རླུང་དམར།
སྐད་འཕྲིན་མི་ལེགས་ཟེར་བཞིན།།
གཏམ་དང་གསང་བ་མི་བརྟན།།
རྒྱ་ནག་དྲྭ་མིག་གནོད་འཚེ།།
བོད་པས་བཀོལ་མིན་གསུང་གི།།
གཞིས་བྱེས་སེམས་པའི་བར་ཐག།
སྐད་འཕྲིན་འདི་ཡིས་སྦྲེལ་ཡོད།།
ཁྱོད་རང་འདི་ལ་སྡང་ན།།
རང་མེད་རང་བརླག་ཡིན་འགྲོ།།
ཁ་བདེ་མགོ་བདེ་རིགས་འགས།།
ཕར་དཀྲུག་ཚུར་དཀྲུག་གནང་གི།
སྐད་འཕྲིན་ཡག་ངན་ཡོད་པ།།
དེང་གི་སྲིད་དོན་ཡིན་ནོ།།
སྐད་འཕྲིན་དུས་རབས་འདི་ནས།།
བྱེས་ཀྱི་བོད་མི་གནོད་དམ།།
དགྲ་ལག་ནང་གི་བོད་མིས།།
ད་དུང་ཐུ་བྷོད་བསམ་ཡོད།།
འབྲེལ་ཐག་སྐད་འཕྲིན་འདི་ཉིད།།
རྒྱང་དུ་འདོར་དགོས་ཡོད་ན།།
གངས་རིའི་ཕྱི་ནང་གསང་གསུམ།།
གཏན་དུ་བརླག་པ་མིན་ནམ།།
ལྷ་སྤྲུལ་ཕོ་ཉ་འདྲ་བའི།།
རྒྱ་ཡི་ཚན་རྩལ་མཚར་པོ།།
ཕན་གནོད་ཇི་ཙམ་ཡོད་ཀྱང་།།
རྨི་ལམ་མཚར་སྡུག་སྦྲུམ་ཡོད།།
བོད་མི་ལ་ལའི་ཚོགས་ནི།།
རི་བོང་ཅལ་འདྲོགས་ཡིན་པ།།
ཁ་སང་དེ་རིང་བར་ན།།
སྨྱ་ནི་སྨྱོ་ནི་རེད་འདུག།
རྒྱ་ནད་སྐད་འཕྲིན་ངན་པ།།
ལ་སྒྲོག་ལུང་སྒྲོག་བྱས་ཏེ།།
སེམས་ཀྱི་ཐེ་ཚོམ་སྣ་འདུས།།
གཅིག་གིས་གཅིག་ལ་སྤེལ་སོང་།།
སྐད་འཕྲིན་ཉེས་འདོགས་གླེང་ནས།།
ཕ་མ་གཉེན་ཉེའི་འབྲེལ་ཐག།
ནག་བསུབ་དམར་གསོད་གཏོང་གི།
ལས་མེད་རྣམས་ཀྱི་ལུགས་རེད།།
ཆ་འཕྲིན་དར་ནས་བཟུང་སྟེ།།
སྐད་འཕྲིན་སྤྱད་པས་དགེ་ཕན།།
གོ་ཐོས་མཐོང་ཐོས་མང་པོ།།
སྟབས་བདེའི་མདུན་ལམ་ཡིན་ནོ།།
དེ་འདྲའི་སྐད་འཕྲིན་ངོ་མཚང་།།
ས་སློག་རྡོ་སློག་གནང་ཡང་།།
རྒྱ་ནག་དམར་པོའི་བ་སྤུ།།
རྒུད་མུན་ཕྱོགས་སུ་མ་ནུས།།
སྐད་འཕྲིན་དར་ཁྱབ་བར་ནས།།
ཁེ་ཕན་གཉིས་ཕན་བླངས་ཏེ།།
ཕར་ནང་ཚུར་ནང་གསར་འགྱུར།།
མཁོ་སྒྲུབ་བྱུང་ན་ལེགས་སྙམ།།
བོད་མི་ཉུང་ཉུང་ང་ཚོར།།
གསང་བ་ག་ཚོད་ཡོད་དམ།།
སྐད་འཕྲིན་བསུབ་རོགས་ཟེར་གི།།
རྒྱ་མིའི་ཅ་ལག་ཟེར་གི།།
ཁ་རྩོད་སྣ་རྩོད་ལྟ་བུ།།
སྐད་འཕྲིན་རང་ལ་དཀྲིས་འདུག།
རྒྱུ་མེད་དོན་མེད་ལས་ཀ།།
ཡང་ཡང་བྱེད་ན་མི་ལེགས།།
སྐད་འཕྲིན་སྐད་འཕྲིན་མ་རྩོད།།
བོད་ལ་སྲི་ཞུ་སྒྲུབས་ཤིག།།
བདེན་ལུགས་དཔྱོད་ཤེས་གནང་རོགས།།
རྨོངས་བའི་ཏོག་རྩེ་བཅད་ཤོག།
A B C D མ་སྦྱངས་ན།།
ཀ་ཁ་ག་ང་གླེན་ཞིང་བླུན།།
A B C D ཤེས་རྒྱུ་ན།།
སྐད་འཕྲིན་ག་འདྲ་ཡིན་མིན་ཤེས།།
ཀ་ཁ་ག་ང་མ་གཏོགས་མི་ཤེས་པའི།།
མི་ཚོགས་འདི་ཡིས་མི་ལ་ངོ་ཚ་གཏོད།།
གཞན་གྱིས་སྐད་འཕྲིན་མ་བཀོལ་མི་ཟེར་གི།
བཀོལ་ན་བདག་ལ་འབྲེལ་བ་མ་བྱེད་ཟེར།།
དེ་ནི་རྒྱ་དམར་ཉེན་ཁ་ཤེས་པས་རེད།།
ཁྱོད་ཀྱི་ནང་མིའི་འབྲེལ་ཐག་བཅད་པ་མིན།།
སྡེ་བས་སྐད་འཕྲིན་ཉེན་ཁ་ངོ་སྤྲོད་པར།།
ཁྱོད་རང་འཚིག་པ་ཟ་ནས་ཅི་ཞིག་བྱ།།
ཁྱོད་ལ་གསང་བ་ཅི་ཡང་མེད་ཟེར། དཔེ་སྲིད་པ་མ་རེད། འཇིག་རྟེན་ན་གསང་བ་མེད་སའི་མི་ཞིག་ག་བ་ཡོད་རེད། གལ་སྲིད་ཁྱོད་རང་གསང་བ་ཤོར་བ་སྣང་དོགས་མེད་ཀྱང་སྲིད། འོན་ཀྱང་། ཁྱོད་ལ་དྲ་འབྲེལ་ཡོད་ས་མང་པོ་ཞིག་ཁྱོད་ནང་བཞིན་ཡིན་མི་སྲིད། གསང་སྤྱོད་ནང་གཅིན་པ་གཏོང་དུས། ཉལ་ཁྲིའི་སྒང་ནས་སོ་སོའི་སྐྱེས་སྨན་ལ་འཛེག་དུས། སོ་སོའི་དགའ་བོ་དང་མཉམ་དུ་གསང་གཏམ་བཤད་དུས་སོགས་སྤྱི་སྒེར་གྱི་གསང་བ་མང་པོ་ཞིག་ལ་རྒྱ་ནག་གུང་ཁྲན་ཏང་གི་གསང་བའི་ལས་ཁུངས་ཀྱིས་ལག་མཐིལ་ནང་ལ་བལྟས་པ་ཡིན་བལྟས་བསྡད་ན། མི་གཞན་པ་རྣམས་སྐྲག་གི་རེད། མ་ཟད་གཞན་གྱི་དངུལ་བྱང་ཐོག་ནས་དངུལ་བརྐུས་སོང་བ་གྲངས་ཀྱིས་མི་ལངས། དེ་དང་དེ་ལྟ་བུའི་ཉེན་ཁ་བརྗོད་ཀྱིས་མི་ལངས་པ་ཞིག་ཡོད། གཞན་པ་འདི་ལ་སྐྲག་པ་རེད། དེ་བས་གཞན་གྱིས་ཁྱོད་ལ་སྐད་འཕྲིན་གཏན་ནས་མ་བཀོལ་མི་ཟེར་གི གཞན་གྱིས་ཁྱོད་ལ་བཤད་པ་ནི་ཁྱོད་དམྱལ་བའི་ནང་ལ་འགྲོ་ན་ར་སོང་། འོན་ཀྱང་། ཁྱོད་འགྲོ་དུས་ང་ཚོ་མཉམ་དུ་ཁྲིད་མ་འགྲོ་ཟེར། སྐད་ཆ་གསལ་པོ་བཤད་ན་དེ་རེད།
ངན་པ་ཕལ་ཆེར་རང་གི་སྐྱོན།། གང་ཡིན་གཞན་ལ་འགོད་པར་བྱེད།། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་གཞན་ལ་འབད་ནས་འཕྱིད།། ལེགས་བཤད་འདི་ཁྱེད་ཀྱི་ཤེས་པ་ཁྱེད་ཀྱི་དགོས་མཁོ་ལས་ཡིན་པས་ང་ཚོར་མི་གནད་དོ། བེ་རི་རིག་པའི་རྡོ་རྗེས། བོད་པའི་ལེགགས་བཤད་གཞན་ཤིག་ཞུས་ན། ནོར་ལ་འདོད་ན་སྐྱོན་བཏགས། དེ་མིན་ཁྱེད་བོད་པ་ཞིག་ཡིན་ན་བཙན་བྱོལ་བ་ refugee ཟེར་བའི་དམ་ཕྲུག་དེ་སུས་རྒྱབ་རེད། ཁྱེད་ལ་རིག་པ་མིན་འདུག་སུས་ལབ་ཐུབ། རྩོམ་རིང་པོ་འདི་བྲིས་འདུག དགྲ་གཉེན་མགོན་གསུམ་དེ་ཤེས་ཀྱི་ཨ་ཡོད། ནང་ཆོས་ཀྱི་བྱིན་རླབས་མཇུག་ཡིན་སྲིད། གང་ལྟར་ངས་དྲི་བ་དང་པོ་དེ་། ཁྱེད་རྒྱ་ལ་སྨོན་ན་ཕ་ཡུལ་དོར་ནས་མི་ཡུལ་དུ་ཅི་ཆེད་ཡོང་ངམ། ཕ་ཡུལ་མྱིས་ཁྱེད་ཀྱི་བྱ་ལམ་ལ་མི་དགའ་བས་བྲོསནི་ཨ་ཡིན། རྒྱ་དམར་པོས་དངོས་ཤུགས་བརྒྱུད་གསུམ་གྱིས་ WELCOME ཞུ་འདུག་པས་རྒྱུགས།
བོད་མིའི་བཅའ་ཁྲིམས་དེར་མི་འདོད་ན་ཁྱེད་ཀྱི་འདོད་པ་ཡོད་པའི་རྒྱའི་རྩ་ཁྲིམས་འོག་རྒྱུགས།
སྐར་མའི་རྟགས་ཀྱི་ཁ་བརྡ་ནང་དཀྲུག་ཤིང་རྒྱབ་མཁན་གྱི་མིང་མང་པོ་འདུག་པས་བེ་རི་ཁྱེད་ཀྱང་དེ་གྲས་མིན་པ་ཞུ་ཐུབ་རྒྱུ་དཀའ། ཡིན་ཀྱང་གསལ་བཤད་དགའ་ཞུ་གལ་འདུག
༡༽ བཅའ་ཁྲིམས་ནང་ཐོབ་ཐང་ཡོད་པ་ལྟར་བེ་རི་ཁྱེད་དང་དེ་བཞིན་ཇོ་ནང་པས་ ༡༩༦༠ ཙམ་ནས་ཆོས་བརྒྱུད་ལྔ་གང་དུ་གཏོགས་པ་དེར་བོད་མི་ཚང་མ་འདྲ་མཉམ་ཡིན་པ་གསལ་བ་ལྟར་འོས་བླུགས་ཡོད། རྒྱའི་རྩ་ཁྲིམས་ནང་མི་རིག་སོ་སོའི་སྐད་རིག་བདག་ཉར་ཆོག་པའི་ཐོབ་ཐང་ཡོད་ཅེས་གསལ་ནའང་འདྲ་མཉམ་མེད་པས་བོད་ཕྲུག་ལ་དབང་མེད་ཀྱི་རྒྱ་སྐད་སྦྱང་དགོས་འདུག་ག།
བེ་རི་ད་དུང་ཁྱེད་ཀྱི་རྒྱའི་རྩ་ཁྲིམས་ལེགས་པ་མཐོང། རྒྱ་མི་གྲངས་མེད་ཀྱི་དྲང་བདེན་མེད་པའི་སྐད་རྒྱབ་གྱི། ཁག་མེད་རྒྱ་ཡིག་མི་ཤེས་པའི་ཁར་མིག་དང་རྣ་ཤེས་སྐྱོན་ལས་བྱས།
༢༽ ཇོ་ནང་པ་བཅའ་ཁྲིམས་ནང་གསལ་ཆོས་བརྒྱུད་ལྔའི་ནང་མི་གཏོགས་སམ། ཉམས་ལེན་ཕྲན་བུ་འདྲ་མིན་ལས་ཆོས་ལུགས་ཁ་ཁག་རྩིས་དགོས་ན་ཆོས་ལུགས་ཁག་ལྔ་ནས་མཐར་བརྒྱ་ཡང་ཡོང་སྲིད། དཔེ་ན་བཀའ་བརྒྱུད་ལ་ཆེ་བཞི་ཆུང་བརྒྱད་དང་དེ་དག་ལའང་རིས་མེད་དང་མགོན་པ་ཆགས་ཡུལ། ཆོས་ལུགས་གཞན་ཞིག་དང་འབྲེལ་ཆེ་བས་མིང་གཞན་ཞིག་སོགས།་དེ་བཞིན་དགེ་ལུགས་ལའང་གྲ་ཚང་སོ་སོའི་སྲུང་མ་བསྟན་སྲོལ་ཡོད་པའི་མི་འདྲ་བ་སོགས་གཞི་འབྲེལ་ཆོག རྒྱ་ཧ་ཤང་ཆོས་ལུགས་ཀྱང་ཡོད་མི་སྲིད་པ་མིན། དེ་ལྟར་ན་རྙོག་ཁྲ་ཚ་བོ་མ་རེད་པས། བསམ་ཞིག་ཞུས་ན་ཆོས་འཐུས་མེད་པས་སྐྱོན་གང་བྱུང་འདུག བསྟན་པ་འཛིན་རྒྱུ་དེ་གལ་ཆེ། ཆོས་འཐུས་རྣམ་པས་དམའ་མཐར་ལུས་ངག་ཡིད་གསུམ་གྱི་ཚུལ་ཁྲིམས་དེ་ཡང་མ་སྲུང་ན་བསྟན་པས་ཞབས་འདྲེན། བསྟན་པ་སྤྱི་དང་སྐབས་དུས་ནང་པའི་བསྟན་པ་ལ་དད་པ་ལོག་བཅུག་མཁན་དེ་འདྲ་བྱུང་ན་ཅི་ཕན། ཇོ་ནང་བཞེད་སྲོལ་མི་ཉམས་སླར་གསོ་དགོས་པའི་བཀའ་དགོངས་ལ་བརྙས་ནས་རྩོད་ན་ངས་ནི་ནོར་པ་ཆེན་པོ་མིན་ནམ་བསམ།
གང་ལྟར་ཡང། ཇོ་ནང་པར་བོད་མིའི་ཐོབ་ཐང་མ་སྤྲད་པའམ་མེད་པ་བཟོས་སོགས་གང་ཡང་མིན། ཐོབ་ཐང་མེད་པའམ་བཅའ་ཁྲིམས་ནང་མ་གསལ་བ་ཞིག་དགོས་ཟེར་པ་ལྟར་རག་མེད། ལས་སླ་པོ་ག་ནས་འོང། ངོས་འཛིན་ན་རྒྱ་ཁབ་ཅིག་གི་ཁྲིམས་སྒྲིག་ཡིན་པ་མ་ཟད་དོམ་ཚན་ཡང་གལ་འགངས་ཆེ་གྲས་ཤིག་ཡིན་ནོ།
མཐར་བེ་རི་པས་དམིགས་ཡུལ་དེ་དོལ་རྒྱལ་ཚོགས་པ་ནས་དཔེ་ལེན་ཏེ་བོད་མི་མང་དང་གཞུང་། དེ་བཞིན་ང་ཚོའི་འདི་ཕྱི་གཉིས་ཀྱི་དབུ་འཕྲིད་མཆོག་ལ་སྨད་ཆེད་ཀྱི་བརྒྱུད་སྐུལ་དུ། དེ་རིང་གི་ཐག་གཅོད་བཀའ་རྒྱ་འདི་ཉིད་རྒྱ་དབྱིན་སོགས་སྐད་ཡིག་གཞན་གྱི་ཐོག་བསྒྱུར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཉམ་དུ་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་དང་འབྲེལ། རབ་བྱུང་ན་འཛམ་གླིང་མཉམ་འབྲེལ་རྒྱལ་འཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་སམ། ཡང་ན་ཨ་རིའི་མི་སེར་ཡིན་པའི་ཇོ་ནང་པ་རྣམས་ཀྱིས་རང་རང་གི་ཐོབ་ཐང་བེད་སྤྱོད་བྱས་ནས། ཨ་རིའི་ཆོས་དད་རང་དབང་ལྷན་འཚོགས་སུ་ཞུ་གཏུག་གི་ལས་འགུལ་རྣོ་ངར་ལྡན་པ་སྤེལ་རྒྱུ་ལས་ཐབས་གཞན་མེད་པ་བཙན་བྱོལ་སྤྱི་འཐུས་གྲོས་ཁང་གི་དབུ་ལས་ཡོངས་ཀྱིས་མཁྱེན་པ་གནང་དགོས། ཞེས་ཇོ་ནང་པ་ནས་རེ་འདུན་ཞུ་བཞིན་པར་ཐུགས་ཞིབ་ཀྱིས་ལན་མ་གནང་ན་ཁོས་བསམ་ཚུལ་དེ་ཇོ་ནང་པས་དགོངས་ཚུལ་དུའང་ལེན་ངེས་སོ།།