སྐད་སྦྱོར་ལས་ཀར་འཐིམ་པའི་རྔུལ་ཆུ། Posted on 2011-04-30 By ཁ་བརྡ་ 11 Comments on སྐད་སྦྱོར་ལས་ཀར་འཐིམ་པའི་རྔུལ་ཆུ། སྣ་ཚོགས།
སྒྲུང་དེ་ཧ་གོ་མ་སོང་ཡང་། བོད་ཀྱི་སྐད་ཡིག་གི་ཡར་རྒྱས་གཏོང་སྟངས་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས་ཅིག་ཡིན་པས། ཚང་མས་རྒྱབ་སྐྱོར་གྱིས་མུ་མཐུད་ཡར་རྒྱས་སྣ་འཛོམས་ཡོང་བའི་རེ་བ་དང་དགའ་བསུ་ཚད་མེད་ཞུ།
འཛམ་གླིང་གི་བརྩམ་སྒྲུང་ཁག་རང་རེ་གངས་ཅན་པའི་ཁ་སྐད་དུ་འཕབ་བསྒྱུར་གནང་བ་དེ་ནི། མི་རིགས་གསར་བུ་བ་རྣམས་ལ་ཁ་ཚ་དགོས་ཐུག་གི་བསེལ་ཐུབ་པའི་སྨན་མཆོག་ལགས་ན། བསྒྱུར་བ་པོས་གཙོས་ལས་བྱ་ཡོངས་ལ་སྙིང་ཐག་པ་ནས་ལེགས་སྨོན་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག གོང་ནས་གོང་འཕེལ་ཡོང་བའི་སྨོན་ལམ་ཡང་ཞུ།
བཀའ་དྲིན་ཆེ་ཡ། སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཆེའོ། བོད་ཀྱི་སྐད་ཡིག་འཕེལ་རྒྱས་དགོས་ན། འདི་ལྟར། ལམ་ལ་ཆས་ན། མདུན་ལྗོངས་ཡངས་པོ་ཞིག་དང་རྨང་གཞི་བརྟན་པོ་ཆགས་ངེས་རེད། དེས་ན། རིགས་ཀྱི་སྤུན་ཟླ་རྣམ་པ་ལགས། ཁོང་ཚོའི་ལས་དོན་བསྒྲུབ་ཕྱོགས་དང་དམིགས་ཡུལ། གྲུབ་འབྲས་དང་འདིའི་རིགས་ཀྱིས་ཡིད་འགུག་གི་ནུས་པ་སོགས་ལ། བསམ་ཞིང་བསམས་ན། རིན་ཐང་ལྡན་ཞིང་རླབས་ཆེན་ཡིན་པས་ན། བོད་རིགས་སུ་གཏོགས་པ་ཀུན་གྱིས་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་དང་ཡི་རངས་བྱེད་དགོས་པ་ནི། སྤྱིར་བཏང་གི་འགན་འཁྲི་ཞིག་རེད། བྱས་ན། ཁོང་ཚོའི་རླབས་ཆེ་བའི་ལས་དོན་འདིའི་རིགས་དེ། མུ་ནས་མཐུད་ནས། འཐུས་ཚང་དང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཚད་མེད་ཞུའོ།།
སྐད་སྦྱོར་གྱི་ལས་རིགས་དེ་རྣམས་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ཡར་རྒྱས་གཏོང་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཤིག་རེད་དོ། ངོ་མ་ཡག་པོ་འདུག
འདི་འདྲའི་རྒྱ་སྒྲུང་མང་པོ་བོད་སྐད་ལ་བརྒྱུར་ན་སྐད་ཡིག་ལ་ཕན་ན་ཐང་ར། སེམས་ཁམས་ནད་པ་རུ་བསྒྱུར་དང་འགྱུར་བཞིན་པ་རེད་ཡ།
བོད་སྐད་ལ་ཕན་པ་སྒྲུབ་བསམ་ན་བོད་སྐད་ལ་བསྒྲུར། ཨ་མདོའི་སྐད་ལ་ཕན་བསམ་ན་ཨ་མདོའི་སྐད་ལ་བསྒྱུར། སྤྱིར་ནས་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ།
མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་ནས་ད་ལྟ་བར་དུ་གློག་བརྙན་ག་ཚོད་ཅིག་བོད་སྐད་ལ་བསྒྱུར་ཡོད་པ་རེད། ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་ནང་རོལ་ལའང་། ཁོང་ཚོས་རྒྱ་ཡི་གློག་བརྙན་དང་ཕྱི་རྒྱལ་གྱི་གློག་བརྙན་གྲགས་ཆེན་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་མང་པོ་ཞིག་བོད་སྐད་དུ་བསྒྱུར་ཡོད་པ་རེད། ཁོང་ཚོས་གློག་བརྙན་རེ་བསྒྱུར་ཚར་ནས་ཕྱི་ལ་འགྲེམས་སྤེལ་མ་བྱས་སྔོན་ལ། རྟག་པར་མཚོ་སྔོན་སློབ་གསོའི་མི་རིགས་སྡེ་ཁག་གི་དགེ་སློབ་མ་རྣམས་གློག་བརྙན་ལ་ལྟ་བར་མགྲོན་འབོད་ཞུ་གི་ཡོད་པ་དྲན་སོས་ཀྱི་འདུག ཁོང་ཚོའི་སུ་ཞིག་ནས་དེའི་སྐབས་འགྲེལ་བཤད་གནང་བ་ལྟར་ན། གློག་བརྙན་སྒྱུར་སྐབས་སྐད་སྒྱུར་བ་ཙམ་གྱིས་མི་འགྲིགས་པར། བོད་སྐད་ནང་སྐད་ཆ་བཤད་སྐབས་གློག་བརྙན་ནང་གི་མི་དེའི་ཁ་འགུལ་སྟངས་དང་ཡང་མཐུན་ཐབས་བྱེད་དགོས་པ་རེད་ཟེར། གོང་གསལ་གློག་བརྙན་ནང་གི་མི་དེ་ཚོས་ཁ་འགུལ་སྟངས་ལ་བལྟས་ན། ཁོང་ཚོས་བོད་སྐད་བཤད་ཀྱི་ཡོད་པ་འདྲ་པོ་འདུག ཚང་མ་དེ་འདྲ་མ་རེད་དེ། ཕལ་ཆེ་བ་དེ་འདྲ་རེད། དེ་ལ་བལྟས་ན། ཡག་པོ་བསྒྱུར་མེད་འགྲོ་བསམས། མཚོ་སྔོན་གློག་བརྙན་བསྒྱུར་སྐྲུན་ཁང་གིས་མདོ་སྨད་ཞིང་འབྲོག་གི་མི་མང་རྒྱ་སྐད་མི་ཤེས་མཁན་དེ་ཚོའི་འདྲེན་བྱེད་ཀྱི་དགའ་སྟོན་དུ་ད་བར་གློག་བརྙན་ཅི་འདྲའི་མང་པོ་ཞིག་བསྟན་ཡོད་པ་མ་རེད་དམ། གློག་བརྙན་སྒྱུར་སྐྲུན་ཁང་དེ་དང་པོ་དབུ་འཛུགས་གནང་མཁན་དེ་ཕལ་ཆེར་མཁས་དབང་གསུང་རབ་རྒྱ་མཚོ་ཚང་མ་རེད་དམ། ཨ་ལགས་ཞབས་དྲུང་ཚང་ནས་ཁོང་ལ་མཁས་དབང་གསུང་རབ་རྒྱ་མཚོ་ཟེར་ནས་བྲིས་ཡོད་པས་ངས་ཀྱང་འདིར་མཁས་དབང་གི་མིང་གིས་བོད་པ་ཡིན། དེ་མིན་ངས་ཁོང་མཁས་དབང་ཡིན་མིན་ཤེས་ཀྱི་མེད། མཁས་པ་ཡིན་པ་ཤེས།
དགོངས་དག འདི་མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་ནས་བཏོན་པ་རེད་དམ་མཚོ་སྔོན་བརྙན་འཕྲིན་ཁང་ནས་བཏོན་པ་རེད། མི་འདི་ཚོ་སུ་གཅིག་ཀྱང་ངོ་ཤེས་ཀྱི་མི་འདུག སྔོན་མ་ཡིན་ན། མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་ནང་། དོན་རྒྱལ་གྱི་ལང་ཚོའི་རྦབ་ཆུ་གྱེར་འདོན་གནང་མཁན་ཕག་མོ་བཀྲ་ཤིས། ཁ་ཤགས་སྒྱུ་རྩལ་བ་དང་རྩོམ་པ་པོ། སྙན་ངག་པ་སྨན་བླ་སྐྱབས། དེ་མིན་བྲག་དཀར་ཞི་བདེ་ཉི་མ་སོགས་འདུག ཁོང་ཚོར་ཐེངས་རེ་ཟུང་ལ་མཇལ་མྱོང་། ད་ལྟ་ཁོང་ཚོ་དེར་ཡོད་ས་མ་རེད་པ། ཡོད་རེད་པས། སུ་ཤེས།
ཡག་པོ་རེད་ ཡིན་ན་ཡང་ངས་ཚིག་གཅིགཀྱང་་གོ་གི་མིན་འདུག་ དེ་ནི་ང་ཨ་མདོ་བ་མེན་པས་རེད་ ་ལྷ་ས་ནས་དེ་ལྟར་སྐད་འགྱུར་བའི་གློག་བརྙན་མང་པོ་འདུག་ འགྱུར་ཚད་ཀྱང་ཡག་པོ་འདུག་ཚང་མ་གོ་ཡི་འདུག་ འོན་ཀྱང་དེ་ཚོ་ཚང་མ་ལྷ་སའི་ཡུལ་སྐད་ཡིན་པ་ལ་རྒྱ་སྐད་ཀྱི་སྒྲ་མདངས་ཤུགས་ཆེན་པོའདུག་པས་ དེ་ཉན་འདོད་དང་བལྟ་འདོད་ཙ་བནས་མིན་འདུག་ བོད་སྐད་ལ་རྒྱ་སྐད་ཀྱི་སྒྲ་མདངས་ཡོད་པ་དེ་གོ་བ་ཙམ་ཀྱི་མ་སྐྱིད་པ་ཞིག་ཡོང་གི་འདུག་ ཨ་མདོའི་སྐད་ལ་འགྱུར་བ་རྣམས་དེ་ལྟར་མིན་པ་ཤོག
སྒྲུང་དེ་ཧ་གོ་མ་སོང་ཡང་། བོད་ཀྱི་སྐད་ཡིག་གི་ཡར་རྒྱས་གཏོང་སྟངས་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས་ཅིག་ཡིན་པས། ཚང་མས་རྒྱབ་སྐྱོར་གྱིས་མུ་མཐུད་ཡར་རྒྱས་སྣ་འཛོམས་ཡོང་བའི་རེ་བ་དང་དགའ་བསུ་ཚད་མེད་ཞུ།
ཁོང་ཅག་ལ་དངོས་གནས་རྗེས་སུ་ཡིད་རང་ཡོད།
འཛམ་གླིང་གི་བརྩམ་སྒྲུང་ཁག་རང་རེ་གངས་ཅན་པའི་ཁ་སྐད་དུ་འཕབ་བསྒྱུར་གནང་བ་དེ་ནི། མི་རིགས་གསར་བུ་བ་རྣམས་ལ་ཁ་ཚ་དགོས་ཐུག་གི་བསེལ་ཐུབ་པའི་སྨན་མཆོག་ལགས་ན། བསྒྱུར་བ་པོས་གཙོས་ལས་བྱ་ཡོངས་ལ་སྙིང་ཐག་པ་ནས་ལེགས་སྨོན་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག གོང་ནས་གོང་འཕེལ་ཡོང་བའི་སྨོན་ལམ་ཡང་ཞུ།
ཐུགས་རྗེ་ཆེ།མི་རིགས་འདིའི་སྐད་ཡིག་ལ་འདི་ལས་ལྷག་གི་ཞབས་ཞུ་ཞིག་མེད་དོ།།
བཀའ་དྲིན་ཆེ་ཡ། སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཆེའོ།
བོད་ཀྱི་སྐད་ཡིག་འཕེལ་རྒྱས་དགོས་ན། འདི་ལྟར། ལམ་ལ་ཆས་ན། མདུན་ལྗོངས་ཡངས་པོ་ཞིག་དང་རྨང་གཞི་བརྟན་པོ་ཆགས་ངེས་རེད། དེས་ན། རིགས་ཀྱི་སྤུན་ཟླ་རྣམ་པ་ལགས། ཁོང་ཚོའི་ལས་དོན་བསྒྲུབ་ཕྱོགས་དང་དམིགས་ཡུལ། གྲུབ་འབྲས་དང་འདིའི་རིགས་ཀྱིས་ཡིད་འགུག་གི་ནུས་པ་སོགས་ལ། བསམ་ཞིང་བསམས་ན། རིན་ཐང་ལྡན་ཞིང་རླབས་ཆེན་ཡིན་པས་ན། བོད་རིགས་སུ་གཏོགས་པ་ཀུན་གྱིས་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་དང་ཡི་རངས་བྱེད་དགོས་པ་ནི། སྤྱིར་བཏང་གི་འགན་འཁྲི་ཞིག་རེད། བྱས་ན། ཁོང་ཚོའི་རླབས་ཆེ་བའི་ལས་དོན་འདིའི་རིགས་དེ། མུ་ནས་མཐུད་ནས། འཐུས་ཚང་དང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཚད་མེད་ཞུའོ།།
སྐད་སྦྱོར་གྱི་ལས་རིགས་དེ་རྣམས་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ཡར་རྒྱས་གཏོང་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཤིག་རེད་དོ། ངོ་མ་ཡག་པོ་འདུག
འདི་འདྲའི་རྒྱ་སྒྲུང་མང་པོ་བོད་སྐད་ལ་བརྒྱུར་ན་སྐད་ཡིག་ལ་ཕན་ན་ཐང་ར། སེམས་ཁམས་ནད་པ་རུ་བསྒྱུར་དང་འགྱུར་བཞིན་པ་རེད་ཡ།
བོད་སྐད་ལ་ཕན་པ་སྒྲུབ་བསམ་ན་བོད་སྐད་ལ་བསྒྲུར། ཨ་མདོའི་སྐད་ལ་ཕན་བསམ་ན་ཨ་མདོའི་སྐད་ལ་བསྒྱུར།
སྤྱིར་ནས་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ།
མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་ནས་ད་ལྟ་བར་དུ་གློག་བརྙན་ག་ཚོད་ཅིག་བོད་སྐད་ལ་བསྒྱུར་ཡོད་པ་རེད། ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་ནང་རོལ་ལའང་། ཁོང་ཚོས་རྒྱ་ཡི་གློག་བརྙན་དང་ཕྱི་རྒྱལ་གྱི་གློག་བརྙན་གྲགས་ཆེན་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་མང་པོ་ཞིག་བོད་སྐད་དུ་བསྒྱུར་ཡོད་པ་རེད། ཁོང་ཚོས་གློག་བརྙན་རེ་བསྒྱུར་ཚར་ནས་ཕྱི་ལ་འགྲེམས་སྤེལ་མ་བྱས་སྔོན་ལ། རྟག་པར་མཚོ་སྔོན་སློབ་གསོའི་མི་རིགས་སྡེ་ཁག་གི་དགེ་སློབ་མ་རྣམས་གློག་བརྙན་ལ་ལྟ་བར་མགྲོན་འབོད་ཞུ་གི་ཡོད་པ་དྲན་སོས་ཀྱི་འདུག
ཁོང་ཚོའི་སུ་ཞིག་ནས་དེའི་སྐབས་འགྲེལ་བཤད་གནང་བ་ལྟར་ན། གློག་བརྙན་སྒྱུར་སྐབས་སྐད་སྒྱུར་བ་ཙམ་གྱིས་མི་འགྲིགས་པར། བོད་སྐད་ནང་སྐད་ཆ་བཤད་སྐབས་གློག་བརྙན་ནང་གི་མི་དེའི་ཁ་འགུལ་སྟངས་དང་ཡང་མཐུན་ཐབས་བྱེད་དགོས་པ་རེད་ཟེར།
གོང་གསལ་གློག་བརྙན་ནང་གི་མི་དེ་ཚོས་ཁ་འགུལ་སྟངས་ལ་བལྟས་ན། ཁོང་ཚོས་བོད་སྐད་བཤད་ཀྱི་ཡོད་པ་འདྲ་པོ་འདུག ཚང་མ་དེ་འདྲ་མ་རེད་དེ། ཕལ་ཆེ་བ་དེ་འདྲ་རེད། དེ་ལ་བལྟས་ན། ཡག་པོ་བསྒྱུར་མེད་འགྲོ་བསམས།
མཚོ་སྔོན་གློག་བརྙན་བསྒྱུར་སྐྲུན་ཁང་གིས་མདོ་སྨད་ཞིང་འབྲོག་གི་མི་མང་རྒྱ་སྐད་མི་ཤེས་མཁན་དེ་ཚོའི་འདྲེན་བྱེད་ཀྱི་དགའ་སྟོན་དུ་ད་བར་གློག་བརྙན་ཅི་འདྲའི་མང་པོ་ཞིག་བསྟན་ཡོད་པ་མ་རེད་དམ།
གློག་བརྙན་སྒྱུར་སྐྲུན་ཁང་དེ་དང་པོ་དབུ་འཛུགས་གནང་མཁན་དེ་ཕལ་ཆེར་མཁས་དབང་གསུང་རབ་རྒྱ་མཚོ་ཚང་མ་རེད་དམ། ཨ་ལགས་ཞབས་དྲུང་ཚང་ནས་ཁོང་ལ་མཁས་དབང་གསུང་རབ་རྒྱ་མཚོ་ཟེར་ནས་བྲིས་ཡོད་པས་ངས་ཀྱང་འདིར་མཁས་དབང་གི་མིང་གིས་བོད་པ་ཡིན། དེ་མིན་ངས་ཁོང་མཁས་དབང་ཡིན་མིན་ཤེས་ཀྱི་མེད། མཁས་པ་ཡིན་པ་ཤེས།
དགོངས་དག འདི་མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་ནས་བཏོན་པ་རེད་དམ་མཚོ་སྔོན་བརྙན་འཕྲིན་ཁང་ནས་བཏོན་པ་རེད།
མི་འདི་ཚོ་སུ་གཅིག་ཀྱང་ངོ་ཤེས་ཀྱི་མི་འདུག སྔོན་མ་ཡིན་ན། མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་ནང་། དོན་རྒྱལ་གྱི་ལང་ཚོའི་རྦབ་ཆུ་གྱེར་འདོན་གནང་མཁན་ཕག་མོ་བཀྲ་ཤིས། ཁ་ཤགས་སྒྱུ་རྩལ་བ་དང་རྩོམ་པ་པོ། སྙན་ངག་པ་སྨན་བླ་སྐྱབས། དེ་མིན་བྲག་དཀར་ཞི་བདེ་ཉི་མ་སོགས་འདུག ཁོང་ཚོར་ཐེངས་རེ་ཟུང་ལ་མཇལ་མྱོང་། ད་ལྟ་ཁོང་ཚོ་དེར་ཡོད་ས་མ་རེད་པ། ཡོད་རེད་པས། སུ་ཤེས།