རྩོམ་པ་པོ། དབྱིན་ཇི་མཁས་པ། (Brian Tracy)
སྒྱུར་པ་པོ། རེབ་ཐོག་མདའ།
གཞན་གྱི་ཆེད་དུ་རང་ཉིད་འདོར་བ་ནི་དཔའ་བོ་ཡིན་ཟེར་ལ།
གཞན་གྱི་ཆེད་དུ་རང་ཉིད་གསོན་ཐུབ་པ་ནི་དཔའ་བོའི་ཁྲོད་ཀྱི་དཔའ་བོ་ཡིན།
མི་རིགས་ཤིག་གནས་དགོས་ན།
མི་རིགས་དེའི་རིག་གཞུང་གསོན་དགོས་ལ།
མི་རིགས་ཅིག་འཆི་འདོད་ན།
མི་རིགས་གཞན་ལ་ལད་ཟློས་བྱོས་དང་འཆི་ཟེར།
ཡོན་ཏན་པས་སྨྱུ་གུ་བོར་སོང་བ་ཡིན་ན།
སླར་ཡང་སྨྱུ་གུ་ཞིག་འཚོལ་ཆོག་མོད།
ཡོན་ཏན་པའི་བསམ་བློ་བོར་སོང་བ་ཡིན་ན།
ད་ཅི་ཞིག་བྱེད་དམ།
རང་ཉིད་ཁོ་ན་ལས་ཅི་ཡང་མི་མཐོང་བའི་གང་ཟག་དེ་ནི།
ནམ་ཡང་རང་ཉིད་ཅི་ཞིག་ཆེད་དུ་གསོན་ཡོད་པ་མི་ཤེས་ལ།
རང་ཉིད་ལས་གཞན་མང་པོ་ཞིག་མཐོང་བའི་གང་ཟག་དེ་ནི།
ནམ་ཡང་བདེ་སྐྱིད་ཀྱི་ཀློང་ནས་འཚོ་ཐུབ།
མི་ལ་ལ་གནས་ལུགས་ཤིག་གི་ཆེད་དུ་འཚོ་བཞིན་ཡོད་ལ།
མི་ལ་ལ་གནས་ལུགས་ཤིག་གི་ཆེད་དུ་འཆི་བཞིན་ཡོད།
ཡིན་ཡང་། ཀྱག་ཀྱོག་གི་མི་ཚེ་འདིའི་ནང་དུ།
དོན་དངོས་ཀྱི་གནས་ལུགས་རྟོགས་མཁན་ག་ཚོད་ཡོད་དམ།
མི་ལ་ལ་ནི་གཞན་གྱི་དོན་དུ་འཆི་བཞིན་ཡོད་མོད།
སྤྱིར་གཞན་གྱི་དོན་དུ་འཆི་བ་ནི་ཐེག་པ་ཆེན་པོའམ་སྐྱེ་བ་ཕྱི་མ་གནས་བཟང་པོར་སྐྱེ་བའི་རྒྱུ་
རུ་འདོད་ཅིང་རྒྱལ་གསས་སམ་དཔའ་བོ་དང་དཔའ་མོ་སོགས་བརྗོད
དེ་དག་གི་གཞན་དོན་ཀྱང་གཞན་སེམས་ཅན་ཡོད་དགུ་ཕན་སེམས་ལས་གནོད་ཞིག་རྩ་བ་
ནས་ཡོད་པ་མ་རེད
དེ་མིན་གཞན་སེམས་ཡང་རྣམ་པ་མི་འདྲ་བ་དུ་མ་ཞིག་ཡོད་དེ་ཐེག་པ་དམན་པའི་
རྒྱུད་ལ་ཀྱང་རང་ངམ་རང་གི་ཕྱོགས་མི་འབུམ་ཕྲག་ཕན་པའི་སེམས་བཟང་ཡོད་པ་དང
དེའི་མ་ཚད་མུ་སྟེགས་པའི་རྒྱུད་ལ་ཀྱང་ཚུལ་ཁྲིམས་རྟུལ་ཞུགས་ཀྱི་སེམས་སྟོབས་ཀྱིས་
མེ་ལྔའི་དཀྱིལ་དུ་ཁ་ཁྲམ་སྟེང་མཆོངས་ཕོད་པ་དང་ད་ལྟ་མཐོང་ཡུལ་དུ་གྱུར་བའི་རང་ཉིད་
ལྕགས་ཀྱི་ཆིགས་ཅིང་ལྕགས་ཚན་གྱིས་བརྡུང་པ་སོགས་རང་གི་རང་ལ་ནད་པ་གཏང་ནུས་
མཁན་ཡོད་པ་ནི་མིག་མཐོང་ལག་ཟིན་ལྟར་རེད།
ཡང་འགའ་ཞིག་གིས་བདུད་འདུལ་བ་ཡིན་ཞེས་སྔ་མ་གླིང་གེ་སར་དང་དེའི་དཔུང་རོགས་
རྣམས་ཀྱིས་མིའི་རྒྱལ་ཁབ་མང་པོ་ཞིག་དབང་དུ་བསྡུས་རབས་ཡོད་པ་རེད
དེ་ཡང་གཞན་དོན་ཁོ་ནར་བཤད་འདོད་པ་ནི་བསྙོན་གནས་གང་ཡང་ཡོད་པ་མ་རེད།
ཡང་ཁ་ཤས་ཉྭ་པ་སྤུན་གསུམ་ལྟར་ད་ལྟ་རང་སངས་རྒྱས་ཀྱིས་རང་སྲོག་བློས་གཏང་ནུས་
ཡང་རང་གི་ཞེན་སེམས་ཆེ་ས་ཉྭ་རྒྱ་བློས་གཏང་མ་ཐུབ་པས་རང་སྲོག་དོན་མེད་བསྐྱལ་
བའང་དེ་དང་དེ་བཞིན་མང་ཐག་ཆོག་ཡོད་པ་རེད
ཡང་ལ་ལ་ནི་འཇིག་རྟེན་འཁོར་བའི་ཕ་མ་བུ་ཕྲུག་གི་དོན་དུ་ན་ཚོད་རྒས་ཀྱང་འཆི་མི་འདོད་
པར་འཁོར་བའི་ཕུགས་བསམ་གྱིས་གྱེན་དུ་འཐེན་པ་ནི་འཇིག་རྟེན་གང་ཡོད་པ་རེད
དེ་ནི་རང་དོན་བསམ་སྒེར་སེམས་ཁོ་ན་ལས་སྤྱི་དོན་དང་སྤྱི་སེམས་ཤིག་རྩ་བ་ནས་ཡིན་
པ་མ་རེད།
དབྱིག་ཡིག་དེ་འདིར་བཀོད་རོགས་ཞུ། ཐུགས་རྗེ་ཆེ།
རང་ཉིད་ཁོ་ན་ལས་ཅི་ཡང་མི་མཐོང་བའི་གང་ཟག་དེ་ནི།
ནམ་ཡང་རང་ཉིད་ཅི་ཞིག་ཆེད་དུ་གསོན་ཡོད་པ་མི་ཤེས་ལ།
རང་ཉིད་ལས་གཞན་མང་པོ་ཞིག་མཐོང་བའི་གང་ཟག་དེ་ནི།
ནམ་ཡང་བདེ་སྐྱིད་ཀྱི་ཀློང་ནས་འཚོ་ཐུབ།
དེས་ན་ང་ཚོ་གནམ་འོག་འདིར་ཆེས་བདེ་སྐྱིད་ཆེ་ཤོས་དེ་ཡིན་དགོས་ངེས་རེད།
མ་ཡིག་འདིར་འདྲེན་རོགས་ཞུ། སྐུ་ཞབས་བྷར་ཡན་ཁྲའུ་སེའི་སྙན་རྩོམ་ལ་ང་རང་ཧ་ཅང་དགའ་པོ་ཡོད། རྩོམ་འདི་ངས་མཇལ་མ་མྱོང་།
ཤེས་རིགས། རིགས་གཞུང་། རིག་གཞུང་། སྐད་ཡིག ལམ་ལུགས། ཤེས་ཡོན། མི་རིགས་དེ་རྣམས་ལས་གལ་ཆེ་ཤོས་དེ་གང་ཡིན། ངོ་སྤྲོད་ཅིག་གནང་རོགས།
སོ་ཐར་བྱང་སེམས་གསང་བའི་སྡོམ་པ་གང་རུང་ཞིག་རང་བརྒྱུད་ལ་འདུག་ན་གཞན་དོན་དངོས་མ་དེ་རང་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བའི་བསམ་བློ་ཞིག་འཁྱེར་ནས་བྱམས་སྙིང་རྗེའི་བློས་མིག་ནས་མཆི་མ་ཀྲུལ་ཀྲུལ་ཞིག་བཅོས་མིན་དུ་ཐོན་ན་གཞན་དོན་དངོས་མ་དེ་རང་ཡིན།