སེར་ཤུལ་རིན་ཆེན་དོན་གྲུབ།
རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་རྩོམ་ཡིག་དེབ་ཕྲེང་བཞི་བ། 《ཤེས་རབ་ཀྱི་བདག་པོ།》 གསར་དུ་ཐོན་པ།
རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་རྩོམ་ཡིག་དེབ་ཕྲེང་བཞི་བ་《ཤེས་རབ་ཀྱི་བདག་པོ།》འདི་ལོའི་ཟླ་བཅུ་གཉིས་པའི་ནང་མོན་གྷོ་འདོད་དགུ་གླིང་དུ་༸གོང་ས་མཆོག་གི་ལམ་རིམ་གསུང་ཆོས་སྐབས་༸གོང་ས་ཆེན་པོར་དངོས་སུ་སྤྱན་འབུལ་དང་འབྲེལ་འགྲེམ་སྤེལ་བྱེད་རྒྱུ་ཡིན།
དཔེ་དེབ་ངོ་སྤྲོད།
༡༽ དེབ་འདིའི་བརྗོད་བྱ།
དེབ་འདིའི་བརྗོད་བྱ་གཙོ་བོ་༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་དམིགས་བསལ་མཛད་ཆེན་ཏེ། མང་གཙོའི་ལམ་བཟང་གསར་གཏོད་གནང་བ་དང་། ནང་བའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་ཀུན་ཕན་གྱི་བགྲོ་གླེང་། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་ཀུན་སྨན་གྱི་བཟང་སྤྱོད་བཅས་ཀྱི་སྐོར་ལ་རྒྱབ་ལྗོངས་དང་། གྲུབ་འབྲས། མ་འོངས་པ་བཅས་ཀྱི་སྒོ་ནས་རྒྱས་འབྲི་བྱས་ཡོད་པ་དང་། ཞར་ལ་བླ་མེད་ཀྱི་མཛད་འཕྲིན་སྤྱི་དང་དེ་ལ་སྡང་ཟུག་བྱེད་མཁན་ཚོའི་ལོག་བཤད་ལ་ལན་འདེབས་ཀྱང་བྱས་འདུག དཔེ་དེབ་འདིར་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱིས་ཆེད་བརྗོད་ཀྱང་གནང་འདུག
༢༽ དེབ་ཚད་དང་ཤོག་ངོས།
དེབ་ཚད། འབྲིང་། རྩོམ་ལུས། ལྷུག་རྩོམ། ཤོག་ངོས། ༢༠༢ ཡིག་འབྲུ། ༤༡༡༣༥
རྒྱལ་སྤྱིའི་དཔེ་དེབ་ཀྱི་ཚད་ལྡན་ཨང་རྟགས། ISBN:978-93-51-56-59-5
རིན་གོང་། ཧིན་སྒོར། 100
ཁྱེད་ཀྱིས་དཔེ་དེབ་ཅིག་རྩོམ་འབྲི་དང་པར་འགྲེམ་བྱེད་པར་དཀའ་ཚེགས་གང་འདྲ་ཞིག་བརྒྱུད་དགོས་ཨེ་ཤེས། དཔེ་དེབ་འབྲི་རྩོམ་གྱི་བགྱི་བར་ཞུགས་མ་མྱོང་མཁན་ཞིག་གིས་དཔེ་དེབ་ཅིག་རྩོམ་འབྲི་དང་། པར་སྐྲུན་མཐུན་རྐྱེན་འཚོལ་སྒྲུབ། སྒྲིག་སྦྱོར་དང་ཞུ་དག་སོགས་ཀྱི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་གང་འདྲ་ཞིག་ལ་ཞུགས་དགོས་ཤེས་མི་ཐུབ། དེ་ནི་ཧ་ཅང་གི་དཀའ་ཚེགས་ཆེ་ཞིང་། ཡུན་རིང་འབད་འབུངས་ཀྱིས་བསྒྲུབ་དགོས་པའི་ལས་ཀ་ཞིག་ཡིན།
དཔེ་དེབ་ཀློགས།
དཔེ་དེབ་ཚད་ལྡན་ཞིག་ཀློག་པ་ནི་དགེ་རྒན་ཚད་ལྡན་ཞིག་བསྟེན་པ་དང་འདྲ།
དཔེ་དེབ་ཀློག་ན་ཤེས་བྱ་གསར་བ་མང་པོ་ཤེས་ཐུབ།
བོད་ཡིག་གི་དཔེ་དེབ་ཀློག་པ་ནི་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་པ་ཡིན།
བོད་ཡིག་གི་དཔེ་དེབ་ཀློག་ན་ཁྱེད་ཀྱིས་མ་ཐ་ཡང་རང་ཉིད་ལ་གདམ་གསེས་ཤིག་རྙེད་ངེས།
དེ་བས་ཁྱེད་ཅག་གིས་དཔེ་དེབ་ཉོས། དཔེ་དེབ་ཀློགས།
དེ་ནི་མཐར་གཏུགས་ན་རྩོམ་པ་པོར་རྒྱབ་སྐྱོར་ཙམ་མིན་པར་རང་གིས་ཤེས་བྱ་གསར་རྙེད་དང་། རང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞབས་འདེགས་ཤིག་ཀྱང་ཡིན།
བོད་ཀྱི་སྐད་བཀའབསྟན་དང་བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་དཔེ་ཆའི་མིང་ཚིག་རྣམས་ལ་ལྟ་ན། ད་ལྟ་ཙམ་མ་ཡིན་པར་སྔོན་མ་ནས་ཁ་སྐད་དམ་ཕལ་སྐད་གྱི་དབང་གིས་ཨ་ཡིག་ཨེ་ཡིག་དང་། ཨེ་ཡིག་ཨ་ཡིག་དང་། སྔོན་འཇུག་དང་། རྗེས་འཇུག་དབྱུགས་པ་དང་། སྔོན་འཇུག་མེད་སར་སྔོན་འཇུག་བརྒྱབས་ཡོད་པ་དང་། རྗེས་འཇུག་བརྗེབ་པ་སོགས་ལ་བོད་སྐད་སྤྱི་ལ་སློབ་སྦྱོང་མཛད་པ་པོ་དག་གིས་བློ་གྲོས་ཟབ་པའམ་ཕྲ་བའི་སྒོ་ནས་བརྟག་དཔྱད་མཛད་དགོས་པ་མཐོང་ངོ་།
སེར་ཤུལ་རིན་དོན་གྱིས་རང་ཉིད་ཀྱི་བརྩམ་ཆོས་ངོ་སྤྲོད་བྱེད་དུས་རང་གིས་རང་གང་ཟག་གསུམ་པ་ཞིག་ལ་བརྩིས་ཏེ་ཅིག་ཐོན་འདུག་དང་ཅིག་ཅིག་གནང་་འདུག་ལྟ་བུའི་ཚིག་སྦྱོར་འདི་འདྲ་སྤྱད་པར་ཅུང་ངོ་མཚར།
མི་ལ་བཤད་དུས་སྔ་བ་སྔུན་མ། རང་ལ་ཐུག་དུས་xx། རྒན་ལ་དྭགས་པ་ལགས། (བརྗེབ) ཟེར་བ་འདི་གནམ་ནས་བབས་པ་རེད་དམ། ས་ནས་བརྐོས་བ་ཡིན། ཧ་ཧ་ཧ།
རྩོམ་པ་བོ་ལ་རྒྱབ་སྐྱོར་ཞུ་ཞུ་བ་ཡིན། ཤོག་ལེབ་ཁ་ཤས་ཤིག་ཀློག་དགོས། མང་པོ་ཀློག་ཡ་ལ་སྤྲོ་བ་མེད།
ཇར་མན་མཁས་དབང་ཞས་ཀེ་དང་། ཨ་རི་མཁས་དབང་གོལྡ་སྟེཨིན་སོགས་ཀྱིས། རྗེ། བརྗེས། བརྗེ། རྗེས། to change, to exchange བྲིས་པར་བལྟས། གཅིག་ན་བདག་གི་ཁ་སྐད་བཙན་པས་བརྗེས་ལ་བརྗེབ་ཅེས་ནོར་པར་གནམ་ལེགས་སོགས་ལ་དགོངས་དག
གནམ་ཁྱོད་ཀྱིས། “ས་ནས་བརྐོས་བ་ཡིན།” ཞེས་བོད་མཁས་དབང་དག་གི་ལུགས་དང་རྒྱང་རིང་པོར་འཕྱན་པ་ལྟ་ཅི། མདོ་སྨད་ཀྱི་དིང་དུས་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་དང་། མཁས་དབང་མུ་དགེ་བསམ་གཏན་གྱི་ལུགས་ཀྱི་ཁྱུ་ནས་ཀྱང་བུད་པ་ཞིག་གོ །བདག་ལ་སྐྱོན་བརྗོད་བྱེད་པ་ཕྱི་རྒྱལ་པ་ཞིག་གིས་རྗེས་འཇུག་ས་ཡི་མིང་མམཐར་བ་བྲིས་པ་མཐོང་། ཁྱོད་ལྟ་བུ་དག་གིས་བསྐུལ་མ་བྱས་ཏེ་མི་དེ་ལ་དེ་འདྲ་འབྲི་རུ་འཇུག་པར་གདོན་མི་ཟ་བ་ལགས། འོན་ཀྱང་རྗེས་འཇུག་ས་མཐར་པ་ཡིག་འབྲི་བ་པོ་དང་བ་ཡིག་འབྲི་བ་པོ་སུ་རྒྱལ་བ་ལ་ལྟད་མོ་ལྟ་དགོས་པ་ཞིག་པས་ལྟད་མོ་ལྟོས།
རྟེན་འབྲེལ་ཞུ་བཞིན་ཡོད། འ་རོ་མདུན་ཤོག་ལ་་་་་2004 བཀོད་འདུག་པ་དེ་ག་འདྲ་རེད། 2014 ལ་ནོར་སོང་བ་མིན་ནམ། མགོ་འཐོམ་སོང་། གསལ་བཤད་ཅིག་ཡོད་ན་གནང་རོགས་ཞུ།
གུས་འཚམས་བཅས།
དྲ་གྲོགས་རྣམ་པར་ཕེབས་བསུ་ཞུ། གཅིག ངོ་སྤྲོད་འདི་ངས་བྲིས་པ་མིན། གཉིས། ངས་འདི་སྐུར་སྐབས་ངའི་མིང་བྲིས་མེད། གསུམ། མདུན་ངོས་ན་་ 2014 བྲིས་ཡོད། དེབ་ཐོག་ལ་གཟིགས་དང་།