____དོལ་སྨྱོན་དང་མེ་དཀར་སོགས།
དོལ་སྨྱོན་ནས།
རྒྱུ་དང་ནོར་གྱིས་བླུ་བར་མི་དགོས་ཤིང་།།
གཏམ་དང་གྲགས་པའི་མཐུན་རྐྱེན་མི་མཁོ་ལ།།
ཟད་དང་བརླག་པའི་འཇིགས་པ་མི་འཚལ་བའི།།
རང་བྱུང་སོར་མོ་ལྔ་ལ་ཕྱག་འཚལ་ལོ།།
སྡེ་སྣོད་གསུམ་གྱི་བཅས་པས་མི་གནོད་ཅིང་།།
ཡུལ་དང་ལུང་པའི་ཁྲིམས་དང་མི་འགལ་བ།།
ལྷན་སྐྱེས་ལུས་དང་འགྲོགས་པའི་ཁྱད་ཆོས་ཅན།།
སོར་ལྔས་བསྲུབས་པའི་རྩལ་འདི་རྨད་པར་འོས།།
སྨན་ཆུང་བུ་མོར་འགྲོ་གྲོན་མི་དགོས་ཤིང་།།
སྟག་ཤར་རྣམས་ལ་འཛེམ་ཟོན་མི་དགོས་པ།།
ཡུལ་དུས་མཐུན་རྐྱེན་སྣ་དགུའང་མི་མཁོ་བར།།
ལན་གཅིག་བསྲུབས་པས་ལྷན་སྐྱེས་བདེ་བས་ཁྱབ།།
བླ་མ་ཆེན་པོས་བཞུགས་ཁྲིའི་སྟེང་ན་བསྲུབས།།
དགེ་བཤེས་ཆེན་པོས་བཀའ་པོད་དབར་ན་བསྲུབས།།
སྤྲུལ་སྐུ་ཆེན་པོས་ཌཱ་དྲིལ་དཀྱིལ་ན་བསྲུབས།།
ཀུན་གྱི་དགོངས་པའི་གཏད་སོ་ཁྱོད་རང་རེད།།
བཙུན་མོ་ལྔ་བརྒྱའི་དབུས་ན་རྒྱལ་པོས་བསྲུབས།།
སྒོར་མོ་འབུམ་ཕྲག་དཀྱིལ་ན་ཚོང་པས་བསྲུབས།།
ཐང་ཕྱེ་རིལ་བུའི་ཁྲོད་ན་སྨན་པས་བསྲུབས།།
ཡོད་ཚད་ཁྱོད་ལ་དུང་བ་ཇེ་ཉེ་རེད།།
འདོད་ལྡན་རྒན་པོས་མལ་སའི་ནང་དུ་བསྲུབས།།
སྟག་ཤར་གཞོན་པས་ཁྲུས་ཁང་ནང་དུ་བསྲུབས།།
སྤྲང་པོ་འཁྱམས་པོས་གཞུང་ལམ་ཟུར་ན་བསྲུབས།།
ཀུན་གྱིས་ལག་ཏུ་བླང་བྱ་ཁྱོད་རང་རེད།།
མདའ་གྲི་མདུང་གི་དབར་ན་དམག་མིས་བསྲུབས།།
འབྲི་གཡག་ལུག་གི་གསེབ་ན་རྫི་བོས་བསྲུབས།།
སྟོན་ཐོག་སྣ་དགུའི་ཁྲོད་ན་ཞིང་པས་བསྲུབས།།
འགྲོ་བ་མི་ཡི་ཁྱད་ཆོས་ཁྱོད་རང་རེད།།
ཟས་དང་ནོར་གྱི་གཏོང་བ་མི་དགོས་ཤིང་།།
ཁྲིམས་དང་ཆད་པའི་འཇིགས་པ་མ་མཆིས་པར།།
མཆོག་དམན་ཀུན་ལ་དབང་བའི་དངོས་པོ་སྟེ།།
སོར་ལྔས་བསྲུབས་པའི་བདེ་བ་ཁྱོད་རང་རེད།།
བཀའ་བསྟན་གསུང་རབ་གང་དུ་མ་མཆིས་ཤིང་།།
ཨོ་རྒྱན་པདྨས་ལུང་དུའང་མ་བསྟན་པའི།།
སིམ་པའི་བདེ་བ་མྱོང་བའི་ཐབས་ཤེས་དེ།།
རྣམ་དཔྱོད་སོར་ལྔའི་འཕྲུལ་གྱིས་ཇི་ལྟར་བསྐྲུན།།
འདོད་པའི་བདེ་བར་ངོམས་པའི་མཐའ་མེད་ཅིང་།།
སོར་མོ་ལྔ་ལ་ཟད་པའི་དུས་མེད་པས།།
ཐབས་མཆོག་འདི་ཉིད་སྤངས་ནས་འཕྱོན་མ་ཡི།།
རྗེས་སུ་འབྲང་འདི་ལྐུགས་རྟགས་མ་ཡིན་ནམ།།
བུད་མེད་མཚན་མ་སྡུག་གི་སྣ་འདྲེན་ཏེ།།
ཆུ་ཚོད་གཅིག་གི་བདེ་བ་ལ་ཆགས་ནས།།
ཚེ་གང་ཕུང་ལ་སྦྱོར་བའི་བྱ་བ་འདི།།
བློ་ལྡན་ཡོད་ན་འཕྲལ་དུ་སྤོངས་བར་མཛོད།།
མེ་ཏོག་དཀར་པོ་ནས།
དོལ་པོ་སྨྱོན་པ་ཁོས་ཕོ་མོ་དབྱེ་འབྱེད་ཀྱིས་སོར་མོ་ལྔ་ལ་ཕོ་མཚན་བསྲུབ་པ་ལས་མོ་མཚན་བསྲུབ་སྟངས་ཟུར་ཙམ་ཡང་མ་བཤད་པས་ཉེས་པ་ཧ་ཅང་ཆེ།
ལོ་ན་སྨིན་པས་དེ་མ་ཐག་པ་རུ།།
འཁྲིག་འདོད་ཆེ་ཡང་སྣ་ཚོགས་ཐེ་ཚོམ་གྱིས།།
ཕོ་དང་འབྲེལ་བའི་གོ་སྐབས་ཆེས་ཕྲ་ཕྱིར།།
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད།།
གལ་ཏེ་ཕོ་དང་འབྲེལ་བར་གྱུར་ན་ཡང་།།
ཕོ་མཚན་ཆེ་ན་སྡུག་བསྔལ་བཟོད་རླག་མེད།།
ཆུང་ན་འདོད་པ་ངོམས་པར་མི་འགྱུར་བས།།
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད།།
ཕོ་གསར་རྣམས་ཀྱིས་བུ་མོ་བསླུས་བསླུས་ནས།།
བུ་མོའི་སེམས་ཀྱིི་གཏད་ས་ཤིན་ཏུ་དཀོན།།
དེ་ནས་འདོད་བདེ་སྟེར་མཁན་རྙེད་དཀའ་བས།།
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད།།
གང་ཏེ་རང་སེམས་བབས་པའི་ཕོ་ཞིག་དང་།།
ཉལ་པོ་བྱེད་པའི་གོ་སྐབས་ཐོབ་ན་ཡང་།།
རྒྱོ་ཐེངས་གཅིག་གིས་དབུགས་ཐག་ཆད་པ་མང་།།
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད།།
ཕོ་དང་འབྲེལ་བ་མང་བས་རྐུབ་རྒས་ཤིང་།།
ནུ་ཟུང་ལྷུག་པས་ན་ཚོད་མྱུར་དུ་ཡལ།།
ཕ་མེད་བུ་ཆུང་སྐྱེས་པའི་ཉེན་ཁ་ཆེ།།
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད།།
ཟ་འཕྲུག་ལངས་སར་ཐེ་བོང་རེག་པ་དང་།།
འདོན་འཇུག་བྱ་སར་མཛུབ་མོ་གུང་མོ་སོགས།།
ཆེ་ཆུང་རང་འདོད་ལྟར་དུ་བྱེད་པས་ཆོག།
སོར་ལྔའི་ཁྱད་ཆོས་བརྗོད་པས་ག་ལ་ལང་།།
བུ་མོ་འགའ་རེ་ཚུལ་འདིས་ཚིམས་དྲག་པས།།
ཁྱོད་ལ་རེ་དགོས་མེད་པའི་གདེང་ཚོད་ཀྱིས།།
སྐྱེས་པ་མཐོང་དུས་ཁོང་དགོད་ཤོར་བ་སོགས།།
ཤིན་ཏུ་སྤོབས་པ་ཆེ་བའང་ཡོད་ཅེས་ཐོས།།
རིན་གོང་ཆེན་པོས་ཉོ་སྒྲུབ་མི་དགོས་ཤིང་།།
དཀའ་ངལ་ཆེན་པོས་སྲུང་སྐྱོབ་མི་དགོས་ལ།།
ངོ་ཚ་ཆེན་པོས་སྦས་སྐུངས་མི་དགོས་པར།།
འདོད་ཆགས་ཆེན་པོ་སེལ་ལ་མཛུབ་མོ་མཆོག།
ཚུལ་འདིར་ནོར་བ་མཆིས་ན་སྒྲོལ་མ་མཚོར།།
མཐོལ་ཞིང་བཤགས་ལ་མྱོང་བ་དམར་རྗེན་རིགས།།
ཆགས་ཆེན་རྣམས་ཀྱི་མིག་གི་དགའ་སྟོན་དུ།།
ཁ་བརྡའི་ནང་དུ་གསུང་པར་སྐུལ་མ་འདེབས།།
ཚུལ་འདི་ཨ་ནེ་རྣམས་ཀྱི་གཅེས་ནོར་ཏེ།།
གྲྭ་པ་རྣམས་ཀྱི་རྒྱུན་གྱི་ཡི་དམ་ཀྱང་།།
གཞན་གྱིས་རྟོགས་ན་ངོ་ཚའི་མཆོག་ཡིན་ཕྱིར།།
ཤིན་ཏུ་གསང་བར་འོས་པའི་མན་ངག་ཅིག།
རྩམ་དགའ་ནས།
རྒུན་ཆང་མངར་མོ་ཧུབ་འཐེན་གཅིག་གིས་སྙན་ངག་ཟེར་ནོ་ཆུ་རྒྱུགས་རྒྱུགས། །
མཛེས་མའི་ཞལ་རས་དྲན་ཐེངས་རེ་ལ་དྲན་པའི་གདུང་གླུ་འཁྲོལ་ལོ་ལོ། །
རང་སེམས་རང་གི་སོར་མོར་ཆགས་པས་སོར་མོའི་དགེ་མཚན་གླེང་མི་ཚར། །
དོལ་སྨྱོན་རྒད་པོའི་སྨྱོན་ཚུལ་འདི་ལ་སྣ་ཁ་མི་གཅིག་བཅོ་བརྒྱད་འདུས །
ད་ནི་དོལ་སྨྱོན་རྒད་པོའི་སེམས་ན་བུ་མོ་གང་ཞིག་ཡོད་པར་འདྲ།།
སོར་མོ་ལྔ་ཡི་གླེང་མཚམས་བཅད་དེ་ཁ་ལྕེ་གཞན་དུ་བསྒྱུར་ཚུལ་ལ། །
སྨྱོ་ལུགས་བརྒྱ་དང་བརྒྱད་ཅུའི་སྣེ་མོ་འཇོག་ན་འདོད་ཀྱིན་ཡོད་ས་རེད། །
སྨྱོན་པའི་སེམས་ནད་བཅོས་སུ་ཐུབ་པའི་སྨན་ཞིག་རེག་དེ་ཡོད་ན་ཐང་། །
དོལ་སྨྱོན་ནས།
སོར་མོ་ལྔ་ཡི་སྒྱུ་རྩལ་གླེང་ན་མི་རབས་གསུམ་ལ་འདང་ངེས་རེད།།
སོར་མོ་ལྔ་ཡི་རིན་ཐང་གླེང་ན་རིན་ཆེན་འབུམ་ལ་བདོ་ངེས་རེད།།
སོར་མོ་ལྔ་ཡི་མཛེས་རྩལ་གླེང་ན་ཀུན་གྱིས་ཡིད་སྨོན་ཤོར་ངེས་རེད།།
སོར་མོ་ལྔ་ཡི་འཇུག་ཚུལ་གླེང་ན་ཀུན་གྱིས་འགྲམ་ཆུ་ལྡང་ངེས་རེད།།
རྩམ་དགའ་ནས།
ཕོ་རབས་ཤིག་ལ་གཏམ་ཞིག་མེད་ན་ཆུང་བུ་མོས་ག་ལ་འདོད། །
བཤད་པའི་སྤོབས་པ་ཆེ་ཞིག་མེད་ན་སེམས་ཀྱི་ན་ཚ་དྭངས་ཐབས་མེད། །
འགྲོ་སོང་ཙ་ཙི་བཏང་རྒྱུ་མེད་ན་བུ་མོའི་སྟུ་ཙམ་མཐོང་བ་དཀའ། །
དོལ་སྨྱོན་རྒད་པོ་སྨྱོ་ནས་ཤི་ཡང་སུ་དང་གང་གིས་མཐོང་མ་ལ། །
དེ་ལས་གཞན་གྱིས་མི་རིག་ས་ནས་སོར་མོ་ལྔ་ལ་བསྟེན་བྱས་ཏེ།།
མཇེ་ངན་ནག་རིལ་ལྷོད་ཀྱིས་བཙུར་ནས་སེམས་ཀྱི་ན་ཚར་འེ་ཕན་ལྟོས།།
མཛེས་མ་ཞིག་ལ་རེ་བ་བརྒྱབས་ནས་དར་མའི་ལང་ཚོ་རྒས་མ་འཇུག།
སོར་མོ་ལྔ་ཡི་རྣམ་ཐར་བསྐྱུར་ནས་གཞན་ལ་མ་འབྲོས་དོལ་སྨྱོན་པ། །
དོལ་སྨྱོན་ནས།
རྩམ་དགའ་ཡི་ཨུ་ཚུགས་ཆེ་རབས་འདིས།།
དོལ་སྨྱོན་གྱི་ཉམས་མྱོང་ཤེས་པ་འདྲ།།
ཨུ་ཚུགས་ལ་རྫོགས་མཐའ་མི་འདུག་པས།།
སྨྱོན་པ་ངས་མི་བཤད་རང་བཤད་རེད།།
དང་པོ་བཟུང་སྟངས་ཀྱི་ཐད་ནས་ཤོད།།
འགའ་ཞིག་ནི་སྨྱུ་གུའི་འཛིན་སྟངས་བྱེད།།
འགའ་ཞིག་ནི་ཐ་མག་འཛིན་སྟངས་བྱེད།།
འགའ་ཞིག་ནི་རྐང་གླིང་འཛིན་སྟངས་བྱེད།།
འགའ་ཞིག་ནི་རྔ་དབྱུག་འཛིན་སྟངས་བྱེད།།
རེ་འགས་ནི་མཛུབ་གཉིས་བར་ནས་འཛིན།།
རེ་འགས་ནི་མཛུབ་གསུམ་བར་ནས་འཛིན།།
རེ་འགས་ནི་ལྔ་པོས་འཛིན་པའང་ཡོད།།
དེ་དག་ནི་རང་རང་གོམས་ཕྱོགས་ཡིན།།
རེ་ཟུང་གིས་སྟེང་ནས་བཟུང་ན་བདེ།།
རེ་ཟུང་གིས་འོག་ནས་བཟུང་ན་བདེ།།
རེ་ཟུང་གིས་གཡས་ནས་བཟུང་ན་བདེ།།
རེ་ཟུང་གིས་གཡོན་ནས་བཟུང་ན་བདེ།།
ལ་ལས་ནི་དམ་པོར་འཐམས་ནས་འཛིན།།
ལ་ལས་ནི་ལྷོད་ཀྱིས་གློད་ནས་འཛིན།།
ལ་ལས་ནི་དམ་ལྷོད་བར་མར་འཛིན།།
ལ་ལས་ནི་བཏང་སྙོམས་བཞག་ནས་འཛིན།།
འགའ་ཞིག་གིས་གཡས་པ་ཁོ་ནས་འཛིན།།
འགའ་ཞིག་གིས་གཡོན་པ་ཁོ་ནས་འཛིན།།
འགའ་ཞི་གིས་གཡས་གཡོན་སྤེལ་མར་འཛིན།།
འགའ་ཞིག་གིས་གཉིས་ཀས་འཛིན་པའང་ཡོད།།
འཛིན་ཚུལ་ལ་རྣམ་གྲངས་མང་མཆིས་ཀྱང་།།
ཅི་ལྟར་དུ་བདེ་བ་དེ་གས་ཆོག།
གང་ལྟར་དུ་བདེ་བ་དེ་གས་ཆོག།
མཐའ་གཅིག་ཏུ་ངེས་པ་ཡོད་མ་ཡིན།། སོར་ལྔའི་བདེ་བ་ལས་འཛིན་ཚུལ་གྱི་ལེའུ་སྟེ་དང་པོའོ།།།།
རྩམ་དགའ་ནས།
འཛིན་སྟངས་ལ་རྣམ་གྲངས་མང་ནོ་ལྟོས།།
དོལ་སྨྱོན་པས་ཅི་ལྟར་འཛིན་རྒྱུ་ཡོད།།
འཛིན་དུས་ཀྱི་ཚོར་བ་ག་འདྲ་འདུག།
ལུས་སེམས་ལ་བདེ་བ་འདུག་གམ།།
ད་ནི་སོར་ལྔ་ཡི་བདེ་བ་ལས།།
སོར་མོ་ཡིས་འཇུག་སྟངས་རེ་རེའི།།
སྒྱུ་རྩལ་གྱི་ནུས་པ་ཡི་སྐོར་གྱི།།
ལེའུ་གཉིས་པ་ཡི་འགོ་ནས་ཕྲིས།།
ལས་རླུང་ནས།
སོར་ལྔས་དཀྲོགས་པའི་གདམས་པ།།
དོལ་སྨྱོན་ཟེར་བས་བསྟན་སོང་།།
སོར་ལྔས་དཀྲུགས་པའི་རྣམ་བཞག།
མེ་ཏོག་དཀར་པོས་བཤད་སོང་།།
རྩམ་དགའ་ཟེར་བའི་རྗེས་འཇུག།
དགའ་དད་སྤྲོ་བས་གཟིར་ནས།།
རང་གི་སོར་མོ་དེ་ཡང་།།
ལས་མེད་མིན་པར་ཤེས་འདུག།
དུས་རབས་སྔོན་མའི་ནང་ནས།།
ནུབ་ཕྱོགས་ནོར་གྱི་གླིང་དུ།།
མཚན་མཐུན་ཆགས་སྤྱོད་ཟེར་བ།།
དར་སོ་རིམ་གྱིས་བྱུང་སོང་།།
ཡུལ་ཁྲིམས་ཤོག་བུའི་ངོས་ལ།།
རིགས་མཐུན་གཉེན་བསྒྲིགས་བྱེད་པའི།།
ལྟས་ངན་བྱ་བ་དེར་ཡང་།།
ཆོག་མཆན་ཐོབ་ནས་ཡོད་དུས།།
ཆོས་ལྡན་བོད་ཡུལ་འདི་ནས།།
སོར་མོར་གཉེན་བསྒྲིགས་བྱེད་པའི།།
ལྟས་ངན་མུན་པ་ནག་པོ།།
ཕྱོགས་བཅུར་ཁྱབ་ཉེན་འདུག་གོ།
དམུ་ཐག་དཀར་པོ་ནས།
ཁེར་རྐྱང་ལིང་ག་དམར་བོ་ལ།།
སོར་མོ་ལྔ་བོས་བཙན་འཕུལ་གྱིས།།
ཀླད་ཁྲག་སྣ་ཆུ་ས་ལ་བཤོས།།
མི་མིན་རོ་མིན་བྱས་པ་དེ།།
རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་ལ།།
ཕ་མེས་སྲོལ་དང་མི་མཐུན་པས།།
དེ་རིང་ཁ་བརྡའི་ཁྲིམས་ར་ནས།།
ཁ་སྤུ་ཅན་གྱི་ཨ་མ་དང།།
དབང་པོ་གཅིག་པའི་ཨ་ཕ་སོགས།།
ཉམས་མྱོང་རྒན་པོའི་མདུན་ས་ནས།།
དཀར་ནག་དབྱེ་བ་མ་བྱས་ན།།
དམུ་ཐག་རྒད་པོས་ཟས་མ་ཟ།།
དོལ་སྨྱོན་ནས།
དམུ་ཐག་དཀར་པོས་ཟ་མ་མ་ཟོས་རུང་།།
ལས་རླུང་རྒན་པོས་ཁས་ལེན་མ་བྱས་རུང་།།
མེ་ཏོག་དཀར་པོ་དང་བ་ཆེ་ཚུལ་དང་།།
དོལ་པོ་སྨྱོན་པ་ཉམས་མྱོང་ཆེ་ལུགས་དང་།།
རྩམ་ཟན་ཕོ་ཉ་དད་པ་ཆེ་རབ་སོགས།།
གང་ལ་བལྟས་ཀྱང་རྟེན་འབྲེལ་འགྲིགས་འདུག་པས།།
མི་འགྱང་ལེའུ་གཉིས་པ་འབྲི་ངེས་ཡོད།།
ལེའུ་གཉིས་པ། བསྲུབས་ཚུལ་བཤད་པ།།
ཉི་མ་གཞོན་ནུ་ནས།
འོ་ཞོ་ཉ་ཤ་སྒོང་ང་ལ་སོགས་པ།།
རོ་ཙའི་ཟས་ལ་ཅི་འདོད་རོལ་པའི་མཐར།།
གྲོགས་མེར་ཁེར་རྐྱང་ཁང་ཆུང་གྲུ་བཞིའི་ནང་།།
རང་གི་གྱོན་ཆས་རང་གིས་ཕུད་པར་བྱ།།
དེ་ནས་རྒྱ་བོད་འབྲུག་སོགས་གང་ཡང་རུང་།།
ཡིད་ལ་རབ་ཏུ་འབབ་པའི་མཛེས་མ་ཞིག།།
མིག་གི་དཀར་ནག་ཚུན་ཡང་མ་འདྲེས་པར།།
རང་དང་མཉམ་དུ་འཁྱུད་པ་བསྒོམ་པར་བྱ།།
དེ་ནས་ཉལ་ལང་སྤྱོད་ལམ་ཅི་བདེ་ངང་།།
ལག་པ་གཡས་གཡོན་གང་རུང་སོར་མོ་ལྔས།།
སྙིང་བརྩེ་སྤུན་ཆུང་ཁོང་ལ་འཆིང་བྱས་ནས།།
དལ་མྱུར་སེམས་ཚོར་བསྟུན་གྱིན་བསྲུབས་པར་བྱ།།
བསྲུབས་ཚུལ་འདི་ལ་རྣམ་གྲངས་མང་པོ་འདུག།
འགའ་ཞིག་ཡར་ལ་ལང་ནས་བསྲུབས་བཞིན་འདུག།
འགའ་ཞིག་མར་ལ་ཉལ་ནས་བསྲུབས་བཞིན་འདུག།
འགའ་རེས་འགྲོ་ཞོར་སྡོད་ཞོར་བསྲུབས་བཞིན་འདུག།
བདེ་བ་བསྐྱེད་ལ་ཐབས་ལམ་མང་པོ་འདུག།།
འགའ་རེ་མཆིལ་མ་འདེབས་ནས་བསྲུབས་ལ་དགའ།།
འགའ་རེ་མར་ལོ་བྱུགས་ནས་བསྲུབས་ལ་སྤྲོ།།
འགའ་ཞིག་སྐྲ་འཁྲུད་བླུག་ནས་བསྲུབས་ན་སྐྱིད།།
ལུས་ཀྱི་རྣམ་འགྱུར་མི་འདྲ་མང་པོ་འདུག།།
ཁ་ཤས་ཤིག་གི་ཀི་བསྭོ་སྒྲོགས་བཞིན་བསྲུབས།།
ཁ་ཤས་ཤིག་གི་ངུ་འབོད་བྱེད་བཞིན་བསྲུབས།།
རེ་ཟུང་གིས་ནི་དབུགས་རིང་གཏོང་བཞིན་བསྲུབས།།
བསྲུབས་སའི་གནས་ལ་ཁྱད་པར་མང་པོ་མཐོང་།།
རྟ་པ་འགའ་རེས་རྟ་རྒྱུགས་བྱེད་ཞོར་བསྲུབས།།
གཞོན་ནུ་རྣམས་ཀྱིས་ཁྲུས་ཁང་ནང་ན་བསྲུབས།།
མི་རྐྱང་ཚོས་ནི་བརྙན་འཕྲུལ་བལྟ་བཞིན་བསྲུབས།།
དེ་ལྟར་བསྲུབས་ཚུལ་འདི་ལ་བསླབས་བྱས་ནས།།
དོན་སྨྱོན་བསྟན་བཅོས་ཡང་ཡང་ཀློག་གྱུར་ན།།
ཁྱེད་ཀྱང་མི་རིང་བུ་མོར་མི་རེ་བར།།
རང་བྱུང་སོར་ལྔའི་བདེ་བས་ཚིམ་ངེས་སོ།། རང་བྱུང་སོར་ལྔའི་བསྟན་བཅོས་ལས་བསྲུབས་ཚུལ་བཤད་པའི་ལེའུ་སྟེ་གཉིས་པའོ།། །།དགེའོ།།
ཉམ་མྱོང་ཅན་གྱི་རྒན་པོའི་འབེལ་གཏམ་དེ།
མྱོང་ཁྲིད་དམར་ཡིན་པས་ཕོ་མོ་ཀུན།
སྙིང་གི་ཟབ་སར་བཅངས་ནས་དུས་ཀུན་ཏུ།
སོར་ལྔ་དལ་པར་མ་བཞུགས་ལས་ལ་བརྩོན།
—-ཝཝཝཝཝཧཧཧཧཧཧཧཧདོལ་སྨྱོན་ཡ། ངོ་མ་ཉམས་སུ་མྱོང་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཨ་ཁ་ཁ། དེ་འདྲའི་ཐབས་སྐྱོ་བ་དང་སྡུག་སྒོམ་བྱེད་ནས་ཅི་བྱེད། དེ་ལས་མོ་མཚན་དོད་ཚད་ཅིག་ལ་གཡབ་སྡད་ན་དེ་ལས་དྲགས་པ། སྔོན་མ་རྒྱ་གར་དུ་བོད་ཀྱི་དམར་སྒར་འགའ་ཞིག་གི་ཉེ་འཁྲིས་སུ་ཡུལ་མིའི་བ་གླང་གི་རྐུབ་ཐར་པར་མི་གཏོང་བའི་གཏམ་རྒྱུད་གོ་མྱོང་ཡོད།
གསར་བུ་དར་མ་མཇེ་མགོ་གླེང་བཞི་ཡིན།།
དྲུག་གསུམ་བཅོ་བརྒྱད་སྟག་ལོའི་དུས་ནས་བསུབས།།
མོ་ཡི་ནུ་བུམ་ཟུང་ལ་ཅེར་ནས་བསུབས།།
ང་ཡི་ཉམས་ལ་མོ་ཡང་ཆགས་ཏེ་དཀྲུགས།།
སེམས་པ་ཆགས་པས།།
རླིག་པ་ཤད་མ།།
ལག་པ་བཙོག་པས།།
ཡིག་གེ་བཏགས་མ།།
ཁ་ལག་ཁོམ་པ།།
དོལ་མེ་སྨྱོན་མ།།
ལྔ་བཅིང་དྲུག་གི་ཡུ་བ་དམ་པོ་ཡིས།།
ལིངྒ་སྤུ་མེད་སྐྱི་ཁུག་བར་བསྲུབས་དང་།།
སོར་རྩེའི་ཤ་རྒོད་དལ་བུར་བྷ་གའི་སྒོར།།
གཡན་འཕྲུག་སྐྱི་ཤུན་མཉེས་སོགས་བདེ་བའི་མཛོད།།
བཙོག་པ་རྣམ་བཞི།
གྲྭ་པའིཁ་བཙོག
ཨ་ནིའི་མཛུག་གུ་བཙོག
སྔགས་པའི་སྟོད་བཙོག
ཁྱིམ་པའི་སྨད་བཙོག
གྲྭ་པས་ཁ་བཙོག་མ་ཤོད།
ཨ་ནིས་མཛེས་ཉམས་མ་སྟོན།
སྔགས་པས་ཁ་ཆང་མ་མང་།
ཁྱིམ་པས་གཙང་སྦྲར་རེམས་དགོས།
རང་བྱུང་མྱོང་བ་ཟབ་མོའི་གདམས་པ་ཀུན།།
རང་སེམས་སྦུབས་སུ་སྦས་ནས་མ་བཞག་པར།།
རང་གཞན་ཕན་པའི་བློ་ཡིས་ལེགས་བྲིས་པས།།
རང་རང་སོ་སོས་ཉམས་སུ་ལེན་པར་བྱོས།།
བློ་བཙོངས་ན་མང་ལ་བཙོངས།།
ཤུགས་པར་བཏང་ན་རང་ལ་ཕན།།
སྔོན་མ་གྲོགས་པོ་ཞིག་གིས་སུམ་ཅུའི་ན་སྒྲའི་དཔེར་བརྗོད་ཅིག་ཏུ་བྲིས་ཡོད་པ་དྲན།
ཤུགས་པར་་་་ནི་འབྲུག་པའི་སྐད་དོད་སོར་ལྔས་བསྲུབས་པ་ལ་གོ།
ཞི་བྱེད་གཅོད་ཀྱི་མཁན་པོ། །
དོལ་སྨྱོན་ཧུཾ་ནག་མེ་འབར། །
དེ་རིང་གློ་བུ་ཞིག་ལ། །
མཇེ་སྟུའི་མཁས་དབང་གྱུར་འདུག
ཞི་བྱེད་གཅོད་ཀྱི་མཁན་པོ།།
མཇེ་དང་སྟུ་ཡི་རྒྱལ་པོ།།
གསོ་རིག་བསྟན་པོའི་རྗེ་བོ།།
སྙན་ཚིག་ངག་གི་གཙོ་བོ།།
ཧ་ཧ་ཧ་ཧ་ཧ།
མཛེས་མའི་ནུ་མ་བྲང་ཁར་མ་སྦྱར་བར། །
མཇེ་འདིར་སོར་མོས་ཅི་ལྟར་བསྲུབས་ན་ཡང་། །
རང་གི་རླིག་པའི་མགོ་བོ་ཚ་རོགས་ལས། །
ལུས་སེམས་བདེ་དང་སྐྱིད་པོ་ཡོད་མ་ལ། །
ན་ཆུང་བུ་མོའི་སྟུ་དེ་མ་རེག་པའི། །
དཀའ་སྡུག་ནད་ཀྱི་ཟིནཔའི་ལས་ངན་ཚོས། །
དོལ་སྨྱོན་རྒད་པོའི་ལུགས་ཀྱི་རང་རང་གི། །
སོར་མ་ལྔ་ཡིས་ཅི་དགའ་བསྲུབ་པར་མཛོད། །
གལ་ཏེ་སྟུ་དངོས་མ་ཐོབ་ན།།
སྐབས་དང་བསྟུན་ཏེ་བུ་མོ་ཡི། །
ཆུ་རས་བརྐུས་ཏེ་དྲི་མ་བསྣོམ། །
ཆགས་ཆེན་རྣམས་ལ་མཆོག་ཏུ་བསྔགས། །
དང་པོ་བུ་མོ་ཐོབ་པར་དཀའ་བ་མང་།།
བར་དུ་བུ་མོ་བསྟེན་པའང་དེ་བཞིན་ནོ།།
ཐ་མ་ཡུན་དུ་འགྲོགས་ན་སུན་པར་བྱེད།།
དེ་བས་སོར་མོ་ལྔ་བོ་མཆོག་ཡིན་ནོ།།
སོར་མོ་ལྔ་པོས་སྤྱོད་ཅིང་བསྲུབ་པ་ནི།།
གནའ་རབས་རྒན་པོ་རྣམས་ཀྱི་ལུགས་ཡིན་གྱི།།
དེང་རབས་མཚན་མ་དངོས་ལས་ལྷག་སྙམ་པའི།།
འགྱིག་དང་འཕྲུལ་ཆས་དག་ལ་བརྟེན་ན་ལེགས།།
འགྱིག་དང་འཕྲུལ་ཆས་ཉོ་ལ་སྒོར་མོ་དགོས།།
སོར་མོ་ལྔ་ལ་སྒོར་མོའི་དགོས་དོན་མེད།།
གནའ་རབས་རྒན་པོའི་ཉམས་མྱོང་མ་ཉམས་པ།།
རང་བྱུང་སོར་ལྔའི་ལག་ལེན་ཡུན་དུ་སྐྱོངས།།
དོལ་སྨྱོན་ཁྱེད་རང་ལ་དེ་འདྲའི་དཀའ་ལས་འདུག་ན། ང་ལ་ཁ་བྱང་གཏོང་དང་ངས་ཁྱེད་རང་ལ་འགྱིག་གི་བུ་མོ་ཞིག་ཉོ་ཆོག ཟི་ལིང་དང་ནན་ཇིན། ད་དུང་ཨའི་མིན་སོགས་ནས་ཀྲུང་སྐོར་ལྔ་བརྒྱ་ཡས་མས་ལ་བུ་མོ་མདོག་དང་གཟུགས་གཞི་ག་འདྲ་དགོས་ནའང་རག་གི་རེད།
བུ་མོའི་མཚན་མས་ཞེན་པ་ལོག་པའི་མི་ལ་འགྱིག་གི་བུ་མོས་ཅི་ཞིག་བྱེད་དེ་ལས་སོར་མོ་ལྔ་རང་མཆོག་གོ།།
བློ་བཟང་རྒྱལ་བའི་བསྟན་པ་འབར་གྱུར་ཅིག
མཚན་མ་གཉིས་སྦྱོར་སྐལ་བ་མ་ཐོབ་པས།།
སྟུ་ཡི་ཁ་སྒོ་མཛུབ་མོས་ཕུར་ཕུར་དང་།།
སོར་མོ་ལྔ་ཡིས་མཇེའི་མགོ་བྱུགས་བྱུགས་ཀྱིས།།
བདེ་བ་འདྲེན་པ་རྣམས་ལ་སྙིང་མ་རྗེ།།
བརླ་ཡི་ཕུག་ཏུ་སྤུ་ཡིས་བཏུམས་པས་མཛེས།།
ནང་དུ་བསྲུབས་ན་མེ་དྲོད་འབར་བས་སྐྱིད།།
ཚ་ཞིང་འཇམ་པའི་རློན་ཤ་འདི་མི་འཚོལ།།
སོར་མོ་སྐམ་པོ་མཆིལ་མས་ཅི་ལ་སྦངས།།
གྱེན་དུ་འགྲེངས་པའི་ལུས་ལ་རྩ་མདུད་ཁྲོ།།
སྐེ་རྩ་གཡས་འཁྱིལ་དུང་གི་འཁོར་ལོ་འཛིན།།
ཤ་མདུང་འབྲོང་གི་རྭ་ཅན་འདི་མི་འཚོལ།།
མི་གཙང་སེན་མོས་ཁ་སྒོ་ཅི་ལ་འབྲད།།
ཕོ་མོ་གཉིས་སྦྱོར་ཟུང་དུ་འཇུག་པ་ན།།
ཁྱད་འཕགས་དགེ་བ་འཐོབ་པའི་སེམས་བསྐྱེད་ཀྱིས།།
སྒྲ་དབྱངས་སྣ་ཚོགས་འབྱིན་པའི་དབྱངས་དང་ལྷན།།
འདི་ཕྱི་མི་ལྟུང་སྐད་ཅིག་ལྷ་ཡུལ་འགྲོ།།
སོར་མོ་ལྔ་ལ་ཡིད་སྨོན་ཤོར་བ་ནི། །
ཆོས་མི་ཤེས་ཤིང་འཇིག་རྟེན་མི་འཇོན་པའི། །
འཛག་བདེ་འདོད་ཅིང་བུད་མེད་ཕྲུ་གུ་དག །
གསོ་མི་ནུས་པའི་ཅོལ་ཆུང་གང་ཟག་གོ། །
དེ་འདྲའི་གང་ཟག་ཕྱུགས་ལས་ལོད་པས་ན། །
བྱ་དང་བྱེའུའི་སྤྱོད་པའང་མི་ནུས་པའི། །
མི་ཡི་རིགས་ཀྱི་ཞབས་འདྲེན་གདོལ་སྤྱོད་མཁན། །
སྐྱེ་བ་ཀུན་ཏུ་མིང་ཡང་མ་གྲགས་ཤིག །
སྨྱོ་བར་འདོད་ན་ཁོ་བོ་སྨྱོས་པ་བཞིན། །
འཇིག་རྟེན་ལུགས་ཀྱི་ལུགས་མཐུན་གྲགས་པ་ཡི། །
ཕོ་མོ་ཕན་ཚུན་གཉིས་སྦྱོར་བདེ་བ་ལ། །
ཇི་སྲིད་དྲན་པའི་ཀ་ཆེན་མ་འགྱེལ་བར། །
ཡང་ཡང་དང་སྦྱོར་ཅིག་གྲོགས་པོ་དག །
སྨྱོ་བར་འདོད་ན་ཁོ་བོ་སྨྱོས་པ་བཞིན། །
འཇིག་རྟེན་ལུགས་ཀྱི་ལུགས་མཐུན་གྲགས་པ་ཡི། །
ཕོ་མོ་ཕན་ཚུན་གཉིས་སྦྱོར་བདེ་བ་ལ། །
ཇི་སྲིད་དྲན་པའི་ཀ་ཆེན་མ་འགྱེལ་བར། །
ཡང་དང་ཡང་དུ་སྦྱོར་ཅིག་གྲོགས་པོ་དག །
མ་ལྟས་འཚིམས་ན་ལྟ་བས་ཅི་ཞིག་བྱ། །
ལྟ་བས་འཚིམས་ན་འཆང་བས་ཅི་ཞིག་བྱ། །
འཆང་བས་འཚིམས་ན་འཁྱུད་པས་་ཅི་ཞིག་བྱ། །
འཁྱུད་པའི་འཚིམས་ན་ཉར་བའི་ཅི་ཞིག་བྱ། །
ཧེ་ཧེ་སྤྲུལ་སྐུ་ཨོ་ཉི་འབབ་སྲས་སྙན་ངག་པ།།
རང་ངོ་རང་གིས་མི་ཟིན་ཅོལ་ཆུང་དགོད་རེ་སྤྲོ།།
བཞུགས་ཁྲིའི་སྟེང་ན་བསྲུབས་པའི་སྤྲུལ་སྐུ་ཨོ་ཉི་རེད།།
བཀའ་པོད་དབར་ན་བསྲུབས་མཁན་བན་ལོག་འབའ་སྲས་ལགས།།
ཕོ་ནི་ཕོ་ལ་ང་མི་འཇུག།
མ་ནིང་རང་ལ་རང་མི་འཇུག།
རང་ཉིད་རང་ལ་འཇུག་བ་ཡིན།།
མོ་ལ་རྒྱུན་དུ་འཇུག་པ་འོ།།
སོར་ལྔས་བསྲུབས་ལ་ཆ་རྒྱུས་ཅི་ཡང་མེད།།
བྷ་གའི་སྐྱིད་ལ་རོལ་ཏེ་སུན་ནས་ཡོད།།
དེ་ལས་སྐྱིད་པའི་དག་ཞིང་ཅིག་ཡོད་པ།།
མཛེས་མའི་ཁ་ཡིས་བསྲུབས་པའི་བདེ་བའོ།།