རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྦྱོང་བརྡར་དང་། མི་དམངས་དྲག་ཆས་ཉེན་རྟོག་པའི་སྦྱོང་བརྡར་བཅས་ཡོད་པའི་སོ་བ་ཞིག་སྟབས་ལེགས་ནས་འཇུས་པ་ཡིན་ནམ། ཡང་ན་སྟབས་མ་ལེགས་ནས་འཇུས་པ་གང་ཡིན་མི་ཤེས་མོད། སོ་པ་དེར་རྡ་སའི་ཁོར་ཡུག་ཆུང་ཆུང་དེའི་ནང་ནས་བདེ་སྲུང་ལས་ཁུངས་ཀྱི་མི་རུ་རྫུ་ཐུབ་སོང་བ་དེ་ངོ་མ་ཡ་མཚན་རེད། མ་ཟད། བདེ་སྲུང་ལས་ཁུངས་ངོས་ནས་ཁོ་པར་”འཚོ་བའི་ཁ་སྣོན་”སྤྲོད་དགོས་དོན་ཅི་ཡིན་ནམ། ལས་ཀ་དེ་ཚོ་ནང་སྲིད་དང་ལས་ཁུངས་གཞན་གྱིས་ལས་བཞིན་པ་ཞིག་མ་ཡིན་ནམ། མ་ཟད། བོད་ཀྱི་གསར་འགོད་པ་ཚོའི་དྲི་བ་དེ་དག་(དུས་བབ། བང་ཆེན།)གཞུང་གིས་གོ་སྒྲིག་བྱས་པ་ཞིག་ཡིན་ནམ། གང་ལྟར་གསར་ཤོག་གཉིས་ཀས་དྲི་བ་གཅིག་མཚུངས་དྲིས་འདུག་པ་མ་ཟད། གནད་འགག་གི་དྲི་བ་རྐང་གཅིག་ཀྱང་དྲིས་མི་འདུག སྤེན་པ་ཚེ་རིང་བདེ་སྲུང་ལས་ཁུངས་སུ་ངོ་སྦྱོར་བྱས་ནས་ལས་ཀ་མཁོ་སྤྲོད་བྱེད་མཁན་ངོ་མ་དེ་སུ་ཡིན་ནམ། དྲི་བ་འདི་གནད་འགག་ཅིག་རེད་འདོད། ཡིན་ན་ཡང་། དྲི་བ་འདི་སུས་ཀྱང་དྲི་མ་འདོད་པ་ཡིན་ནམ་མ་ཕོད་པ་ཡིན་ནམ། གལ་སྲིད་ང་ཚོ་དྲི་བ་འདིའི་གཏིང་ཅུང་སྔོག་ཐུབ་ན་དུས་རྒྱུན་ང་ཚོའི་ཁ་ནས་མ་ཐོན་གོང་ལ་རྒྱ་གཞུང་གིས་གོ་ཚར་བའི་བརྒྱུད་ལམ་འདི་རྒྱུ་མ་འདེད་འདེད་ཅིག་བྱེད་ཐུབ་ངེས་རེད་འདོད།
ངོ་དེབ་སྟེང་དུ་མི་མང་པོ་ཞིག་གིས་སྤེན་པ་ཚེ་རིང་ལ་༧གོང་ས་མཆོག་དང་ལྷན་དུ་པར་བརྒྱབ་རྒྱུའི་གོ་སྐབས་འདི་ཇི་ལྟར་བྱུང་བ་རེད་ཅེས་གླེང་སློང་བྱེད་ཀྱིན་འདུག ཡིན་ན་ཡང་། གོང་དུ་གཞུང་འབྲེལ་སྒོས་ཕྱིར་བསྒྲགས་བྱས་ཡོད་པའི་པར་དེ་དང་གཤམ་གྱི་འདི་གཉིས་མི་གཅིག་ཡིན་མིན་མ་ངེས་ཀྱང་། ང་ཚོ་བོད་ཀྱི་གསར་འགོད་པ་ཚོས་སྤེན་པ་ཚེ་རིང་གི་ཆེས་ཉེ་དུས་ཀྱི་པར་རེ་ཐབས་འཚོལ་བྱས་མེད་པ་ཡིན་ནམ???
རེད།
བདེ་སྲུང་གིས་སོ་མྱུལ་པ་སྤེན་པ་ཚེ་རིང་འཇུས་པ་དེ་ནི་གོམ་པ་དང་པོ་ཙམ་རེད། ད་དུང་དེའི་རྒྱབ་ལོག་ན་ཡོད་པའི་གོམ་པ་མི་ཉུང་བ་ཞིག་མ་རྒྱབ་ཀ་མེད་རྒྱག་དགོས་ཐུག་གི་རེད། རྒྱ་སོ་སྤེན་པ་ཚེ་རིང་དང་འབྲེལ་ཡོད་གོམ་པ་བཅུ་ཕྲག་ཞིག་རྒྱག་མ་ཐུབ་ན་རྒྱ་སོ་སྤེན་ཚེ་འཛུས་པ་དེ་ཡང་ཁ་ནང་དུ་ཡོང་བ་སྣ་ནང་ནས་ཤོར་བཅུག་པ་དང་ཆ་ཡིན།
ད་རེས་བདེ་སྲུང་གིས་དོན་དག་འདི་ཐག་གཅོད་ག་འདྲ་ཞིག་ལ་གཅོད་མིན་མི་མང་ཚང་མས་ཀྱང་མགོ་ནས་མཇུག་བར་དུ་གཅིག་རེ་གཅིག་རེ་བྱས་ནས་ཡག་ཙམ་དང་ཞིབ་ཙམ་གཟིགས་དགོས་གི་རེད། སྔོན་ཆད་ཀྱི་དུས་ཡུན་ནང་སྒྲུང་ཤོད་རྒྱུ་མང་དག་ཅིག་ཡོད་པ་དེ་ནང་བཞིན་ད་རེས་མི་ཡོང་བ་བྱེད་དགོས་གི་རེད།
༼བཙན་བྱོལ་བོད་མི་ནང་ཁུལ་སྔར་བྱུང་མྱོང་མེད་པ་དམར་གསོད་ཀྱི་དོན་རྐྱེན་ཚབས་ཆེའི་དྲག་སྤྱོད་ལས་འགུལ་སྤེལ་ཆེད་མངགས་གཏོང་ལྟར་ཁོ་པའི་ངོས་ནས་ཀྱང་དེ་དོན་ལག་བསྟར་འབད་བརྩོན་བྱེད་པའི་སྐབས་སུ་བོད་འབྱོར་ཁམས་འབྲི་རུ་རྫོང་ཁོངས་ནས་ ཡིན་པ་བཀྲ་ཤིས་རྒྱལ་མཚན་༼མིང་གཞན་བཀྲིས་དོན་གྲུབ་༽དང་། ཁམས་སྡེ་དགེ་དཔལ་སྤུངས་ཤང་ནས་ཡིན་པ་ཀརྨ་ཡེ་ཤེས་༼མིང་གཞན་བཀྲིས་༽གཉིས་ནས་ཁོ་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ་ཉེས་ཅན་ལག་ཐོག་ནས་བཟུང་སྟེ་འདི་ག་བདེ་སྲུང་ལས་ཁུངས་སུ་ཐེར་འདོན་རྩིས་སྤྲོད་བྱས་བྱུང་བས་ཁོང་གཉིས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་དང་ལེགས་སོ་ཞུ་རྒྱུ་ཡིན” ཞེས་བཀོད་འདུག༽ འདི་ལྟར་བཀོད་འདུག་པར་ལྟོས་ན་སོ་བ་དེ་འཛིན་མཁན་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཡིན་པར་བཤད་འདུག སྤེན་པ་ཚེ་རིང་འཛུན་མཁན་དེ་བོད་གཞུང་བདེ་སྲུང་ལས་ཁུངས་ཡིན་པའི་སྐད་ཆ་མི་འདུག ཅི་ཕྱིར་སྤེན་པ་ཚེ་རིང་གི་དམིགས་འབེན་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ནས་ཁོ་རང་རྒྱ་མིའི་སོ་ཉིལ་ཡིན་པ་ར་འཕྲོད་པ་རེད། འདི་ལ་ཡང་དཕྱོད་ཤེས་ཀྱི་རིག་པ་ཡོད་ཟེར་མཁན་རྣམས་ཀྱི་བསམ་བློ་གཉིས་པ་ཞིག་གཏོང་དགོས་པ་ཞིག་མ་ཡིན་ནམ། གཞན་གསར་འགོད་ལས་རིགས་ནི་སྤྱི་ཚོགས་ཤིག་གི་ཁ་ཕྱོགས་དྲངས་བདེན་དང་གནས་ལུགས་ཀྱི་ཕྱོགས་སུ་ཁྲིད་ཐུབ་མཁན་གྱི་རང་ཚུགས་ཐུབ་པའི་མི་སྡེ་ཞིག་ཡིན་དགོས་ན། དོན་དག་ཆེ་ཆུང་ཚང་མར་དོགས་འདྲི་དང་ཁ་གསལ་བཟོ་དགོས་པ་ཚོགས་སྡེ་དེའི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན། དེ་ན་བོད་སྤྱི་ཚོགས་ཀྱི་གསར་འགོད་པའི་སྡེ་ནས་ཀྱང་རང་ཉིད་ཀྱི་སྤྱི་ཚོགས་ཧྲིལ་བོ་འགན་ཡག་པོ་ཞིག་འཁུར་ཐུབ་པའི་འབད་བརྩོན་བྱེད་དགོས་ཀྱི་རེད་སྙམ།
མི་འདི་ལ་དམིགས་བསལ་སྦྱོང་བརྡར་ཐོབ་ཡོད་ན་ལས་སླ་བོའི་ངང་ག་འདྲ་སུ་འཛིན་ཐུབ་པ་རེད། ཕྱོགས་གཅིག་ནས་རྒྱལ་བའི་སྐུ་བྱ་ལ་ཡང་གནོད་པ་ཡོད་ཚུལ་བཤད་འདུག ཡང་ཕྱོགས་གཅིག་ནས་གཟིམ་ཆུང་འཇལ་ཀའམ་གོང་ས་མཆོག་མཉམ་དུ་པར་སོགས་རྒྱབ་ཡོད་ཚོད་བཤད་འདུག
དེ་རེ་བདེ་སྲུང་ལས་ཁུངས་ཀྱིས་དོན་དག་འདི་ངོ་མ་ཅི་ཡིན་ཕྱི་གསལ་ནང་གསལ་ཅིག་མ་བཟོས་ང་ཚོས་རང་དགར་འཇོག་ཐབས་མེད།
ཨོ་རེད། གཟིམ་ཆུང་མཇལ་ཁའམ་གང་ལྟར་སྐུ་མདུན་ལྷན་དུ་པར་བརྒྱབ་འདུག་ཟེར་བ་དེ་བརྗེད་འདུག ཁོ་ལ་གོ་སྐབས་དེ་ཇི་ལྟར་ཐོབ་མིན་གསལ་གསལ་ཐིང་ཐིང་བཟོ་དགོས་རེད།
སྤེན་པ་ཚེ་རིང་རྒྱ་གར་གཞུང་ལ་རྩིས་སྤྲད་ཟིན་ཟེར་བ་ནི་དོན་ལ་ཁོ་རང་ད་ནས་བཟུང་རྒྱ་ནག་གི་སྲུང་སྐྱོབ་འོག་ལ་ཡོད་པས། ང་ཚོས་ཤེས་དགོས་པའི་གནད་དོན་གང་ཡང་བསྔོག་ཐུབ་རྒྱུ་མ་རེད་ཟེར་བ་དང་གཅིག་རེད། ད་རེས་ཚང་མས་ཤུགས་བརྒྱབ་ནས་མ་མཐའ་ཡང་བོད་ཀྱི་གསར་འགོད་པ་ཚོས་སྤེན་པ་ཚེ་རིང་ལ་བཅར་འདྲི་ཅིག་བྱེད་དགོས་ཐུབ་པ་བྱེད་དགོས་འདུག་མ་གཏོགས། གནད་དོན་འདིའི་ནང་ལ་ཆབ་སྲིད་ཀྱི་རིལ་དྲི་ཁ་གི་འདུག་གོ།
བོད་ཀྱི་དུས་བབ་ནང་༼སྤེན་པ་ཚེ་རིང་འདི་གར་འབྱོར་རྗེས་ཁོ་པ་བོད་ནང་ལས་བྱེད་བྱེད་མྱོང་ཡོད་པ་ཞིག་ ཡིན་པའི་ཆ་ནས་འདི་ག་ལས་ཁུངས་ནས་དམིགས་བསལ་ལྟ་རྟོགས་བྱས་ཡོད།༽ཟེར་འཁོད་པ་ཇི་བཞིན་གསར་འབྱོར་བ་གཞན་ལས་ལྷག་པའི་ཐོབ་ཐང་ཞིག་རེག་ཡོད་པ་རེད། བདེ་སྲུངས་ལས་ཁུངས་ནང་མྱུལ་མ་དེར་གོ་སྐབས་སྤྲོད་མཁན་ནམ་ལྟ་རྟོགས་བྱ་དགོས་ཀྱི་ངོ་འབྱོར་གནང་མཁན་དེ་སུ་ཡིན་ནམ། དེ་སྔོན་ནས་བོད་ཀྱི་གནས་ཚུལ་བདེ་སྲུངས་ལས་ཁུངས་ལ་བཞུགས་པས། བཞུགས་མཁན་བོད་དུ་མ་སླེབས་གོང་བསུ་མཁན་འགྲམ་དུ་འབྱོར་བའི་གནས་ཚུལ་བྱུང་མྱོང་བའི་བསྐོར་བཤོད་རྒྱུ་མང་པོ་ཡོད། བདེ་སྲུངས་ལས་ཁུངས་ཀྱིས་གནད་ཡོད་མི་སྣའི་དཔལ་འབྱོར་ཡོངས་ཁུངས་དང་མི་སྣའི་གཤིས་དཔྱོད་སོགས་ལའང་རྒྱང་བལྟ་ཞིག་མ་བྱས་རང་བྱས་རེད། རང་གི་འདོད་དོན་སྒྲུབ་ཕྱིར་གཞན་གྱི་མདུན་ལམ་ལ་ཡ་ང་བག་ཚ་གང་ཡང་མེད་དུས་བཞེད་སྣང་ཚ་བོ་རེད། ཚང་མས་ཟབ་དགོས།།
དྲི་བ། སྤེན་པ་ཚེ་རིང་འདི་གར་འབྱོར་རྗེས། བོད་ནང་ལས་བྱེད་བྱེད་མྱོང་ཡོད་པ་ཞིག་ཡིན་པའི་ཆ་ནས་བདེ་སྲུང་ལས་ཁུངས་ནས་དམིགས་བསལ་ལྟ་རྟོགས་བྱས་ཡོད་ཅེས་གནས་ཚུལ་འདུག བོད་ནང་ནས་ལས་བྱེད་བྱེད་མྱོང་ཡོད་པ་མང་པོ་རྒྱ་གར་དུ་ཡོང་གི་ཡོད་པས། ཁོང་ལ་དམིགས་བསལ་གཟིགས་རྟོགས་དགོས་དོན་གང་ཡིན་གསུངས་རོགས།
ལན། རྩ་བས་ཁོ་དང་ཁོ་འདྲ་བ་མང་པོ་ཡོད་རེད། ཁོ་གཅིག་པུ་མ་རེད་བོད་ནང་གི་ལས་ཀ་བཞག་ནས་འདིར་ཕེབས་པ་ཡིན་ན། དེ་བློས་གཏོང་ཆེན་པོ་ཞིག་རེད། དེར་བརྟེན་ཐོག་མར་འདིར་སླེབས་དུས་ང་ཚོས་ཁོང་ལ་ཡང་འཚོ་གནས་ཉུང་ཉུང་ཞིག་གནང་གི་ཡོད་པ་རེད། དེ་ཡང་མང་པོ་མ་རེད་ཟླ་བ་རེར་ཧིན་སྒོར་༣༠༠༠ རེ་གནང་གི་ཡོད་རེད།
http://www.tibetexpress.net/bo/2010-02-06-06-49-13/2010-02-04-05-42-15/10618-2013-05-24-06-59-51
ཨ་ཧོ
ད་ཐེང་ང་ཚོ་ཚང་མས་ལྟ་དཔྱད་ཡག་པོ་ཞིག་བྱེད་དགོས་འདུག་སྐུ་ངོ་དང་སྐུ་དྲག་དེ་ཚོའི་བྱེད་གཏང་ལ་ཡིད་ཆེས་མེད། མདོ་དབུས་ཁམས་གསུམ་ནང་མ་དྲང་པའི་
ལས་ཀ་མང་དག་ཞིག་གི་བོད་རང་བཙན་ཤོར་ཡོད། སྤེན་བ་ཚེ་རིང་ཁོ་རྒྱ་མའི་ཉུལ་མ་ཡིན་ན་རྒྱ་ནག་གི་བློས་འགེལ་ཆོག་པ་ཞིག་དགོས་། གོང་དུ་རྒྱ་གཞུང་གི་ཁོ་བཙོན་
་ལ་བཅུག་ཚུལ་བཤད་འདུག་། དེ་འདྲ་བའི་མི་ལ་རྒྱ་གཞུང་ནས་ཡིད་ཆེས་བྱེད་ཀྱི་རེད་བས། གཅིག་བྱས་ན་བོད་འདིར་ཡོང་མཁན་ཆབ་སྲིད་ལས་ཀ་བྱེད་མཁན་ང་ལས་ང་
ཆེ་ཟེར་མཁན་གང་མང་ཡོད། དེ་ཚོ་གཅིག་ཀྱང་ཀོག་གསོས་བྱེད་མཁན་གཏོང་མི་འདུག་དེ་ཚོ་རྒྱ་གར་ལ་བྲོས་སོང་བ་རྒྱ་ནག་གི་མ་ཤེས་པ་ཨེ་ཡིན་ནམ། གཞན་ཞིག་ནས་བཤད་
གཞོན་ནུའི་ཚོགས་གཙོ་རྒན་གཞོན་དང་གནད་ཡོད་མི་སྣ་ཀོག་གསོད་གཏོང་དགོས་བསམ་བསམ་རེད་དེ་ནི་རེད་མི་འདུག། སྡེ་དགེའི་ཡེ་ཤེས་དང་ཁམས་འབྲི་རུའི་བཀྲ་ཤིས་
དོན་འགྲུབ་གཉིས་དེ་འདྲའི་སྐད་གྲགས་ཅན་དང་བྱས་རྗེས་ཅན་ཞིག་ཡིན་པ་གསར་འགྱུར་དང་ཁ་སྐད་གང་ནས་ཡང་གོ་ཐོས་མ་བྱུང། རྒྱ་གཞུང་གོང་ས་མཆོག་དང་གཞོན་
ནུ་སོགས་ལ་མི་ཞད་པ་ཁོང་ཉིས་ལ་ཞེད་དགོས་དོན་གང་ཡིན་ནམ། ཨ་མེ་རི་ཀའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་བཟོ་གྲ་ནས་སློབ་མཐར་ཕྱིན་པ་འདྲ་ཡིན་གྱི་རེད།
ང་ཚོ་བོད་མི་ཚང་མས་དོན་སྣང་བྱེད་དགོས་འདུག། སྔོན་མ་ཡང་མ་ཉེས་ཁ་ཡོག་འོག་མི་མང་པོའི་ཚེ་སྲོག་ཤོར་འདུག་ངོ་མ་ཡིན།
བོད་མི་སྐྱག་གཟན་འདི་འདྲ་ད་དུང་ཡང་ང་ཚོའི་སྤྱི་ཚོགས་ནང་རེ་གཉིས་ཡོད་པར་ཐེ་ཚོམ་མེད།
ཨ་མདོ་གཅན་ཚ་ནས་ཡིན་པ་འདི་འདྲ་ཁ་ཤས་ཡོད་པར་གོ་ཐོས་བྱུང་།
༡༠༽ ཐབས་ཇུས་ཅན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༤ གི་ཆུ་ཚོད་ ༢༣ སྐར་མ་ ༡༡
བོད་མི་སྐྱག་གཟན་འདི་འདྲ་ད་དུང་ཡང་ང་ཚོའི་སྤྱི་ཚོགས་ནང་རེ་གཉིས་ཡོད་པར་ཐེ་ཚོམ་མེད།
ཨ་མདོ་གཅན་ཚ་ནས་ཡིན་པ་འདི་འདྲ་ཁ་ཤས་ཡོད་པར་གོ་ཐོས་བྱུང་།
་་འོ་དེ་ངོ་མ་ཡག་པོ་རེད་
དེ་ཚོ་སུ་སུ་ཡིན་ན་ངོ་མ་སྡུག་ཆ་རེད།
ཐབས་ཇུས་ཅན་ནས་གསལ་བོར་གསུངས་དགོས་ཀྱི་འདུག
ཡོད་རེད་ལབ་པས་ཕན་གྱི་མི་འདུག
གདོང་ལ་མཛུབ་མོ་བཙུགས་ནས་བཀྲ་ཤིས་དོན་འགྲུབ་དང་ཀརྨ་ཡེ་ཤེས་གཉིས་ནང་བཞིན་བྱེད་ཐུབ་ན་ཡག་པོ་རེད།
ང་ཚོཟ་གཟབ་དགོས་པ་ཞིག་ལ
རང་ཉིད་ཀྱི་སྒེར་ནད་དེ་གཞན་གྱི་སྟེང་ནས་སངས་ཐབས་བྱས་ན་ཡག་པོ་མི་འདུག་བསམ་སོང་།
མི་འགའ་ཤས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་རང་གི་བགོ་སྐལ་ལ་ཁེ་བཟང་ཟ་བསམ་མཁན་ཡང་ཡོད་མི་སྲིད་པ་མིན། ཐབས་ཇུས་ཅན་ནས་ངེས་པར་དུ་ལེན་གསང་རོགས་གནང་། ང་ཚོས་སྒུག་ནས་ཡོད་།
ལན་གསུངས་རོགས་བཅོས་
དྲི་བ། སྤེན་པ་ཚེ་རིང་རྒྱ་གཞུང་གི་གསང་མྱུལ་བ་ཡིན་པའི་ངོ་སྤྲོད་ག་འདྲ་བྱས་ནས་བྱུང་བ་རེད།
ལན། ཁོ་རང་རྒྱ་གཞུང་གི་གསང་མྱུལ་བ་ཡིན་པའི་གནས་ཚུལ་ཁ་གསལ་ཆགས་པ་དེ། བཀྲ་ཤིས་དོན་གྲུབ་དང་། ཀརྨ་ཡེ་ཤེས་གཉིས་ལ་དུག་སྤྲད་རྒྱུའི་གནས་ཚུལ་ཞིག་བྱུང་སྟེ། ཁོ་རང་གཉིས་ཀྱིས་བདེ་སྲུང་ལས་ཁུངས་ལ་གནས་ཚུལ་རྩིས་སྤྲོད་བྱས་པ་རེད། དེ་ནས་ང་ཚོས་ཁོང་ལ་འདྲི་རྩད་བྱས་སྐབས་ཁོ་རང་གིས་ངོས་ལེན་བྱས་པ་ཞིག་རེད།
ཐབས་ཇུས་ཅན་ཟེར་པ་དེ། རྒྱུ་མཚན་དང་ཁུངས་ལུང་ཅི་ཡང་མེད་པར་ཨ་མདོ་གཅན་ཚ་ཟེར་ནས་གཅིག་ལབ་ཀི་མ་འདུག ཁྱོད་ལ་གཅན་ཚ་ནས་ཡིན་པའི་བོད་མི་སོ་མྱུལ་བ་དེ་འདྲ་སྟོན་རྒྱུ་ཡོད་ན་མིང་དང་བཅས་པའི་ལོ་རྒྱུས་ཁ་གསལ་འགོད་དགོས་པ་རེད་མ་གཏོགས། གཅིག་གིས་གཅིག་བཤད་ཀྱིན་འདུག་དང་གཉིས་ཀྱིས་གཉིས་ལབ་ཀྱིན་འདུག་ལྟ་བུའི་སྲང་ལམ་བར་གྱི་འཆལ་གཏམ་དེ་འདྲ་བཤད་ན་ཅི་ཡང་ཕན་གྱི་མ་རེད། གང་ལྟར་ཁྱོད་ལྟ་བུས་གཅན་ཚ་ཞེས་པའི་ཡུལ་མིང་གཟི་བརྗིད་ཅན་འདི་འདྲ་རྣ་བས་གོ་ན་གཉའ་ཞུམ་ཞུམ་དང་སེམས་ཀྱིས་བསམ་ན་མགོ་སྒུར་སྒུར་བྱེད་དགོས་པའི་ཚོད་རེད་དོ།།
http://www.tibetexpress.net/bo/2010-02-06-06-49-13/2010-02-04-05-42-15/10618-2013-05-24-06-59-51
ཐབས་ཇུས་ཅན་གྱིས་སྐད་ཆ་དེ་ཐབས་ཇུས་གཞན་ཞིག་ཡིན་རྒྱུ་རེད།
ཁོ་ལ་གསལ་བོར་བཤད་ཡ་ཡོད་རྒྱུ་མ་རེད།
མིན་ན་ཁོས་ཀརྨ་ཡེ་ཤེས་དང་བཀྲ་ཤིས་དོན་གྲུབ་གཉིས་ནང་བཞིན་གསུངས་ངེས་རེད།
ཐབས་ཇུས་ཅན་ཟེར་བ་འདིས་མིང་རྫུན་འོག་ནས་མི་གཞན་ཞིག་ནག་པོ་བཟོ་རྩིས་ཡོད་པ་ལ་དོགས་པ་མེད།
བོད་པ་ཚོས་གཟབ་དགོས་ཀྱི་འདུག
གཅན་ཚ་ཚོས་དོ་གནང་དང་གཟབ་གཟབ་གནང་རོགས།
བཙན་བྱོལ་བ་ཚོ། ཅལ་འདྲོགས་མ་བྱས་ན་དགའ། གནས་ཚུལ་འདི་ལ་བཞད་གད་ཀྱི་གནས་སུ་འགྲོ་བའི་གནད་དོན་མང་པོ་འདུག
བར་སྐབས་འདི་ལ་ཤེས་ཡོན་པ་ཚོས་དོ་སྣང་བྱ་དགོས་ས་ནི་སྤེན་པ་ཚེ་རིང་ལ་དྲང་བདེན་མིན་པའི་ཉེས་འདོགས་བྱས་ཡོད་མེད་དང་དོན་མེད་དམའ་འབེབས་ཐེབས་མིན་དེ་རེད། སྤྱི་ཚོགས་འདིས་ཁོ་བླུད་རྫས་སུ་འཕེན་པའི་ངག་གི་བྱ་བྱེད་འདི་རིག་ན་འཇིགས་སུ་རུང་བ་ཞིག་འདུག
ཀརྨ་ཡེ་ཤེས་དང་བཀྲ་ཤིས་དོན་གྲུབ་གཉིས་ཀྱི་སྐོར་ལ་མང་ཙམ་ཤེས་འདོད་ཡོད་ཀྱང་་་་་་
སྤེན་པ་ཚེ་རིང་ལགས་ལ། སོ་མྱུལ་པ་དང་། དུག་ལས་པ། འཕྲིན་གཏོང་ཆེད་དུ་རྒྱ་གཞུང་ལས་བྱེད་ལག་ནས་སྒོར་འབུམ་མང་པོ་ལེན་པ་སོགས་ཀྱི་ཉེས་མིང་ཕོག་བཞིན་འདུག
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
གོང་དུ་སོ་ཉུལ་བ་དེའི་སྐོར་དོགས་དྲི་མང་པོ་གནང་འདུག ཁྱེད་རྣམས་པས་དོགས་དྲི་གནང་བ་དེ་དག་གི་ལན་ཆ་ཚང་ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་གིས་ཕྱི་ཟླ་ལྔ་པའི་ཚེས་ ༢༤ ཉིན་གྱི་ལས་རིམ་ནང་གསལ་པོ་འདུག་པས་དེ་རུ་གཟིགས་ན་གསལ་རྟོགས་ཡོང་ངེས་ལགས། རླུང་འཕྲིན་གྱི་དྲ་རྒྱའི་ཁ་བྱང་ནི། vot.org རེད། ལག་ཐོག་ཁ་པར་ལ་དྲ་ལམ་ཡོད་ཚེ་གསན་ཐུབ་ཀྱི་འདུག
ངས་འདི་ལྟར་དོན་དག་གཉིས་དྲ་གྲོགས་རྣམས་ལ་དོགས་འདྲི་ཅིག་མི་བྱེད་ཀ་མེད་བྱུང་།
གཅིག སྤེན་པ་ཚེ་རིང་རྒྱ་མིའི་སོ་ཉུལ་ཡིན་པ་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་བརྟག་དཔྱད་གང་ཡང་མེད་པར་གཟིམ་ཆུང་མཇལ་ཁ་དང་། ད་རུང་ཟླ་རེར་ཧིན་སྒོར་སུམ་སྟོང་གི་འཚོ་བའི་ཁ་སྣོན་བྱེད་དགོས་དོན་གང་ཡིན་ནམ།
གཉིས་པ། བོད་ནས་རྒྱ་གར་དུ་སྐྱབས་བཅོལ་དུ་འགྲོ་གི་ཡོད་པ་ཡོངས་གྲགས་ཡིན་ན་ཡང་། སྐྱབས་བཅོལ་དགོས་པའི་རྒྱུ་མཚན་འདྲ་མིན་ཡོད་པ་བོད་དུ་སྐྱེས་ནས་བྱེས་སུ་གྱར་བ་ཚོས་ཤེས་གསལ་ལྟར་རེད། སྡེ་དགེའི་ཡེ་ཤེས་དང་ཁམས་འབྲི་རུའི་བཀྲ་ཤིས་དོན་འགྲུབ་གཉིས་ལ་མིང་གཉིས་ཡོད་དགོས་པ་དང་གཅིག རྒྱ་ནག་གཞུང་ནས་ཁོང་གཉིས་བོད་གཞུང་གི་སྣེ་ཁྲིད་ཚོ་ལས་ཀྱང་ཉེ་ཁ་ཅན་དུ་བརྩིས་ནས་ལྐོག་གསོད་གཏོང་དགོས་པའི་རྒྱུ་མཚན་དང་གཉིས། ཁོང་གཉིས་ལ་ཡང་རང་ཉིད་ལྐོག་གསོད་བྱེད་རྩིས་ཡོད་པའི་དོགས་པ་དང་སྔོན་འགོག་གི་བསམ་བློ་ཡོད་པ་སོགས་ལ་རྒྱབ་ལྗོངས་ལྡན་པའི་ཟློས་གར་ཞིག་མ་རེད་དམ།
་་་་ ཁོང་གཉིས་ལ་ཡང་རང་ཉིད་ལྐོག་གསོད་བྱེད་རྩིས་ཡོད་པའི་དོགས་པ་དང་སྔོན་འགོག་གི་བསམ་བློ་ཡོད་པ་སོགས་ལ་རྒྱབ་ལྗོངས་ལྡན་པའི་ཟློས་གར་ཞིག་མ་རེད་དམ། ་་་་་ཟེར།
སྐྱག་འབུ་འདི་ཚོས་སྐད་ཆ་བཤད་དུས་བསམ་བློ་ཁྱོན་ནས་གཏོང་གི་མི་འདུག སྤེན་པ་ཚེ་རིང་གིས་ཁོ་རང་བདེ་སྲུང་ལས་ཁུང་གི་ལས་བྱེད་ཡིན་ཁུལ་གྱིས་བོད་མི་མང་པོ་ལ་མགོ་སྐོར་གཏོང་ཡོད་པར་བཤད་པ་ལས་བདེ་སྲུང་གིས་ལས་ཀ་སྤྲད་ཡོད་པ་གང་དུ་ཡང་བཤད་མི་འདུག གཉིས་ནས་མི་འདི་གཏོང་མཁན་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཉེན་རྟོག་པའི་མགོ་དཔོན་ཞིག་ཡིན་པ་ལས་རྒྱ་ནག་དབུས་གཞུང་རེད་མི་འདུག་ལ། འབྲེལ་ཡོད་ཀྱི་མི་གཉིས་པོ་གསོད་དགོས་པར་སྐུལ་མཁན་ཡང་མི་དེ་ཡིན་པར་བཤད་འདུག འདི་ཚོ་ལ་བསམ་བློ་ཐོང་དང་གོང་གི་དྲ་འབུ་ཚོའི་དྲི་བ་དེ་དག་དོག་པ་མེད་སར་དོག་པ་སླངས་ནས་ཆོད་རྒྱུ་མེད་པའི་ཆོད་ཆོད་ཡིན་པ་གསལ་པོ་རྟོགས་ཡོང་།
རེད་མང་ཆེ་པ་ཞིག་གིས་བསམ་ཚུལ་ལ་ད་དུང་ཡང་གསང་ཉུལ་པ་དེའི་སྐོར་ལ་གསར་ལམ་ཁག་དང་བོད་གཞུང་གི་ངོས་ནས་གསལ་གསལ་ཐིང་ཐིང་གི་འགྲེལ་བཤད་ཞིག་་འཕྱུང་མ་སོང་པས་ནམ་པ་འདུག དེའི་ཕྱིར་བདེ་སྲུང་ཡིན་ན་སུ་ཡིན་ན་འདིའི་སྐོར་ལ་རྩ་བ་གང་ནས་རྩེ་མོ་གང་ལ་ཐུགས་འདུག་པ་གསལ་བཤད་ཞིབ་མོ་ཞིག་བྱས་ན་ཡག་པ་འདྲ།
བདེ་སྲུང་གིས་མི་དམངས་ལ་དགོངས་དག་ཞུས་ནས།གཟིིམས་ཆུང་མཇལ་ཁ་ཞུས་བཅུག་བའི་བརྒྱུད་རིམ་ནས་འདས་བའི་ལོ་གསུམ་ནང་བདེ་སྲུང་གིས་སོ་མྱུལ་བ་དེ་དང་འབྲེལ་བའི་ལས་ཀ་ག་རེ་བསྒྲུབས་ཡོད་མེད་གསལ་བོ་བཟོས་ན་ཡག་གི་རེད།
((སྤེན་པས་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་མེད་པ་བཟོ་རྩིས་བྱས་པ་རེད། ཁོང་གཉིས་མེད་པ་བཟོ་དགོས་ཞེས་ལིའི་གཡུས་ཆོན་ཟེར་བ་དེས་ལས་འགན་སྤྲད་འདུག དེ་གང་ཡིན་ཟེར་ན། ཁོང་གཉིས་ཀྱིས་རྒྱ་ནག་ལ་དྲག་སྤྱོད་གཏོར་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུའི་ཁས་ལེན་བྱས་ཏེ་བོད་གཞུང་ལ་ཡི་གེ་ཞིག་ཕུལ་ཡོད་པ་རེད། དེ་འདྲ་བྱུང་བ་ཡིན་ན་བོད་མི་དང་རྒྱ་མི་མང་པོར་ཤི་རྨས་ཡོང་གི་རེད། དེར་བརྟེན། ཁོང་གཉིས་མེད་པ་བཟོ་དགོས་པ་རེད་ཅེས་ལས་འགན་སྤྲད་ཡོད་པ་ཁོ་རང་གིས་ངོས་ལེན་བྱས་སོང་ )) དུས་བབ་ལ་གསལ།
༡༽ བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་སྤེན་པ་ཚེ་རིང་སོ་བ་ཡིན་པའི་གསང་གནས་དེ་ག་པ་ནས་རགས་པ་རེད། བོད་ཀྱི་བདེ་སྲུང་གིས་སྤྲད་རེད་དམ། རྒྱ་ནག་གྱི་བདེ་སྲུང་གིས་སྤྲད་པ་རེད།
༢༽ བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་དྲག་སྤྱོད་གཏོར་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུའི་ཁས་ལེན་གྱི་ཡིག་ཆ་ཞིག་ཡོད་ན། དེ་སོ་བ་སྤེན་པ་ཚེ་རིང་རྒྱ་གར་ལ་མ་འབྱོར་བའི་སྔོན་ལ་སུས་སོ་བ་བྱས་ནས་རྒྱ་ནག་ལ་བསྐྱལ་པ་རེད། སོ་བ་དེ་ད་ལྟ་གང་ན་ཡོད།
༣༽ བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་སྤེན་པ་མ་བཟུང་བའི་ཡར་སྔོན་ལ་བདེ་སྲུང་ག་པ་ནས་ཉལ་བསྡད་པ་རེད།
༤༽ སྤེན་པའི་བཤད་པ་ཚང་མ་བདེན་པ་ཡིན་པའི་བདེན་དཔང་ག་རེ་ཡོད། མི་འདི་དག་གསུམ་ཆ་ཁོག་མཐུན་གྱི་སོ་བ་མིན་པའི་རྩད་གཅོད་ཞིབ་འཇུག་གང་ན་ཡོད།
ཡ་མཚན་རེད། ཡ་མཚན་རེད། བདེ་སྲུང་གི་སྐད་ཆ་འདི་ཚོས་བདེ་སྲུག་གིས་ཅི་གངའཇོན་གྱི་མེད་པ་འམ། ཡང་ན་གནད་དོན་ཞིག་གི་རྐུབ་གཡོག་གི་ཡོད་ཡིན་པ་གཏན་ཁེལ་རེད།
དྲ་གྲོགས་ཚོ་འུར་མ་རྒྱག། མི་ཞིག་གི་མི་ཚེ་བཙོན་ལ་སྦྱར་བ་འདི་རྩད་མོ་མ་རེད། ཉེས་ཅན་པ་ངོ་མ་ཞིག་ཡིན་ན་ཡིན་པའི་ཡིན་སྟངས་གསལ་པོ་ཡོད་དགོས་རེད།
” བདེ་སྲུང་ལས་ཁུངས་ལ་སྤེན་པ་ཚེ་རིང་རྒྱ་གཞུང་གི་གསང་མྱུལ་བ་ཡིན་པའི་བདེན་དཔང་ཁུངས་སྐྱེལ་ཅི་ཙམ་ཡོད་མེད་དྲིས་པར། ཁོང་གིས་“ དེ་དག་ཕལ་ཆེ་བ་སྤེན་པ་ཚེ་རིང་ཁོ་རང་ལ་སྐད་ཆ་དྲིས་ཏེ་ཁོ་རང་གིས་ལབ་པ་རྐྱང་རེད། ‘རྒྱ་གཞུང་གིས་དེ་འདྲ་བྱས་ནས་ང་བཏང་སོང་། ལས་འགན་དེ་དག་སྤྲད་སོང’ ཞེས་ཁོ་རང་གིས་ལབ་པ་རེད། ཁོ་རང་གིས་བཤད་པ་ལྟར་བྱས་ན། ཁོ་རང་སྔོན་མ་བཙོན་ཁང་དུ་ཚུད་འདུག སྐབས་དེར་རྫོང་དཔོན་དང་ཉེ་རྟོག་པ་ཚོར་ཁ་རྩོད་ཤོར་འདུག དེ་ནས་ལིའི་གཡུས་ཆོན་ཟེར་བ་དེས་ཁྱོད་རང་བཙོན་ཁང་དུ་སྡོད་འདོད་མེད་ན་རྒྱ་གར་ལ་སོང་སྟེ་ལས་འགན་དེ་དག་བསྒྲུབ་དགོས་ཞེས་ཆེད་མངག་བཏང་བ་ཞིག་རེད། ༢༠༠༩ ལོར་ཁོ་རང་རྒྱ་གར་དུ་ཡོང་བ་ཞིག་ཆགས་འདུག” ཅེས་བརྗོད་བྱུང་།
༢ བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་སྤེན་པ་ཚེ་རིང་ཇི་ལྟར་འཇུ་བཟུང་བྱས་མིན་དྲིས་པར། “ སྤེན་པས་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་མེད་པ་བཟོ་རྩིས་བྱས་པ་རེད། ཁོང་གཉིས་མེད་པ་བཟོ་དགོས་ཞེས་ལིའི་གཡུས་ཆོན་ཟེར་བ་དེས་ལས་འགན་སྤྲད་འདུག དེ་གང་ཡིན་ཟེར་ན། ཁོང་གཉིས་ཀྱིས་རྒྱ་ནག་ལ་དྲག་སྤྱོད་གཏོར་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུའི་ཁས་ལེན་བྱས་ཏེ་བོད་གཞུང་ལ་ཡི་གེ་ཞིག་ཕུལ་ཡོད་པ་རེད། དེ་འདྲ་བྱུང་བ་ཡིན་ན་བོད་མི་དང་རྒྱ་མི་མང་པོར་ཤི་རྨས་ཡོང་གི་རེད། དེར་བརྟེན། ཁོང་གཉིས་མེད་པ་བཟོ་དགོས་པ་རེད་ཅེས་ལས་འགན་སྤྲད་ཡོད་པ་ཁོ་རང་གིས་ངོས་ལེན་བྱས་སོང་ ” ཞེས་བརྗོད་བྱུང་།
༣ ཡང་ཁོང་ལ་ད་ལྟ་སྤེན་པ་ཚེ་རིང་གང་དུ་ཡོད་མེད་དང་། ཁོ་འཛིན་བཟུང་བྱེད་མཁན་གཉིས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་དྲིས་པར། “ བདེ་སྲུང་ལས་ཁུངས་ཀྱིས་སྤེན་པ་ཚེ་རིང་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གནས་ཚུལ་གསལ་བོ་བྱུང་རྗེས། ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་ཧི་མ་ཅཱལ་མངའ་སྡེ་ཀཱང་ར་རྫོང་ཉེན་རྟོག་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད། ད་ལྟ་ཁོ་དེ་གར་བཀག་ཉར་བྱས་ཡོད་པ་དང་། མ་འོངས་པར་རྒྱ་གར་གཞུང་གི་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་རེད། དེ་ནས། གསང་མྱུལ་བ་འཛིན་བཟུང་བྱེད་མཁན་ཀརྨ་ཡེ་ཤེས་ཧྥ་རན་སིར་ཕྱིན་འདུག བཀྲ་ཤིས་རྒྱལ་མཚན་ངྷ་རམ་ས་ལར་ཡོད་པ་རེད། ” ཅེས་བརྗོད་བྱུང་
།༤ རང་ཚོའི་གནས་སྟངས་ཆ་རྐྱེན་ལ་དཔག་པའི་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ལ་ཞིབ་འཇུག་གང་ཐུབ་བྱེད་ཀྱི་པ་རེད།
༥ བདེ་སྲུང་གི་ཕྱི་བསྒྲགས་ནང་ འདི་ནས་འདྲི་ཞིབ་ནན་པོ་བྱས་རྗེས་ར་འཕྲོད་གསལ་པོ་བྱུང་བར་སོ་མྱུལ་བ་སྤེན་ པ་ཚེ་རིང་ནི་ ༡༩༨༠ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་མཚོ་ར་ཤང་ཁོངས་སུ་སྐྱེས་པ་དང་། ས་གནས་སློབ་འབྲིང་དུ་བསྐྱོད་རྗེས་དམག་ནང་ཞུགས་པ་དང་། ཕྱི་ལོ་ ༢༠༠༢ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་ཁོངས་གྲོང་སྨད་ཤང་སྤྱི་བདེའི་ལས་བྱེད་ཡིན་ མུས་ཐོག་སི་ཁྲོན་ཞིང་ཆེན་ལུའུ་ཀྲའུ་གྲོང་ཁྱེར་དུ་ལོ་གཉིས་རིང་སྤྱི་བདེའི་ གསང་ལས་སློབ་སྦྱོང་ཐོན་རྗེས་འཇིགས་བསྐུལ་རྒོལ་རྡུང་རུ་ཁག་ཁོངས་སུ་འདེམས་ སྒྲུག་བྱུང་འདུག དེ་རྗེས་སྐབས་དེའི་ནག་ཆུ་ས་གནས་སྤྱི་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་ལིའི་གཡུས་ཆོན་ གྱིས་ཁོ་པར་རྒྱ་གར་དུ་སོ་མྱུལ་ལ་འགྲོ་དགོས་ལས་འགན་སྤྲད་དེ་འགྲམ་འགག་སྒོ་བར་ བསྐྱེལ། དེ་བཞིན་བརྒྱུད་ལམ་དང་དངོས་པོའི་དཔང་རྟགས། གྲོན་དངུལ་སྔ་རྗེས་ཧིན་སྒོར་འབུམ་བཅུ་གཅིག་ལྷག་སྤྲོད་ལེན་བྱས་གནས་བཅས་པ་དོ་ བདག་རང་ངོས་ནས་ངོས་ལེན་གཙང་མ་བྱས་པའི་དོན་དངོས་ཀྱི་ཐོག་ནས་ཁོ་པ་སྤེན་པ་ཚེ་ རིང་ནི་རྒྱ་ནག་གཞུང་གིས་བཏང་བའི་ཆེད་ལས་སོ་མྱུལ་བ་ཞིག་ཡིན་པ་ར་འཕྲོད་གསལ་ པོ་བྱུང་ཡོད།” དྲ་གྲོགས་ཚོ། བོད་གཞུང་གིས་བསྒྲགས་གཏམ་དང་། བདེ་སྲུང་དྲུང་ཆེན་གྱིས་དྲིས་ལན། གསར་འགོད་པའི་བཅར་འདྲི་སོགས་ལ་ཞིབ་ཏུ་གཟིགས་དང་།གོང་གི་དོན་ཚན་ལྔ་བོ་འདིའི་ནང་གི་མ་འདྲ་ག་རེ་འདུག སོ་བ་འདིའི་ཕྱོགས་ལ་བདེ་སྲུང་གིས་འགན་ཇི་ལྟར་འཁུར་འདུག་གམ། བདེ་སྲུང་དྲུང་ཆེན་གྱིས་བཤད་པའི”བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ལ་ཞིབ་འཇུག་གང་ཐུབ་བྱེད་ཀྱི་པ་རེད།”ཅེས་བཤད་པ་འདི་དོན་དངོས་ཐོག་ག་འདྲ་ཞིག་རེད་དམ། ངོ་མ་ཡིད་སྐྱོ་བ་ཞིག་རེད། ད་དུང་ཡང་མི་མང་ལ་མགོ་སྐོར་རྐྱང་གཏོང་བཞིན་བསྡད་འདུག
རྒྱ་གཞུང་གིས་བོད་མི་བརྒྱ་སྟོང་མང་པོ་མངོན་གསལ་དོད་པོས་གསད་བཟུང་རྡུང་གསུམ་བྱེད་ཀྱི་ཡོད་ཀྱང་། བཙན་བྱོལ་བོད་པའི་དྲ་འབུ་ཚོས་སྐྱོན་བརྗོད་བྱེད་པ་ཧ་ཅང་ཉུང་ཞིང་། ད་དུང་དེ་དག་གི་རྐྱེན་རྩ་བཙན་བྱོལ་སྒྲིག་འཛུགས་དང་དབུ་ཁྲིད་ཚོ་ཡིན་པ་ལྟ་བུ་བཤད་ཡོང་། བོད་ནང་དཔའ་བོ་མང་པོས་བོད་མི་རིགས་དང་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་གསོན་པོ་མེ་ལ་བསྲེགས་ཀྱང་ཁོང་ཚོའི་སྙིང་སྟོབས་ལ་ཡི་རང་ཞུ་རྒྱུའི་ཚབ་ལ་ཁོང་ཚོ་ནི་ལྐུགས་པ་ཡིན་པ་དང་། བྱ་སྤྱོད་དེ་འཚེ་བ་ཡིན་་སོགས་འདྲ་མིན་བཤད་མཁན་མི་ཉུང་བ་ཞིག་འདུག འོན་ཀྱང་བདེ་སྲུང་ལས་ཁུག་གིས་གསང་ཉུལ་ཞིག་བཟུང་བ་ལ་འདི་ལྟར་དོག་སློངས་དང་ངོ་རྒོལ་གྱི་རྣམ་འགྱུར་སྟོན་དགོས་དོན་གང་ཡིན་ནམ། འདིས་སྟེང་ནས་བཙན་བྱོལ་བོད་མི་མང་པོ་ཞིག་ལ་འགྲོ་བ་མིའི་གཞི་རྩའི་ཀུན་སྤྱོད་ཙམ་ཡང་མེད་པ་གསལ་པོ་བསྟན་ཡོང་གི་འདུག
ངས་ངོས་འཛིན་ལྟར་ན་སོ་མྱུལ་བ་དང་སོ་མྱུལ་བ་རྩིས་སྤྲོད་བྱེད་མཁན་གཉིས་བཅས་མི་གསུམ་འདིའི་ནང་གཏན་གཏན་མི་མངོན་པའི་གཡོ་ཇུས་ཀྱི་གསང་ཐག་གཅིག་འདུག། རྒྱུ་མཚན་སྤེན་ཚེས་དཔང་རྟགས་ཁུངས་བཙན་འདི་ཡིན་མེད་པར་ལས་སླ་པོའི་ཐོག་ནས་ངོས་ལེན་བྱས་པ་དང་གཞན་གཉིས་ཀྱིས་ལས་སླ་པོའི་ཐོག་ནས་བདེ་སྲུང་ལ་རྩིས་སྤྲོད་བྱས་པ་འདི་ཡ་མཚན་དངོས་བྱུང་རང་རེད། ད་འདི་གུང་ཁྲན་གྱིས་བོད་པས་བོད་པ་མེད་པ་བཟོ་རྒྱུའི་ཁྲབ་སྟོན་ཆུང་ཆུང་ཞིག་ཡིན་པ་འདྲ། ཁྲབ་སྟོན་འདིའི་ནང་མགོ་བརྒྱུད་བསྡད་པའི་བདེ་སྲུང་གིས་ཞིབ་འཇུག་གི་ཉམས་མྱོང་མེད་པ་མ་ཟད་རྩད་ཞིབ་ཡང་དག་ཅིག་བྱེད་ལོང་མེད་པར་རྒྱ་གར་ཉེན་རྟོགས་པར་རྩིས་སྤྲོད་བྱས་པ་འདི་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱ་གར་གྱིས་མནར་གཅོད་དྲག་པོ་གཟེད་དགོས་པ་རེད། སྡུག་ཉེས་ན་སྲོག་ཐོག་དང་ཅུང་ཡངས་བའི་ཆ་ཚེ་བཙོན་གྱི་ཐག་གཅོད་བྱེད་སྲིད་པ་རེད། གཞི་རྩའི་རྒྱའི་མྱུལ་མ་དག་ནི་མཐོ་རིམ་དཔོན་རིགས་ནང་ཡོད་སྲིད་པ་རེད་ལ་ད་དུང་མངོན་སུམ་མཛེམས་མེད་ཀྱིས་རྒྱའི་སྤྲོ་སྐྱིད་ལ་རོལ་མཁན་དེ་ཚོ་མྱུལ་མ་མ་ཡིན་པའི་རྒྱུ་མཚན་ཅི། གང་ལྟར་བོད་མི་རིགས་འདིའི་ལས་དབང་ལ། རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་འདི་ཡིན་མེད་པ་མ་ཟད་གཞིས་ལུས་སྤུན་ཟླའི་ཚེ་སྲོག་ནི་རྩེད་ཆས་འདྲ་ཞིག་ཆགས་སོང་། ནང་ཁུལ་རྙོག་འཛིང་སྣ་མང་རང་བཞིན་ཅན་དང་རྣོ་ངར་རང་བཞིན་ཅན་དུ་མི་འགྱུར་བའི་ངེས་པ་མི་འདུག།
དྲ་གྲོགས་ཚང་མས་དྲི་བ་མང་བོ་དྲིས་ཡོད་གི འདི་ཧ་ཅང་བཟང་རྟགས་ཤིག་རེད།
སོ་ཉུལ་བས་སོ་ཉུལ་རྩིས་སྤྲོད་བྱེད་སྲིད་པ་རེད།གང་ལྟར་གང་གཟབ་བྱས་ན་ལེགས་སྙམ།
བདེ་སྲུང་དང་འབྲེལ་བ་ཆེན་པོ་ཡོད་པ་གོ་ཐོས་བྱུང་་་་་་ཡག་ག་ཡིན་་་་་་གང་ཡིན་བཤད་མི་ཤེས་་་
༡༽ བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་སྤེན་པ་ཚེ་རིང་སོ་བ་ཡིན་པའི་གསང་གནས་དེ་ག་པ་ནས་རགས་པ་རེད། བོད་ཀྱི་བདེ་སྲུང་གིས་སྤྲད་རེད་དམ། རྒྱ་ནག་གྱི་བདེ་སྲུང་གིས་སྤྲད་པ་རེད། ༢ ཁོང་གཉིས་ལ་ཡང་རང་ཉིད་ལྐོག་གསོད་བྱེད་རྩིས་ཡོད་པའི་དོགས་པ་དང་སྔོན་འགོག་གི་བསམ་བློ་ཡོད་པ་། ༣ དུག་ཀྱི་ནུས་པ་ཚོད་ལྟ་བྱེད་ལུག་ནི་སྐྱེ་བོ་ཕར་པ་བྱེད་བཏང་ལས་རྒྱལ་ཁབ་ཀྱི་བསང་མྱུལ་ཞིག་དང་མི་འདྲ།
གོང་གི་ཀརྨ་ཡེ་ཤེས་དང་བཀྲ་ཤིས་དོན་འགྲུབ་གཉིས་ཀྱི་གསང་མྱུལ་བ་འཛིན་བཟུང་བྱས་འདུག་། གསང་མྱུལ་བ་དེའི་དོན་དག་གཙོ་བོ་དེ་་བཀྲིས་དང་དོན་འགྲུབ་
གསོད་ཡ་དེ་རེད། བཀྲིས་དང་དོན་འགྲུབ་གཉིས་ནས་སྤེན་པ་གསང་མྱུལ་བ་ཡིན་པ་དང་ཁོང་གཉིས་ལ་དུག་སྤྲད་ཡོང་གི་ཡོད་པ་ག་འདྲ་བྱས་ནས་ཧ་གོ་བ་རེད།
ཡང་ན་སྤེན་པས་ང་གསང་མྱུལ་བ་ཡིན་ཁྱེད་གཉིས་ལ་དུག་སྤྲད་ནས་བསོད་རྩིས་ཡོད་ཟེར་ནས་ལབ་པ་རེད་བས། དེ་མ་ཡིན་ན་སྔོན་ནས་ཁོ་གསང་མྱུལ་བ་ཡིན་པ་དང་
ཁོས་གང་བྱེད་ཀྱི་ཡོད་མེད་ཧ་གོ་མི་འདུག་། རྗེས་སུ་ཚང་མ་ཁོ་རང་ཉིད་ནས་ངོས་ལེན་བྱས་པ་ཀྱང་ཀྱང་རེད་འདུག། མ་གཞི་གོང་ས་མཆོག་གཙོར་བྱས་པའི་
དཔོན་རིགས་མང་པོ་ཞིག་ཡོད་ལ། གཞོན་ནུ་གཙོའི་ཚོགས་སྡེ་ཁག་གི་མི་སྣ་གལ་ཆེན་མང་དག་ཞིག་ཡོད། དེ་ཚོ་སུ་གང་ལ་རྒྱ་ནག་མི་སྐྲག་པ་བཀྲིས་་དང་
དོན་འགྲུབ་ཟེར་བ་མིང་གྲགས་དང་གོ་རིག་ཁྱོས་ནས་མེད་པའི་བག་ལ་ཉལ་བའི་མི་དེ་གཉིས་ལ་རྒྱ་ནག་ཞེད་དགོས་དོན་ཡ་མཚན་རེད། སྤེན་པ་སྔོན་བོད་ནང་
གཙོན་ལ་ཚུད་ཡོད་འདུག་དེ་དང་གོང་ས་མཆོག་མཇལ་ཁ་གཏོང་དགོས་དོན་དང་ཟླ་རེ་་སྒོར་༣༠༠༠་རེ་སྤྲོད་དགོས་པའི་རྒྱུ་མཚན་དེ་དག་ག་རེ་ཡིན་མིན་རེ་རེ་ནས་
ཧ་གོ་དགོས་གལ་ཆེ་། དོན་དག་དེས་ནང་ལ་ལྐོག་གྱུར་ཞིག་བརྟེན་བརྟེན་འདུག་།
ངས་གོ་ཐོས་ལ་སྤེན་པ་ཚེ་རིང་སྔོན་བོད་ནས་བོད་དོན་ཆབ་སྲིད་ལས་ཀ་བྱས་ནས་རྒྱ་ནག་གི་གཙོན་ལ་བཙུད་ཡོད་འདུག། དེ་རྗེས་རྒྱ་གར་ལ་ཡོང་ནས་གོང་ས་མཆོག་
མཇལ་ཁ་དང་འཚོ་སྣོན་ཟླ་རེ་སྒོར་༣༠༠༠རེ་ཆབ་སྲིད་གཙོན་ཟུར་སྤྱི་མཚུང་ལྟར་སྤྲད་ཡོད་འདུག། ད་ལྟ་བློ་བུར་དུ་གསང་མྱུལ་བ་
ད་རིང་གསང་ཉུལ་གྱི་གནས་ཚུལ་འདི་ནི། བྱིས་པའི་བརྩམས་སྒྲུང་ཆོ་མེད་འདྲ་བ་ལས། དངོས་བྱུང་གི་གནས་ཚུལ་གཏན་ནས་འདྲ་པོ་མི་འདུག དེ་མིན་འདི་འདྲ་ཁྲབ་དགོས་པའི་རྒྱུ་མཚན་གལ་ཆེན་ཡོད་པ་མིན་ནམ། བདེ་སྲུང་ལས་ཁུངས་ལ་དྭོག་པ་ཆེན་པོ་འདུག ཁྲབ་ཚན་རྫུན་མ་ཞིག་དང་མཚུངས།
རྡ་ས་ན་སོ་བ་མང་ནི་རེད་། མཐོ་ས་གཞུང་ཞབས་ནང་ན་ཡོད་ནི་རེད་། དམའ་ས་མི་དམངས་ནང་ན་ཡོད་ནི་རེད་། གང་ལྟར་བོད་ལ་ཤ་ཞེན་ཡོད་མཁན་ཚང་མས་སྤྱང་པོ་བྱས་ན་རྒྱའི་སོ་བ་དེ་ཚོས་ག་རེད་བྱ་ཐུབ་།
མཆན་༡༠༽ ཐབས་ཇུས་ཅན་ལ།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༤ གི་ཆུ་ཚོད་ ༢༣ སྐར་མ་ ༡༡
…………………………………………….
ཉིད་ཀྱི་སྡོད་གནས།
Your IP address is 142.255.22.57
Country: United States
City: Elmhurst
Internet Provider: བསྟན་མེད།
Device: བསྟན་མེད།
Personal ID: བསྟན་མེད།
……………………………………………..
རྗེས་སུ་ཁུངས་ལུང་མེད་པའི་གནས་ཚུལ་སྤེལ་ན་དོ་བདག་གི་ཐོབ་ཐང་ངོ་མ་ཕྱིར་བསྒྲགས་བྱེད་སྲིད་པས་དེ་དོན་དགོངས་འཇག་ཞུ།
ཐབས་ཇུས་ཅན་དང་དགེ་འདུན་རྒྱ་མཚོ་གཉིས་ཀྱིས་སྐད་ཆ་བཤད་དུས་ངེས་པར་གཟབ་དགོས། གཅན་ཚ་བ་ཚོས་གཟབ་གཟབ་བྱས་ན་ཡག་པོ་འདུག་དང་གཅན་ཚ་ན་གསང་མྱུལ་བ་འདུག་ཅེས་གང་འདོད་དུ་ཁྱབ་བསྒྲགས་བྱས་པར་ཁུང་ལུངས་ཅི་ཞིག་ཡོད། གལ་ཏེ་ཁྱོད་གཉིས་ལ་ཁུང་ལུངས་དང་བདེན་དཔང་ཡོད་ན་གསང་མྱུལ་བ་དེའི་མིང་དང་པར་སོགས་གསལ་བོར་ཤོད། དེ་མེད་ཚེ་རང་མི་རིགས་ལ་ཤ་ཞེན་ཆེ་བའི་རྫོང་ཞིག་ལ་ག་ལོག་དང་སྐུར་འདེབས་བྱེད་པའི་སྐྱག་ཁ་དེ་ཚུམས་ཤིག།
༣༦༽ ཨོ་རྒྱན་རིག་འཛིན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ གི་ཆུ་ཚོད་ ༡༠ སྐར་མ་ ༤༡
གོང་གི་ཀརྨ་ཡེ་ཤེས་དང་བཀྲ་ཤིས་དོན་འགྲུབ་གཉིས་ཀྱི་གསང་མྱུལ་བ་འཛིན་བཟུང་བྱས་འདུག་། གསང་མྱུལ་བ་དེའི་དོན་དག་གཙོ་བོ་དེ་་བཀྲིས་དང་དོན་འགྲུབ་
གསོད་ཡ་དེ་རེད། བཀྲིས་དང་དོན་འགྲུབ་གཉིས་ནས་སྤེན་པ་གསང་མྱུལ་བ་ཡིན་པ་དང་ཁོང་གཉིས་ལ་དུག་སྤྲད་ཡོང་གི་ཡོད་པ་ག་འདྲ་བྱས་ནས་ཧ་གོ་བ་རེད།
ཡང་ན་སྤེན་པས་ང་གསང་མྱུལ་བ་ཡིན་ཁྱེད་གཉིས་ལ་དུག་སྤྲད་ནས་བསོད་རྩིས་ཡོད་ཟེར་ནས་ལབ་པ་རེད་བས། ་་་་་་ཟེར།
གནས་ཚུལ་འདིར་རྒྱུས་མངའ་ཡོད་མཁན་ཚོས་འདིར་གླེང་སློང་གནང་རོགས་ཞུ་རྒྱུ་དང་། འདི་གོ་སྐབས་སུ་བརྩིས་ནས་སྤྱི་སྒེར་གང་རུང་ལ་མ་རུང་ཁོང་བཅངས་མི་གནང་རྒྱུའི་རེ་བ་ཞུ།
གོ་སྐབས་བརྩལ་ནས་སྤྱི་སྒེར་གང་རུང་ལ་མ་རུང་ཁོག་བཅང་མི་བྱེད་རྒྱུ་ནི་མི་རེ་ངོ་རེ་ནས་བསམ་བློ་གཏོང་དགོས་པ་ཞིག་རེད་མ་གཏོགས་ཁ་ཤས་ནས་གོ་སྐབས་བརྩལ་ཁ་ཤས་ལ་མ་བརྩལ་ལབ་དགོས་ན་ཁག་པོ་རེད་འདོད།
ནང་ཁུལ་མེད་པར་བྱས་ཡ་དེ་ང་ཚོ་ལས་ཀ་གལ་ཆེན་ཞིག་རེད་དོ་ཧཧཧཧཧཧ
ཀརྨ་ཡེ་ཤེས་དང་བཀྲ་ཤིས་དོན་འགྲུབ་གཉིས་པོ་དེ་སུ་དང་སུ་ཡིན་ནམ། ལགས།
རོ་ལངས་ནི་རོ་ལངས་རང་རེད།
ང་ལ་སྐུར་བ་མ་འདེབས་རོགས།
ངའི་བྲིས་པའི་ཚིག་སྒང་མ་དེ་ཚོ་ཁྱོད་ཀྱིས་རིག་མེད་པ་འདྲ།
ངས་ཐབས་ཇུས་ཅན་གྱི་སྐད་ཆ་ལ་བལྟས་ནས་གཅན་ཚ་ཚོས་གཟབ་གཟབ་བྱོས་ལབ་པ་ཡིན་མ་གཏོགས་དོན་ལ་གཅན་ཚ་ན་གསང་མྱུལ་བ་འདུག་གཟབ་གཟབ་བྱོས་ལབ་པ་མ་རེད།
ང་ཐབས་ཇུས་ཅན་གྱི་རོགས་པ་ལ་མ་སྦྱར་རོགས།
ངས་གཟབ་ལབ་ན་མ་འགྲིག་པ་དང་ཁྱོད་ཀྱིས་གཟབ་དགོས་ཟེར་བ་དེ་སུ་རེད།
སྐད་ཆའི་མགོ་སྔ་ལ་ཡག་པོ་བལྟས་པའི་རྗེས་ལ་ལན་རྒྱོབས།
ངས་ཐབས་ཇུས་ཅན་ལ་ལན་བཏབ་པ་ལས་གཅན་ཚ་ལ་གསང་མྱུལ་བ་ཡོད་ལབ་མེད།
རོ་ལངས་ལགས
ངས་མི་སྐད་བཤད་ཡོད།
ངའི་སྐད་ཆའི་དོན་གོ་སོང་ང་།
༡༦༽ དགེ་འདུན་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༤ གི་ཆུ་ཚོད་ ༢༣ སྐར་མ་ ༥༣
ཐབས་ཇུས་ཅན་གྱིས་སྐད་ཆ་དེ་ཐབས་ཇུས་གཞན་ཞིག་ཡིན་རྒྱུ་རེད།
ཁོ་ལ་གསལ་བོར་བཤད་ཡ་ཡོད་རྒྱུ་མ་རེད།
མིན་ན་ཁོས་ཀརྨ་ཡེ་ཤེས་དང་༡༨༽ བཀྲ་ཤིས་དོན་གྲུབ་གཉིས་ནང་བཞིན་གསུངས་ངེས་རེད༡༨༽
དགེ་འདུན་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༤ གི་ཆུ་ཚོད་ ༢༣ སྐར་མ་ ༥༩
གཅན་ཚ་ཚོས་དོ་གནང་དང་གཟབ་གཟབ་གནང་རོགས།
རོ་ལངས་པ།
ངའི་གོང་འོག་གི་ཚིག་འདི་རེད།
༤༡༽ རོ་ལངས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ གི་ཆུ་ཚོད་ ༡༦ སྐར་མ་ ༣༧
ཐབས་ཇུས་ཅན་དང་དགེ་འདུན་རྒྱ་མཚོ་གཉིས་ཀྱིས་སྐད་ཆ་བཤད་དུས་ངེས་པར་གཟབ་དགོས། གཅན་ཚ་བ་ཚོས་གཟབ་གཟབ་བྱས་ན་ཡག་པོ་འདུག་དང་གཅན་ཚ་ན་གསང་མྱུལ་བ་འདུག་ཅེས་གང་འདོད་དུ་ཁྱབ་བསྒྲགས་བྱས་པར་ཁུང་ལུངས་ཅི་ཞིག་ཡོད།
རོ་ལངས་རང་གི་སྐད་ཆ་དེ་རེད།
ང་དང་ཐབས་ཇུས་ཅན་གཉིས་གཅིག་ཏུ་སྦྱར་བའི་རྒྱུ་མཚན་གང་ཡིན་ནམ།
ཞེད་སྣང་ལ། ཁ་བརྡར་འཛུལ་དུས་རང་གི་གསང་བ་ཚང་མ་ཉེན་ཁའི་ནང་ཚུད་པ་འདྲ།
མེ་ཏོག་དཀར་པོ་ལགས། ཁ་བརྡར་འཛུལ་དུས་གཅིག་བུ་མ་རེད། ཁྱེད་རང་དྲ་ཐོག་ལ་ཞུགས་ཚར་བའི་རྗེས་ལ་གནས་ཚུལ་གང་ཡང་གསང་ས་འགྲོ་གི་མ་རེད། ཐ་ན་ལག་ཐོག་ཁ་པར་ཁུག་མའི་ནང་བཟུང་ནས་སོང་རུང་། བལྟ་ཤེས་མཁན་ཞིག་ལ་ཁྱོད་ཀྱི་ཁ་པར་ཨང་གྲངས་ཡོད་ན་ཁྱེད་རང་སྲང་ལམ་རེ་རེར་སོང་ཤུལ་དང་། འགྲོ་བཞིན་པའི་གནས་ཚུལ་ཚང་མ་ཤེས་ཐུབ་པ་རེད། ཁ་བརྡ་དང་། དུས་བབ། བང་ཆེན་གསུམ་པོའི་ནང་ལ་རྐང་བཙུགས་ནས་ནང་ཁུལ་དཀྲུག་མཁན་རེ་ཟུང་ཞིག་འདུག མིང་དང་གློག་འཕྲིན་ག་ཚོད་བརྗེས་རུང་། དེ་གསང་ཐབས་ཡོད་མ་རེད། འདིར་མི་དེའི་རིགས་ལ་གོ་རྒྱུ་ཞིག་བཏང་བ་ཡིན།
རང་གཞུང་གི་མཛད་གཙོ་ཕལ་ཆེ་བས་དེ་སྔ་ཕན་ཆོད་ལ་མི་མང་མགོ་བསྐོར་གཏོང་བྱེད་ཀྱི་ཟློས་གར་ཚན་ཆེར་འཁྲབ་པ་ལྟར། ད་ལན་བདེ་སྲུང་གིས་ཀྱང་ཧ་ཅང་རྫུན་ཟོ་དོད་པའི་འཁྲབ་ཚན་ཞིག་མཚམས་སྦྱོར་བ་ྱས་འདུག་གོ
དགེ་འདུག་རྒྱ་མཚོ་ལགས་ཀྱིས་དེ་ལྟར་གསལ་བཤད་བྱེད་པར་ཐུགས་རྗེ་ཆེ་དང་ཁྱོད་ཀྱི་བརྗོད་གཞི་ལ་གོ་ནོར་ཐེབས་པར་དགོངས་དག་ཞུ། རོ་ལངས་ནས།
འདྲེ་རིག་ལྡན་ལགས།
ཁྱོད་ཀྱིས་དྲ་གནས་ལས་མཆན་པ་སུ་ཡིན་རྩད་གཅོད་ཐུབ་ཟེར་བ་དེ་བདེན་པ་ཡིན་པའི་ངེས་པ་མི་འདུག དེང་སྐབས་དྲ་གནསIPགསང་བྱེད་མཉེན་ཆས་ཏྲོརTOR ༼The Off Recordཡི་བསྡུས་མིང་ཡིན༽ བེད་སྤྱད་ནས་དྲ་ཚིགས་བཀླགས་ན་ཀློག་མཁན་གྱི་དྲ་གནས་གསང་ནས་དྲ་གནས་གཞན་ཞིག་འཆར། ཝིན་དྲའོ་སི་གློག་ཀླད་ནང་དུ་ཏྲོར་དྲ་གནས་གསང་ཆས་བཀོལ་ཆོག་པ་དང་། ཨན་དྲི་རའེ་དྲི་ཁ་པར་ནང་དུ་གེ་པིར་སྦོ་ཁི་སི༼Gibber Box༽མཉེན་ཆས་བརྒྱུད་ནས་ཏྲོར་དྲ་གནས་གསང་ཆས་བཀོལ་ཆོག དེའི་ཕྱིར། ཁྱོད་ཀྱིས་གོང་གི་དྲ་གནས་གསང་ཆས་བཀོལ་བའི་མཆན་པ་ཚོའི་དྲ་གནས་IPརྩད་གཅོད་པར་དཀའ་ངལ་ཡོད། བདག་གིས་དྲ་གནས་གསང་བའི་མཉེན་ཆས་ཀྱི་སྐོར་ནས་འགྲེལ་བཤད་རྩོམ་ཡིག་ཅིག་བྲི་འཆར་ཡོད་པས། མི་འགྱངས་པར་ཀློག་པ་པོ་ཚོའི་སྤྱན་ལམ་དུ་འབུལ་ཐུབ་པར་རེ་ཡོད།
༄༅།རྒྱ་དམར་གྱི་སོ་བ་རེད་ཟེར་ནས་བོད་མི་སྤན་པ་ཚེ་རིང་བདེ་སྲུང་ལས་ཁུང་ནས་འཇུ་སྲུང་བྱས་པའི་སྐོར་དང་བོད་མི་གཉེས་ཀྱི་རྒྱ་དམར་སོ་བ་ཡིན་པ་སོགས་དེངས་སྐབས་སྤྱི་ཚོགས་ནང་ལབ་གླིང་མང་ཐག་ཞིག་བྱུང་དང་བྱུང་བཞིན་དེ་དངོས་གནས་རྒྱ་དམར་གྱི་སོ་བ་ངོ་མ་སུ་ཡིན་བརྗོད་དཀའ་བ་ཞིག་རེད་གང་ཡིན་ཟེར་ན་གཅིག་བྱས་ན་སོ་བ་ངོ་མ་རྩེས་སྤྲོད་བྱེད་ཁན་གྱི་མི་དེ་གཉིས་རྒྱ་དམར་གྱི་སོ་བ་ངོ་མ་མ་རེད་བཅེས་ཤད་མི་ཐུབ་པ་ཞིག་རེད་།
གང་ལྟར་བདེ་སྲུང་ནང་ལ་རྒྱ་དམར་གྱི་སོ་བ་ངོ་ད་དུང་ཡོད་པ་ཡོད་མ་རེད་བཅེས་ཤད་ཐུབ་ཤིན་ཏུ་ནས་དཀའ་ལས་ཁག་པོ་རེད་།
ཕར་བཤད་ཚུར་བཤད་མང་བོ་བྱས་ཀྱང་མཐར་བདེ་སྲུང་ལ་དོགས་གཞི་ཡོད་ཚུལ་གླེང་ཡོང་གིན་འདུག
དེས་ན་བདེ་སྲུང་དག་ཐེར་བྱེད་པ་ལ་ཐབས་ཤེས་ག་རེ་ཡོད་རེད་དམ།
༥༣༽ ཚེ་རིང་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ གི་ཆུ་ཚོད་ ༡༠ སྐར་མ་ ༤༤
དེ་འདྲའི་དཀའ་ལས་བརྒྱག་དགོས་པ་ཅང་ཨེ་ཡོད་དམ།
ས་གནས་གང་དུ་དེབ་སྐྱེལ་བྱས་པའི་བྱང་བུ་ས་གནས་དེའི་ལས་ཁུངས་ཨ་མའི་ནང་ཁ་པར་བཏང་ནས་རྩད་གཅོད་བྱས་ན་འགྲིག་གི་མ་རེད་པས།
རྒྱ་སོ་སྤེན་ཚེ་ལ་དེ་ལྟའི་གོ་སྐབས་ཐོབ་པ་དང་ལྷག་པར་འཚོ་སྣོན་ཐོབ་པ་་དེའི་ཐོག་ནས་ད་ལྟའི་བཀའ་ཤག་གིས་ལས་དོན་ལ་ཧོལ་རྒྱུགས་ཤོར་བ་དང་ཁྱད་པར་འབྲེལ་ཡོད་ལས་བྱེད་དང་སྤེན་ཚེའི་དབར་གྱི་འབྲེལ་བ་དམ་ཟབ་ཡོད་པ་དེས་ངེས་པར་དུ་དེ་འབྲེལ་གྱི་ས་འོག་དར་ཐག་བསྲིངས་ཡོད་པ་དཔོགས་ཐུབ་པས་བོད་མི་བསམ་ཡོད་ཅན་གྱིས་ད་རེས་གནད་དོན་དེར་ངེས་པར་ཡ་ལན་ཞིག་སྤྲོད་དགོས་ཚོད་རེད།
རྡོ་རྗེ་ཚེ་རིང་ལགས་ཀྱིས་གསལ་འདེབས་གནང་བར་བཀའ་དྲིན་ཆེ། ཁྱེད་རང་གིས་བཤད་པ་ཚང་མ་བདེན་པ་རེད། IP སྡོད་གནས་གསང་ཐབས་ཡོད་པ་བདེན་པ་རེད། དེ་ཙམ་དུ་མ་ཟད། firewall བཀོལ་མཁན་ཚོའི་IP སྡོད་གནས་དུས་ཐུང་རེའི་ནང་ལ་རང་འགྱུར་འགྲོ་བཞིན་ཡོད་པས་རྗེས་འདེད་བྱེད་ཁག་པོ་རེད། ཡིན་ན་ཡང་། ཁ་པར་བརྒྱུད་ནས་དྲ་བ་ཀློག་མཁན་ཚོས་རང་རང་གི་རྒྱལ་སྤྱིའི་ཁ་པར་དང་ཕྲ་ཆས་ཨང་རྟགས་(IMEI) བརྗེ་མི་ཐུབ་པས་རང་གི་སྡོད་གནས་སམ་ངོ་རྟགས་གསང་མི་ཐུབ། མདོར་དེད་ན། IP སྡོད་གནས་དྲ་ཐོག་ཏུ་མངོན་ཚུལ་གསང་ཐུབ་པ་ལས། བརྡ་རྟགས་བསྡུ་ལེན་ས་ཚིགས་ཀྱི་ཀ་བ་གསང་ས་འགྲོ་གི་མ་རེད། སྤྱིར་ན་དེ་ལྟའི་གསང་རྒྱ་ཞིག་ང་ཚོ་མི་སྒེར་ཞིག་གིས་ངོས་ནས་བྱེད་ཀྱང་མི་ཐུབ།
དེ་དང་མཉམ་དུ་ཀློག་མཁན་ཚོར་གསལ་འདེབས་ཤིག་བྱེད་རྒྱུ་ལ། ང་ཚོས་སྤེན་པ་ཚེ་རིང་སོ་བ་ཡིན་མིན་ལ་དོགས་པ་བྱེད་ཀྱིན་མེད། ཁོ་རང་གི་ངོས་ནས་ངོས་ལེན་བྱས་ཡོད་པ་ལྟར། ཁོ་རང་རྒྱ་མིའི་སོ་ཉུལ་བ་ཡིན་ཡིན་པ་རེད། ཡིན་ན་ཡང་། དོགས་པ་སློང་གཞི་གཙོ་བོ་དེ། སྐབས་དེར་ཁོའི་ཁ་ནས་སྐད་ཆ་གཞན་ཐོན་ཡོད་མེད་དང་། ཡོད་ན་འབྲེལ་ཡོད་བདེ་སྲུང་ལས་ཁུངས་མ་གཏོགས་པའི་མི་གཞན་གྱི་ཁུངས་སྐྱེལ་ཡོད་མེད་དེ་རེད། ཁོ་རང་རྒྱ་གར་ལ་ཐོན་ནས་ལོ་གཉིས་གསུམ་ལས་མ་འགོར་བར་རྒྱ་གར་གཞུང་གི་ར་ཤིན་ཀར་ཀྲི་དང་འོས་འདེམས་ཤོག་བྱང་སོགས་མང་པོ་ཞིག་ཐོབ་འདུག་པ་འདིས། ཁོ་ལ་རོགས་འདེགས་བྱེད་མཁན་གྱི་བོད་མི་གཞན་ཡོད་པ་གཏན་འཁེལ་བ་རེད། དེ་དག་སུ་དང་གང་ཡིན་གྱི་གསལ་ཁ་འབྱེད་དགོས་རེད།
སྤེན་པ་ཚེ་རིང་རྩིས་སྤྲོད་བྱེད་མཁན་གཉིས་ཀ་རྒྱའི་སོ་ཉུལ་བ་ཡིན་མིན་ལ་དོགས་པ་བྱེད་པ་ནི་རྒྱུ་མཚན་མེད་པའི་སྐད་ཆ་རེད། ང་རང་གི་ཁོང་གཉིས་ཀྱིས་བྱས་རྗེས་བཞག་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།
བདེ་སྲུང་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་བྱེད་སྐབས། (བོད་འབྱོར་ཁམས་འབྲི་རུ་རྫོང་ཁོངས་ནས་ ཡིན་པ་བཀྲ་ཤིས་རྒྱལ་མཚན་༼མིང་གཞན་བཀྲིས་དོན་གྲུབ་༽དང་། ཁམས་སྡེ་དགེ་དཔལ་སྤུངས་ཤང་ནས་ཡིན་པ་ཀརྨ་ཡེ་ཤེས་༼མིང་གཞན་བཀྲིས་༽གཉིས་ནས་ཁོ་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ་ཉེས་ཅན་ལག་ཐོག་ནས་བཟུང་སྟེ་འདི་ག་བདེ་སྲུང་ལས་ཁུངས་སུ་ཐེར་འདོན་རྩིས་སྤྲོད་བྱས་བྱུང་བས་ཁོང་གཉིས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་དང་ལེགས་སོ་ཞུ་རྒྱུ་ཡིན” ཞེས་བཀོད་འདུག་པ་དང་། བོད་ཀྱི་དུས་བབ་ཀྱིས་དེར་(བདེ་སྲུང་ལས་ཁུངས་ཀྱིས་རྒྱ་གཞུང་གི་གསང་མྱུལ་བ་ཞིག་འཇུས་འདུག) ཞེས་གསར་འགྱུར་བཀོད་ཡོད། དྲ་གནས། http://www.tibettimes.net/news.php?showfooter=1&id=7707
གསར་འགྱུར་དེ་ཉིད་བོད་གཞུང་གི་བོད་དབྱིན་དྲ་བ་གཉིས་སུའང་དེ་ལྟར་འཁོད་ཡོད་མོད། (དབྱིན། http://tibet.net/2013/05/23/chinese-espionage-and-terror-plot-against-tibetan-community-exposed/) (བོད།http://bod.asia/2013/05/རྒྱ་ནག་གཞུང་གི་གསང་བའི/) ཡིན་ན་ཡང་། ཨ་རིའི་རླུང་བརྙན་འཕྲིན་ཁང་གིས་སོ་བ་དེ་རྒྱ་གར་ཉེན་རྟོག་པས་ནོར་གླིང་ནས་འཇུ་བཟུང་བྱས་ལུགས་བཀོད་འདུག་པ་དང་། གསར་འགྱུར་གྱི་འགོ་བརྗོད་དུའང་(རྒྱ་གར་གཞུང་གི་ཉེན་རྟོག་པས་བཞུགས་སྒར་ཁུལ་དུ་བོད་མི་གཅིག་འཇུ་བཟུང་བྱས་ཡོད་པ།) ཞེས་བཀོད་འདུག http://www.voatibetan.com/content/chinese-spy-arrested-in-dharamsala-/1667107.html
མདོ་དོན། བདེ་སུང་ལས་ཁུངས་ནས་སོ་བའི་ཁ་ནས་སྐད་ཆ་ཅི་བྱུང་གི་བརྙན་པར་རམ་སྒྲ་བླངས་པ་དེ་འདྲ་ཡོད་དམ། ཡང་ན་བོད་ཀྱི་རང་དབང་གི་གསར་འགོད་ཚན་པར་སྤེན་པ་ཚེ་རིང་ལ་ཐུག་ནས་སྐད་ཆ་འདྲི་རྒྱུའི་གོ་སྐབས་སྤྲོད་ཐུབ་བམ། ཁོ་རང་རྡ་སའི་ཁོར་ཡུག་ཆུང་ཆུང་དེའི་ནང་ནས་བདེ་སྲུང་ལས་བྱེད་ཡིན་ལུགས་བཤད་རྒྱུའི་སྤོབས་པ་དེ་ཇི་ལྟར་རྙེད་པ་རེད། ལོ་གཉིས་གསུམ་འདིའི་ནང་དུ་ཁོ་རང་བལ་ཡུལ་ལ་ཐེངས་གཉིས་བསྐྱོད་པ་ལས་ས་གནས་གཞན་གང་དང་གང་དུ་སོང་འདུག་གམ། སོ་བ་རྩིས་སྤྲོད་བྱེད་མཁན་གཅིག་དེ་ཕྱི་རྒྱལ་དུ་ཇི་ལྟར་བསྐྱོད་པ་རེད་དམ། དུས་ཚེས་ལ་བརྩིས་ན་ཁོ་རང་སྤེན་པ་ཚེ་རིང་བདེ་སྲུང་ལས་ཁུངས་ལ་རྩིས་སྤྲད་མ་ཐག་ཕྱི་རྒྱལ་ལ་བུད་སོང་བ་འདྲ། ཁཽ་རང་རྡ་སར་བསྡད་རྒྱུར་སྐྲག་ནས་མགྱོགས་མྱུར་རྡ་ས་དང་ཁ་བྲལ་བ་རེད་དམ་ཡང་ན་ཅི་རེད། ལ་སོགས་པའི་དོགས་འདྲི་མང་པོ་ཞིག་ཡོང་གི་འདུག
འདིའི་ཐད་བོད་མི་ཡོངས་ཀྱིས་དོགས་འདྲི་མཐིལ་ཕྱིན་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད་ལ། དེ་བས་ཀྱང་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་བྱེད་དགོས་རྒྱུ་ཟླ་ཕོག་བླངས་པའི་ལས་གླ་དང་། བོད་མི་ཡིན་པའི་འགན་འཁྲི། ནང་པ་ཡིན་པའི་ཀུན་སྤྱོད་ཀྱི་འོས་འགན་ཞིག་རེད་འདོད།
ལས་ངན་སོ་མྱུལ་པ་སྤེན་པ་ཚེ་རིང་ལགས་ལ། རྒྱ་གཞུང་གི་ལས་ཀ སོ་མྱུལ་གྱི་ཕོག་ཐོབ། ༸གོང་ས་མཆོག་དང་དམིགས་བསལ་མཇལ་ཁ། བདེ་སྲུང་གི་ཕོག་ཐོབ་ལས་བྱེད། ད་དུང་བླ་མ་དང་དཔོན་པོ་ག་ཚོད་དང་འབྲེལ་བ་བྱུང་ཡོད་དམ། ཤོད་ཚོད་ཐིག་པ་དཀའ་བོ་ཅིག་རེད་དོ། །
མི་ངན་འདིས་༸གོང་ས་མཆོག་ལའང་མཇལ་ཞུས་འདུག་འདི་དག་ལ་བརྟག་དཔྱད་ཡག་པོ་བྱེད་ཐུབ་ཀྱི་མེད་པ་འདྲ།
གནད་དོན་འདི་རླུང་ལྟར་ཡལ་འགྲོ་གི་འདུག རྣམ་པ་ཚོས་རང་གི་མགོ་བོ་རུལ་བ་སྣ་བས་མི་ཚོར་བ་ཡིན་ནམ་ཡང་སྙིང་ཅི་རེད་ད།