སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་གསུམ་པ།༽ Posted on 2015-03-182015-03-18 By ཁ་བརྡ་ 5 Comments on སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་གསུམ་པ།༽ ༢༽ https://www.youtube.com/watch?v=tFfLfa9OIhg ༣༽ https://www.youtube.com/watch?v=EQzSHshI8H0#t=12 ༤༽ https://www.youtube.com/watch?v=dNY9NUyV43w གསར་འགྱུར།
ཡག་པོ་འདུག སྤྱི་འཐུས་རྣམས་པ་ཚོས་བཀའ་བློན་མོར་ཡག་པོ་བཙིར་ཤག ལན་ཡག་པོ་བརྒྱབ་ཐུབ་མི་འདུག ལྷག་པ་ཏུ་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་པ་ཡག་པོ་འདུག དགའ་པོ་བྱུང། བོད་རྒྱལ་ཁབ་ཀྱི་ཆེད་དུ་ཟེར་ནའང་རེད། ལས་རྒྱུ་འབྲས་སྲུང་མཁན་ཟེར་ནའང་ཆོག སྤྱིའི་རྒྱུ་ལྐོག་ཟ་མི་བྱེད་མཁན་ཟེར་ནའང་འདྲ། ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་པ་ལ་ཡིད་ཆེས་ཆེ་བ་བྱེད་ཆོག་ས་འདུག ཐུགས་རྗེ་ཆེ། གྲོས་འཚོགས་ནང་གི་འདི་ཕྱི་རྒྱུ་འབྲས་མེད་མཁན། ཉམ་ཐག་པའི་བཙན་བྱོལ་མི་དམངས་ཀྱི་སྤྱི་རྒྱུ་ལྐོག་ཟ་བྱེད་མཁན་གྱི་རྐུ་མ་ཇག་པ་དེ་དག་གིས་རྒྱལ་བ་རིན་པོ་ཆེན་བཀའ་སྒྲུབ་ཀྱི་ཡིན་དང་སྒྲུབ་ཀྱི་ཡིན་ཟེར་ནས་མི་དམངས་མགོ་སྐོར་གཏོང་ཆེད་དུ་རྒྱལ་བ་རིན་པོ་ཆེན་ལ་ངོ་དགའ་སྤྲེལ་ལད་ཁྲམ་བཞིན་འདུག་མོད། མི་ལོ་༥༦་གི་རིང་བཙན་བྱོལ་བོད་གཞུང་གི་ཟ་ཁང་དང་ཚོང་ཁང་། བཟོ་གྲྭ་སོགས་བཙུགས་ནས་བོད་མི་དམངས་ཀྱིས་དཀའ་ལས་བརྒྱབ། ངོ་ཚ་མེད་པའི་དཔོན་ངན་ཟ་ངོམ་ཅན་ཚོས་ལྐོག་བཟའ་བྱས་ནས་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་རང་རྐང་གི་ཐོག་ཏུ་ལངས་ཐུབ་མེད། དཔོན་ངན་ལྐོག་ཟ་རུལ་སུངས་དེ་དག་གིས་བོད་མི་དམངས་ཀྱི་བློ་དཀར་གཞུང་ལ་ཞེན་པ་ལོག་བཅུག་ཡོད། ཉམ་ཐག་པའི་བཙན་བྱོལ་མི་དམངས་ཀྱི་ཁྲག་འཇིབ་མཁན་དེ་དག་ལ་རྒྱལ་བ་རིན་པོ་ཆེན་བཀའ་སྒྲུབ་ཀྱི་ཡིན་ཞེས་བཤད་ཆོག་པའི་ཐང་ཐོབ་རྩ་བ་ནས་མེད།
བཙན་བྱོལ་སྤྒི་ཚོགས་ནང་ལྐོག་ཟ་རུལ་སྲུང་ཡོད་ན་ཡག་རྟགས་མ་རེད་དོ་། གང་དུ་ལྐོག་ཟ་ཡོད་པ་དེར་རུལ་སྲུང་ཡོད་པ་དང་གང་དུ་རུལ་སྲུང་ཡོད་པ་དེར་འགོ་འདྲེན་ཡོད་པ་དང་། གང་དུ་འགོ་འདྲེན་ཡོད་པ་དེར་ཕྱོགས་གཏོགས་ཡོད་པ་དང་། གང་དུ་ཕྱོགས་གཏོགས་ཡོད་པ་དེར་ལུུང་ཚན་ཤོག་བསྒྲིལ་ཡོད་པ་དང་། གང་དུ་ལུང་ཚན་ཤོག་བསྒྲིལ་ཡོད་པ་དེར་སྐབས་འཚོལ་རིང་ལུགས་པ་ནི་དེང་སྐབས་གོ་ལ་གཅིག་རྒྱུར་ཆགས་ཡོད་ན། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལྐོག་ཟ་རུལ་སྲུང་ཡོད་ན་མེ་ཆུང་དུས་ནས་བསད་དགོས་པ་ལྟར་མི་མང་གི་སྐུ་ཚབ་སྤྱི་འཐུས་ཚོའི་ཐུགས་འགན་ངེས་པར་དུ་བཞེས་ནས་་ནམ་མཁའ་གཡའ་དག་དང་ས་གཞི་སྡུལ་དག་གི་དཔེ་ལྟར་གཚང་མ་བཟོ་དགོས་ནི། བཙན་བྱོལ་སྤྱི་ཚོགས་འདི་ཡང་རྒྷ་ནག་ནང་བཞིན་ལྐོག་ཟ་རུལ་སྲུང་གི་སྤྱི་ཚོགསཞིག་འཛམ་གླིང་གི་མདུན་དུ་འཚོ་མ་དགོས་པ་ཐུགས་རྗེའི་གཟིགས་རོགས་གནང་། བོད་མི་མང་འཛམ་གླིང་མདུན་ངོ་སྣོང་མ་དགོས་པ་ཞིག་དང་ངོ་ཚ་མ་དགོས་པ་མ་དགོས་ཞིག་བཀའ་སྤྱི་གཉིས་ནས་ངེས་པར་དུ་གནང་རོགས་གནང་།
https://m.facebook.com/story.php?story_fbid=822155964531525&id=100002113880125&refsrc=http%3A%2F%2Fwww.khabdha.org%2F&_rdr
གྲོས་ཚོགས་དུས་མིན་དུ་གྲོལ་སོང་། འདོན་སྤེལ། ༢༠༡༥/༠༣/༡༩ དེ་རིང་སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་དང་འབྲེལ་ཏེ་ལྐོག་ཟ་རུལ་སུངས་སྐོར་གྱི་གླེང་སློང་ཞིག་དང་འབྲེལ་ཏེ་སྤྱི་འཐུས་ཚོགས་གཙོས་དགོངས་པ་ཞུས་སོང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཞིའི་པའི་སྔ་དྲོ་སྟེ། ད་ལྟ་རྒྱ་གར་གྱི་ཆུ་ཚོད་ ༡༢།༢༠ པའི་སྟེང་གྲོས་ཚོགས་ནང་། བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་གཏན་འབེབས་གནང་བཞིན་པའི་ལས་རིམ་འགྲོ་བཞིན་པའི་སྐབས། གྲོས་ཚོགས་ཀྱི་ལས་ཉིན་གཉིས་པར་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྤྱི་རྒྱུ་སྒེར་བདག་བྱེད་མཁན། ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན་སོགས་བོད་པའི་སྤྱི་ཚོགས་ནང་དུ་ཡོད་པ་མ་ཟད། སྤྱི་འཐུས་གྲོས་ཚོགས་ནང་དུའང་ཡོད་པ་རེད་ཟེར་བའི་བཀའ་མོལ་ཞིག་དང་འབྲེལ་ཏེ། དེ་རིང་བསྐྱར་དུ་སྤྱི་འཐུས་ཁག་ཅིག་གིས་གནད་དོན་དེ་གླེང་སློང་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ནས་ཀྱང་བསྐྱར་དུ་གླེང་བར་བརྟེན་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་ཅིག་གནང་བ་དང་འབྲེལ་ཏེ་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ཡིན་ཞེས་གསུངས་ཏེ་ཚོགས་འདུ་དུས་མིན་དུ་གྲོལ་སོང་།
ཡག་པོ་འདུག སྤྱི་འཐུས་རྣམས་པ་ཚོས་བཀའ་བློན་མོར་ཡག་པོ་བཙིར་ཤག ལན་ཡག་པོ་བརྒྱབ་ཐུབ་མི་འདུག ལྷག་པ་ཏུ་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་པ་ཡག་པོ་འདུག དགའ་པོ་བྱུང། བོད་རྒྱལ་ཁབ་ཀྱི་ཆེད་དུ་ཟེར་ནའང་རེད། ལས་རྒྱུ་འབྲས་སྲུང་མཁན་ཟེར་ནའང་ཆོག སྤྱིའི་རྒྱུ་ལྐོག་ཟ་མི་བྱེད་མཁན་ཟེར་ནའང་འདྲ། ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་པ་ལ་ཡིད་ཆེས་ཆེ་བ་བྱེད་ཆོག་ས་འདུག ཐུགས་རྗེ་ཆེ།
གྲོས་འཚོགས་ནང་གི་འདི་ཕྱི་རྒྱུ་འབྲས་མེད་མཁན། ཉམ་ཐག་པའི་བཙན་བྱོལ་མི་དམངས་ཀྱི་སྤྱི་རྒྱུ་ལྐོག་ཟ་བྱེད་མཁན་གྱི་རྐུ་མ་ཇག་པ་དེ་དག་གིས་རྒྱལ་བ་རིན་པོ་ཆེན་བཀའ་སྒྲུབ་ཀྱི་ཡིན་དང་སྒྲུབ་ཀྱི་ཡིན་ཟེར་ནས་མི་དམངས་མགོ་སྐོར་གཏོང་ཆེད་དུ་རྒྱལ་བ་རིན་པོ་ཆེན་ལ་ངོ་དགའ་སྤྲེལ་ལད་ཁྲམ་བཞིན་འདུག་མོད།
མི་ལོ་༥༦་གི་རིང་བཙན་བྱོལ་བོད་གཞུང་གི་ཟ་ཁང་དང་ཚོང་ཁང་། བཟོ་གྲྭ་སོགས་བཙུགས་ནས་བོད་མི་དམངས་ཀྱིས་དཀའ་ལས་བརྒྱབ། ངོ་ཚ་མེད་པའི་དཔོན་ངན་ཟ་ངོམ་ཅན་ཚོས་ལྐོག་བཟའ་བྱས་ནས་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་རང་རྐང་གི་ཐོག་ཏུ་ལངས་ཐུབ་མེད།
དཔོན་ངན་ལྐོག་ཟ་རུལ་སུངས་དེ་དག་གིས་བོད་མི་དམངས་ཀྱི་བློ་དཀར་གཞུང་ལ་ཞེན་པ་ལོག་བཅུག་ཡོད། ཉམ་ཐག་པའི་བཙན་བྱོལ་མི་དམངས་ཀྱི་ཁྲག་འཇིབ་མཁན་དེ་དག་ལ་རྒྱལ་བ་རིན་པོ་ཆེན་བཀའ་སྒྲུབ་ཀྱི་ཡིན་ཞེས་བཤད་ཆོག་པའི་ཐང་ཐོབ་རྩ་བ་ནས་མེད།
བཙན་བྱོལ་སྤྒི་ཚོགས་ནང་ལྐོག་ཟ་རུལ་སྲུང་ཡོད་ན་ཡག་རྟགས་མ་རེད་དོ་། གང་དུ་ལྐོག་ཟ་ཡོད་པ་དེར་རུལ་སྲུང་ཡོད་པ་དང་གང་དུ་རུལ་སྲུང་ཡོད་པ་དེར་འགོ་འདྲེན་ཡོད་པ་དང་། གང་དུ་འགོ་འདྲེན་ཡོད་པ་དེར་ཕྱོགས་གཏོགས་ཡོད་པ་དང་། གང་དུ་ཕྱོགས་གཏོགས་ཡོད་པ་དེར་ལུུང་ཚན་ཤོག་བསྒྲིལ་ཡོད་པ་དང་། གང་དུ་ལུང་ཚན་ཤོག་བསྒྲིལ་ཡོད་པ་དེར་སྐབས་འཚོལ་རིང་ལུགས་པ་ནི་དེང་སྐབས་གོ་ལ་གཅིག་རྒྱུར་ཆགས་ཡོད་ན། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལྐོག་ཟ་རུལ་སྲུང་ཡོད་ན་མེ་ཆུང་དུས་ནས་བསད་དགོས་པ་ལྟར་མི་མང་གི་སྐུ་ཚབ་སྤྱི་འཐུས་ཚོའི་ཐུགས་འགན་ངེས་པར་དུ་བཞེས་ནས་་ནམ་མཁའ་གཡའ་དག་དང་ས་གཞི་སྡུལ་དག་གི་དཔེ་ལྟར་གཚང་མ་བཟོ་དགོས་ནི། བཙན་བྱོལ་སྤྱི་ཚོགས་འདི་ཡང་རྒྷ་ནག་ནང་བཞིན་ལྐོག་ཟ་རུལ་སྲུང་གི་སྤྱི་ཚོགསཞིག་འཛམ་གླིང་གི་མདུན་དུ་འཚོ་མ་དགོས་པ་ཐུགས་རྗེའི་གཟིགས་རོགས་གནང་།
བོད་མི་མང་འཛམ་གླིང་མདུན་ངོ་སྣོང་མ་དགོས་པ་ཞིག་དང་ངོ་ཚ་མ་དགོས་པ་མ་དགོས་ཞིག་བཀའ་སྤྱི་གཉིས་ནས་ངེས་པར་དུ་གནང་རོགས་གནང་།
https://m.facebook.com/story.php?story_fbid=822155964531525&id=100002113880125&refsrc=http%3A%2F%2Fwww.khabdha.org%2F&_rdr
ད་ཡག་པོ་རེད། གཞིས་ལུས་མི་མང་གི་སེམས་ཕམ་གྱི་རེད།
གྲོས་ཚོགས་དུས་མིན་དུ་གྲོལ་སོང་།
འདོན་སྤེལ། ༢༠༡༥/༠༣/༡༩
དེ་རིང་སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་དང་འབྲེལ་ཏེ་ལྐོག་ཟ་རུལ་སུངས་སྐོར་གྱི་གླེང་སློང་ཞིག་དང་འབྲེལ་ཏེ་སྤྱི་འཐུས་ཚོགས་གཙོས་དགོངས་པ་ཞུས་སོང་།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཞིའི་པའི་སྔ་དྲོ་སྟེ། ད་ལྟ་རྒྱ་གར་གྱི་ཆུ་ཚོད་ ༡༢།༢༠ པའི་སྟེང་གྲོས་ཚོགས་ནང་། བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་གཏན་འབེབས་གནང་བཞིན་པའི་ལས་རིམ་འགྲོ་བཞིན་པའི་སྐབས། གྲོས་ཚོགས་ཀྱི་ལས་ཉིན་གཉིས་པར་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྤྱི་རྒྱུ་སྒེར་བདག་བྱེད་མཁན། ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན་སོགས་བོད་པའི་སྤྱི་ཚོགས་ནང་དུ་ཡོད་པ་མ་ཟད། སྤྱི་འཐུས་གྲོས་ཚོགས་ནང་དུའང་ཡོད་པ་རེད་ཟེར་བའི་བཀའ་མོལ་ཞིག་དང་འབྲེལ་ཏེ། དེ་རིང་བསྐྱར་དུ་སྤྱི་འཐུས་ཁག་ཅིག་གིས་གནད་དོན་དེ་གླེང་སློང་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ནས་ཀྱང་བསྐྱར་དུ་གླེང་བར་བརྟེན་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་ཅིག་གནང་བ་དང་འབྲེལ་ཏེ་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ཡིན་ཞེས་གསུངས་ཏེ་ཚོགས་འདུ་དུས་མིན་དུ་གྲོལ་སོང་།