འབའ་སྲས།
སྐད་འཕྲིན་ནང་ནས་བུ་མོ་ཞིག །
སྒེར་ལ་བླངས་ཏེ་དེ་མ་ཐག །
སྐྱིད་པོ་འདོད་གཏམ་གླེང་བ་ཞིག །
མཚན་གུང་རྨི་ལམ་ནང་དུ་རྨིས།།
གདོང་པར་བལྟས་ན་མཛེས་མ་ཞིག །
སྐད་ལ་ཉན་ན་ལོ་ཆུང་ཞིག །
ཁ་བརྡ་བྱས་ན་སྐྱིད་པོ་ཞིག །
ཀུ་རེ་རྩེས་ན་བསོ་མོ་ཞིག །
ཐག་རིང་ཞིག་ན་ཡོད་སྐད་ཟེར།།
ཁྱོ་ཀ་བྱིས་པ་མེད་མཁན་ཟེར།།
གཉེན་སྒྲིག་བྱས་མྱོང་མེད་དོ་ཟེར།།
དགའ་ན་དགའ་རོགས་བསྒྲིག་ཆོག་ཟེར།།
རྒྱབ་ནས་ལས་ལ་དགའ་ལ་ཟེར།།
ཁ་དང་ལྕེ་ཡིས་འཇིབ་ལ་ཟེར།།
ཉལ་སར་འཕེན་རེས་བྱེད་ལ་ཟེར།།
འདོད་པའི་རྐྱལ་བ་ཡིན་རབས་ཟེར།།
ཁ་ཤ་སོ་ཡིས་འདེབ་ལ་ཟེར།།
རྒྱབ་ལ་སེན་མོས་འབྲད་ལ་ཟེར།།
སྐྲ་ཡི་སྣེ་ནས་འཐེན་ན་ཟེར།།
ལག་པས་ཤུགས་ཀྱིས་བསྡམ་ན་ཟེར།།
བྷ་གའི་ཁ་སྒོ་དམ་རབས་ཟེར།།
བཙུར་རི་ཁ་བསྡམས་ཡིན་ཚུལ་ཟེར།།
དྲི་མ་ཐན་ནག་མི་བྲོ་ཟེར།།
བ་གཉའ་ཁ་ལུག་མི་ཚུལ་ཟེར།།
བྲང་གི་ནུ་མ་ཟླུམ་རབས་བཤད།།
བརླ་རྒྱས་སྐེད་པ་ཕྲ་རབས་བཤད།།
ལུས་ཀྱི་རེག་བྱ་མཉེན་རབས་བཤད།།
མཛེས་མའི་ཁྱད་ཆོས་འཛོམས་རབས་བཤད།།
བཤད་ན་ལིང་ག་མཁྲང་བར་བྱེད།།
བགད་ན་རླིག་རྩ་འདར་བར་བྱེད།།
ཉན་ན་དབུགས་ཀ་འཚང་བར་བྱེད།།
བསམས་ན་འདོད་པས་རྒྱལ་བར་བྱེད།།
ཚར་བཤད་ཕར་བཤད་རྔ་མ་དེར།།
མཐོང་ཆོས་ནང་ནས་བལྟ་རྒྱུ་བྱས།།
སྐད་ཆ་དྲང་མོར་བཤད་རྒྱུ་བྱས།།
ཁ་ངོ་གསལ་བོར་སྟོན་རྒྱུ་བྱས།།
ཨ་ཚ་ཨ་ཚ་བསྲེགས་བཏང་ཐལ།།
ཨ་ཧོ་ཨ་ཧོ་བསད་བཏང་ཐལ།།
ཨ་ཙི་འདི་མོ་མོ་བཙོག་ཅིག །
ཨ་ཁ་ཨ་ཁ་ངོ་གཅིག་རྫོགས།།
ཡ་ཁ་ཡར་ལ་བརྫེས་ནི་ཞིག །
མ་ཁ་མར་ལ་ལུག་ནི་ཞིག །
ཁ་ནི་ཧ་ཅང་ཆེ་ནི་ཞིག །
མདུན་སོ་ནག་སེ་ཡོད་ནི་ཞིག །
སྐྲ་འདབས་དཀར་པོར་ཆགས་ནི་ཞིག །
ཐོད་པར་གཉེར་མ་བརྩེགས་ནས་ཞིག །
ངོ་ན་སྨེ་བ་མང་ནི་ཞིག །
འགྲམ་པ་ཆེ་ཆུང་ཡོད་ནི་ཞིག །
མིག་གིས་ཟུར་གྱིས་ལྟ་ཞོར་དུ།།
གདོང་པ་འཛུམ་འཛུམ་བྱེད་ཞོར་དུ།།
གསལ་བོར་མཐོང་ངམ་འདྲི་ཞོར་དུ།།
ལག་པ་གཡུག་གཡུག་བྱེད་པ་མཐོང་།།
སྙིང་ལ་འབྲུག་གིས་ཐོག་འཕེན་ཞིང་།།
ལུས་ནས་རྔུལ་ཆུ་ཆར་བབས་པས།།
ཁོ་བོ་འཕག་ཚགས་དང་བཅས་སད།།
ཆུང་མས་ཁྱོད་ལ་ཅི་བྱུང་འདྲི།།
༠༣/༠༣/༡༥ མཚན་མོར།
ཁ་བརྡ་དྲ་རྒྱ་རྫོར་པོ་མ་བཟོ་རོགས་།
ཆགས་གཏམ་བཤོད་སའི་འཁོར་ཡུག་གཞན་མེད་པ་ཡིན་ནམ་།