རས་པ།
འུར་འུར་ཟང་ཟིང་གི་མཚན་ནག་ཅིག་ཏུ
སུ་ཞིག་གིས མེ་མདའ་འཁུར་ཏེ་འགྲུལ་བཞུད་ལ་ཞུགས་དགོས་བྱུང་བའི
ནང་བའི་དགེ་སློང་ཞིག་གི་སྐྱོ་ལྷང་ལྷང་གི་ཐུགས་གཤིས་དེ་འཆད་ཤེས་སམ
བདག་གིས་ལེ་བདའ་ཅི་ཡང་མེད་པར་བུ་ཆུང་ལ་གཏམ་རྒྱུད་འདི་བཤད་པར་ཉིན་རེ་བཞིན་སྒུག་ཡོད
ལས་ངན་གྱི་གུས་པས་ཡ་མཚན་པའི་གཏམ་རྒྱུད་འདི
སྐྱེས་ནས་རྒྱུན་རིང་ཞིག་ཏུ་ཚོར་མེད་ཅིང
རླབས་ཆེ་བའི་གདམས་ག་འདིར་ཡུན་རིང་བོར་ངེས་ཤེས་སྐྱེས་ཐུབ་མེད
ས་གཞིའི་ཁྱོན་ལ་གསེར་གྱི་སྙེ་མ་ཞིག་བབས་པ་འབྲས་བུ་ཞིག་ཏུ་ངེས་ཤིང
ཡི་གེར་ཕབ་པའི་བྱུང་རིམ་གྱི་ཕྲེང་བ་དེ་མེད་ན
གསེར་གྱི་སྙེ་མ རླུང་བུས་དེད་པའི་ས་མཐའི་ཁ་བ་ལེབ་མོ་ཞིག་ཏུ་ཚོར་སྲིད་ཅིང
མུན་ནག་ཁྲོད་དུ་འགྲུལ་བཞུད་ཀྱི་རྡོག་སྒྲར་ཉན་པའི་ཕེབས་བཞུད་ཅིག་ཏུའང་འགྲེལ་སྲིད
འོན་ཀྱང ང་ཚོ་ཚང་མས་ཤེས་ཏེ
འདི་ནི་མི་རིགས་ཤིག་གི་མཚན་སྙན་བརྩོན་ལེན་བྱས་པའི་ཞབས་སྒྲ་ལགས
འདི་ལྟར་བརྗོད་ཀྱང་ཆོག་པ་སྟེ
དོན་དངོས་སུ་འཁྲུག་ཟིང་ཆེ་བའི་ལྷ་སའི་སྤྱི་ཚོགས་ཁྲོད་དུ
རྡུལ་ཕྲན་མཚོན་ཆའི་འཇིགས་པ་མེད་ནའང
སྐད་ཅིག་ཏུ་འཕྲོག་པར་ངེས་པའི་ཚེ་སྲོག་གི་གཤེད་མ་ཞིག་ཡོད་ཅིང
རྣ་བ་ལེབ་མོ་ཡོངས་སུ་བཀབ་པའི་མི་རྒོད་ཀྱི་ཁྱུ་ཚོགས་ཤིག་ཡོད་པས
ཀུན་ཁྱབ་སེམས་འཁུར་གྱི་ལེགས་སྐྱེས་ཡུལ་འཛམ་པོའི་གླིང་ལ་ངང་གིས་བྱུང
དེ་ཡང་སེམས་ཤོར་ས་ཞིག་ཅི་ལ་མ་ཡིན་ནམ
བདག་གིས་རྟག་པར་ཉན་དུ་རེ་བའི་སྙན་དབྱངས་ཤིག་ཡོད་པ་ནི
བརྩེ་དུང་གིས་ཡོངས་སུ་ཁེངས་པའི་གསུང་མོལ་ཅིག་ཡིན་ཞིང
ཚེ་སྲོག་གི་བདེ་གནས་བགྲོད་པའི་གསུང་ཚིག་ཅིག་ཡིན་པ་ནི་ཁྱོད་ཀྱིས་ཤེས་ངེས་ཏེ
ཉིན་གཅིག་གི་འཁོར་བ་འདིར་ཅི་འདྲའི་བེད་སྤྱོད་མང་པོ་ཅིག་འདུག་ཨང
འདི་དག་ཐམས་ཅད་ཀྱིས་འཛུལ་ཤིག་ཤིག་གི་ཞལ་རས་ཀྱི་ལེགས་སྐྱེས་གནང་ཞིང
འདི་དག་ཐམས་ཅད་ཀྱིས
ང་ལ་རང་ཉིད་ཀྱི་བུ་ཆུང་ལ་ཕུལ་ཆོག་པའི་ལེགས་སྐྱེས་ཤིག་གྲ་སྒྲིག་བྱས་ཡོད་ལགས
གྲོགས་པོའི་སྙན་ངག་བཀླགས་པས་དགའ་བོ་བྱུང་།
གྲོགས་པོས་ཡུལ་ནས་བཀླགས་པར་དགའ་བོ་བྱུང་།
དོན་ངོ་མས་སྙན་ངག་གི་སྒྱུ་རྩལ་ཟེར་བ་ལྡན་འདུག་པར་མ་ཟད། བརྗོད་གཞི་ཡང་རླབས་པོ་ཆེ་རེད་འདུག། ཡིག་ནོར་ལ་གཟབ་རོགས།