རིགས་སློབ། གོང་དཀར་ངག་རྣམ།
(ཨ་རིའི་VOA དབྱིན་སྐད་དྲ་གནས་ཐོག་སྤེལ་བའི་གསར་འགྱུར་ལ་གཞི་བྱས་ཏེ་བྲིས།)
སྐད་ཡིག་འདྲ་མིན་སྣ་ཚོགས་ཡོད་པའི་རྒྱ་གར་ལྟ་བུའི་རྒྱལ་ཁབ་ནང་གཞུང་འབྲེལ་གྱི་སྐད་ཡིག་གང་ཞིག་འཇོག་མིན་དེ་ནི་དཀའ་ཚེགས་དང་། ཉེན་ཁ་ཅན་ཞིག་ཡིན་པར་བརྗོད་ག་ལ་དགོས། རྒྱ་གར་ནང་རྒྱལ་རབས་ལོ་རྒྱུས་དང་། མི་རིགས་རིང་ལུགས། ས་ཁོངས་སོགས་སྤྱི་ཚོགས་ཀྱི་གནད་དོན་དག་ཧིན་དི་དང་དབྱིན་སྐད་གང་ཞིག་གི་ཐོག་ནས་སྤྱོད་དགོས་མིན་གྱི་ཐག་གཅོད་དེ་ནི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་། ས་ཁོངས་སོ་སོའི་སྐད་ཡིག་གི་འཐབ་རྩོད་ཅིག་ཆགས་ཡོད། རྒྱ་གར་ནང་སླར་ཡང་དེའི་ཐོག་གླེང་སློང་བྱེད་ཀྱི་ཡོད།
རྒྱ་གར་གྱི་སྲིད་གཞུང་གསར་པས་རྒྱལ་ཁབ་ཀྱི་ཡིག་འབྲེལ་ནང་ཧིན་དིའི་སྐད་གཙོ་གཟུང་བྱེད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། སྲིད་བློན་མོ་དྷིས་ཧིན་དིའི་ཐོག་ནས་གཏམ་བཤད་བྱ་རྒྱུར་འདོད་མོས་བྱེད་པ་དང་། སྲིད་བློན་གྱི་ལས་འགན་ཁུར་ནས་ད་བར་གྲོས་ཚོགས་དང་། གཞུང་གི་ལས་བྱེད་པ། ཕྱི་རྒྱལ་གྱི་འགོ་འཁྲིད་ཁག་དང་ལྷན་དུ་གཏམ་བཤད་མང་ཆེ་བ་ཧིན་དིའི་ཐོག་བྱས་ཡོད། དེ་ལ་སུས་ཀྱང་སྐྱོན་བརྗོད་བྱེད་ཀྱི་མེད།
འོན་ཏེ། ཁོང་གིས་རྒྱ་གར་གཞུང་འབྲེལ་སྐད་ཡིག་གི་གནས་རིམ་ནང་དབྱིན་སྐད་ནི་ཨང་གཉིས་པར་འཇོག་རྒྱུའི་འཆར་གཞི་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད། དེ་ཡང་ཧིན་དིའི་སྐད་ཡིག་བེད་སྤྱོད་བྱེད་མཁན་མང་ཤོས་ནི་རྒྱ་གར་གྱི་ནུབ་ཕྱོགས་ས་ཁུལ་དག་ཡིན་པ་དང་། (BJP)ཆབ་སྲིད་བསྟི་གནས་སམ་ཚོགས་པ་དེའི་མངའ་ཁོངས་ཀྱང་ནུབ་ཕྱོགས་ས་ཁུལ་དག་ཏུ་ཆགས་ཡོད། རྒྱ་གར་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་མངའ་སྡེ་དག་གིས་ག་དུས་ཀྱང་སོ་སོའི་ཡུལ་སྐད་དམ་ཡང་ན་དབྱིན་སྐད་གཙོ་བོར་བདམས་ཡོད།
ལོ་ངོ་ལྔ་བཅུའི་གོང་དུ་ཧིན་དིའི་སྐད་ཡིག་འདི་རྒྱ་གར་གྱི་གཞུང་འབྲེལ་སྐད་ཡིག་གཅིག་པུ་དེར་བསྒྱུར་རྒྱུའི་འབད་བརྩོན་དེས་ལྷོ་ཕྱོགས་ནང་དྲག་ཟིང་བསླངས་ཡོད། ཕལ་ཆེར་རྙོག་དྲ་དེ་བསྐྱར་དུ་མི་ཡོང་བའི་ཆེད་དུ་དང་། སྲིད་བློན་རང་ཉིད་དབྱིན་སྐད་སྤྱོད་རྒྱུར་དཀའ་ངལ་མེད་པ་སྟོན་ཆེད་ཉེ་ཆར་ལྷོ་ཕྱོགས་ཀྱི་ཨན་དྷ་ར་མངའ་སྡེའི་ནང་སྲུང་སྐར་འཕེན་གཏོང་གི་མཛད་སྒོ་ཞིག་ཏུ་དབྱིན་སྐད་ཐོག་ནས་གཏམ་བཤད་སྤེལ་ཡོད།
སྲིད་བློན་ཆགས་པ་ནས་དབྱིན་སྐད་ནང་གཏམ་བཤད་སྤེལ་བ་དང་པོ་དེས་མི་མང་པོ་ཧ་ལས་དགོས་པ་ཆགས་ཡོད། ཆབ་སྲིད་ཞིབ་འཇུག་པ་ཚོས་དེ་ནི་ལྷོ་ཕྱོགས་སུ་བརྟན་ལྷིང་ཆེད་བྱས་པའི་ཐབས་མཁས་པོའི་བྱེད་སྟངས་ཤིག་ཡིན་པ་ལས་ལྡི་ལི་གསར་པའི་ལས་བྱེད་པ་རྣམས་ཧིན་དིའི་སྤྱོད་དགོས་རྒྱུའི་གནོན་ཤུགས་ནང་ཡོད་པ་དང་། ཁོང་ཚོ་མང་པོས་དེ་ལ་མི་དགའ་བ་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད།
རྒྱ་གར་གྱི་མཐོ་རིམ་མི་སྣ་དང་མཐོ་རིམ་ལས་བྱེད་པ་མང་ཆེ་བ་ཁྱིམ་ཚང་དང་སློབ་གྲྭའི་ཁོར་ཡུག་ནང་དབྱིན་སྐད་དང་མཉམ་དུ་འཚར་ལོངས་བྱུང་བ་དང་། ཁོང་ཚོས་ཧིན་དིའི་སྐད་རྒྱག་གི་ཡོད་ཀྱང་། དེའི་ཐོག་ནས་ཡིག་འབྲེལ་བྱ་རྒྱུར་ནུས་པས་འདང་གི་མེད། དེར་བརྟེན་སྲིད་བློན་དང་ཡིག་འབྲེལ་བྱེད་པའི་བརྒྱུད་རིམ་ནང་ཁོང་ཚོ་མང་པོས་ཧིན་དིའི་སྐད་ཡིག་གི་གནས་ཚད་མགྱོགས་མྱུར་ངང་ཡར་རྒྱས་གཏོང་རྒྱུའི་ཐབས་བྱེད་ཀྱི་ཡོད། ཡིན་ནའང་དེ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་དབྱིན་སྐད་ཀྱིས་རྒྱལ་ཁབ་འདྲ་མིན་དབར་འབྲེལ་ལ་བྱེད་ཐུབ་པ་དང་། འདི་ནི་ད་ལྟའི་འཛམ་གླིང་གི་ཡར་རྒྱས་དང་འབྲེལ་བའི་གནད་དོན། ལྷག་པར་རྒྱ་ནག་གིས་ཀྱང་དབྱིན་སྐད་སྦྱོང་བཞིན་ཡོད་པས་ང་ཚོས་དེ་ལྟར་བྱེད་དགོས་དོན་མེད་ཅེས་ཤོད་ཀྱི་ཡོད།
སྲིད་བློན་མོ་དྷི་དང་(BJP)ཆབ་སྲིད་ཚོགས་པས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་ཡུལ་དང་མཉམ་དུ་ཧིན་རྡུའི་རྒྱལ་གཅེས་རིང་ལུགས་པའི་ཚོགས་པ་ཞིག་གསར་སྐྲུན་བྱེད་ཐབས་བྱེད་ཀྱི་ཡོད་པ་དང་། འདིའི་ཚོགས་མི་རྣམས་ཀྱི་དབྱིན་སྐད་ཧིན་དི་ལས་སྐྱོ་བ་ཡོད་པས་རྩོད་རྙོག་འདི་ཕལ་ཆེར་མུ་མཐུད་གནས་རྒྱུ་ཡིན་པ་འདྲ།
་་་་་་་་་ ཁོང་ཚོས་ཧིན་དིའི་སྐད་རྒྱག་གི་ཡོད་ཀྱང་། དེའི་ཐོག་ནས་ཡིག་འབྲེལ་བྱ་རྒྱུར་ནུས་པས་འདང་གི་མེད། ་་་་
ཧིན་དུ་སྐད་བརྒྱབས་མཁན་མང་ཆེ་བ་རྒྱ་གར་ནུབ་ཕྱོགས་སུ་ཡོད་མ་རེད།ཧིན་དུའི་སྐད་དེ་མང་ཆེ་ཤོས་རྒྱ་གར་བྱང་ཕྱོགས་དང་དབུས་ཁུལ་དུ་ཡོད་པ་རེད།རྒྱ་གར་ནུབ་ཕྱོགས་སུ་མང་ཆེ་བས་གྷོས་ཅི་རཏི་སྐད་ཡིག་བེད་སྤྱོད་གཏོང་གི་ཡོད་རེད།
གང་ལྟར།ད་དེ་ཧ་ཅང་གིས་བཤད་དཀའ་མོ་རེད།ཧིན་དུའི་ཤུགས་ཆེ་ཤོས་མངའ་སྡེ་ཧེ་མ་ཅལ་དང་ཨོ་ཏར་པར་ཏེ་ཤེ་སོགས་ཀྱི་ནང་དུའང་གཞུང་འབྲེལ་ཡི་གེ་ཨིནན་ཇི་རེད།མངའ་སྡེ་གཞན་བཤད་མ་དགོས་པ་རེད།ད་དེ་ལ་འགྱུར་བ་གཏོང་རྒྱུ་ཧ་ཅང་ཁག་པོ་རེད།
ལོ་སྟོད་སྟོབས་རྒྱལ་ལགས། ཧིན་དྷི་དང་ཧིན་དྷུ་གཉིས་ལ་དབྱེ་བ་འབྱེད་དགོས། ཧིན་དྷི་སྐད་རྒྱབ་མཁན་མངའ་སྡེ་མང་ཆེ་ག་ནས་ཡིན་མིན་དྲྭ་ཐོག་ཏུ་བལྟ་ན་ལམ་སེང་ཤེས་ཐུབ།
ང་ཚོ་བོད་པ་ཡིན་པས་རྒྱ་གར་རྒྱ་ནག་གི་སྐད་ཡིག་སྐོར་ལ་ཇུས་ཏོག་རྩ་བ་ནས་ཡོ་མ་རེད།
ལྷག་བསམ་རྣམ་པར་དཀར་བའི་དྲ་གྲོགས་རྣམ་པར་ཞུ་རྒྱུ། རྒྱལ་སྲས་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའི་འགྲེལ་བ་རྒྱ་གར་གྱི་པཎྜི་ཏ་དང༌། བོད་ཀྱི་མཁས་གྲུབ་གང་ཡང་རུང་གི་མཛད་པ་དེ་འདྲ་ལྷན་རྒྱས་རྣམ་པས་གཟིགས་ཡོད་ཚེ། འགྲེལ་བ་དེའི་མཚན་དང༌། མཛད་པོ་སུ་ཡིན་མཁོ་སྤྲོད་གནང་བར་ཞུ།
རྣམ་པ་ཚོས་གོང་གི་གནས་ཚུལ་གཟིགས་འདོད་ན།
http://learningenglish.voanews.com/content/article/1953926.html
བློ་མཐུན་པ་སངས་ལགས།
གཞན་གྱི་སྐད་ཡིག་སོགས་ཀྱི་གནས་བབ་ཁྲོད་ནས་བསམ་བློ་གཏོང་རྒྱུའི་གནད་དོན་མང་པོ་རག་གི་ཡོད་པ་དེ་མཁྱེན་དགོས་རེད། རིག་གཞུང་ནང་འདྲེན་དང་ཡར་རྒྱས་ཞེས་པ་དེ་དེ་ལྟར་ཇུས་ཏོག་བྱས་ནས་ཡོང་མི་དགོས་སམ།
རྒྱ་གར་ལ་རང་བཙན་ཐོབ་མ་ཐག་ཏུ། ཧིནྡ་སྐད་རྒྱལ་ཁབ་ཀྱི་སྐད་ཡིན་པར་ལག་ལེན་དུ་སྟར་པ་ཡིན་ན། ལས་དོན་འདི་གྲུབ་སླ། རང་བཙན་ཐོབ་པའི་དགའ་བས། དེའི་དུས་སུ། སུས་ཀྱང་ཧིནྡི་རྒྱལ་ཁབ་ཀྱི་སྐད་ཡིན་པར་ངོ་རྒོལ་བྱེད་མཁན་མེད་ཟེར། ང་ཝཱ་རཱ་ཎ་སཱིར་ཧིནྡཱི་སྦྱངས་ཏེ། ༡༩༦༡ཁ་ཆེའི་ཡུལ་དུ་སླེབས་པ་ན། དེ་རྣམས་ཀྱི་སྐད་དུ། ཨིན་ཚིག་བསྲེས་ནས་བཀོལ་བས ཨིན་སྐད་མ་ཤེས་ན། ཧིནྡཱི་ཡང་ཆ་ཚང་མི་གོ་བ་འདུག་བསམས། ཧིནྡཱི་རྐྱང་རྐྱང་ཤེས་པའི་ནུས་པས་རྒྱ་གར་ཡོངས་ཀྱི་མི་དང་འབྲེལ་པ་བྱེད་མི་ལྡང་བར་མཐོང་།
“ནུས་པས་འདང་གི་མེད།”
འདིར་འདང་། ཞེས་མ་བྲིས་པར་ལྡང་། ཞེས་འབྲི་དགོས་པ་སྔར་ལན་མང་དུ་བྲིས་ཀྱང་། བོད་ཀྱི་སྔར་གྱི་དཔེ་ཆ་དག་པ་རྣམས་ན། ལྡང་། ཞེས་ཡོད་པར་མ་ཟད། དེ་དག་གིས་རྗེས་སུ་འབྲངས་ཏེ། དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་ན། རིམ་བཞིན་དུ་བཀོད་པ་འདི་ལྟ་སྟེ། ཉལ་ལས་ལྡང་དང་འཁོབས་པའི་ལྡང་། ཞེས་དང་། ལྡང་ཚད་ལ་སོགས་ལར་བཏགས་དའོ། སྔོན་ནས་ཀྱང་གཞུང་དཔེ་དེ་དག་ལ་རྩིས་མེད་བྱས་པ་དང་། ཁ་སྐད་ཀྱི་ཤན་ཞུགས་པས་འདང་ཞེས་འབྲི་བ་མང་། ལ་དྭགས་པ། ལུང་པ་གཞན་གྱི་ཁ་སྐད་ཀྱི་ཤན་ཞུགས་པ་མེད་པ། དག་ཡིག་ལ་མ་སྦྱངས་པ་ཞིག་གིས་ཀྱང་། ལྡང་། ཞེས་འབྲི་བར་མཐོང་སྟེ། ལོ་ངོ་སུམ་ཅུ་ཙམ་སྔོན་བདག་གི་ནུ་བོ་ཡི་གེ་ཐབས་ཆག་ལ་དྭགས་ཁ་སྐད་དུ་འབྲི་ཤེས་པ་དེས། ཕག་བུ་མ་ལྡངས། ཞེས་བྲིས་སོ།
བདག་རྨོངས་པའི་དབང་གིས་ཡི་གེ་མ་དག་པར་བྲིས་པ་སྤར་ཟིན་པའི་རྗེས་སུ་མཐོང་བ་མང་པོ་ཡོད། འདི་ནི་ད་ལྟ་ཙམ་མ་ཡིན་པར་སྔོན་ནས་ཡོད་ཡོད་པ་ཞིག་ཡིན་འདུག མ་འོངས་པ་ན། འཚང་རྒྱ་བ་ན། འདི་འདྲ་འབྱུང་བ་མེད་པར་འགྲོ་བ་ཆོས་ཉིད་ཡིན་པར་སེམས་སོ།
ཡག་པོ་གསུངས་འདུག
སྐད་ཡིག་ངག་གི་སྦྱོར་བས་མ་འདང་བར།།
ནོར་བའི་ནོར་ངོ་མ་ཆོད་ནོར་བ་བྲིས།།
མཁའ་ལྡང་སྟོང་འདང་བར་ན་མགོ་འཁོར་བ།།
སྨྲ་ལྕེ་མ་དག་མགོ་ཆག་ཉོས་བ་འདྲ།
ཧ་ཧ་ཧ།
བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ།
བློ་ལྡན་ཐབས་ཀྱིས་བདེ་བར་གསོ།
ཆུ་ཀླུང་རྙོག་པས་ཆུད་གསན་པ།
ཆུ་འདང་ནོར་བུས་དྭངས་པར་བྱེད།།
་
ས་སྐྱ་ལེགས་བཤད། ལེ། ༡ ཚིགས་ ༡༤
དིང་སྐབས་བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་བྲིས་ཁ་ཤད་ནང་ཚིག་༼ ཨ་ན་མ་ན་༽ ཞེས་པ་ཞིག་མཐོང་རྒྱུ་འདུག་པས་དེའི་དོན་གང་ཡིན་ནམ་་ རྒྱ་གར་གྱི་སྐད་ཡིན་ནམ་ ཁ་ཆེའི་སྐད་ཡིན་ནམ དེ་བོད་ཡིག་ནང་བྲིས་དགོས་དོན་གང་ཡིན་ནམ
སྐུ་ཞབས་གོང་དཀར་ལགས་ ང་གཉིས་བློ་མ་མཐུན་པ་མཁྱེན་བཞིན་དུ་ང་ལ་བློ་མཐུན་བོད་དགོས་པ་གང་ཡིན་ ཇུས་ཏོག་གནང་ནས་ཕན་ཐོག་ཡོད་ན་ཇུས་ཏོག་གནང་རོགས་གནང་ ང་ལ་ནི་གཞན་གྱི་སྐད་ཡིག་ལ་ཇུས་ཏོག་བྱེད་པའི་ཆུ་ཚད་མེད་
བོད་རྒྱ་ཚིག་མཛོད་ཆེན་མན་ལས། ༼ཡུལ༽ འདྲ་བའམ། གཅིག་པ་གཅིག་རྐྱང༌།⁾ཕ་བུ་གཉིས་བྱད་གཟུགས་ཨ་ན་མ་ན་རེད།⁾གསེར་དང་ར་གན་གཉིས་ཁ་དོག་ཨ་ན་མ་ན་ཡོང༌།⁾གཡུ་དང་དོ་ལོ་སྔོ་མདོག་ཨ་ན་མ་ན་ཡིན།⁾གཟི་བྱིན་ནི་ཉི་མ་དང་ཨ་ན་མ་ནའོ།།
ཨ་ན་མ་ན། ཞེས་པའི་སྒྲ་དེ། ཡིན་ནམ་མ་ཡིན། ཞེས་པ་ཟུར་ཆག་སྐད་བྲིས་ཤིང་། སྐད་འགའ་ཞིག་ཏུ། ཨི། ཞེས་པ་སོགས་་ཨ་རུ་འདོན་པ་དང་། ཨ་ཡིག་ཨེ་ཡིག་ཏུ་འདོན་པ་མང་། ཨ་ན་མ་ན། ཞེས་པར། ཡི། ཡ་ཡིག་མེད་པར་སོང་སྟེ། ཨི་ཡིག་ཨ་ཡིག་ཏུ་ཆགས་པ་ཡིན་འདུག
ཨ་ན་མ་ན་ཞེས་པ་ནི་མདོ་སྨད་ཁུལ་གྱི་ཡུལ་སྐད་ཅིག་རེད།
དག་ཡིག་གསར་བསྒྲིགས་ནང་དུའང་དེ་ཡུལ་སྐད་ཡིན་པར་བཤད་འདུག
དེང་སྐབས་དུས་བབ་དྲ་གནས་ནང་དུའང་ཡུལ་སྐད་ནང་ཡོངས་སུ་གྲགས་པའམ་བརྗོད་བདེ་དང་འབྲི་བདེར་སོང་ཟིན་པའི་དག་ཆ་ཁ་ཤས་བསྐྱར་བཟོ་ཡིན་མདོག་བྱེད་ཀྱི་འདུག
དེ་ལ་ང་ནི་གཏན་ནས་མི་དགའ།
ནུས་པ་ཡོད་ན་རིག་གནས་གསར་པའི་རིགས་རང་སྐད་དུ་བཅོས་དང་། ཕོ་ཁྱོ་ག་རེད།
གང་ལྟར་གོང་གི་རྩོམ་ཡིག་ཐུང་ངུ་དེའི་དམིགས་ཡུལ་གཅིག་རང་ཡོད་པ་ནི་འདི་ལས་འཕྲོས་ཏེ་བོད་རང་གི་སྤྱི་སྐད་སོགས་ཀྱི་སྐོར་ལ་བསམ་ཚུལ་དང་ལྟ་བ་གསར་པ་དེ་འདྲ་ཡོང་གི་རེད་སྙམ་པ་དེ་ཡིན།
འོན་ཏེ་ལྷག་བསམ་རྣམ་དག་དང་ཇུས་ཏོག་ནི་དབྱེ་འབྱེད་དཀའོ།།
ཨ་ན་མ་ན། ཞེས་པར་ལ་དྭགས་ཁ་སྐད་དུ། ཨི་ན་མེ་ན། ཞེས་འདོན། འདི་ཡི་འབྱུང་ས་དེ། ཨ་ན་མ་ན། ཞེས་འབྱུང་ས་དེ་གོང་དུ་བཤད་པ་ལས་ལོགས་སུ་མེད་པར་མཐོང་། འདི་ལ་གསལ་བཤད་དགོས་ན། རིམ་པས་འབྲི་ཆོག ང་རང་ལ་སློབ་གྲྭ་དང་། ཨ་རི་པ་བོད་སྐད་ནས། ཨིན་སྐད་དུ། སྒྱུར་མཁན་དག་ལ་གྲོགས་བྱེད་དགོས་པ་སོགས་ལས་མང་པོ་ཡོད།
ཨ་ན་མ་ན། ཞེས་དང་ ཨི་ན་མེ་ན། ཞེས་པ་གཉིས་ལ་ཨིན་སྐད་དུ། ཀོག་ན་ཏེ། ཟེར། དེའི་དོན་ནི། སྨོན་ལམ་ཨིན་བོད་ཚིག་མཛོད་ན། འདི་ལྟར།
cognate
adj. རྒྱན་ཚིག 1. ཤ་ཉེ། མ་ཉེ།
2. འབྱུང་ཁུངས་གཅིག་པའི་(དཔེར་ན། མིང་ཚིག་ལྟར་ན་དབྱིན་སྐད་ཀྱི། cold དང་ཕ་རཱན་སི་སྐད་ཀྱི། gelidus ཟེར་བའི་མིང་ཚིག་ལྟ་བུ།)
3. ཁུངས་སམ་རྩ་བ་གཅིག་ལས་དྲངས་པའི་(ཚིག) ling. སྐད་བརྡ་རིག་པ། 1. ཤ་ཉེ།
2. གཉེན་ཚན།
3. འབྱུང་ཁུངས་གཅིག་པའི་ཚིག
ངས་བོད་ནས་བྲིས་པའི་དེབ་དང་རྩོམ་དེ་ཚོའི་ནང་༼ཨ་ན་མ་ན་༽ཞེས་པའི་ཚིག་དེ་རྩ་བ་ནས་མཐོང་མ་བྱུང་བས་ ཕལ་ཆེར་ཚིག་དེ་
བཙན་བྱོལ་སྤྱི་ཚོགས་ནང་སྐྱེས་པའི་ཚིག་གསར་པ་ཞིག་ཡིན་བཟོ་འདུག་
༧གོང་ས་རྒྱལ་བ་རིན་པོ་ཆེའི་བོད་སྤྱི་ལ་ཕན་པའི་བཀའ་སློབ་འདི་ལྟར།
“འབྲི་ན་ཁུངས་དག་བྱས་བྲིས། དེ་ལྟར་མ་ཐུབ་ཚེ། མ་འབྲི་བ་དེ་ལེགས། “ཞེས་ཚད་ལྡན་གྱི་སྐྱེས་བུ་ལས་ཐོས།
ཁ་སྐད་བཞིན་དུ་འབྲི་ན། བོད་སྐད་འཐོར་བ་འགྲོ་བ་ལ་བསམ་བློ་ཐོངས།
༧གོང་ས་མཆོག་གི་གསུང་དེའི་དོན། ཡི་གེ་ཡོད་ཚད་ཀྱི་ཁུང་ཆོས་དཔེ་ལ་གཏུགས་ཞེས་བའི་དོན་མ་རེད། བོད་ཀྱི་སྐད་ལུགས་གང་ནས་ཐོན་པའི་སྒྲ་ཞིག་ལ་ཐོ་གཏུགས་ན་འགྲིག་གི་ཡོད་པ་རེད།
སྐད་ལུགས་དེ་འདྲ་ཤེས་ན་སྐད་ལ་མཁས་བ་རེད། དེ་འདྲ་མ་ཤེས་ན་སོ་སོ་སྐལ་ཆད་ཡིན་སོང་བ་རེད། ད་གང་ཡོང་། སོ་སོས་མ་ཤེས་བ་རྒྱུ་མཚན་དུ་བྱས་ནས། བོད་སྐད། བོད་ཡིག། བོད་བརྡ་མི་དགོས་ཟེར་ན། བྱ་ཆུང་གི་ལས་ཀ་རེད། ཧ་ཧ་ཧ།
བགྲོ་གླེང་མུ་མཐུད་དུ་སྐྱོངས་ཤིག
ཨ་རོགས་ཚོ།
ང་ཅག་ཅེས་པའི་ཚབ་ཏུ། ང་ཞ། ཟེར་ན་འགྲིག་པ་འདུག་གམ། བསམ་བློ་ཐོངས། ཁྱོད་བཞིན་དུ། དགོས་མེད་ཀྱི་ཡི་གེ་འབྲི་བ་དོན་མེད་པར་བསམས་སོ།
འདི་ལའང་བགྲོ་གླེང་ཞིག་བྱས་འདུག