ཐང.བདེ་མོ།
ཅི་ཙམ་བཙལ་ཀྱང
སུས་ཀྱང་རྙེད་མ་མྱོང་བ་དེ་ང་ཡིན
ཇི་ལྟར་དཔྱད་ཀྱང
ངའི་ཕྱི་ནང་གསང་གསུམ་གང་དུའང་བདེ་སྐྱིད་ཟེར་བ་ཞིག་མེད་དེ
འཁོར་བའི་ཕུན་ཚོགས་ཀྱི་སྙིང་བོ་རྡོག་རྡོག་དེ་ང་ཡིན་པས་སོ
ཇི་ལྟར་བསམ་ཀྱང
ངའི་གཡས་གཡོན་གང་དུའང་ང་ལས་གཞན་ཟེར་བ་ཞིག་མེད་དེ
ང་ལ་རང་གི་རྨི་ལམ་ཙམ་ལས་གཤོག་པ་གཞན་ཞིག་གིས་འཕུར་ཡུལ་གང་དུའང་མེད་པས་སོ
རྩོམ་ཡིག་སྙིང་རྗེ་མོ་ཞིག་བྲིས་འདུག ངའི་བསམ་ཚུལ་ཡིན་ན་འོག་གི་་་ཇི་ལྟར་བསམ་ཀྱང
ངའི་གཡས་གཡོན་གང་དུའང་ང་ལས་གཞན་ཟེར་བ་ཞིག་མེད་དེ
ང་ལ་རང་གི་རྨི་ལམ་ཙམ་ལས་གཤོག་པ་གཞན་ཞིག་གིས་འཕུར་ཡུལ་གང་དུའང་མེད་པས་སོ་ཞེས་པའི་ཐིག་ཕྲེང་འདི་གཉིས་མེད་ན་ཧ་ཅང་ཡག་གང་ལྟར་ཡག་པོ་འདུག་
གངས་སྲས་ལགས། བདེ་མོ། ཁྱེད་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།