རས་པ།
ངས་རས་ཡུག་སྔོན་པོ་ཞིག་གདམས་རྗེས
ཚོས་གཞི་དཀར་པོ་ཡིན་པའི་ཡི་གེ་གཅིག་བྲིས་ཡོད
ཆར་ཆུ་དུས་སུ་བབས་ཀྱང་ཡི་གེ་གཅིག་པུ་ལྷགས་ཤིང
ནམ་མཁའ་དང་ས་གཞི་ལྷན་དུ་འདྲེས་དུས་ཀྱང
བྱེ་ཟགས་མིག་ལ་ལྷུང་འདྲའི་ཡི་གེས་ང་ལ་མནར་གཅོད་གཏོང
ངས་ཡི་གེ་གཅིག་གདམས་རྗེས
རས་ཡུག་སྔོན་པོ་ཞིག་ཏུ་བྲིས་ཡོད
འདུ་འཛི་ཆེ་བའི་ཁྲོམ་སྐོར་གྱི་དུས་སུ
ད་གཟོད ངས་ཟགས་བཞིན་པའི་ཡི་གེ་མཐོང
༢༠༡༣།༥།༡༠ལ།
ཁྱོད་ཀྱིས་རས་ཀྱི་་མདོག་ཡེ་ནས་ངོས་ཟིན་མི་ཐུབ་སྟེ
ཁྱོད་ཀྱིས་ཚོན་དཀར་པོ་ཕོར་བ་གང་
རས་ནག་པོ་ཞིག་ལ་བྱོ་དང་ཁ་མདོག་ནག་པོ་བཏོན་ངེས།
དེ་བཞིན་དུ་ཚོན་དམར་པོ་ཕོར་བ་གང་བྱོ་དང་དེ་དེ་བཞིན་ནོ།
འདི་ནི་རས་ཀྱི་མདོག་སྟེ་རང་ཚུགས་མེད་པའི་མི་ཞིག་དང་མཚུངས་སོ།
ངས་བཤད་པ་དག་ཁྱོད་ཀྱིས་བྲིས་པ་དེའི་ལན་མིན་ཏེ
ཁྱོད་ཀྱིས་བྲིས་པ་དེར་འབྲེལ་བ་མེད་དོ།
ཧཧཧ