མགལ་དུམ།
སྐད་ཆ་འགའི་མགོ་རྟིང་བསྒྲིགས་རྗེས།
ངས་སླར་ཡང་རང་གི་སྙིང་ཆུང་ལ་ཉན་ཡོད།
རྒྱང་རིང་གི་མྱི། རྒྱང་རིང་གི་མྱི།
ཕྲན་པས་ཚོད་ཚོད་ལ་སྐད་ཆ་འདི་བརྒྱ་ཚར་འགའ་བོས་ཡོད།
ཨ་ལན་མེད་པའི་ངུད་མོའི་སྒྲ་དབྱངས་དེ།
དོན་དམ་སུ་ཞིག་གི་རྣ་བ་རུ་ཟུག་ཡོད།
བདག་གིས་བསྐྱར་དུ་སྐད་ཆ་འགའི་མགོ་རྟིང་བསྒྲིགས་རྗེས།
རེ་བ་ཁྲི་ཕྲག་གིས་ཡང་ནས་ཡང་དུ་ཞུ་དག་ཞུས་ཡོད།
ལོ་ངོ་ཁྲི་ཕྲག་གི་ཕ་རོལ་ཕ་རོལ་ནས་ཉན་ཡང་།
སྐད་ཆ་ལ་རིན་ཐང་མངའ་བ་ཞིག
སེམས་པ་ལ་དྲོད་ཁོལ་སྟེར་བ་ཞིག
ངས་སྐད་ཆ་འགའི་མགོ་རྟིང་བསྒྲིགས་རྗེས།
དངན་པ་རིང་འཐེན་བྱེད་པའི་རང་ཉིད་ལ་གཤེ་གཤེ་བཏང་ཞིང་།
རྒྱང་རིང་གི་མྱི་ལ་སུན་པོ་བཟོ་སྲིད་པའི་ཁ་ཏ་བྱས་ཏེ།
རང་ཉིད་ཆེས་དགའ་ས་དེ་རང་ཉིད་ཀྱི་ནོར་བུ་ཡིན་ཚུལ་གྱི་སྙིང་གཏམ་བཤད་ཡིན།
ངས་སྐད་ཆ་འགའི་མགོ་རྟིང་བསྒྲིགས་རྗེས།
སེམས་ཀྱི་དམར་དམར་ཡིན་པའི་ཚིག་འབྲུ་དག་ཡི་གེར་ཕབ་ཅིང་།
རང་ཉིད་ཀྱིས་བསྐྱར་ཀློག་དང་བསྐྱར་ཉན་བྱེད་བཞིན།
ལྷད་མེད་པའི་རང་གི་སྐད་ཆ་དག
རྒྱང་རིང་གི་མྱི་ཁོ་ནས་གོ་ན་སྙམ་པའི་རྨི་ལམ་བཏང་ཡོད།
ངས་སྐད་ཆ་འགའི་མགོ་རྟིང་བསྒྲིགས་རྗེས།
སྙིང་གཏམ་ལ་མངར་སྐྱུར་ཡོད་པའི་ཚོད་དཔག་བྱས་ཤིང་།
རྒྱང་རིང་གི་མྱི་ལ་གཟབ་ཉན་བྱ་དགོས་པའི་གནས་ལུགས་བརྩམས་ཏེ།
མི་མོ་དེ་རང་གི་སྲོག་ལྟར་གཅེས་དགོས་པའི་སྡོམ་ཚིག་བཀོད་ཡོད།
ངས་སྐད་ཆ་འགའི་མགོ་རྟིང་བསྒྲིགས་རྗེས།
རྒྱང་རིང་གི་མྱི་གཅིག་པུ་དྲན་པར་བྱས་ཡོད།
རྒྱང་རིང་གི་་་་་་་
བོད་རྒྱལ་ལོ། ༢༡༤༢-༡-༥དང་སྤྱི་ལོ༢༠༡༥-༢-༢༣ཉིན།