་ཞིག་བྱེད་དགོས་ཆོལ་གསུམ་ཕུ་ནུ་མིང་སྲིང་གསུམ།།
སྐྱབས་མཆོག་དམ་པའི་སྐུ་པར་བཤམས་ནས་ཁྲིམས་ཀྱི་བཙོན་ལ་བཅུག་དང་ཐལ།།
དགེ་འདུན་འདུས་པ་རྒྱ་མཚོ་ཆེན་པོ་འདུ་ཁང་ནང་ནས་ཕུད་དང་ཐལ།།
ཞི་བདེའི་སྐད་འབོད་ཅུང་ཙམ་བྱས་ཀྱང་ལོ་མང་ཁྲིམས་ཐག་བཅད་དང་ཐལ།།
ད་ནི་ང་ཚོས་ཅི་ཞིག་བྱེད་དགོས་ཆོལ་གསུམ་ཕུ་ནུ་མིང་སྲིང་གསུམ།།
བྱམས་ལྡན་ཨ་མའི་རུས་ཚུགས་འབར་བའི་བུ་ལོ་དྭ་ཕྲུག་ལུས་དང་ཐལ།།
གཅེས་ཕྲུག་བུ་ལོ་འུར་སེ་འབར་བའི་ཨ་ལོའི་སེམས་པ་གཞོབ་དང་ཐལ།།
རང་ཞེན་ཆེ་བའི་དཔའ་རྒོད་འབར་བས་ཁ་བའི་ལ་རྒྱ་གླེང་བཞག་ཐལ།།
ད་ནི་ང་ཚོས་ཅི་ཞིག་བྱེད་དགོས་ཆོལ་གསུམ་ཕུ་ནུ་མིང་སྲིང་གསུམ།།
མཉམ་འབྲེལ་རྒྱལ་ཚོགས་རྒྱ་ཡིས་ཉོས་པའི་རེ་བ་ཡོད་ཚད་བོར་དང་ཐལ།།
རྒྱབ་ཁབ་གཞན་ཚོའང་སྒོར་གྱིས་ཉོས་པའི་ཁེ་ཕན་གང་ཆེས་དེད་དང་ཐལ།།
ངོ་ཚ་མེད་པའི་བོད་པ་འགའ་ཡང་རྒྱ་ཡི་རྒྱུགས་ཁྱི་བྱས་དང་ཐལ།།
ད་ནི་ང་ཚོས་ཅི་ཞིག་བྱེད་དགོས་ཆོལ་གསུམ་ཕུ་ནུ་མིང་སྲིང་གསུམ།།
དཔྲལ་བའི་མིག་གཉིས་ཅེར་སེ་བྱས་ནས་ལ་རྒྱའི་ཀི་རིང་མཉམ་གཅིག་འདེབས།།
མ་ཁའི་སོ་བ་དམ་སེ་བདམས་ནས་མཐུན་སྒྲིལ་དཔུང་པ་མཉམ་ཏུ་འབྲེལ།།
གཞན་ལ་བཅོལ་བའི་རེ་བ་བཞག་ནས་རང་ཉིད་ངར་གྱིས་མཉམ་དུ་ལངས།།
འདི་ནི་ངེད་ཚོ་མིང་སྲིང་གསུམ་གྱི་ཐོད་ལ་བབས་པའི་ལས་འགན་རེད།།
བུད་ཐལ།
སོང་ཐལ།
དང་ཐལ།
བཞག་ཐལ།
སོགས་གང་རུང་ཡིན་པར་བསམ། བརྗོད་བདེ་འདྲེན་པ་ནི་ུད་སྦྱར་དགོས་པར་འདོད།
བར་ཐལ།
པར་ཐལ།
ལ་གོ་བ་ཞིག་མི་འདུག།
དོན་སྣང་གི་ལམ་ནས་དོན་རྡོག་རེ་གླེང་དགོས་ཐུག་པར་དགོངས་ཡངས་ཡོད་པར་ཞུ།
ད་ནི་ཅི་བྱེད་དྲིས་ནས་མ་འདུག།
རང་འཁྲིའི་ལས་ལ་རང་གིས་རྩོན།།
རེད་ཡ་་་་་ད་དུང་། བོད་རིགས་ཡོངས་ཀྱི་རྩ་དོན་ཡོད་ཚད་བརྡ་སའི་སྒྲིག་འཛུག་སྔར་ནས་བཙོང་པར་ཐལ། །