༄༅།། ཅི་ལྟར་ཡོངས་འཛིན་དཔའ་བོའི་ཞལ་ནས།
མཛེས་པའི་འཛུམ་གྱིས་བཞིན་བཀྲུས་པའི།། སྙིང་སྡུག་ལྷ་ཡི་གཞོན་ནུ་མ།། མཐོང་ན་དང་བའི་སེན་རིས་ཀྱིས།། རྩེད་འཇོ་མི་བགྱིད་མཁས་པ་སུ།། གསུངས་པ་ལྟར།
མདོ་ཁམས་གཡར་མོ་ཐང་གི་ལྟེ་བ་སྟེ།། རིག་པ་འབྱུང་བའི་གྲོང་གི་ལྷོ་བརྒྱུད་ཀྱི།། གནའ་མཁར་ཟི་ལིང་ཞེས་གྲགས་ཡུལ་དེ་ན།། མཐོང་ན་མི་མཐུན་བྲལ་བའི་ལྷ་མོ་ཡོད།།
དེ་ཡི་བཞིན་ལེགས་ལང་ཚོའི་འཁྲི་ཤིང་གི། རི་མོའི་གཟུགས་ཀྱི་འཇོ་སྒེག་ཁོ་ན་ཡིས།། སྐྲ་རིང་བུ་མོའི་ཕྲག་དོག་མེ་ལྕེ་སྦར།། མཆོག་དམན་སྐྱེས་བོའི་མིག་དབང་འཕྲོག་པར་བྱེད།།
མཛེས་པའི་འཛུམ་གྱིས་བཞིན་བཀྲུས་པའི། །
སྙིང་སྡུག་ལྷ་ཡི་གཞོན་ནུ་མ། །
མཐོང་ན་དང་བའི་སེན་རིས་ཀྱིས། །
རྩེད་འཇོ་མི་བགྱིད་མཁས་པ་སུ། །
ལན་དུ་དགེ་སློང་ཀརྡོས།
གཡོ་སྒྱུའི་འཛུམ་གྱིས་བཞིན་བཀྲུས་པའི། །
མི་སྡུག་ལྷ་ཡི་གཞོན་ནུ་མར། །
མཐོང་ནས་དང་བའི་སེན་རིས་ཀྱིས། །
རྩེད་འཇོ་བགྱིད་མཁན་མཁས་པ་སུ། །
མཛེས་པ་ལ་ཚད་མི་འདུག་། ཁྱོ་ག་བོད་མི་ཡིན་པར་ཤོག་།
བཞིན་ལེགས་སྒེག་པར་སྣང་བའི་ངོགས།། དཀྱུས་རིང་བུང་བའི་གར་སྟབས་ཀྱིས།། མངོན་འདོད་ལང་ཚོའི་སྤྲོས་པ་ལ།། ཡངས་པའི་མིག་འཕྲུལ་ལན་དུ་འཁོར།།
བདེན་སྣང་ཚངས་པ་དཀར་པོའི་གླུ།། བྲེལ་ཞགས་སོར་མོའི་ཡལ་འདབས་སུ།། ཡིད་རྒུའི་བཀོད་ལེགས་རྫོགས་པ་མོའི།། བདེན་སྟོབས་ཁྲུ་མ་འོད་དུ་ཆགས།།
སེམས་ཚོར་མངར་སྐྱུར་འཛུམ་གྱིས་བསུ་མ་རུུ།
འཇོ་སྒེག་འཕངས་ཆ་གཡོ་བའི་གར་སྟབས་ཀྱིས།
མཐོང་བྱེད་དབང་པོའི་མོ་སྒོ་ཡོངས་ཕྱེས་ཏེ།
འགོག་མེད་བདེ་ཚོར་སྙིང་གི་དཀྱིལ་ནས་ལུད།
རྐང་དྲུག་བུང་བའི་ཚོགས་ཀྱིས་རོ་མངར་རྩི་བཅུད་ཟས་ལ་འཁོར་བ་ལྟར།
དྲྭ་གྲོགས་ཀུན་གྱིས་འདྲེན་བྱེད་དབང་པོས་མི་ཡུལ་ལྷ་མོ་འདིར་གཟིགས་དང།
བུང་བ་ལྟར་ནག་གནག་སྣུམ་ལན་བུར་རིན་ཆེན་སྣ་ལྔས་མཛེས་པར་རྒྱན།
མཐོན་མཐིང་རལ་པ་ཕྲག་ཏུ་ཕབ་ལ་ཁད་དེར་ལྷག་རླུང་དལ་བུར་གཡོ།
ཉ་གང་རྒྱས་འདྲ་ཁྱེད་ཀྱི་ཞལ་རས་ཅུང་ཟད་འཛུམ་པའི་ཉམས་ལྡན་ལ།
དབྱེས་པོ་ཆེ་བའི་དཔྲལ་བར་སྨིན་མ་ལེགས་སྟུག་འཇའ་ལྟར་འཁྱོག་པོར་མཛེས།
སྤྱན་དཀྱུས་རིང་ལ་མཐིང་ནག་རྫི་མ་གནམ་སར་གཏད་པའི་འབྱེད་མཚམས་ན།
གློག་འོད་འཁྱུག་འདྲའི་སྤྱན་ཟུང་ཟེར་མདས་འདོད་ལྡན་འབུམ་ཕྲག་གྲོགས་སུ་བཀུག
དབྱིབས་གཟུགས་ལེགས་པའི་ཁྱེད་ཀྱི་ཤངས་ནི་ཅུང་ཟད་གཟིངས་མཐོ་ཡིད་དུ་འོང་།
བྱུ་རུའི་མདངས་ལྡན་མཆུ་སྒྲོས་མཛེས་པའི་ཞལ་ནི་ཕྱེད་འཛུམ་མགྲིན་པ་ནས།
དྲི་ཟའི་དབྱངས་ལྟར་གསུང་སྐད་སྙན་པོས་རྒྱ་བོད་སྐད་རིགས་ཤུར་ཤུར་སྨྲ།
རིན་ཆེན་ཨ་ལོང་གཡས་གཡོན་སྙན་གྱི་བུག་པར་འཆངས་ཏེ་ལྡམ་ལྡེམ་གཡོ།
སྐུ་སྟོད་སྒེག་ལ་ཉམས་ལྡན་འདོད་མོའི་དརགོས་ལྷབ་ལྷུབ་འཕྱངས་འོག་ན།
ཟག་མེད་བདེ་བའི་གཏེར་ཆེན་ནུ་འབུར་རབ་རྒྱས་བྲང་གི་དཀྱིལ་འཁོར་མཛེས།
ལྟེ་བ་གཡས་འཁྱིལ་སྐེད་མེད་མ་ཁྱེད་ཕྲ་སྦོམ་གསུམ་གྱི་འཁྱུག་རྩལ་ལྡན།
རོ་སྨད་སྟུག་ཅིང་གསུམ་འཁྱོག་མ་ཁྱེད་འདོད་པའི་སྒྱུར་རྩལ་ངོམ་སྐབས་སུ།
ལང་ཚོ་ཕྲ་ཞིང་འདོད་ཡོན་སྨྱོས་ཆུས་དཀར་ལ་དམར་བའི་མདངས་གཟུགས་དང།
ལྡེམ་ལྡེམ་འཁྱུག་པའི་ལུས་ཀྱི་ཉམས་འགྱུར་འཇོ་སྒེག་གར་གྱི་སྟངས་སྟབས་ཀྱིས།
སུན་རྩེན་མདུན་སར་འཆི་མེད་བུ་མོ་སྟོང་གི་ཡིད་ལ་སྡང་ཟུག་སྦྱིན།
ཚངས་སྤྱོད་རྣམས་ལའང་རེ་ཞིག་སྡོམ་སེམས་ངེས་འབྱུང་ལམ་གྱི་བང་ཁ་བཀག།
འདོད་པས་གདུང་བའི་གཞོན་ནུ་འབུམ་གྱིས་སེམས་པའི་འཕྲུལ་ཞགས་ཁྱེད་ལ་འཕེན།
བཞིན་བཟང་བུ་མོ་སྟོང་དག་གིས་ཀྱང་ཁྱེད་དྲུང་བྲན་མོར་གོ་སྐབས་དབེན།
ཁྱེད་ནི་མ་དག་འཇིག་རྟེན་ཁམས་ཀྱི་དག་པའི་ལེགས་བྲིས་མ་གཅིག་མ།
དེ་ནི་ས་མཐོའི་མདོ་སྟོད་ཡུལ་གྱི་གྲགས་ཅན་ཕུལ་བྱུང་མཛངས་མ་མཚོན།
ཡོད་རྒྱུ་བརྩིས་ཡོད་ཡོད་མེད་མི་ཤེས་ལགས།
རྒྱ་བཟའ་ཞིག་ཡིན་བཟོ་འདུག
རྒྱ་མཚོའི་དུང་ཕྲུག་ཟོས་པ་ལས་བྱུང་བ་ཡིན་པ་འདྲ།
མཛེས་མ་ཟེར་ན་མི་ཤེས། གཙང་མ་ཞིག་འདུག
ནམ་མཁའི་ལྷ་མོ་སྐད་གྲགས་ཆེ་ན་ཡང་།། དངོས་སུ་འཕྲད་ན་འདིས་ལྷག་ཡོད་པ་དཀའ།། ཧོར་གླིང་འཁྲུག་པའི་གཞི་མ་འབྲུག་མོ་དེ།། ཚིག་གི་བསྟོད་ར་ཆེ་ལས་འདི་ཙམ་དཀའ།།
ཨ་ཁོ་རེ། བླ་རྒན་ཚོ། བུད་མོ་ཁྱོད་ཚོས་ཤེས་ལེ་མིན།
ཡ་ཁ་ཅུང་ཟད་ཐུང་ཡོད་པའི་ཟོལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧཧཧ
འདི་ལས་སྤྲུལ་སྐུའི་ཨོ་རྒྱན་ཉི་མའི་གསང་ཡུམ་སྒྲོལ་དཀར་མཛེས་ས་རེད་འདུག
སྣ་ཚོགས་སྐྱེས་བོའི་སྤྱོད་བྱར་མ་གྱུར་ལ།།
སུ་ལ་འཕྲད་ན་གཟད་རྐྱང་མི་བྱེད་པའི།།
ཞབས་ཀྱི་དཀྱིལ་ལ་ལྕགས་ཀྱི་སྒོ་ཟྭ་ཅན།།
ཁྱེད་ཉིད་རེད་ཅེས་སྨྲ་མཁན་མང་པོ་འདུག
ལང་ཚོ་རིན་ཆེན་ཚོང་ལ་མ་བརྗེ་བར།། སྤྱོད་པ་དམ་པ་མཆོག་ཏུ་འཛིན་པ་ཡི།། བོད་མོ་མཛངས་མའི་རྗེས་མཐུན་ལྷ་མོ་ཁྱེད།། བུ་མོའི་སྤྱོད་པར་བཙུགས་པའི་མེ་ཤེལ་འདྲ།།
ད་ལྟ་གཟུགས་མཛེས་པའི་ལུས་བླངས་པ་དེ་ཚེ་སྔོན་བཟོད་པ་སྒོམ་པའི་འབྲས་བུ་ཡིན་པར་གསུངས་པ་དེ་ཅིས་མ་བདེན། གྲྭ་པ་རབ་བྱུང་གིས་གཙོས་པའི་སྐྱ་སེར་ཚང་མ་བློ་རིག་ཡོད་དགུ་རྩལ་སྤྲུགས་སུ་བཏོན་ནས་སྙན་ངག་གི་མཆོད་པ་འབུལ་ནས་བྲེལ་བའི་ངང་ཚུལ་འདི་ལ་ལྟོས་དང་། དེ་འདྲའི་སྙན་ངག་གི་བསྟོད་བསྔགས་འབུལ་མཁན་ཚོ་ཡང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་མ་རྫོགས་ཀྱང་དམིགས་བཅས་བསོད་ནམས་ཀྱི་ཚོགས་ཤིག་རྫོགས་ངེས་པས། བུ་མོ་དེ་སྔར་ནས་བཟོད་པ་སྒོམ་པའི་བསོད་ནམས་བསགས་ཡོད་པ་མ་ཟད་ད་དུང་མི་རྣམས་བསོད་ནམས་བསགས་པའི་རྐྱེན་བྱས་ནས་བསོད་ནམས་གསོག་བཞིན་འདུག་ན་ཐམས་ཅད་ཀྱིས་བཟོད་པ་སྒོམ་པ་ལ་འབུང་བར་བྱ་རིགས་སོ། །
འབྲུག་རྒན་འདི་ལ་ལྟོས་དང་ཁ་མང་དུ་འཁོར་ནས་རྩ་བ་ཉིད་ནས་བལྟ་གི་མརེད་ད་དུང་བཟོད་པ་སྒོམ་ནས་བྱུང་བ་རེད། ཁྱོས་བཟོད་པ་སྒོམ་ནའ་སྐྱག་པ་འདྲ་ཅིག་ཡོང་སྲིད། འབྲུག་པ་དང་རྙིང་མ་ལ་གཅིག་བཤད་དུས་སྡིག་པ་ར་ཙ་བཟོ་འདྲ་ཞིག་ཡོང་གི་འདུག་ག། བཟོད་པའི་སྐོར་བཤད་མི་དགོས། བོད་པར་འབྲུག་པས་ཨུར་ཏི་རྒྱབ་ནའང་བཟོད་པ་སྒོམ་དགོས་པ་རེད་དམ།
རྩིགས་པ་ནང་གི་རྡོ་རིལ།
རྒྱ་བོད་ཧེ་གསུམ་འགྲིམས་པའི་ལམ་ཆེན་ཞིག །འབྱོར་ལྡན་ཚོང་པའི་རྒྱལ་ཁམས་འགྲིམས་རོག་ཅིག །མི་ཆེན་དཔོན་པོའི་ངལ་གསོའི་སྟེགས་བུ་ཞིག །མཛེས་མ་ཁྱོད་ནི་སྲིད་པ་འདི་དང་མཚུངས། །
གདམས་ངག་མཚང་ལ་ཕོག་པ་ཟེར་བ་དེ་དེ་འདྲ་ཞིག་ལ་ཟེར་གྱི་རེད། ངའི་གདམས་ངག་གིས་བན་དེ་བའི་མཚང་ལ་ཕོག་བཞག། ཧ་ཧ་ཧ་
བུ་མོ་མཛེས་མའི་བསྔགས་བརྗོད་དུ།
ས་ཡི་རྗེས་འཇུག་དང་ཡང་འཇུག་ས།
མིང་མཐའ་པ་ཐོབ་བོད་སྤྱིའི་ལུགས།
བ་འབྲི་བ་པོར་ལྟད་མོ་ཆེ།།
གནག་སྣུམ་སྐྲ་ལོ་ལན་བུར་བཅིངས་ཏེ་རྒྱབ་ཀྱི་ཕྱོགས་སུ་ཁད་ཀྱིས་དཔྱངས། །ཞལ་རིས་ཉ་གང་ཟླ་བའི་ཁྲོད་ན་སྤྱན་ཟུང་རི་དྭགས་གཟུགས་ཀྱི་མཛེས། །རིན་ཆེན་དངུལ་གྱི་རྣ་རྒྱན་རིང་མོ་སྙན་ཤལ་དུང་གི་འདབས་ན་འཚེར། །མགུལ་ལ་དམར་ནག་དར་སྲབ་ཡང་མོ་ལྷོད་ཀྱིས་དཀྲིས་པའི་ཉམས་ཅན་མ། །ལང་ཚོ་རྒྱས་པའི་བྲང་གི་ནུ་འབུར་སྟོད་གཡོགས་དམར་བོས་བཀབ་པར་བྱས། །བརྩེ་བའི་སྙིང་གཏམ་རྣ་བར་འཕྱོ་བའི་མཆུ་འདབ་པདྨ་ཁ་འབུས་བཞིན། །ཁ་ཞིག་སྐྱལ་བའི་སྐལ་བ་མ་བགོ་དངོས་སུ་མཐོང་བ་ཅི་ལ་སྲིད། །མཐོང་བ་ཙམ་གྱིས་འདོད་པའི་ཆུ་གཏེར་འཕེལ་བར་བྱེད་པའི་སྒེག་ལྡན་མ། །
མྱིག་ལ་སྟོན་རྒྱུ་ཆ་བོ། ཨ་ཁུ་ཏག་ཏག་ཡིན་ས་རེད། དེ་མིན་ན་གྲྭ་ལོག་ཏག་ཏག་ཡིན་ས་རེད།
ཧ་ཧ་ཧ་་་་་་པ་ལག་ཡ