___ཨཱཙཱརྱ་ཨག་ལོད་ཀྱིས།
༄༅། །སྔོན་གླེང་འོད་སྣང་དཀར་པོ།
བོད་མི་རིགས་ནི་སྔོན་གྱི་དུས་སུ་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཙང་། སྐད་ཡིག་གི་འབྱུང་ཁུངས་ཀྱང་དེ་བཞིན་ལགས། ལྷག་པར་མི་རྗེ་སྲོང་བཙན་གྱི་དུས་སུ་ཡིག་མཁན་ཐུ་མི་ཡིས་དཀའ་བ་དུ་མའི་ས་ཕག་མཁར་བརྩེགས་ཏེ། བོད་རང་ཉིད་ཀྱི་སྐད་དང་མཐུན་པའི་ཡིག་གཟུགས་ཀྱི་མཁར་རྫོང་གསར་བ་ལེགས་པར་བཞེངས་པ་ནི་ཡོངས་གྲགས་ལགས། དུས་དེ་ནས་བཟུང་རང་ཅག་རྣམས་སྟོབས་ཆེན་གྱི་མི་རིགས་གཞན་དང་བསྡོངས་དཔུང་པ་མཉམ་གཤིབ་ཀྱི་བང་རྩལ་འགྲན་པའི་སྐལ་བ་དེ་བས་ཀྱང་གྱ་ནོམ་དུ་སོང་བ་ནི་བརྗོད་མེད་ལགས། ཡིན་ཡང་དུས་རབས་ཀྱི་འཕོ་འགྱུར་སོགས་དོན་གནད་དུ་མ་ཞིག་ལས་རང་མི་རིགས་ཀྱི་སྐད་ལ་སྣོན་འཕྲི་ཡི་སྐད་བཅད་སྔ་གཞུག་བསྡོམས་པའི་གསུམ་ཙམ་བྱེད་དགོས་བྱུང་འདུག དེ་དག་གི་སྐོར་རང་ནུས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྟ་བོ་དཔྱད་གཅོད་ཀྱི་གཞུང་ལམ་ལ་བརྩོན་འགྲུས་ལྩག་གིས་སྐུལ་ན་གཤམ་གསལ་ལྟར། །
དང་པོ། སྐད་བཅད་མ་གནང་གོང་གི་བོད་ཀྱི་སྐད་ཡིག་དང་བདག་གི་བསམ་གཞིགས་ཀྱི་ཡོ་ལང་།
དེ་ཡང་གནའ་རབས་བོད་ཀྱི་ལོ་རྒྱུས་གླེགས་བམ་དག་ཏུ་གསལ་བ་ལྟར། མི་རྗེ་སྲོང་བཙན་གྱི་ཡར་སྔོན་དུ་རང་རིགས་ལ་སྐད་དང་མཐུན་པའི་ཡིག་གཟུགས་ཤིག་མེད། འོན་ཀྱང་དེ་ཚེ་དེ་ཡི་དུས་སུ་རང་རིགས་རྣམས་ཀྱང་བོན་ཡིག་བཀོལ་བའི་གསུང་འགྲོས་འདུག་མོད་ཀྱང་ཇི་ཙམ་དྲང་བདེན་གྱི་རྒྱ་མའི་ཚངས་ཐིག་ཏུ་ལངས་ཐུབ་མིན་ཁ་ཚོན་ཆོད་དཀའ། རང་ངོས་ནས་བསམ་ན། དེ་ནི་བདེན་པ་མིན་ནམ་སྙམ། རྒྱུ་མཚན་ནི། སྐབས་དེ་དུས་བོད་མི་རྣམས་བོན་ཆོས་ཀྱི་འཆིང་སྒྲོག་ལས་ཐར་མེད་པ་དང་གཅིག གཉིས་ནས་དེའི་བར་རང་རིགས་ལ་ཡི་གེ་རྩ་བ་ནས་བཀོལ་མེད་པར་བསྡད་བཟོད་ཧ་ལམ་དཀའ་བ་སོགས་ལ་གཞིགས་ན་ད་ལྟའི་ཐུ་མི་ཨ་ནུས་མཛད་པའི་ཡིག་གཟུགས་ཀྱི་སྔོན་དུ་རང་ཅག་རྣམས་ཀྱིས་ཀྱང་བོན་གྱི་དམར་ཡིག་སོགས་བཀོལ་སྤྱོད་བྱས་པའི་ལོ་རྒྱུས་དག་བདེན་པར་གནས་སྙམ། འོན་ཀྱང་སྤུར་རྒྱལ་སྲོང་བཙན་གྱི་དུས་ནས་བོད་མི་རིགས་ལ་ཐུབ་པའི་བསྟན་པ་རིན་པོ་ཆེན་དངོས་སུ་དར་བ་དང་དེ་དང་དེ་ལ་སོགས་པའི་ཆབ་དཔལ་རིག་གསུམ་གྱི་ཡོ་ལང་ཤེད་ཆེན་བྱུང་རྐྱེན། རྒྱལ་པོས་ཐུ་མི་བསམ་བྷོ་ཌ་ཆེད་དུ་མངགས་ནས་བོད་རང་ཉིད་ཀྱི་སྐད་དང་མཐུན་པའི་ཡིག་གཟུགས་མི་མཛད་ཀ་མེད་དུ་གྱར་བ་རེད་ལབ་ཀྱང་བསྙོན་དོར་ཅི།
སྐབས་དེ་དུས་ཐུ་མིས་བོད་ཡིག་ཇི་ལྟར་བཟོས་པའི་གཞུང་བྱེ་བྲག་པ་ཞིག་མེད་ཀྱང་། དེ་ཉིད་ཀྱི་མགུར་ལས། “རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།། བོད་ཡིག་གསུམ་བཅུར་གཏན་ལ་ཕབ། །”ཅེས་གསུངས་པ་དང་། དེ་བཞིན་༧འགོས་པདྨ་རྒྱལ་མཚན་གྱི་འཛམ་གླིང་རྒྱན་གཅིག་ལས།“བོད་ཀྱི་སྐད་གདངས་ལ་དབྱངས་བཞི་དང་གསལ་བྱེད་སུམ་བཅུ་དང་སྔོན་འཇུག་ལྔ་རྗེས་འཇུག་བཅུ་ཡང་འཇུག་གཉིས་ཏེ་དབྱངས་གསལ་མགོ་འདོགས་རྗེས་ཡང་འཇུག་བཅས་སྒྲ་གདངས་མི་འདྲ་བ་བདུན་ཡོད་པར་ལྟར་ཐུ་མིས་བོད་ཀྱི་ཡི་གེ་གཏན་འབེབས་བྱས་རྗེས་མིང་ཚིག་བརྗོད་པའི་སྒྲ་གདངས་སམ་སྐད་གདངས་ཀྱི་ཟུར་ལས་མིང་དང་བྱ་ཚིག་གི་དག་ཆ་གཏན་འབེབས་མཛད་པ་ཡིན།”[1]ཞེས་གསུངས། མདོར་ན་བོད་ཀྱི་དག་ཆ་ལ་སྦྱོར་ཀློག་གི་སྐབས་སྒྲ་འདོན་སྟངས་བཀས་བཅད་མ་གནང་གོང་གི་བོད་ཡིག་གི་སྒྲ་གདངས་ནི་མི་འདྲ་བ་བདུན་ཙམ་དུ་ཟད། དེ་ཡང་སྔོན་རྗེས་ཡང་གསུམ་དང་མི་གཞི་མགོ་འདོགས། དེ་བཞིན་དབྱངས་དང་བདུན་ནོ། །དེ་ལྟར་གཞི་བྱས་ཏེ་བཟོས་གནང་བ་ནི་དེང་གི་དུས་སུ་བོད་ཀྱི་རི་ཁུག་ས་ཁུལ་དང་ཧི་མཱ་ལ་ཡི་རི་རྒྱུད་ཀྱི་བོད་ཡིག་ཀློག་སྟངས་དང་བོད་སྐད་བསྐྱོན་སྟངས་སོགས་ལས་མགོ་འདོགས་ཀྱི་ཟུར་གསལ་བར་ཐོན་ཐུབ་པས་ཤེས།
གཉིས་པ། སྐད་བཅད་གནང་དོན་དང་བདག་གི་བསམ་གཞིགས་ཀྱི་ཡོ་ལང་།
དང་ཐོག་མའི་བོད་ཡིག་གི་སྒྲ་གདངས་ནི་སྔོན་རྗེས་སོགས་སྒྲ་མི་འདྲ་བར་བདུན་ཙམ་གྱིས་གྲུབ་པ་དེ་ཡི་གེ་འབྲི་ཀློག་ཙམ་དུ་མ་ཟད་ཁ་སྐད་དུ་ཡང་དེ་བཞིན་གནས་ཡོད་པའི་དན་རྟགས་གོང་དུ་ཞུས་ཟིན་མོད། འོན་ཀྱང་དུས་ཀྱིས་འཕོ་འགྱུར་དང་ཡུལ་ལུང་སོ་སའི་ཁ་སྐད་ཅུང་ཟད་མི་འདྲ་བའི་དབང་གིས་རིམ་པས་ཁ་སྐད་དང་ཡིག་སྐད་གཉིས་བར་ལ་ཡང་བར་ཐག་རིང་དུ་ཕྱིན་པ་སོགས་ལས་སྐད་གསར་གནང་བའི་དགོས་པའོ། །དེ་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་མུ་ཏིག་ཕྲེང་མཛེས་ལས།“སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་ཞིག་གིས་རྟོགས་པར་ནུས།”[2] ཞེས་པ་དང་། དེ་བཞིན།༧འགོས་ཀྱི་འཛམ་གླིང་རྒྱན་གཅིག་ལས།“སྐད་དང་འབྲི་བའི་བརྗོད་པ་འགྱུར་ན་རང་བཞིན་མིང་དང་ཚིག་འབྲི་ཚུལ་དང་གོ་དོན་སོགས་འགྱུར་ཏེ་བཀས་བཅད་ཀྱིས་བརྡ་སྤྲོད་གསར་བཟོ་མི་བྱེད་ཀ་མེད་དང་།”[3] ཞེས་གསུངས་པ་ལྟར་རིམ་པས་གདངས་ལ་འགྱུར་བ་ཕྱིན་པས་ད་དྲག་དང་རྗེས་འཇུག་འ་ཡིག་དག་འབྲི་མི་དགོས་པའི་བཀས་བཅད་གནང་བ་འོ། །ཡིན་ཡང་དེང་གི་ལོ་རྒྱུས་སྨྲ་བ་འགས་དགོས་པ་དེ་འཐད་པ་མེད་པའི་དགག་པའང་བསྐྱོན་པ་སྣང་།
དཔེར་ན་ལོ་རྒྱུས་སྨྲ་བ་རྒན་བྱམས་པ་བསམ་གཏན་ལགས་ཀྱིས། “བཀས་བཅད་ཀྱི་དགོས་པའང་གོ་དོན་ཡང་། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་སྟེ་ཕྱིས་ཀྱི་ལོ་ཙཱ་བ་དག་གིས་འགྱུར་སྔ་མའི་བརྡ་རྙིང་པ་རྣམས་དུས་རབས་སོ་སོའི་སྐད་གསར་པ་དང་བསྟུན་ནས་བཟོ་བཅོས་བྱས་པའི་དོན་ཡིན་པར་བཞེད་པ་ནི་ཅུང་འཐད་པར་མི་སྣང་བས་ཕྲན་བུ་དཔྱད་པར་བྱ་སྟེ།”[4]ཞེས་གསུངས་པ་དང་།སླར་ཡང་ཁོང་གིས་བཀའ་བཅད་བྱེད་དགོས་པའི་དགོས་པ་རྒྱུ་མཚན་ཡང་འདི་ལྟར་དྲངས་ཡོད་དེ། “བཀའ་བཅས་དེ་གཉིས་མཛད་དགོས་པའི་དགོས་པ་ནི། དྷརྨ་བོད་སྐད་དུ་ཇི་ལྟར་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་འབེབ་པ་དང་། ཕྱིན་ཆད་ཀྱང་བཀས་བཅད་པའི་སྐད་ཀྱི་ལུགས་འདི་ལྟར་ལས་གཞན་པའི་སོ་སོའི་རང་འཚམས་ཀྱིས་བཅོས་པ་དང་། མིང་གསར་དུ་འདོགས་པ་སོགས་མི་རུང་བའི་བཀས་བཅད་པ།”[5]ཞེས་གསུངས་པ་དེ་ཁོ་བོས་བརྟགས་ཀྱང་དོན་དང་མཐུན་པར་སྣང་། རྒྱུ་མཚན་ནི། བཀའ་བཅད་གཉིས་པའི་སྐབས་གཏན་ལ་ཕབ་པའི་སྒྲ་སྦྱོར་བམ་པོ་གཉིས་པའི་ནང་དུ་ཡོད་པའི་བཀའ་བཅད་བྱེད་དགོས་པའི་དགོས་དམིགས་དང་ཤིན་ཏུ་ཉེ་བར་གནས་སྙམ།
དེ་ཡང་སྒྲ་སྦྱོར་བམ་པོ་གཉིས་པ་ལས། “སྔོན་ལྷ་སྲས་ཡབ་(ཁྲི་སྲོང་ལྡེ་བཙན་)གྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་ཚོགས་ནས་(དྷརྨ་དཀོན་མཆོག་སྤྲིན་)དང་(ལང་ཀར་གཤེགས་པ་)བསྒྱུར་བ་གཏན་པ་ཕབ་པའི་ལུགས་བཞིན་དུ་སྒྱུར་གཅིག་”[6]ཅེས་དམ་པའི་ཆོས་བསྒྱུར་བའི་ལུགས་བཞིན་བྱེད་དགོས་པ་བསྟན་པ་དང་། དེ་བཞིན་ཡང་དེ་ཉིད་ཀྱི་མཇུག་ཏུ། “ཕོ་བྲང་འོན་ཅང་རྡོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ། རྗེ་བློན་མོལ་ནས་རེག་ཟིན་དུ་མཛད་པ་སྐད་གསར་གྱི་མིང་སྔོན་ཐོགས་པ་དང་། གཏན་ལ་མ་ཕབ་པ་ལ་མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད།”[7]ཅེས་པ་ལ་གཞིགས་ན་རྒན་བྱམས་བསམ་གཏན་གྱིས་གསུངས་པ་བཞིན་དམ་ཆོས་བསྒྱུར་བའི་ཐབས་གཙོ་བོར་བྱས་ནས་བཀས་བཅད་ཡིན་པ་ཤིན་ཏུ་ནས་གསལ་བར་སྣང་།
གསུམ་པ། བཀས་གསར་བཅད་དང་སྐད་གསར་བཅད་གཉིས་ཀྱི་ཁྱད་པར་ལ་དཔྱད་པ།
ང་ཚོས་ནམ་རྒྱུན་བོད་མི་རིགས་ཀྱི་སྐད་ལ་གསར་བཅད་ཀྱི་རིམ་པ་གསུམ་གནང་ཡོད་པའི་ཚུལ་ལ་ད་བར་མི་མཐུན་པ་ཅང་བྱུང་མེད་མོད། འོན་ཀྱང་མི་མཐུན་ས་གཙོ་བོ་ནི་དེ་དག་གི་དུས་ཚོད་དང་སྤུར་རྒྱལ་སུས་དུས་སུ་ཡིན་མིན་དང་། དེ་བཞིན་དེ་དག་ལ་སྐད་གསར་བཅད་དང་བཀའ་བཅད་ག་རེ་ལབ་ཀྱང་ཁྱད་མེད་གཅིག་ཏུ་འདོད་པའི་གནའ་དེང་གི་ལོ་རྒྱུས་སྨྲ་བ་དུ་མ་འདུག་ལ། ཡང་འགའ་ཞིག་གིས་དེ་གཉིས་མི་འདྲ་བའི་ཁྱད་པར་བཞག་གནང་མཁན་ཡང་མི་ཉུང་བ་འདུག རང་ངོས་ནས་ཕྱོགས་དེ་བདེན་པ་རེད་ཅེས་ཁ་ཚོན་གཅོད་དཀའ་ཡང་སྟོང་མིན་གྱི་ཚུལ་དུ་ཅུང་དཔྱད་ཁུལ་བྱས་ན། དེ་གཉིས་བར་ཁྱད་པར་ཞིག་ཡོད་པར་འདོད། དེ་ཡང་སྔ་གཞུག་བསྡོམས་པའི་སྐད་ཡིག་ལ་འགྱུར་བ་གསུམ་ཙམ་བཏང་བ་ལས། གོང་མ་གཉིས་ནི་བཀས་བཅད་ལས་སྐད་གསར་བཅད་ཕལ་ཆེར་མིན་སྙམ། རྒྱུ་མཚན་ནི། ཡོངས་གྲགས་ལ་དེ་དག་ནི་རྒྱལ་པོ་སྲོང་བཙན་ནས་ཁྲི་རལ་རིང་དུ་བྱས་གནང་བ་ཞིག་ཡིན་པ་གང་ཞིག་སྐབས་དེ་དང་དེའི་དུས་ཀྱི་མི་རྗེ་རྣམས་ཀྱིས་ནང་ཆོས་(དྷརྨ)གཙོ་བའི་གཞུང་ལུགས་རྣམས་བོད་སྐད་དུ་བསྒྱུར་སྐབས། ལོ་ཙཱ་བ་དང་ལྷན་དུ་གོ་བསྡུར་གནང་ནས་གང་དང་གང་བོད་སྐད་དུ་བསྒྱུར་ཆོག་པ་དང་གང་དག་བསྒྱུར་མ་ཆོག་པ་བཀས་བཅད་པ་ཡིན་པས་སོ། །
དེ་ཡང་དཔེ་མཚོན་ཙམ་ཞིག་བཀོད་ན།“༡འདུལ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་ལས་གཞན་པའི་སྡེ་སྣོད་མི་བསྒྱུར་བར་བཀས་བཅད་པ། ༢གསང་སྔགས་མ་བརྒྱུད་རྣམས་མ་བསྒྱུར་ཅེས་བཀས་བཅད་པ། ༣བྲེ་སྲང་རྣམས་རྒྱ་གར་མགདྷའི་ལུགས་བཞིན་བཀོལ་སྤྱོད་བྱེད་དགོས་ཚུལ་བཀས་བཅད་པའོ། །” ཞེས་པ་དང་། གཞན་ཡང་སྒྲ་སྦྱོར་བམ་པོ་གཉིས་པར། “༡)དམ་པའི་ཆོས་བསྒྲཡུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་ལ་ཡང་གང་བདེ་བར་གྱིས་ཤིག། ༢)གཽ་ཏ་མ་ལྟ་བུ་མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལ་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་པ་ཞིག་ཏུ་སྙེགས་ལ་བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། གཅིག་ཏུ་འཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་དོ་ན་ཞོག་ཅིག་ ༣)གྲངས་ལ་རྒྱ་གར་གྱི་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི། སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་སྐད་ཀྱི་ལུགས་བཞྀན་བསྒྱུར་ན་དོན་དང་མི་འགལ་ལ་བོད་ཀྱི་སྐད་ལ་ཡང་བདེ་བས། གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག”[8]ཅེས་གསལ་བ་ལས་རྒྱལ་པོས་བཀས་བཅད་པ་གསལ་པོ་བསྟན་ཡོད།
ད་དུང་ཞུས་ན། དུས་རབས་བཅུ་དྲུག་པའི་ནང་བྲིས་པའི་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲིས་ཀྱི་བརྡ་གསར་རྙིང་གི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་ལས། ཇི་སྐད་དུ། “བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི། དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ། སངས་རྒྱས་ཕལ་པོ་ཆེན་དང་། ལུང་སྡེ་བཞི་དང་། མདོ་སྡེ་ཁ་ཅིག་དང་ཤེར་ཕྱིན་གྱི་མདོ་ཁ་ཅིག་སྟེ། སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམསོ། །”[9]ཞེས་པའི་གསུང་དུམ་དེ་ལས་སྐད་བཅད་གོང་མ་དག་བཀས་བཅད་ཡིན་པ་ཡིན་ཡང་སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་གསལ། ཕྱོགས་གཞན་ཞིག་ནས་ལུང་དེ་ལས་བཀས་བཅད་ནི་སྐད་གསར་བཅད་ཀྱི་གོང་དུ་བྱུང་བའི་དུས་སྔ་རྗེས་ཀྱི་ཁྱད་པར་ཡང་དེ་བས་བསྟན་ནོ། ། ཡིན་ཡང་སྐད་གསར་བཅད་མཐའ་མ་ནི། དེ་འདྲའི་རྒྱལ་པོའི་བཀས་བཅད་པ་ཞིག་མིན་ཏེ། སྐད་བཅད་གསུམ་པ་ནི་ཡོངས་གྲགས་ལ་ལྷ་བླ་མ་ཡི་ཤེས་ཀྱིས་བསྐུལ་ནས་ལོ་ཙཱ་བ་རིན་བཟང་སོགས་ཀྱིས་གསར་དུ་བཅད་པ་ལས་རྒྱལ་པོའི་བཀས་བཅད་པ་ཞིག་མེད་པའི་ཕྱིར་བཀས་བཅད་མིན་ནོ། །དེ་ལྟར་ཁྱད་པར་ཡོད་པ་ནི། དེང་གི་ཆར་༼ཀྲུང་གོའི་བོད་རིག་པ།༽ལོ་འཁོར་ཉི་ཤུའི་དཔྱད་རྩོམ་བདམས་བསྒྲིགས།ཞེས་པ་ལས། དེ་གཉིས་ཀྱི་ཁྱད་པར་གོ་བདེ་པོ་དང་སླ་བོ་ཞིག་བྲིས་འདུག་སྙམ།
དེ་ཡང་དེ་ཉིད་དུ།“བཀའ་བཅད་ནི། བྱུང་བ་ལོ་རྒྱུས་ཀྱི་དབང་དུ་བཏང་ན་སྐད་གསར་བཅད་ལས་སྔ་བ་དང་། བྱེད་མཁན་གྱི་དབང་དུ་བཏང་ན་བཙན་པོའམ་རྒྱལ་པོ་ལྟ་བུའི་གཙོ་མཛད་ཆེན་མོ་ཞིག་དགོས་པ་རེད།”[10]ཅེས་ཁྱད་པར་གཙོ་བོ་རྒྱལ་པོས་བཀས་བཅད་མིན་དང་ཞར་ལ་དུས་སྔ་ཕྱིས་ཁྱད་པར་ཡང་འདུག གཞན་ཡང་བཀས་བཅད་དང་སྐད་གསར་བཅད་གཉིས་ཀྱི་ཁྱད་པར་གལ་ཆེན་ཞིག་ནི་དགོས་དམིགས་ཀྱི་སྒོ་ནས་ཁྱད་པ་ཡོད། དེ་ཡང་བཀས་བཅད་བྱེད་དགོས་པའི་དགོས་དམིགས་གོང་དུ་དོན་ཚན་གཉིས་པའི་ནང་ཞིབ་པར་ཞུས་པ་བཞིན་གཙོ་བོ་དམ་ཆོས་(དྷརྨ)བོད་སྐད་ལ་བསྒྱུར་བར་གཙོ་བོ་བྱས་ནས་དེའི་བསྒྱུར་ལུགས་སྒྱུར་སྟངས་ཏེ་ལེགས་སྦྱར་དང་གང་མཐུན་ལུགས་གཞི་རྩར་བཞག་ནས་བོད་ཀྱི་བརྡ་སྤྲོད་རིག་པ་དང་འགྲོས་མཐུན་པ། དེ་བཞིན་གང་གོ་བདེ་བ་དང་། བསྒྱུར་ཆོག་པ་དང་བསྒྱུར་མི་ཆོག་པ་དུ་མ་ཞིག་པ་ལ་ལྟོས་ནས་མི་ཆེན་དཔོན་པོས་བཀས་ཐག་ཏུ་བཅད་པའི་དགོས་དམོགས་སོ། །འོན་ཀྱང་སྐད་བཅད་གསུམ་པ་ནི་དམ་ཆོས་བསྒྱུར་སྟངས་གཙོ་བོར་བྱས་ནས་མིན་པར་བོད་རང་ཉིད་ཀྱི་སྐད་ཀྱི་འགྲོས་དང་བསྟུན་པ་སྟེ། བརྡ་གསར་རྙིང་བཀོལ་སྤྱོད་བྱེད་སྟངས་དང་། ཡིག་གཟུགས་འབྲི་སྟངས་ཏེ་ད་དྲག་དང་ཡི་གེ་ཐམས་ཅད་ཀྱི་རྗེས་ལ་རྗེས་འཇུག་འ་ཡིག་འབྲི་མི་དགོས་པ་ཟོར་ཡང་པ་ཁོ་ན་བྱས་ཆོག་པ་སོགས་བོད་རང་གི་སྐད་ཀྱི་གཤིས་ལུགས་གཙོ་བོར་བསྟན་པའི་སྐད་བཅད་གསུམ་པའི་དགོས་པ་ལས་བཀས་བཅད་དང་སྐད་གསར་བཅད་གཉིས་ཀྱི་ཁྱད་པར་གསལ་བར་ཤེས།
དེ་ཡང་བཀའ་བསྟན་འོད་སྣང་གསར་པ་ལས། “བཀས་བཅད་གསུམ་པའི་དགོས་པ་ནི་དམ་ཆོས་བསྒྱུར་བའི་ཐབས་དང་།རྒྱ་གར་གྱི་ཆོས་སྐད་བོད་ཀྱི་སྐད་དུ་གསར་མིང་བཏགས་ཤིང་གཏན་ལ་ཕབ་པའི་བཀས་བཅད་མིན་པར་བོད་རང་གི་སྐད་ཀྱི་བརྡ་གསར་རྙིང་དང་། ཡིག་གཟུགས། དག་ཆ་སོགས་ལ་འགྱུར་བཅོས་དང་ཞུས་དག་གིས་གཏན་ལ་ཇི་ལྟར་ཕབ་པའི་སྐོར་ཡིན།”ཞེས་གསལ་བར་གསུངས།[11]དེ་ལྟར་ཡིན་པ་སྐྱོགས་སྟོན་གྱིས་ཀྱང་།“བཀས་བཅས་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཅན་བཟང་པོ་ནས་དཔང་ལོ་ཙཱ་བ་ཆེན་པོ་དང་སྙིགས་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་པ་ལོ་ཆེན་དྷརྨ་པཱལ་བྷདྲའི་བར་དུ་བྱོན་པ་རྣམས་ཡིན་ལ། ལོ་ཆེན་གྱིས་ནི།གཉི་ཟླ་ལ་ཉི་ཟླ་དང་།བསྟན་བཅོས་ལ་བསྟན་ཆོས་དང་། སྟུག་པོ་ལ་འཐུག་པོ་དང་།ཉི་ཤུ་དང་སུམ་ཅུ་དང་སུམ་བརྒྱ་རྣམས་ལ། གཉིས་བཅུ་དང་གསུམ་བཅུ་དང་གསུམ་བརྒྱ་དང་།བསམ་གཏན་ལ་བསམ་བཏན་སོགས་འཆོས་པར་མཛད་ཀྱང་། བཀས་བཅད་བར་བ་བཞིན་དུ་གནས་པ་མང་ཞིང་།”[12]ཞེས་པ་དེ་ནི་སྐད་བཅད་མཐའ་མར་བོད་ཀྱི་སྐད་ཁོ་ནར་གཙོ་བོར་དམིགས་པ་ཡིན་པའི་རྒྱབ་རྟེན་གྱི་ལུང་རྣལ་མ་ཞིག་འདུག་སྙམ།
བཞི་པ། སྐད་གསར་བཅད་སོ་སོའི་སྐོར་ལ་དཔྱད་པ།
ད་ནི་སྐད་བཅད་གསུམ་བྱུང་ཡོད་པ་ཡོངས་གྲགས་བཞིན་དེ་དག་སོ་སོའི་སྐོར་ལ་མི་ཉུང་བ་རེ་འབྲི་ཁུལ་བྱས་ན། གཙོ་བོ་ནི་སྐད་བཅད་དེ་དག་རྒྱལ་པོ་སུས་དུས་སུ་བྱུང་མིན་ལ་མི་མཐུན་པ་འགའ་ཡོད། དེ་ཡང་བཀས་བཅད་དང་པོ་ལ་མཚོན་ན། བོད་ཀྱི་སྤྱི་བཤད་ལས།“བོད་ལ་ལོ་རྒྱུས་ཐོག་བཀས་བཅད་ཐེངས་གསུམ་བྱས་པ་གྲགས། བཀས་བཅད་དང་པོ་ནི་ཐོན་མི་སམ་བྷོ་ཌས་བཟོས་པའི་ཡི་གེ་དང་ཡི་གེ་དེས་བྲིས་པའི་དག་ཡིག་དེ་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་པ་དེར་ཟེར།རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཁྲིར་བཞུགས་རག་བར་གྱི་༡༥༠ལྷག་གི་རིང་ལ་དག་ཡིག་འདི་བཀོལ།”[13] ཞེས་ཆོས་རྒྱལ་ཁྲི་སྲོང་གྱི་ཡར་སྔོན་དུ་བྱུང་བར་བཞེད། མ་ཟད་སྐྱོགས་སྟོན་རིན་ཆེན་གྱིས་ཀྱང་།“དེ་ཡང་འདིར་བརྡ་གསར་རྙིང་གི་ཐ་སྙད་བཤད་པ་ལ།ཐུ་མི་ས་འབོར་ར་དང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི། དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ། སངས་རྒྱས་ཕལ་པོ་ཆེ་དང་།ལུང་སྡེ་བཞི་དང་།མདེ་སྡེ་ཁ་ཅིག་སྟེ།སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམས་སོ། །”[14]ཞེས་བསྟན་པ་དེ་ཡང་གོང་དང་དུས་མཉམ་དུ་གནས་ལ་ལུང་དེ་ལས་སྐད་གསར་བཅད་དང་བཀས་བཅད་གཉིས་ཀྱི་ཁྱད་པར་ཡང་བསྟན་འདུག་སྙམ།
དུས་ཚོད་དང་རྒྱལ་པོ་ཁྲི་སྲོང་ཡིན་པའི་ངེས་ཤེས་ཆེས་ཆེ་བ་ནི། བཀས་བཅད་གཉིས་པའི་སྐབས་གཏན་ལ་ཕབ་པའི་སྒྲ་སྦྱོར་བམ་པོགཉིས་པའི་དབུར།“སྔོན་ལྷ་སྲས་ཡབ་(ཁྲི་སྲོང་ལྡེ་བཙན)གྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་ཚོགས་ནས་(དྷརྨ་དཀོན་མཆོག་སྤྲིན་)དང་(ལང་ཀར་གཤེགས་པ)བསྒྱུར་ཏེ་གཏན་ལ་པབ་པའི་ལུགས་བཞིན་དུ་སྒྱུར་ཅིག”[15]ཅེས་གསུངས་པ་དེ་ལས་བཀས་བཅས་དང་པོའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡིན་པ་བསྟན་ལ། དེ་དང་ཕྱོགས་མཚུངས་བཀས་བཅད་གཉིས་པའི་རྒྱལ་པོ་སུ་ཡིན་ཡང་གསལ་ཁ་བསྟན་འདུག དོན་གནད་དེའི་ཐོག་དེང་གི་ལོ་རྒྱུས་སྨྲ་བ་རྒན་བྱམས་པ་བསམ་གཏན་ལགས་ཀྱིས་ཀྱང་།“གོང་གསལ་མདོ་མིང་གཉིས་པོ་དེ་ནི་དམ་ཆོས་བསྒྱུར་བའི་དཔེ་མཚོན་ལྟ་བུར་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་མཁས་ཆེན་ཞི་བ་འཚོ་དང་ལོ་ཙཱ་བ་མཁས་པ་ཚོགས་ནས་བསྒྱུར།ཕྱིན་ཆད་དམ་ཆོས་བོད་སྐད་དུ་བསྒྱུར་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་ཀྱི་མིང་འདོགས་འདི་བཞིན་བགྱིས་ཅིག་ཅེས་བཀའ་མཛད་པ་ཤེས་སོ། །དེ་ནི་བཀས་བཅད་རྣམས་གསུམ་ལས་དང་པོ་ཡིན་ནོ། །”[16]ཞེས་གསུངས་པ་དག་ལ་གཞིགས་ན་བཀའ་བཅད་དང་པོ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཡིན་པ་ངེས་འདུག་སྙམ།
འོན་ཀྱང་རྒྱལ་རབས་གསལ་བའི་མེ་ལོང་དུ།“རྒྱལ་པོ་མངའ་བདག་རལ་པ་ཅན་དེ་དང་། དེ་བཞིན་རྒྱ་གར་གྱིི་པཎྜི་ཏ་ཛི་ན་མི་ཏྲ། ཤཱི་ལེནྡ་བོ་དྷི། དཱ་ན་ཤཱི་ལ་གས་སྤྱན་དྲངས། ལོ་ཙཱ་བ་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། བན་ཡེ་ཤེས་སྡེ་རྣམས་ཀྱི་ཆོས་བསྒྱུར་ཏེ། བཀས་བཅད་རྣམ་པ་གསུམ་དུ་མཛད་དོ། ”[17]ཞེས་སྐད་གསར་བཅད་གསུམ་ཀ་རྒྱལ་པོ་ཁྲི་རལ་གྱི་དུས་སུ་བྱུང་བ་གསུངས་འདུག་པ་དེ་ནི་དེ་ཙམ་འཐད་པར་མི་སྣང་ངོ་། །རྒྱུ་མཚན་ནི་ལོ་རྒྱུས་སུ་ཡོངས་གྲགས་ལ་རྒྱལ་པོ་སྲོང་བཙན་དང་ཁྲི་སྲོང་གི་དུས་སུ་ནང་ཆོས་བོད་ལ་དངོས་སུ་དར་བས་གཞུང་ལུགས་རྒྱ་གར་སོགས་ནས་བསྒྱུར་ཆེད་དུ་རྒྱལ་པོའི་བཀས་བཅད་བྱས་ཟེར་བའི་ལོ་རྒྱུས་དག་བདེན་མེད་འབེལ་གཏམ་གྱི་རང་བཞིན་དུ་སོང་བའི་སྐྱོན་དང་། ཡོངས་གྲགས་སུ་བཀས་བཅད་གཉིས་པའི་སྐབས་བྱས་པའི་སྒྲ་སྦྱོར་བམ་པོོ་གཉིས་པའི་མགོར།“རྟའི་ལོ་ལ་བཙད་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གིའི་ལོན་ཅང་རྔོ་ན་བཞུགས།”[18]ཞེས་སོགས་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གི་སྐབས་བཀས་བཅད་གཉིས་པ་བྱས་པ་མངོན་སུམ་དུ་ཡོད་པ་དེ་ཡང་སྣང་མེད་རྡོག་བརྫིས་སུ་བཏང་བ་ཐལ་ལོ། །
བཀས་བཅད་གཉིས་པ་དེ་ལ་གོང་བཞིན་དེ་ཙམ་གྱི་རྩོད་རྙོག་མ་མཆིས་ཀྱང་། ནམ་རྒྱུན་ཕལ་མོ་ཆེས་སྤུ་རྒྱལ་ཁྲི་སྲོང་ནས་ཁྲི་རལ་ཡན་དུ་བྱུང་བར་འདོད་སྲོལ་འདུག དེ་ཡང་ལི་ཤི་གུར་ཁང་དུ།“བཀས་བཅད་གཉིས་པོ་དེ་ནི་མངའ་བདག་ཁྲི་རལ་པ་ཅན་ཡན་ཆད་དུ་སྐ་ཅོག་ཞང་གསུམ་ལ་སོགས་པས་མཛད་ཡིན་ནོ། །”[19] ཞེས་བཀས་བཅད་གཉིས་པ་དེ་ཁྲི་རལ་ཡན་དུ་བྱས་གསུངསཔ་དེར་དགེ་མཚན་ཅུང་ཟད་འདུག་མོད་ཀྱང་། ཁྲི་རལ་ཡན་གྱི་རྒྱལ་པོ་སུས་དུས་སུ་བྱས་མིན་དེ་ཙམ་གྱི་ཐག་ཆོད་པོ་གཏན་ནས་མིན་འདུག དེ་ལས་ལྡོག་སྟེ་འགའ་ཞིག་ཏུ་“ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་ལོ་པཎ་ཛི་ན་མི་ཏྲ་སོགས་ཀྱིས་གོ་བདེ་བར་གཏན་ལ་འབེབས།”[20]ཞེས་གསུངས་པ་ནི་དོན་ལྡན་གྱི་རྒྱུ་མཚན་ཞིག་ཏུ་མ་མཐོང་། རྒྱུ་མཚན་ནི། ཀུན་གྱི་རྩོད་མེད་དུ་འདོད་པའི་བཀས་བཅད་གཉིས་པའི་ཆེད་དུ་བྱས་པའི་བཀས་བཅད་ཀྱི་གཞུང་ལུགས་སྒྲ་སྦྱོར་བམ་པོ་གཉིས་པའི་འགོར། “རྟའི་ལོ་ལ་བཙད་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གིའི་འོན་ཅང་རྔོ་ན་བཞུགས་ཞེས་པ་ནས་ཐེག་ཆེ་ཆུང་ལས་བྱུང་བའི་རྒྱ་གར་གྱིས་སྐད་ལས་བོད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བཀོད།”[21]ཅེས་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ཡིན་པ་གསལ་པོར་གསུངས།
ཡིན་ཡང་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ངོས་འཛིན་ཚུལ་ལ་གཉིས་ཡོད་དེ། འགའ་ཞིག་གིས་ཁྲི་སྲོང་ལྡེ་བཙན་གྱི་སྲས་སད་ན་ལེགས་ཡིན་པ་འདོད་པ་དང་། གཅིག་ཤོས་འགས་སད་ན་ལེགས་ཀྱི་སྲས་ཁྲི་རལ་པ་ཡིན་པར་བཞེད་པའི་འདོད་པ་གཉིས་སོ། །འདོད་པ་ཕྱི་མ་དེ་ལས་བཀས་བཅད་གཉིས་པ་བཙན་པོ་ཁྲི་རལ་གྱི་སྐབས་སུ་བྱས་ཞེས་པའི་བཤད་རྒྱུན་བྱུང་། དེ་ཡང་འབྱུང་ཁུངས་དངོས་ནི་བུ་སྟོན་ཆོས་འབྱུང་རྗེས་འབྲང་དང་བཅས་པ་ལས་བྱུང་། དེས་ན་ཡང་སྙིང་ཁྲི་ལྡེ་སྲོང་བཙན་སུ་ཡིན་སྐོར་ཅུང་དཔྱད་ན། དེ་ཡང་སྒྲ་སྦྱོར་བམ་པོ་གཉིས་པར།“སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་མཁན་པོ་བོདྷི་ས་ཏྭ་དང་།”[22]ཞེས་གསུངས་པ་དེ་ལས་ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་གྱི་ཡབ་ནི་ཁྲི་སྲོང་ལྡེ་བཙན་ཡིན་པ་ཤེས་ཐུབ་སྟེ། མཁན་ཆེན་བོདྷི་སཏྭ་གདན་དྲང་མཁན་ནི་ཁྲི་སྲོང་ལྡེ་བཙན་ཡིན་པ་ཡོངས་གྲགས་ཡིན་པའི་ཕྱིར། སླར་ཡང་དེ་ཉིད་དུ།“སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་ཚོགས་ནས་(དྷརྨ་དཀོན་མཆོག་སྤྲིན་)དང་(ལང་ཀར་གཤེགས་པ)བསྒྱུར་ཏེ་གཏན་ལ་ཕབ།”[23]ཅེས་པའི་ལུང་ལས་ཁོང་གི་ཡབ་དེ་ཁྲི་སྲོང་ལྡེ་བཙན་ཡིན་པ་སླར་ཡང་གསལ་ཁ་བསྟན། རྒྱུ་མཚན་ནི། གོང་གི་མདོ་དེ་གཉིས་ཡོངས་གྲགས་ལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བསྒྱུར་བ་བཞེད།
དེས་ན་ཆོས་རྒྱལ་ཁྲི་སྡེ་སྲོང་བཙན་ཞེས་པ་དེ་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཡིན་པ་སྒྲ་སྦྱོར་བམ་གཉིས་ལས་གསལ་བར་ཤེས་ཐུབ། དེ་བཞིན་ཁྲི་སྲོང་ལྡེ་བཙན་གྱི་སྲས་སད་ན་ལེགས་མཇིང་རང་ཉིད་ཀྱིས་དུས་སུ་བཞེངས་པའི་སྐར་ཆུང་རྡོ་རིང་གི་ཡི་གེར།“ཡབ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བྲག་དམར་གྱི་བསམ་ཡས་ལས་ལྩོགས་པ་དབུས་མཐར་ལྷ་ཁང་བརྩེགས་ཏེ་དཀོན་མཆོག་གསུམ་གྱི་རྟེན་བཙུགས། ”[24]སླར་ཡང་རང་ཉིད་ཀྱི་ཡབ་ཁྲི་སྲོང་ལྡེ་བཙན་ཡིན་པར་གསལ་བར་བསྟན། གོང་གསལ་གྱི་ལུང་དེ་གཉིས་ལོ་རྒྱུས་སྨྲ་བ་རྒན་བྱམས་པ་བསམ་གཏན་ལགས་ཀྱིས་ཀྱང་དྲངས་པ་མ་ཟད་མཇུག་ཏུ་འདི་ལྟར་གསུངས། “ཞེས་སོགས་ཚད་ཐུབ་ཀྱི་ཡིག་ཆ་དེ་དག་ལས་ཁྲི་སྲོང་ལྡེ་བཙན་ཁོང་གི་ཡབ་ཡིན་པ་དང་།ཁོང་ཉིད་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཡིན་པ་གསར་བར་གསུངས་པ་དང་།”[25]ཞེས་བདེན་ཁ་སྦྱིན། ཡང་ཁྲི་རལ་བ་ཅན་གྱི་ཡབ་སུ་ཡིན་གྱི་སྐོར་ལའང་རྒན་བྱམས་པ་བསམ་གཏན་ལགས་ཀྱིས་སླར་ཡང་འདི་ལྟར་གསུངས། “ཕྱི་ལོ་༨༢༣ལོར་ཁྲི་རལ་པ་ཅན་གྱི་བཙུགས་པའི་(ཁྲང་ཆིང་མཐུན་འབྲེལ་རྡོ་རིང་)ངམ་ལྷ་ས་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཤར་ངོས་ཀྱི་ཡིག་ཕྲེང་༣༤པར་བཙན་པོ་ཡབ་ལྷ་ཁྲི་ལྡེ་སྲོང་བརྩན་གྱི་ཞ་སྔ་ནས། སྒམ་དཀྱིལ་ཆེན་པོས་ནི། ཞེས་བཙན་པོ་ཁྲི་ལྡེ་སྲོང་བཙན་ནི་ཁྲི་རལ་གྱི་ཡབ་ཡིན་ཚུལ་གསལ་བར་གསུངས་པ་ནི་ཡིད་བརྟེན་འོས་པའི་གཏམ་ཡིན།”[26]ཞེས་པའི་ལུང་དང་རྒན་ཁོང་གིས་མཇུག་བསྡོམས་སོགས་ལས་ཀྱང་ཁྲི་རལ་པ་ཅན་དང་སད་ན་ལེགས་སམ་ཁྲི་ལྡེ་སྲོང་བཙན་གཉིས་གཅིག་མིན་པ་གསལ་བར་བསྟན་ནོ། །
དེས་ན་སྒྲ་སྦྱོར་བམ་པོ་གཉིས་པ་བྱེད་པའི་སྐབས་ཀྱི་རྒྱལ་པོ་དེ་ཁྲི་སྲོང་གི་སྲས་དང་ཁྲི་རལ་གྱི་ཡབ་ཁྲི་ལྡེ་སྲོང་བཙན་ཡིན་པ་ཐག་གིས་ཆོད། དེ་ལྟར་ན་བཀའ་བཅས་གཉིས་པ་དེ་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ལས་ཁྲི་རལ་མིན་པ་རྣམ་གཅད་དུ་ཁེགས། དེ་བཞིན་དེང་དུས་ལོ་རྒྱུས་སྨྲ་བ་རིན་ཆེན་བསམ་གྲུབ་ཀྱིས།“ཆོས་རྒྱལ་གཉིས་པ་ཁྲི་སྲོང་དགོངས་པ་ཆོས་དབྱིངས་སུ་འཐིམས་རྗེས་ཁོང་གི་ཐུགས་སྲས་ཁྲི་ལྡེ་བཅན་གྱིས་ཀྱང་ཡབ་རྗེ་དམ་པའི་ཕྱག་རྒྱུན་མ་ཉམས་གོང་པ་སྤེལ་གྱི་ལས་ལ་འབད་ཚུལ་ཡང་། སྒྲ་སྦྱོར་བམ་པོ་གཉིས་པ་རང་གི་དབུའི་བཀས་བཅད་དུ་གསུངས་པ་ལྟར། ཡབ་ཀྱི་བཀས་བཅད་དང་པོའི་རྨང་གཞིའི་སྟེང་གཞུང་ལུགས་ཆ་ཚང་ལ་ནོར་འཛོལ་མེད་པ། ཚིག་སྦྱོར་གོ་བདེ་ཞིང་རྟོགས་སླ་བའི་སྒྲ་སྒྱུར་གྱི་གཞུང་ལུགས་ཐོག་མར་སྟེ་༼སྒྲ་སྦྱོར་བམ་པོ་གཉིས་པ།༽གཏན་ལ་ཕབ།”[27] ཅེས་གསུངས་པ་ལས་ཀྱང་མི་དམན་པ་འཁུམས་ཐུབ། ད་དུང་དེ་དང་དེ་ལ་སོགས་པའི་ལུང་རིགས་དུ་མ་མཆིས་ཀྱང་ཐམས་ཅད་འབྲི་བ་ནི་ཡིག་ཚོགས་ཀྱི་ཁུར་ཆེ་བས་དེ་ཙམ་དུ་ཟད་པར་བྱས།
ཡང་ཇི་ལྟར་མཛད་ཚུལ་ཅུང་ཟད་གླེང་ན། དེ་ནི་ཡབ་ཁྲི་སྲོང་གི་སྐབས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ལ་སོགས་པས་བརྡ་གསར་རྙིང་གི་རྣག་གཞག་ལ་སོགས་པར་ཡི་གེ་ཟོར་ཡང་བའི་སླད་གསར་དུ་བཅད་པར་གཞི་བྱས་ནས། སྲས་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བཅད་ཀྱི་འོག་ལོ་ཙཱ་བས་བརྡ་གསར་རྙིང་གི་རྣམ་གཞག་དུ་མ་ཞིག་ཟོར་ཡང་པོར་བཅད། མདོར་ན། བཀས་བཅས་གཉིས་པར་གཙོ་བོ་དམ་ཆོས་བསྒྱུར་ཐབས་སུ་གཙོ་བོར་བྱས་ནས་བཀས་བཅད་གནང་ཡོད་པ་གོང་དུ་བཀས་བཅད་ཀྱི་དགོས་དམིགས་དང་བཀས་བཅད་དང་སྐད་བཅད་གཉིས་ཀྱི་ཁྱད་པར་ལས་ཀྱང་བསྟན་ཟིན། གང་ལྟར་བཀས་བཅད་གཉིས་པར་བརྡ་གསར་རྙིང་སོགས་དུ་མ་ཞིག་ཟོར་ཡང་དུ་བཅོས་པ་དག་གི་གཞུང་བོད་ལ་བྱེ་བྲག་རྟོག་བྱེད་ཆེ་འབྲིང་ཆུང་གསུམ་དུ་འདོད་ཀྱང་། ད་ལྟ་ང་ཚོར་དངོས་སུ་མཇལ་རྒྱུ་ཡོད་པ་ནི། ཆེ་འབྲིང་གཉིས་ལས་མ་མཆིས། དེ་ཡང་འབྲིང་བ་ནི་སྒྲ་སྦྱོར་བམ་པོ་གཉིས་པའོ། །དེ་དག་ནི་བསྟན་འགྱུར་ནང་ཡོད་ཀྱང་རྟོག་བྱེད་ཆུང་བ་ལག་གསོན་མེད་དོ། །
ཡིན་ཡང་བརྡ་གསར་རྙིང་ལི་ཤིའི་གུར་ཁང་དུ་བཀས་བཅད་དང་པོ་གཉིས་པ་གཉིས་ཀ་གཙོ་བོ་བོད་སྐད་ཀྱི་བརྡ་སྤྲོད་ཀྱི་གཤིས་དང་མ་མཐུན་པ་དག་གཙོ་བོར་བྱས་ནས་སྐད་བཅད་བྱས་པའི་བཟོ་འདྲ་བོ་འདུག དེ་ཡང་ལི་ཤིའི་གུར་ཁང་དུ།“ཡང་དེ་དག་ཏུ་ད་དྲག་དང་། དཔྱིད་སླར་བ་(ཟླ་ར་བ་)སོགས་དང་། དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་མཐའ་རྟེན་སྦྱར་བ་ནི་སུམ་རྟགས་ཀྱི་དགོངས་པ་ཡིན་ཀྱང་དོན་ལ་ཐོབ་པ་གཞིར་བྱས་ནས་ཡི་གེ་ཉུང་བའི་སླད་དུ་བཞག་པ་དང་། ཡང་མྱེད། མྱིན་སོགས་ཡ་བཏགས་པ་དང་། རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ། །”[28]ཞེས་གཙོ་བོ་དེ་བོད་རང་ཉིད་ཀྱི་དག་ཆ་དང་ཡི་གེ་འབྲི་སྟངས་སོགས་ཟོར་ཡང་དུ་བྱས་པ་གཙོ་བོར་བྱས་པ་ལས་དམ་ཆོས་བོད་ལ་བསྒྱུར་ཐབས་སུ་གཙོ་བོར་བྱས་པ་ཅང་མི་སྣང་བས་དཔྱད་པར་འཚལ་ལོ། །
སྐད་གསར་བཅད་གསུམ་པའི་སྐོར།
སྐད་བཅད་གསུམ་པ་ནི་བསྟན་པ་ཕྱི་དར་གྱི་དུས་རབས་༡༠པའི་མཇུག་ཙམ་དུ་ལྷ་བླ་མ་ཡི་ཤེས་འོད་ཀྱི་དུས། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་དཔང་ལོ་ཙཱ་བ་དང་གཞན་ཡང་བརྒྱ་ཕྲག་བཅུ་དྲུག་པའི་ནང་བྱོན་པའི་སྐད་གཉིས་སྨྲ་བ་ཞ་ལུ་ལོ་ཙཱ་བ་དྷརྨ་བྷདྲའི་བར་ལ་བྱས་པ་ཡོངས་གྲགས་ལགས།
སྐད་བཅད་གསུམ་པ་བྱེད་དགོས་པའི་དགོས་དམིགས་ནི། རྒན་བྱམས་པ་བསམ་གཏན་ལགས་ཀྱིས།“དམ་ཆོས་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་ཆོས་སྐད་བོད་སྐད་དུ་གསར་དུ་མིང་བཏགས་ཤིང་གཏན་ལ་ཕབ་པའི་བཀས་བཅད་མིན་པར་བོད་རང་སྐད་ཀྱི་བརྡ་གསར་རྙིང་དང་། ཡིག་གཟུགས།དག་ཆ་སོགས་ལ་འགྱུར་བཅོས་དང་ཞུས་དག་གིས་གཏན་ལ་ཇི་ལྟར་ཕབ་པའི་སྐོར་ཡིན་པ་གཤམ་གྱི་དཔེ་མཚོན་ལས་གསལ་བར་རྟོགས་ནུས།”[29]ཞེས་གསུངས་པ་དེ་ནི་དངོས་ཡོད་དང་མཐུན་དེ། དེ་ཡང་ལི་ཤི་གུར་ཁང་དུ་ཇི་ལྟར་སྐད་གསར་བཅད་གསུམ་པ་བྱས་པའི་སྐོར་རོབ་ཙམ་བཀོད་པ་ནི།“ལོ་ཆེན་གྱིས་ནི། གཉི་ཟླ་ལ་ཉི་ཟླ་དང་། བསྟན་བཅོས་ལ་བསྟན་ཆོས་དང་། སྟུག་པོ་ལ་འཐུག་པོ་དང་། ཉི་ཤུ་དང་སུམ་ཅུ་དང་སུམ་བརྒྱ་རྣམས་ལ། གཉིས་བཅུ་དང་གསུམ་བཅུ་དང་གསུམ་བརྒྱ་དང་། བསམ་གཏན་ལ་བསམ་བཏན་སོགས་འཆོས་པར་མཛད་ཀྱང་། བཀས་བཅད་བར་བ་བཞིན་དུ་གནས་པ་མང་ཞིང་།”[30]ཞེས་བསྟན་པ་ལས་ཤེས་ངེས་སོ།། །།
ཟུར་ལྟའི་ཡིག་ཆ་འགའི་མིང་།
༡༽ ལི་ཤིའི་གུར་ཁང་། སྐྱོགས་སྟོན་ལོ་ཙཱ་བ། སྲོང་བཙན་དཔེ་མཛོད་ཁང་ནས་། ༢༠༡༥
༢༽ འཛམ་གླིང་རྒྱན་གཅིག ༧འགོས་པདྨ་རྒྱལ་མཚན།ཆོས་སྤྱོད་དཔེ་སྐྲུན་ཁང་ནས། ༢༠༡༡
༣༽ བོད་སྤྱི་བཤད། བཀྲིས་ཚེ་རིང་།
༤༽ སྒྲ་སྦྱོར་བམ་པོ་གཉིས་པ།
༥༽ བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་སྒྱུར་འགྲེལ་བྱས།
༦༽ བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་།མི་རིགས་དཔེ་སྐྲུན་ཁང་། ༡༩༨༥
༧༽ མུ་ཏིག་ཕྲེང་མཛེས། སི་ཏུ་རིན་པོ་ཆེན། ཤེས་རིག་པར་ཁང་ནས། ༢༠༠༥
༨༽ རྒྱལ་མོ་འབྲུག་པ།
༩༽ ཀྲུང་གོའི་བོད་རིག་པ་ལོ་འཁོར་ཉི་ཤུའི་དཔྱད་རྩོམ་བདམས་བསྒྲིགས།
༡༠༽ སྐད་བཅད་ཐེངས་གསུམ་གྱི་གནས་ཚུལ། རང་རེའི་སློབ་གཉེར་བ་ལྷུན་གྲུབ་སོགས་ཀྱི་སཱ་ར་མཐོ་སློབ་ཏུ་བགྲོ་གླེང་སྐབས་ཀྱི་རྩོམ་ཤོག
༡༡༽ བཀས་བཅད་དང་སྐད་གསར་བཅད་ཀྱི་སྐོར།ཞེས་པའི་རྩོམ་ཤོག
༡༢༽ ལོ་ཙཱའི་རིག་ལམ་འཇིག་རྟེན་མིག་གི་དགའ་སྟོན་ལས། རིན་ཆེན་བསམ་གྲུབ་ཀྱི་ལོ་རྕ་བ་གླེང་བའི་རྩོམ་ཤོག
༡༣༽ བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་བ། ལོ་རྒྱུས་སྨྲ་བ་རྒན་བྱམས་པ་བསམ་གཏན། ཝཱཎ་གཙུག་ལག་སློབ་གཉེར་ཁང་། ༢༠༡༥
བཅས་ལས་རང་ཉིད་ཀྱི་སྐབས་བབ་བརྗོད་བྱང་དང་འབྲེལ་བའི་རིགས་ལ་ཟུར་བལྟས་བྱས་པ་དགེའཽ། ། སརྦམངྒལཾ།
[1] ༧འགོས་པདྨ་རྒྱལ་མཚན་གྱི་འཛམ་གླིང་རྒྱན་གཅིག་ལས། ཤོག་ངོས། ༨པའི་ནང་གསལ། ཝཱཎ་མཐོ་སློབ་ནས།༢༠༠༠ལོར།
[2] སི་ཏུ་རིན་པོ་ཆེན་གྱི་མུ་ཏིག་ཕྲེེང་མཛེས་ལས།
[3] ༧འགོས་ཀྱི་འཛམ་གླིང་རྒྱན་གཅིག་ལས། ཤོག་ངོས། ༡༢ནང་།་་
[4] བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་པ་། ཤོགས་ངོས།༢༣ལོ་རྒྱས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ༢༠༡༥
[5] བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་པ་། ཤོགས་ངོས།༢༥ལོ་རྒྱས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ༢༠༡༥
[6] ལུང་དེ་གོང་གསལ་རྒན་བྱམས་པ་བསམ་་གཏན་་གྱི་དེབ་ལས་ཤོག་ངོས།༢༣ལས་ཤུས།
[7] ལུང་དེ་གོང་གསལ་རྒན་བྱམས་པ་བསམ་་གཏན་་གྱི་དེབ་ལས་ཤོག་ངོས།༢༥ལས་ཤུས།
[8] གོང་གསལ་རྒན་བྱམས་པ་བསམ་གཏན་གྱི་ལདེབ་ལོ་རྒྱུས་དེབ་བཀའ་བསྟན་འོད་སྣང་གསར་པ་ལས་་ ཤུས། ཤོག་ངོས།༢༦ནས་༢༨བར།
[9] སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲིས་ཀྱི་ལི་ཤི་གུར་ཁང་ལས། ཤོག་ངོས་༡་པོའི་ནང་གསལོ། སྲོང་བཙན་དཔེ་མཛོད་ཁང་ནས། ༢༠༠༩ལོར།
[10] ༼ཀྲུང་གོའི་བོད་རིག་པ༽ལོ་འཁོར་ཉི་ཤུའི་དཔྱད་རྩོམ་བདམས་བསྒྲིགས། ནང་རྩོམ་པ་པོ་ནོར་བུ་རྒྱ་མཚོ།
[11] གོང་གསལ་རྒན་བྱམས་པ་བསམ་གཏན་གྱི་་ལོ་རྒྱུས་དེབ་བཀའ་བསྟན་འོད་སྣང་གསར་པ་ལས་་ ཤུས། ཤོག་ངོས།༣༧ལས།
[12] སྐྱོགས་སྟོན་རིན་ཆེན་བཀྲིས།ལཤིའི་གིར་ཁང་། ཤོག་ངོས།༣ སྲོང་བཙན་དཔེ་མཛོད་ཁང་ནས། ༢༠༠༩
[13] བཀྲིས་ཚེ་རིང་གི་བོད་སྤྱི་བཤད་ལས་ཤོག་ངོས།༧༢ནས་༧༣བར་གསལ།
[14] ལི་ཤི་གུར་ཁང་། སྐྱོགས་སྟོན།
[15] རྒན་བྱམས་པ་བསམ་གཏན་གྱི་བཀའ་བསྟན་ལོ་རྒྱུས་འོད་སྣང་ལས། ཤོག་ངོས།༢༣ ཝཱཎ་གཙུག་ལག་སློབ་ཆེན་ནས། ༢༠༡༥
[16] བཀའ་བསྟན་འོད་སྣང་གསར་བ།ཤོག་ངོས་།༢༣ རྒན་བྱམས་པ་བསམ་གཏན། ཝཱཎ་གཙུག་ལག་སློབ་ཆེན།༢༠༡༥
[17] རྒྱལ་རབས་གསལ་བའི་མེ་ལོང་ལས།
[18] སྒྲ་སྦྱོར་བམ་པོ་གཉིས་པ་ལས།
[19] ལི་ཤི་གུར་ཁང་ལས་ཤོག་ངོས། ༣པའི་ནང་གསལོ།
[20] འབྲི་གུང་ཆེ་ཚང་རིན་པོ་མཆོག་གི་གསུང་རྩོམ་ལས།
[21] སྒྲ་སྦྱོར་བམ་པོ་གཉིས་པའི་ཤོག་ངོས་དངཔོ་ལས།
[22] སྒྲ་སྦྱོར་བམ་པོ་གཉིས་པ།
[23] སྒྲ་སྦྱོར་བམ་པོ་གཉིས་པ་ལས།
[24] བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང་། མི་རིགས་དཔེ་སྐྲུན་ཁང་།
[25] བཀའ་བསྟན་ལོ་རྒྱུས་འོད་སྣར་གསར་བ། ཤོག་ངོས་༣༥ ལོ་རྒྱུས་རྒན་བྱམས་པ་བསམ་གཏན ། ཝཱཎ་གཙུག་ལག་སློབ་ཆེན།༢༠༡༥
[26] བཀའ་བསྟན་ལོ་རྒྱུས་འོད་སྣར་གསར་བ། ཤོག་ངོས་༣༥ ལོ་རྒྱུས་རྒན་བྱམས་པ་བསམ་གཏན ། ཝཱཎ་གཙུག་ལག་སློབ་ཆེན།༢༠༡༥
[27] རིན་ཆེན་བསམ་གྲུབ་ཀྱི་ལོ་ཙཱའི་རིགས་ལམ་འཇིག་རྟེན་མིག་གི་དགའ་སྟོན་ལས།
[28] ལི་ཤིའི་གུར་ཁང་། ཤོག་ངོས།༣ སྐྱོགས་་སྟོན། སྲོང་བཙན་དཔེ་མཛོད་ཁང་། ༢༠༠༩
[29] བཀའ་བསྟན་ལོ་རྒྱུས་འོད་སྣང་རབ་གསལ་ལས་ཤོག་ངོས།༣༦ ལོ་རྒྱུས་སྨྲ་བ་རྒན་བྱམས་པ་བསམ་གཏན། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན། ༢༠༡༥
[30] ལི་ཤིའི་གུར་ཁང་། ཤོག་ངོས་།༣ སྐྱོགསསྟོན། སྲོང་བཙན་དཔེ་མཛོད་ཁང་། ༢༠༠༩
༼རྒྱུ་མཚན་ནི། སྐབས་དེ་དུས་བོད་མི་རྣམས་བོན་ཆོས་ཀྱི་་་་འཆིང་སྒྲོག་་་ལས་ཐར་མེད་པ་དང་གཅིག༽ ཧཧཧ ཁྱོད་སྙིང་རྗེའི་གནས་སུ་རིགས་པར་བྱའོ།
རོང་པ་དགེ་རྒན་ལ་བསྟེན་ཡུན་རིང་ན་སྐད་ཆ་འདི་འདྲ་མ་གཏོགས་ཤོད་ག་ལ་ཤེས། །
སྔོན་འཇུག་དང་རྗེས་འཇུག་གི་ཡི་གེ་རྣམས་མིང་གཞི་ཨ་ཡིག་སྲོག་གི་ཚུལ་ཡོད་པའི་ཡི་གེ་དག་ལས་ཡིག་གཟུགས་མི་འདྲ་བ་དགོས་པ་ལས མི་འདྲ་བ་མེད་པས། གསར་བུ་པ་རྣམས་ལ་མིང་གཞི་དང་། སྔོན་རྗེས་ཀྱི་ཡི་གེ་རྣམས་ངོས་འཛིན་པ་ལ་བཤད་པ་རྒྱབ་དགོས་པར་སྣང་བ་དང་། སློབ་དཔོན་ཐོན་མིས་གསལ་བྱེད་ཉེར་དགུ་དང་། བོད་སྐད་ལ་མཁོ་བའི་དབྱངས་ལྔ་ཡོད་པ་རྒྱ་གར་གྱི་གུཔྟའི་ཡི་གེ་དག་ལས་བླངས་ནས་འཇོག་པར་མཛད་པ་ལས། ཕྱིས་སུ་ཨ་ཡིག་ཀྱང་། གསལ་བྱེད་ཁོངས་སུ་བཀོད་དེ། གསལ་བྱེད་སུམ་ཅུ་དང་དབྱངས་བབཞིར་ཡོད་པ་ཞིག་ཏུ་ཆགས།
དེ་ཡང་དཔེར་ན། ང་། ཅི། ཆུ། དེ། ངོ་བོ་རྣམས་ལ་དབྱངས་ཡིག་རྣམས་གསལ་བྱེད་རྣམས་ཀྱི་སྲོག་གི་ཚུལ་དུ། ཨ་ཨི་ཨུ་ཨེ་ཨོ་རྣམས་བཞུགས་སོ།
ཇི་སྐད་དུ།
དབྱངས་ཨ་ཨི་ཨུ་ཨེ་ཨོ་ཨ་མ་ལས། །
མ་སྐྱེས་ཡི་གེ་མིང་ཚིག་བོད་ལ་མེད། །
ཀི་ཀུ་ཀེ་ཀོ་ཀ་ལྔར་ངེས་པས་ཤེས། །
ཀད་ཀན་ཀལ་ཀས་དབྱངས་ཨར་ཉམས་གསོ་དགོས། །
ཨག་ལོད་ལགས་ཀྱིས། བོན་ཆོས་ཀྱིས་འཆིང་སྟངས་ཤིག་དང་། སྒྲོག་སྟངས་ཤིག་མ་བཤད་ན། བོད་ཆོས་སྤྱི་དང་། སྒེར་བོན་ཆོས་ལ་བསྐུར་འདེབས་དང་སྒྲོ་འདོགས་བྱས་པར་ཐལ་ལོ།།
བོད་གངས་ཅན་པའི་གདོད་མའི་ཆོས་དང་འབྲེལ་བའི་རིག་གནས་དང་ལོ་རྒྱུས་ཡོད་ཚད་དེ། བོད་མི་རིགས་ལས་ལོགས་སུ་བཀར་གང་ཐུབ་བྱེད་པ་འདི་ནི། རོང་པ་སྤྱང་པོའི་དགེ་ཕྲུག་ཀླད་སྟོང་ཚོའི་ཆབ་སྲིད་ལོས་ཡིན། ངོ་ཚ་དང་སྐྱིད་སྡུག་མེད་པའི་བྱ་བ་རེད། སྔ་རབས་ཀྱི་རང་སའི་ཆོས་དེ་ལོགས་སུ་བཀར་ཐུབ་ན་རོང་ཆོས་གསར་པ་དེས་སྣང་བར་གང་དྲན་བྱ་རྒྱུ་རགས་ཀྱི་ཡོད་པས། བོད་ཀྱི་སྣོད་བཅུད་ཆ་ཚང་བོད་མི་རིགས་ལ་བདག་དབང་མེད་པར་ལོ་རྒྱུས་དང་རིག་གནས་ཀྱི་མགོ་ཁུངས་ཆ་ཚང་རོང་པར་བཏུགས་དགོས་པའི་ཀུན་སློང་བཟུང་ཡོད་པ་ཨེ་ཤེས། ད་དུང་ཞེ་བོ་འཇོན་མདོག་སྟོན་མ་ཡོང་ཨ། མ་རྩ་ལ་བསམ་བློ་བཏང་ནས་སྐད་ཆ་ཤོད་དགོས་པར་སེམས་སོ། །
བདག་ནི་རོང་པར་ཡོངས་མི་འཛིན།
བོད་རིགས་བོན་པོར་མི་སྡང་ཡང་།
གང་ཞིག་རིགས་པར་ལྡན་པའི་ཚིག
དེ་ཉིད་ཁུངས་སུ་འཛིན་པ་ཡིན།།
་
བོད་གངས་ཅན་པའི་གདོད་མའི་བོན་དང་འབྲེལ་པའི་དིང་སང་གི་བོན་བཞིན་དུ། ཐོན་མིའི་སྔོན་ནམ་རྗེས་སུ་ཞི་ཞིང་དུལ་བའི་བོན་གྱི་གྲྭ་པ་རྣམས་བཞུགས་བཞིན་དུ། རང་རིགས་ལ་མ་བརྩིས་པར་རི་བོ་གངས་ཅན་གྱི་རི་བོའི་ལ་མང་པོ་བརྒལ་དགོས་པའི་དཀའ་ལས་བརྒྱབས་པ་དང་། དེར་མ་ཟད་རང་རེས་མཐོང་ཐོས་སུ་གྱུར་པའི་འབྲས་སྤུངས་སོགས་གདན་ས་ཆེན་པོ་དག་ཏུ བོན་ལུགས་ཀྱི་གྲྭ་གཞོན་མང་པོ་རོང་པའི་གཞུང་ལུགས་རྣམས་སྦྱོང་བར་ཕེབས་པའི་ལོ་རྒྱུས་ཡོད་པར་ཟད། བདག་རང་གིས་ཀྱང་དེའི་གྲས་ཤིག་དང་མངོན་སུམ་དུ་མཇལ་ཕྲད་བྱུང་ངོ་།
ཨ་ཁུ་རོང་པ་སྣ་རིང་ཚོས། ལ་དྭགས་པ་ཚོ་རང་གི་ཕ་མེས་ཀྱི་ཡུལ་ལུང་ལ་དྭགས་ནས། རྒྱང་ཕུད་བཏང་ན། རྒན་ལ་དྭགས་འཇམ་དཔལ་ལགས་ལ། དགོངས་ཚོར་ག་འདྲ་ཞིག་ཡོང་ས་རེད་དམ། དེ་དུས་ཁྱེད་ཀྱིས་ཨ་ཁུ་རོང་པ་ཚང་ལ་རིགས་པར་ལྡན་པའི་ཚིག་རེད་ཟེར་ནས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ནམ་ལགས། །
༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་དུས་རབས་བདུན་པའི་ནང་བོད་ཀྱི་ཡི་གེ་བཟོས་པ་ནས་བཟུང་ནང་པའི་ཆོས་དང་། ནང་པའི་ལྟ་གྲུབ། ནང་པའི་ཚན་རིག་སོགས་རིག་གནས་རྣམས་འཕགས་ཡུལ་ནས་བླངས་པ་ལ་བརྟེན་ནས་བོད་ས་ཡོངས་དཀར་འབྱམས་ཡུག་གཅིག་ཏུ་གྱུར་པར་གསུངས། དེ་ཡང་དུས་རབས་བཅུ་བཞི་པའི་ནང་། བོད་ཀྱི་མཁས་པ་ཞིག་གིས་བོད་ས་གངས་རིས་བསྐོར་ནས་དཀར་ཡང་། འཕགས་པའི་ཡུལ་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་འོད་སྣང་མ་སླེབས་བར་མུན་ནག་ཡིན་པར་གསུངས་པ་བདེན་ཞེས་དང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཙུགས་པའི་རྡོ་རིང་སྟེང་བོད་ཡིག་དང་འདྲ་བའི་ཡི་གེ་ཀློག་ཐུབ་པ་དེ་འདྲ་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་བཀའ་བསྩལ་པ་ཐོས། བདག་གིས་ཐོས་པ་བདེན་ན། སོ་ལན་དུ་བཞུགས་པ་སྨན་རིའི་ཁྲི་འཛིན་ཡང་བོད་ཀྱི་འབྲས་སྤུངས་དགོན་པར་ཆོས་ཞུགས་བགྱིས་ཏེ་ཐོས་བསམ་སློབ་གཉེར་གནང་བ་མ་རེད་པས།
ད་ཡང་འདི་ཚོས་འབྲས་སྤུངས་རོང་པའི་དགོན་པ་ཡིན་ལབ་ཀྱི་ཡོད་ས་རེད།
ཨ་ཁ་ཁ། ངས་རོང་པ་ཅིག་ཅིག་མག་མག་ཟེར་ནས་བཤད་པ་མ་གཏོགས། འབྲས་སྤུངས་ལ་གང་ཡང་ལབ་མེད་དོ། སྔོན་མ་འབྲས་སྤུངས་ནང་ལ་བོན་གྱི་ལྷ་མོ་སྲིད་པ་རྒྱལ་མོའི་ལྷ་ཁང་རྙིང་པ་ཞིག་ནང་བོན་དཔེ་ཁམས་ཆེན་དང་དུང་དཀར་བཅས་ཡོད་རབས་རྒན་བགྲེས་ཀྱི་ཞལ་ལས་ཐོས། དེང་སང་ཨག་ཐམ་བཏང་ཚར་ཡོད་ཀྱི་རེད། སྲིད་རྒྱལ་གྱི་ལྷ་ཁང་དེ་དེང་སང་བསྡད་ཡོད་ན་ང་གནས་མཇལ་ལ་འགྲོ་ཐག་ཆོད་ཡིན། གཞན་ཅི་མི་ཤེས། །
བདག་གིས་མཇལ་ཕྲད་བྱས་པའི་བོན་གྲྭ་དེས་གསུངས་པ་ལྟར་ན། སྟོན་པ་བཤེན་རབས་གཙོ་ཆེ་བ་དང་། སྟོན་པ་ཤཱཀྱ་ཐུབ་པ་ལ་བརྩི་བཀུར་ཡོད་ཀྱང་། སྟོན་པ་བཤེན་རབས་ལྟར་ཁྱབ་ཆེ་བ་མ་ཡིན་པར་བོན་པོ་རྣམས་འདོད་ཅེས་སོ།
བོན་པོ་ལེགས་ལ། ལ་དྭགས་ཀྱི་ལོ་རྒྱུས་ནི། ལོ་ངོ་ཆིག་སྟོང་དང་༏ བརྒྱ་ཕྲག་གཉིས་གསུམ་གྱི་སྔོན་དུ། རོང་པ་དརྡ་ཞེས་པའི་འབྲོག་པ་ར་ལུག་ཕྱུགས་སྐྱོང་མཁན་ཡིན་འདུག དེ་དག་གིས་བྲག་ལ་བརྐོས་ནས་བཞེངས་པའི་སངས་རྒྱས་པའི་ལུགས་ཀྱི་སྐུ་འདྲ་ཁ་ཤས་དང་། ཕ་བོང་སྒང་ལ་བརྐོས་པའི་ར་ལུག་གི་རི་མོ་རྣམས་མཐོང་ཐུབ། དེ་ནས་བོད་རྒྱལ་སྲོང་བཙན་གྱི་དུས་སོགས་སུ་བོད་དམག་ཤུགས་ཆེ་ལ་ཕོན་ཆེ་བ་མར་ཡུལ་ལ་དྭགས་དང་། གནུབས་རྭ། ཟངས་དཀར། སྤྱི་ཏི། གར་ཞ། ནུབ་བྱང་ན་སྦལ་ཏི་རོང་པ་རྣམས་ཀྱི་སྐད་དང་། ལུགས་སྲོལ་རྩམ་ཟན་པ་བོད་ལྟར་དང་། རྒྱལ་བ་ལེགས་པའི་དོན་ཡིན། གུས་བཀུར་གྱི་འཇུ་སྔོན་བོད་ཡུལ་དབུས་ན་ཡོད་པ་བཞིན་དུ། ཨ་ཁུ་རོང་པའི་རིགས་བརྒྱུད་པ་དག་གི་ཁ་སྐད་ལ་ཆགས་འདུག བདག་གི་གྲོང་ཡུལ་ན། གྲོང་པ་བཅུ་ཁག་གི་མིང་སོགས་ཚང་མ་བོད་སྐད་རེད་འདུག་པས། དགའ་བར་གྱིས། ཞེས་ཞུའོ།
བོད་དང་བོད་མིའི་སྐོར་ལ་དྲི་བ་བཅུ།
https://www.facebook.com/VOTibet/videos/425574654503093/?hc_ref=ART5H-MYGjhGy4vC1biO1dJLk-E_3GiWY8m6weRqOfDt6HYoj0lHlv-UerDRVq4l2aA
འཇིག་རྟེན་ཆགས་རབས་དང་མི་གི་སྤྱི་ཚོགས་འཕེལ་རིམ་དེ་ཚོ་ཁུང་བཙན་ལོ་རྒྱུས་བཤོད་ཐུབ་མཁན་འཛམ་གླིང་འདིར་མི་གཅིག་ཀྱང་མེད་པ་དང་ཚོད་དཔག་བྱས་ནས་ཧམ་བཤད་དང་ཧམ་སྒྲུང་བཟོ་མཁན་གྱི་མཁས་མིང་ཅན་དང་ཚན་རིག་པ་དངོས་རྫས་རྟགས་ཞིབ་པ་སོགས་མི་མང་མགོ་འཐོམ་དུ་འཇུགཁན་མང་པོ་ཡོད་ན་ཡང་དོན་དངོས་འཛམ་གླིང་གི་ས་གཞི་འདི་ག་འདྲ་བྱས་ནས་ཆགས་པ་དང་འབྱུང་བ་བཞི་འདི་ག་འདྲ་བྱས་ནས་བྱུང་བ་དང་མི་གི་འགྲོ་བ་ག་འདྲ་བྱས་འཕེལ་བ་སོགས་ལ་ཁུང་ཐུ་ངོ་སྤྲོད་ཐུབ་མཁན་ནང་པའི་བཀའ་འགྱུར་ལས་ཁུང་བཙན་པ་ས་སྟེང་འདིར་མེད་པ་ཐག་ཆོད་།
འཇིག་རྟེན་ཆགས་ཚུལ་བཀའ་བསྟན་ན་བཤད་པ་དེ་བདེན་པར་སྣང་། ཆགས་འཇིག་གནས་གསུམ་དང་། ཞིག་ནས་འདུག་པ་བཞི་པོ་འདི་དག་དུས་མཉམ་པ་ཡོད་ཅེས། གཙང་དུ་ཡོད་དུས་མཛོད་ཀྱི་འགྲེལ་པ་ཞིག་ན་བཀླགས་པར་དྲན། དེ་ཡང་མཛོད་གནས་གསུམ་པ་ན།
་
དེ་ལྟར་འཇིག་རྟེན་ཆགས་པ་འདི།
བར་གྱི་བར་གྱི་བསྐལ་པ་ཉི་ཤུར་གནས།
ཆགས་པ་དང་ནི་འཇིག་པ་དང་།
ཞིག་ནས་འདུག་པ་དུས་མཉམ་མོ།། ༩༣ །།
་
ཞིག་ནས་འདུག་པ་ལ་ཚན་རིག་པས་། ནག་ཁུངས། [black whole] ཞེས་སོ།
༄༅། །སྔོན་གླེང་འོད་སྣང་དཀར་པོ།
བོད་མི་རིགས་ནི་སྔོན་གྱི་དུས་སུ་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཙང་། སྐད་ཡིག་གི་འབྱུང་ཁུངས་ཀྱང་དེ་བཞིན་ལགས། ལྷག་པར་མི་རྗེ་སྲོང་བཙན་གྱི་དུས་སུ་ཡིག་མཁན་ཐུ་མི་ཡིས་དཀའ་བ་དུ་མའི་ས་ཕག་མཁར་བརྩེགས་ཏེ། བོད་རང་ཉིད་ཀྱི་སྐད་དང་མཐུན་པའི་ཡིག་གཟུགས་ཀྱི་མཁར་རྫོང་གསར་བ་ལེགས་པར་བཞེངས་པ་ནི་ཡོངས་གྲགས་ལགས། དུས་དེ་ནས་བཟུང་རང་ཅག་རྣམས་སྟོབས་ཆེན་གྱི་མི་རིགས་གཞན་དང་བསྡོངས་དཔུང་པ་མཉམ་གཤིབ་ཀྱི་བང་རྩལ་འགྲན་པའི་སྐལ་བ་དེ་བས་ཀྱང་གྱ་ནོམ་དུ་སོང་བ་ནི་བརྗོད་མེད་ལགས། ཡིན་ཡང་དུས་རབས་ཀྱི་འཕོ་འགྱུར་སོགས་དོན་གནད་དུ་མ་ཞིག་ལས་རང་མི་རིགས་ཀྱི་སྐད་ལ་སྣོན་འཕྲི་ཡི་སྐད་བཅད་སྔ་གཞུག་བསྡོམས་པའི་གསུམ་ཙམ་བྱེད་དགོས་བྱུང་འདུག དེ་དག་གི་སྐོར་རང་ནུས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྟ་བོ་དཔྱད་གཅོད་ཀྱི་གཞུང་ལམ་ལ་བརྩོན་འགྲུས་ལྩག་གིས་སྐུལ་ན་གཤམ་གསལ་ལྟར། །
མངོན་པར་བསྟོད་དོ།
http://www.khabdha.org/?p=31604
བོན་པོ་ལོ་རྒྱུས་རྫུན་བཟོ་མཁན་དང་། བོན་ཆོས་གཉིས་ཀྱི་ཕུང་གསུམ་པ་གཉིས་ཀྱིས་བོད་ཀྱི་རིག་གཞུང་རྩ་རྫོགས་བྱ་ངེས་སོ། །
བློ་གྲོས་དམན་པའི་འདོད་གཏམ་་་་
གོ་རྒྱུ་མེད་པའི་ཉོག་རིང་་་
ལས་རྒྱུ་མེད་པའི་མཆན་རིང་་་་
ཚར་རྒྱུ་མེད་པའི་ཁ་ཤགས་་་་
ཨཱཙཱརྱ་ཨག་ལོད་ལེགས། ཚིག་སྦྱོར་གོ་བདེ། བརྡ་སྤྲོད་དང་མཐུན།
རྒན་ལ་དྭགས་འཇམ་དཔལ་ལེགས།
སྐུ་ཉིད་རོང་པ་ཡིན་ཨེ། ལ་དྭགས་པའི་ཁ་སྐད་དང་། མི་གཤིས་ལུང་པའི་ཆགས་ཚུལ་སོགས་གང་ལ་བལྟས་ཀྱང་རོང་པ་འདྲ་པོ་རྩ་བ་ནས་མི་འདུག་གོ ཡང་མིན་ན་དེང་སང་རོང་མགོ་མཐོ་ཡོང་དུས་རོང་པར་རང་བཞིན་གྱིས་འགྱུར་བྱུང་སོང་བ་ནི་ཡིན་གྱི་མ་རེད། བོད་མགོ་མཐོ་དུས་བོད། རོང་མགོ་མཐོ་དུས་རོང་། སིག་མགོ་མཐོ་དུས་སིག ཁ་ཆེ་མགོ་མཐོ་དུས་ཁ་ཆེ། ད་དེ་འདྲ་རང་མ་གསུངས་རོགས་མ་གཏོགས། ང་ཚོ་གཞོན་སྐྱེས་ཚོ་སེམས་ཤུགས་ཆགས་ས་རེད་དོ།