མཁོ་འདོན་པ་མྱི།
མི་རྗེ་བློ་བཟང་སེངྒེ།།
མགོ་ནག་བོད་ཀྱི་ནོར་བུ།།
སེངྒེ་གངས་ལ་འགྱིངས་འགྱིངས།།
འཛམ་བུ་གླིང་ལ་འགྱིངས་བྱུང་།།
སྐུ་ངོ་སྤེན་པ་ཚེ་རིང་།།
ཡར་གྱི་རི་ལ་བཞག་ཀྱང་།།
མར་གྱི་ཐང་ལ་འགྲིལ་བྱུང་།།
སྐུ་ངོ་ཡོང་ས་མ་རེད།།
གཞུང་ལ་བསམ་པ་ནག་སོང་།།
དཔོན་ལ་ངོ་ལོག་བྱས་སོང་།།
དམངས་ཀྱི་སེམས་ཁམས་གཏོར་བའི།།
སྐུ་ངོ་ག་ལེར་ཕེབས་རོགས།།
ཆང་འདི་མི་འཐུང་མ་གསུངས།།
ཞབས་དག་ལན་གསུམ་གནང་དང་།།
རྒྱལ་བའི་དགོངས་པ་དཀྲུག་དུས།།
མ་འཐུང་ཞུས་ཀྱང་འཐུང་སོང་།།
བདེན་པ་ར་སྤྲོད་ཡིན་ཟེར།།
རྫུན་གྱིས་ཨ་ལོང་བསྐོར་སོང་།།
བདེན་རྫུན་ཁ་ཁ་མཁྱེན་པའི།།
ཡིད་བཞིན་ནོར་བུ་བཞུགས་ཡོད།།
བློས་ཐུབ་འཕྲིན་ལས་སྐལ་བཟང་།།
དེ་འདྲ་དྲན་རྒྱུ་འབེལ་བོ།།
ཞལ་འདེབས་སློང་གིན་སློང་གིན།།
སྒོར་མོ་མང་རྒྱུ་མི་འདུག།
རྡ་སར་ངོ་ལོག་རྒྱག་དུས།།
ཁུག་རྟ་ནུབ་ལ་འཕུར་སོང་།།
མི་དེ་མགོ་བོ་བདེ་སོང་།།
བྱ་དེ་གཤོག་རྩལ་ཆེ་སོང་།།
མགོ་རས་བཀབ་པའི་མི་དག།
གཞུང་ལ་ངོ་རྒོལ་ཡོང་དུས།།
ཁ་ཆེ་ཡུལ་གྱི་ཇག་པ།།
ཨ་ན་མ་ན་རེད་ཞག།
སྲིད་སྐྱོང་ཕྱི་རྫིག་ནང་རྫིག།
རྒྱལ་བའི་ཐུགས་ཀྱི་སྲས་རེད།།
མགོ་ནག་བོད་མིའི་རྗེ་རེད།།
འགྲན་ཡ་ཁྱོག་ས་མ་རེད།།
(གོང་གི་རྩོམ་འདི་ཁ་བརྡའི་མཆན་འགོད་པ་དྲ་མིང་༼མྱི་༽ལགས་ཀྱིས་མཆན་བུ་འགོད་སར་སྤེལ་ནས་ཁ་བརྡ་དྲ་དེབ་ཀྱི་མདུན་ངོས་སུ་སྤེལ་བར་རེ་སྐུལ་མཚམས་སྦྱོར་གནངས་འདུག་པ་ནས་འདྲེན་བཀོད་ཞུས་པ་ཡིན།)
ཨ་རོ་གཟི་བརྗིད་ཁོག་སྟོང་མ་རེད་པས་དེ་༧རྒྱ་བ་དོན་གི་བདག་པོས་གནང་བ་རེད་ད་
མི་རྗེ་བློ་བཟང་སེངྒེ།།
མགོ་ནག་བོད་ཀྱི་ནོར་བུ།།
སེངྒེ་གངས་ལ་འགྱིངས་འགྱིངས།།
འཛམ་བུ་གླིང་ལ་འགྱིངས་བྱུང་།།
འདི་ལ།
མི་རྗེ་བློ་བཟང་སེངྒེ།།
མགོ་ནག་བོད་ཀྱི་སྲིད་སྐྱོང་། །
སེངྒེ་གངས་ལ་འགྱིངས་འགྱིངས། །
སྤྱན་ཤེལ་ནག་གྱོན་འགྱིངས་བྱུང་། །
ཡང་།
སྐུ་ངོ་སྤེན་པ་ཚེ་རིང་།།
ཡར་གྱི་རི་ལ་བཞག་ཀྱང་།།
མར་གྱི་ཐང་ལ་འགྲིལ་བྱུང་།།
སྐུ་ངོ་ཡོང་ས་མ་རེད།།
འདི་ལ།
སྐུ་ངོ་སྤེན་པ་ཚེ་རིང་། །
ཡར་གྱི་རི་ལ་བཞག་ནས། །
སེང་གེས་ཐང་ལ་ཕབ་ཀྱང་། །
སྲིད་སྐྱོང་གསར་པར་འདེམས་ཆོག །
རྩོམ་རྩལ་ཡག་བྱུང་སྤྲེལ་ལས་ཚ་བྱུང་།
ཡག་པོ་བྲིས་འདུག
རྩོམ་རྩལ་ཡག་བྱུང་སྤྲེལ་ལས་ཚ་བྱུང་།
འདི།
རྩོམ་རྩལ་ཡག་བྱུང་སྤྲེལ་ལད་ཚ་བྱུང་།
སྲིད་སྐྱོང་བློ་སེངའཁོར་ཚོགས་རྣམས། །
རྫུན་ཁྲམ་ཐོགས་པ་མི་མངའ་ཞིང་། །
སྲིད་དབང་སྒེར་གཅོད་མཐུ་བཙན་པས། །
རྒྱ་མིས་འཐབ་ཇུས་བཏིང་བ་བཞིན། །
ཁམས་རིགས་དོལ་ཚོགས་དར་བ་དང་། །
བོད་མིའི་སྒྲིག་འཛུགས་འཐོར་གྱུར་ཅིག །
སྐྱབས་བཅོལ་བོད་མི་ཐམས་ཅད་ཀྱི། །
ངོ་རྒོལ་ཁྲོམ་སྐོར་བཟློག་ཏུ་གསོལ། །
བྱ་སྤུའི་སྒྲིག་འཛུགས་ངན་པ་ཟློག །
ཁྲིམས་དང་སྒྲིག་གཞི་ངན་པ་ཟློག །
སྒེར་རྩོད་བསམ་སྦྱོར་ངན་པ་ཟློག །
ལྟས་ངན་གདན་ཐོབ་གྱ་གཅིག་ཟློག །
ཨ་སྒོར་ས་ཡ་གཅིག་ཕྱེད་ཟློག །
སྐྱག་རྫུན་སུམ་བརྒྱ་དྲུག་ཅུ་ཟློག །
གཡོ་འཕྲུལ་བཞི་བརྒྱ་རྩ་བཞི་ཟློག །
ཧམ་བཤད་སྟོང་ཕྲག་བརྒྱད་ཅུ་ཟློག །
ཚུལ་མིན་རང་ཤེད་རྣམ་བརྒྱད་ཟློག །
མཚན་གྱི་ཟ་རོགས་སྐལ་རྡོར་ཟློག །
ཉིན་གྱི་ཉལ་རོགས་ཟླ་སྒྲོན་ཟློག །
དངོས་ཚེ་གཤེད་དུ་བསྐོས་པ་ཟློག །
དམངས་ལ་མགོ་སྐོར་གཏོང་བ་ཟློག །
བླ་མར་དབུ་སྐོར་ཞུས་པ་ཟློག །
གཡུ་ཐོག་སྲོག་རླུང་འཕར་བ་ཟློག །
ཧེབ་དང་ཟ་རྔམ་ལངས་པ་བཟློག་ཏུ་གསོལ། །
ཞེས་གཙུག་ཏོར་གདུགས་དཀར་ལ་བརྟེན་པའི་ཟློག་པ་འདི་གྲུབ་ཆེན་ལས་ཀྱི་ཐལ་སྙིགས་པས་སྦྱར་བའོ
དྷ་ས༏འི་མངས་གླུ། ཞེས་པ་ནི་ལེགས་ཀྱང་། རྡ་སའི་དམངས་གླུ། རྡ་ས་ལུང་པ་དེའི་གཡོག་གླུ།་ཞེས་སྔར་བོད་མཁས་པ་རྣམས་ཀྱིས་བྲིས་པ་ལྟར་གོ་དགོས་སོ།
རྡ་སའི་གཡོག་གླུ་ཨེ་ཡིན་ནམ། དེས་ན་གཡོག་གླུ་འདི་བློ་བཟང་སེང་གེའི་ཕྱོགས་གཏོགས་ཀྱིས་བཏང་བ་རེད། བློ་བཟང་སེང་གེའི་ཕྱོགས་གཏོགས་གཡོག་པོ་རེད་པས། དེ་འདྲ་རང་ཨེ་ཡིན་མི་ཤེས། མི་གླ་སྤྲད་ནས་བཏང་གི་བཞག་ན་གང་ཤེས།
མི་རྗེ་བློ་བཟང་སེང་གེ། །
མགོ་ནག་བོད་ཀྱི་གདོན་རེད། །
ཁྱི་སེང་གངས་ལ་འགྱིང་རུང་། །
རྔ་མ་འདམ་དུ་བརྫབས་འདུག །
སྐུ་ངོ་སྤེན་པ་ཚེ་རིང་། །
མར་གྱི་ཐང་ལ་བརྡབས་ཀྱང་། །
བདེན་པ་རི་ཙམ་ཡོད་པས། །
ཡར་ལ་བཞེངས་པར་ངེས་ཡོད། །
གཞུང་ལ་བསམ་པ་ནག་སོང་། །
དམངས་ལ་མགོ་སྐོར་བཏང་སོང་། །
གཞུང་དམངས་གཉིས་ཀ་གཏོར་བའི། །
སྲིད་སྐྱོང་ང་ཚོར་མི་དགོས། །
ཆིག་སྒྲིལ་བྱེད་དགོས་མ་གསུངས། །
ཁྱོད་ལ་དཔོན་ས་ཐོབ་ནས། །
བཙན་བྱོལ་སྤར་མོ་གང་བོ། །
རྩ་གཏོར་དགུ་གཏོར་བཏང་སོང་། །
ཁྱི་ཡིས་སེང་པག་གྱོན་པའི།།
དཔོན་ངན་བློ་སང་སུ་གེར།།
མི་མཚམས་སྟོད་གློ་དེ་འདྲ།།
འབྲ་མཁན་ངོ་ཚ་མེད་རུང་།།
ཀློག་མཁན་ངོ་རེ་ཚ་བྱུང་།།
ཁྲམ་དང་གཡོ་སྒྱུར་མཁས་པའི།།
བསམ་ནག་གཟི་བརྗིད་ཁོག་སྟོང་།།
དབང་ཆ་སྒེར་གཅོད་བྱེད་པའི།།
ཀྲུའུ་ཞིའི་སློབ་བཟང་སངས་རྒྱས།།
བསྟན་པ་སྔ་དར་གྱི་སྐ་བ་དཔལ་བརྩེགས་དང་། བསྟན་པ་ཕྱི་དར་གྱི་རིནཆེན་བཟང་པོ། མཁས་པ་རྣམ་དཔྱོད་ཅན་བློ་ལྡན་ཤེས་རབ་སོགས་ཀྱིས་དམངས་ཞེས་པ་གཡོག་པོའི་དོན་ལ་བྲིས། རྒྱ་ནག་དཔོན་པོའི་རིགས་རྣམས་མཐར་སྐྲོད་པའི་རྗེས་ལ་རྒྱ་མི་མངས་ལ་རང་དབང་ཐོབ་ཟེར་དྲིལ་བསྒྲགས་བྱས། གོང་གསལ་བོད་མཁས་པའི་མངས་དང་། དམངས་ཀྱི་ཁྱད་པར་མི་ཤེས་པ་ཞིག་གིས་མངས་དོན་ལ་དམངས་ཞེས་བྲིས། དེ་ལ་རྣམ་དཔྱོད་མེད་པས, དེ་ཀ་རང་ཡིན་སྙམ་པའི་བོད་ཚིག་ལ་ནོར་འཁྲུལ་མང་པོར་མཐོང་་༏ དོན་འདི་གཟིགས་ནས། དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས། གང་དུ་བསྟན་པ་དར་བ་དེ་ན། ཡི་གེ་ཤིན་ཏུ་དག་པོ་བྱུང་ཞིང་། བསྟན་པ་འཕང་དམའ་རུ་སོང་བ་ན། ཡི་གེ་ཡང་ཅལ་ཅོལ་དུའ༏གྲོ་བ་ཡིན། སོག་པོ་བསྟན་དར་ལྷ་རམས་པས་བཤད།
་
མ་འོ་ཙེ་ཏུང་སོགས་་ཀྱིས་རྒྱ་ནག་གཡོག་པོའི་རིགས་ལ་རང་དབང་ཐོབ་བཤད་པ་ཞིག་ཡོད་དམ།།
གཟུར་གནས་ཀྱི་དམངས་གླུ།
སྤེན་ཚེའི་ཕྱོགས་གཏོགས་ཚང་མར།།
ཕྲག་དོག་ནད་ཀྱིས་མནར་འདུག །
ནད་དེ་མནར་བའི་མི་ལ།།
བཟང་ངན་དབྱེ་འབྱེད་མི་ཤེས།།
མི་གསོད་ལག་དམར་ཞིག་ལ།།
བཟང་པོ་ཡིན་རབས་གླེང་སོང་།།
ཉེས་ཅན་བཟང་དུ་རློམ་པ།།
གླེན་པ་མིན་ན་གང་རེད།།
སྤྲུལ་སྐུ་བསད་པའི་བདེན་དཔང་། །
རྒྱ་གར་དམངས་ཁྲིམས་ནང་དུ།།
ཁྱོ་ཤུག་འཕྲོག་རྐྱེན་གྲོངས་ན།།
མི་བསད་ཉེས་པར་བགྲང་ཡོད།།
བླ་མའི་ཐུགས་སེམས་དཀྲུགས་པས།།
ལས་གནས་ཤོར་བ་ཡིན་པར།།
རྒྱལ་ཁམས་ཀུན་གྲགས་ཡིན་ན།།
ངན་ཁག་གཞན་ལ་མ་དཀྲི།།
ཚིག་པ་ཐང་ལ་ཟ་ནས།།
ལྕག་ཚན་རྟ་ལ་མ་གཞུ།།
སྲིད་སྐྱོང་བློ་བཟང་སེང་གེར།།
ཐུགས་ཁག་ལ་ནས་མེད་དོ།།
ཆོལ་ཁའི་ཕྱོགས་རིས་ཅན་ལ།།
ཞེན་པ་གཏིང་ནས་ལོག་སོང་།།
མི་དེའི་ཁོག་པའི་ནང་དུ།།
སྐྱག་པ་མ་གཏོགས་མི་འདུག།
སྣ་ནས་དྲི་ངན་བྲོ་གིན།།
ཁ་ནས་ངན་སྐྱུག་ལུད་གིན།།
ཅོལ་ཆུང་ཅལ་འདྲོགས་ཅན་ཚོ།།
ཁོང་ཚོའི་རྗེས་སུ་མ་འབྲངས།།
ཨ་མདོར་དཔོན་ཞིག་དགོས་ན།།
ཙོང་ཁའི་ལྷ་མོ་དོན་གྲུབ།།
འཛམ་བུ་གླིང་གི་ནོར་བུ།།
དཔོན་པོ་མིན་ན་གང་རེད།།
མདོ་སྨད་རྗེ་བོ་དགོས་ན།།
པཎ་ཆེན་བཅུ་པ་ཆེན་པོ།།
འཛམ་གླིང་མི་ཡི་ཉི་མ།།
རྗེ་བོ་མིན་ན་གང་རེད།།
ད་དུང་གཞིས་བྱེས་གཉིས་སུ།།
མཛངས་མི་མང་པོ་འདུག་པས།།
སྤེན་ཚེ་ནག་རིལ་ཁོ་ལ།།
བློ་ཡིད་འཕྲེང་དོན་མི་འདུག །
བཀུར་འོས་མཁས་དབང་ལ་དྭགས་འཇམ་དཔལ་ལགས་དུས་རྒྱུན་བོད་ཀྱི་རིག་གཞུང་ལ་ཞིབ་དཔྱོད་བྱེད་བཞིན་འདུག་པ་བཀའ་དྲིན་ཞུ།
དམངས་ནི་རིགས་རུས་དང་མི་སྤྱིའི་ཚོགས་པ་ལ་གོ་བའི་སྐབས་སོགས་ཡོད། དཔེར་ན་དམངས་རིགས་དང་དམངས་སྒྲུང་སྐབས་ཀྱི་དམངས་ཀྱི་དོན་མི་འདྲ་པར་སྙམ
ཁ་ཕྱོགས་མེད་མཆོག་ལ།
སྒྲུང་གཏམ་སྙན་པོ་ཞིག་ཡོད། རྒྱ་གར་དུ་མིའི་རིགས་ཡོད། རིགས་དམའ་ཤོས་དེ་ལ་ཤཱུ་དྲ་སྟེ། དམངས་རིགས་ཟེར། ལོ་བདུན་བརྒྱད་སྔོན་དུ། ལ་དྭགས་གསར་ཤོག་ཏུ། དམངས་རིགས་ཀྱི་མོ་ཞིག་གིས་རང་གི་ཁྱོ་གར་ཛ་ར་སྟེ། ཉིན་དགུང་ཟས་སྐྱེལ་བར་ཕྱིན། ལོག་ལམ་དུ་ཟས་ལྷག་མ་དེ་ཁྱི་ཞིག་ལ་སྟེར། ཁྱིའི་བདག་པོ་དེ་རིགས་མཐོ་བ་ཞིག་ཡིན་འདུག དེས་རང་གི་ཁྱིས་དམངས་རིགས་མོས་སྟེར་བའི་ཟས་ཟ་བར་མཐོང་སྟེ། རང་གི་ནང་དུ་ཁྱི་དེ་མ་བསྙེན་པར་བྲིས་སོ།
་
སྐུ་གཤེགས་འཆི་མེད་རྣམ་རྒྱལ་གྱིས། བོད་སྐད་སྲུང་སྐྱོབ་ཕྱིར། དྭངས་བླངས་ཀྱིས་ལ་དྭགས་གསར་འགྱུར་བཏོན་པ་དེ། ལོ་ངོ་ལྔ་ཙམ་སྔོན་དུ་གློ་བུར་དུ། སྐུ་གཤེགས་སོ།
དམངས་དང་འབངས་མི་སེར་ཟེར་བ་སོགས་དོན་མཚུངས་བོད་ཀྱི་དཔེ་རྙིང་མང་པོའི་ནང་དུ་འདུག
དམངས་དེ་མང་ལ་ཐོག་མར་བསྒྱུར་བཅོས་བྱེད་མཁན་ཟམ་གདོང་བླ་མ་རེད་
རྒྱལ་དམངས་ཞེས་སྔོན་དུས་སུ་རྒྱལ་པོས་དབང་་བསྒྱུར་བྱས་པ་དང་དེ་ཉིད་དེང་སང་དམངས་སམ་འབངས་མི་སེར་གྱིས་དབང་བསྒྱུར་བྱས་པས་ན་དམངས་གཙོ་ལས་མང་གཙོ་མིན་པར་ཤེས་དགོས།
ཧལ་བ་སློབ་གླིང་འཛམ་གླིང་ཡོངས་ལ་གྲགས། །
དེར་ཞུགས་སློབ་མ་ཕལ་ཆེར་མཁས་དབང་ཉིད། །
བློ་བཟང་སེང་གེ་དེ་དང་འདྲ་ནི་མིན། །
མིན་པའི་རྒྱུ་མཚན་འདྲ་མ་འདི་འདྲ་ཡོད། །
རྣམ་དཔྱོད་ལྡན་པའི་མི་རྣམས་ཡིག་རྒྱུགས་ཀྱི། །
རྩེར་སོན་པ་རྣམས་སློབ་གླིང་དེ་ལ་ཞུགས། །
བློ་བཟང་སེང་གེ་རྒྱལ་ཁོངས་མེད་པ་ཡི། །
དམིགས་བསལ་ཞབས་སྟེགས་ཐོག་ནས་འཛུལ་བ་ཉིད། །
སློབ་གླིང་ཕལ་ཆེར་ཐོག་མར་འཛུལ་བ་དཀའ། །
ཞུགས་པའི་མཐའ་མ་ལག་འཁྱེར་མ་ཐོབ་པ། །
རྐྱེན་ངན་བར་ཆད་འཕྲད་པ་མ་ཡིན་ན། །
མེད་པ་འདྲ་བ་ཀུན་གྱིས་ཤེས་གསལ་རེད། །
ཧལ་བ་སློབ་གྲྭའི་སློབ་མ་ཕལ་ཆེར་དང་། །
བོད་ཀྱི་བློ་བཟང་སེང་གེ་འདྲ་ནི་མིན། །
རང་རྐང་ཐོག་ཏུ་རང་ཉིད་བགྲོད་པ་དང་། །
གཞན་གྱིས་ཁུར་ནས་སླེབས་པ་འདྲ་ནི་མིན།
བོད་སྐད་བོད་ཡིག་ནང་ལ།
་
དམངས་རིགས། མང་རིགས།
རིགས་དམངས་། རིགས་མང་།
གཞུང་མང་། མང་གཞུང་།
གཞུངས་མངས། མངས་གཞུང་།
་
བོད་སྐད་དང་། བོད་ཡིག་ནང་ལ། འདི་འདྲ་འབྲི་སྲོལ་ཡོད་དམ། མེད། ལགས།
དམངས་གཙོ་ནི། བོད་ནང་དྲུག་ཅུ་རེ་གྲངས་སྐབས་ལ། མང་ལ་དམངས་ཞེས་ཐོག་མར་བྲིས་ཐལ་ཤོར་བས་ལན་པ་རེད། གང་ཡིན་ཟེར་ན། དམངས་ནི། རིགས་ཀྱི་དམངས་རིགས་ལ་གོ་དགོས་པ་དང་། མང་གཙོ་ལ་མང་ཉིད་ཐད་པར་སེམས་སོ།།
རྒྱ་གར་ནང་ལ། མང་གཙོ་ནི་ཡོངས་སུ་གྲགས་ཤིང་། དམངས་གཙོ་ལ་ནི། མུ་སྟེགས་ཕྱི་རོལ་པའི་ལུགས་ལྟར་ན། ཤུ་ད་རའམ། རིགས་བཞི་པའམ། རིགས་དམའ་ཤོས་ད་ལིད་ཀྱི་རིགས་ལ་དམངས་རིགས་དང་། དེ་དག་གཙོ་ཆེ་བར་བཟུང་བ་ལ། དམངས་གཙོ་ཞེས་འབྲི་དགོས་འདུག་སྙམ་མོ།། །།
མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།
“དམངས་དེ་མང་ལ་ཐོག་མར་བསྒྱུར་བཅོས་བྱེད་མཁན་ཟམ་གདོང་བླ་མ་རེད་:
ཟམ་གདོང་བླ་མས་གནད་འགག་དེ་རྟོགས་ནས། མང་ལ་བསྒྱུར། མང་དང། མངས་ཞེས་ཁྱད་པར་སྟོན་བྱེད་ཀྱི་སྒྲ་ཡིན་པས། མི་མངས། མི་མང། ཞེས་འཇུག་ས་ཡིག་དོར་ནས། མི་མང་ཞེས་གདམ་ངར་འདོད་ཀྱང་། བདག་གིས་ནི། སྔོན་གྱི་སྒྲ་གདངས་ལ་ཤུགས་བརྒྱབས་ཏེ། མི་མངས། ཞེས་འདད་དོ།
འདད་ ལ་ཞུས་དག་ འདོད་། ཞེས་བྱས་སོ།
སངས་རྒྱས་ཞལ་ཞུགས་པའི་སྐབས་རིགས་བཞི་ཡོད་པ་ནས་རྒྱལ་རིགས་དང་རྗེ་རིགས་དང་བྲམ་ཟེའི་རིགས་དང་དམངས་རིགས་བཅས་རིགས་བཞིའི་ནང་ནས་རིགས་མཐའ་མ་དེ་དམངས་རིགས་ཡིན་པ་དང་རྒྱ་ནག་ནང་མ་འོ་ཀྲུ་ཞི་ནས་ཞིང་པའི་གྲལ་རིགས་འོག་དམངས་གཙོའི་གཞུང་བཙུགས་པ་ཡོངས་གྲགས་སུ་རྒྱ་ནག་དེ་དམངས་གཙོ་ཡིན་ལ་གཅིག་བསྡུད་ཡིན་ཟེར་བ་མི་རིགས་འདྲ་མཉམ་ཡིན་ལ་ཐ་དད་ཡིན་ཟེར་བ་འདིའི་རྒྱ་ནག་དེ་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཡིན་པ་གསལ་སྟོན་དང་མི་རིགས་འདྲ་མཉམ་ཡིན་ལ་ཐ་དད་ཡང་ཡིན་ཟེར་བ་ནས་རྒྱ་ནག་དེ་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཡིན་པ་དེ་ནས་ཤེས་ཐུབ་པ་ཞིག་ཀྱང་རེད་།
ཡི་གེ་རྙིང་པ་དེ་ཚོར་བསྒྱུར་བཅོས་མ་གཏང་ན་ལེགས། མི་རེ་རེ་ལ་བསམ་ཚུལ་གོ་བ་ལེན་སྟངས་རེ་རེ་ཡོད་རེད་བྱས་ཙང་སྔར་ཡོད་དེ་ག་རང་ལ་བཞག་ན་ལེགས།