སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་བཞི་པ།༽ Posted on 2015-03-192015-03-19 By ཁ་བརྡ་ 8 Comments on སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་བཞི་པ།༽ ༢༽ https://www.youtube.com/watch?v=sEOsSKZClPE#t=12 ༣༽ https://www.youtube.com/watch?v=MbfnIxkR3OE གློག་བརྙན་།
ཞབས་འདྲེན་་བཞག་འདུག་གོ་། རྒྱྶ་སྟོན་ལ་ཞབས་འདྲེན་བཞག་འདུག་གོ་། སྤྱི་འཐུས་་ཚང་མ་དགོང་ཞུུ་རོགས་། བཟང་སྤྱོད་ལ་འགན་ཁྱེར་ན་ཡག་གི་རེད་། ཁྲིམས་ཁང་ཚང་མ་སྟོང་པ་རེད་དོ་། བདེན་པ་ཡོད་ན་ཁྲིམས་ལ་གཏུགས་རོགས་གནང་། གྲོས་ཚོགས་གཙང་མ་ལ་འཇོག་རོགས་གནང་། སྙོག་ཁྲ་སློང་མཁན་ཚོ་བོད་ལ་ལོག་རོག་གནང་། བཙན་བྱོལ་སྤྱི་ཚོགས་ནང་མ་དཀྲུགས་རོགས་གནང་།
བཀའ་སྤྱི་བསྟན་པ་ཡར་འཕེལ་གྱིས་ཚོགས་གཙོ་སྤེན་ཚེ་ལ་མི་གསོད་ཁྲག་སྦྱོར་གྱི་ཉེས་འཛུགས་འོག ཚོགས་གཙོས་གྲོས་ཚོགས་ཀྱི་མཚམས་བཞག་སྟེ་ཐད་ཀར་དགོངས་པ་ཞུས་པ་ཡག་པོ་རེད། བསྟན་ཡར་གྱིས་སྤེན་ཚེས་མི་བསད་པའི་དཔང་རྟགས་གསལ་བོ་བསྟན་ཏེ་ཁྲིམས་ལ་གཏུགས་པའི་དུས་ལ་བབ་སོང་། དེ་དུས་རྒྱལ་ཕམ་སུ་ཡིན་བལྟ་ཡ་རེད། ད་དུང་གྲོས་ཚོགས་ར་བའི་ནང་ལྐོག་ཟ་རུལ་སོང་དང་། སྤྱི་རྒྱུ་སྒེར་བདག་ཅན། མི་གསོད་ཁྲག་སྦྱོར་གྱི་ནག་ཉེས་ཅན་གཞན་ཡང་ཡོད་སྲིད་ཚེ་གྲོས་ཚོགས་ནས་ཕྱི་ལ་འབུད་པའི་དུས་ལ་བབ་པ་རེད། །
གང་ལྟར་མི་མང་སྤྱི་བའི་འཐུས་མི་ཞིག་ཡིན་པའི་ཆ་ནས་འགན་ཁུར་ཡོད་པའི་བཀའ་མོལ་གནང་རྒྱུ་གལ་ཆེ་བ་མ་ཟད། ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམ་པ་ལ་མཚོན་ན་ཆོལ་ཁ་དང་ལུང་ཚན་སྒེར་གནད་ཁོག་ལ་བཅུག་ནས་ཆོས་བརྒྱུད་ཀྱི་མཚན་མཐོང་ལ་གནོད་པའི་བཀའ་མོལ་དང་ཕྱག་ལས་མ་གནང་ན་ཡག་པོ་རེད། སོ་སོ་ལ་འོས་གནང་མཁན་གྱི་ཆོས་བརྒྱུད་ལ་ཕན་པའི་ལས་དོན་སྒྲུབ་མ་ཐུབ་ནའང་ཞབས་འདྲེན་མ་བཞག་ན་ཡག་པོ་རེད། ཕོ་འཇོན་པོ་དང་རྒོད་པོ་ཞིག་ཡིན་ན་སྒེར་དང་སྒེར་གདོང་གཏད་ནས་བདེན་རྫུན་དབྱེ་འབྱེད་དགོས་པ་རེད་མ་གཏོགས། གཞན་ཟེར་ཅལ་འདྲོགས་ཀྱིས་འགན་ཁུར་མེད་པའི་གཏམ་གླེང་གི་གྲོས་ཚོགས་བཙོག་པ་བཟོ་བ་ནི་ཧ་ཅང་ཐལ་དྲགས་པའི་བྱ་སྤྱོད་ལས་མ་འདས་སོ། །
ལྐོག་ས་རུལ་སུངས་དང་ཉེས་ཅན་པ་ཚོའི་རྒྱབ་རྩ་བྱེད་མཁན་ཚོས་ངོས་ནས་ཆོལ་ཁའི་རྩོད་རྙོག་ཞིག་ལ་སྒྱུར་ཐབས་མ་བྱེད་ན་ཡག་གི་རེད་འདོད། སྤྱི་རྒྱུ་སྒེར་བདག ལྐོག་ཟ་རུལ་སུངས། མི་གསོད་ཁྲག་སྦྱར་གྱི་རྩོད་རྙོག་ཡིན་པ་ལས་ཆོལ་ཁའི་བར་གྱི་རྩོད་རྙོག་མ་རེད། མི་རེ་གཉིས་ཀྱི་རྩོད་རྙོག་དེ་ཆོལ་ཁའི་ཐོག་ཏུ་འཐེན་གང་ཐུབ་བྱས་ནས་སྐྱོབ་ཐབས་བྱེད་པ་འདི་ལུགས་མཐུན་མ་རེད། ལྐོག་ས་རུལ་སུངས་ཚོ་ནི་ཉམ་ཐག་པའི་བཙན་བྱོལ་གཞུང་གི་རྒྱུ་བཟའ་མཁན་དང་བོད་མི་རིགས་ཀྱི་ཁྲག་འཇིབ་མཁན་རེད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དགྲ་བོ་ངོ་མ་རེད། བོད་སྤྱིའི་ཁེ་ཕན་ལ་བསམ་བློ་ཐོངས།
ཆོས་རྒྱུད་སྤྱི་འཐུས་ཟེར་ཡག་ཅིག་མེད་ན་ཆེས་བཟང་། ཆོས་ལྡན་རྒྱལ་ཁབ་འཇིག་རྟེན་ཀུན་ལ་ཡོད།། ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར།། ཆོས་ལྡན་ཙམ་གྱི་རྒྱལ་སྲིད་མ་ཉམས་ཀྱང་།། ཟུང་དུ་འབྲེལ་བས་གཉིས་ཀའི་ནུས་པ་ཤོར།། ཟེར་བ་དེ་ཅིས་མི་བདེན། དངོས་གནས་བཤད་ན་སེར་གོས་གྱོན་མཁན་དག་་་་ སྲིད་ཀྱི་ར་བའི་ནང་དུ་འཛུགས་ཞུགས་བྱེད་པའི་ཐོབ་ཐང་སུས་སྤྲད་པ་རེད། སྟོན་པ་སངས་རྒྱས་དང་རྗེས་འཇུག་མཁས་གྲུབ་སུས་ཀྱང་སྤྲད་མེད། ལུགས་གཉིས་གང་ལ་མི་འཚམས་པའི་ལས་ཀ་བྱས་བསྡད་སྟབས་མཇུག་འབྲས་འདི་འདྲ་མི་ཡོང་ན་ཅི་ཡོང་།
ལྐོག་ཟ་རུལ་སུངས་དང་སྤྱི་རྒྱུ་སྒེར་བདག་དང་ཐད་ཀར་འབྲེལ་བ་ཡོད་མཁན་གྲོས་ཚོགས་སུ་བྱུང་བ་གསལ་པོ་རེད། མི་གསོད་ལག་དམར་དང་འབྲེལ་བ་ཡོད་མཁན་གྲོས་ཚོགས་སུ་ཡོད་བཤད་པ་དེར་ཞིབ་འཇུག་ནན་མོ་དགོས་རྒྱུ་རེད། གནས་ཚུལ་གསལ་པོ་བྱུང་མཚམས་སུ་ཆོལ་ཁ་དང་ཆོས་ལུགས། ལོང་ཚན་དང་མི་སྒེར་གང་གིས་ཕྱོགས་ལྷོང་དང་སྤྱི་སེམས་དྲང་ཚུབ་ཅན་སུ་ཡིན་གསལ་ཡོང་གི་རེད། དེ་དུས་ཉེན་པ་སུ་ལ་བབ་མིན་བཤད་ན་ལེགས།
ཞབས་འདྲེན་་བཞག་འདུག་གོ་།
རྒྱྶ་སྟོན་ལ་ཞབས་འདྲེན་བཞག་འདུག་གོ་།
སྤྱི་འཐུས་་ཚང་མ་དགོང་ཞུུ་རོགས་།
བཟང་སྤྱོད་ལ་འགན་ཁྱེར་ན་ཡག་གི་རེད་།
ཁྲིམས་ཁང་ཚང་མ་སྟོང་པ་རེད་དོ་།
བདེན་པ་ཡོད་ན་ཁྲིམས་ལ་གཏུགས་རོགས་གནང་།
གྲོས་ཚོགས་གཙང་མ་ལ་འཇོག་རོགས་གནང་།
སྙོག་ཁྲ་སློང་མཁན་ཚོ་བོད་ལ་ལོག་རོག་གནང་།
བཙན་བྱོལ་སྤྱི་ཚོགས་ནང་མ་དཀྲུགས་རོགས་གནང་།
བོད་ཀྱི་གཏམ་དཔེར།
ཚོགས་སུ་ཁ།
གཅིག་པུར་ལག
བཀའ་སྤྱི་བསྟན་པ་ཡར་འཕེལ་གྱིས་ཚོགས་གཙོ་སྤེན་ཚེ་ལ་མི་གསོད་ཁྲག་སྦྱོར་གྱི་ཉེས་འཛུགས་འོག ཚོགས་གཙོས་གྲོས་ཚོགས་ཀྱི་མཚམས་བཞག་སྟེ་ཐད་ཀར་དགོངས་པ་ཞུས་པ་ཡག་པོ་རེད། བསྟན་ཡར་གྱིས་སྤེན་ཚེས་མི་བསད་པའི་དཔང་རྟགས་གསལ་བོ་བསྟན་ཏེ་ཁྲིམས་ལ་གཏུགས་པའི་དུས་ལ་བབ་སོང་། དེ་དུས་རྒྱལ་ཕམ་སུ་ཡིན་བལྟ་ཡ་རེད། ད་དུང་གྲོས་ཚོགས་ར་བའི་ནང་ལྐོག་ཟ་རུལ་སོང་དང་། སྤྱི་རྒྱུ་སྒེར་བདག་ཅན། མི་གསོད་ཁྲག་སྦྱོར་གྱི་ནག་ཉེས་ཅན་གཞན་ཡང་ཡོད་སྲིད་ཚེ་གྲོས་ཚོགས་ནས་ཕྱི་ལ་འབུད་པའི་དུས་ལ་བབ་པ་རེད། །
གང་ལྟར་མི་མང་སྤྱི་བའི་འཐུས་མི་ཞིག་ཡིན་པའི་ཆ་ནས་འགན་ཁུར་ཡོད་པའི་བཀའ་མོལ་གནང་རྒྱུ་གལ་ཆེ་བ་མ་ཟད། ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམ་པ་ལ་མཚོན་ན་ཆོལ་ཁ་དང་ལུང་ཚན་སྒེར་གནད་ཁོག་ལ་བཅུག་ནས་ཆོས་བརྒྱུད་ཀྱི་མཚན་མཐོང་ལ་གནོད་པའི་བཀའ་མོལ་དང་ཕྱག་ལས་མ་གནང་ན་ཡག་པོ་རེད། སོ་སོ་ལ་འོས་གནང་མཁན་གྱི་ཆོས་བརྒྱུད་ལ་ཕན་པའི་ལས་དོན་སྒྲུབ་མ་ཐུབ་ནའང་ཞབས་འདྲེན་མ་བཞག་ན་ཡག་པོ་རེད། ཕོ་འཇོན་པོ་དང་རྒོད་པོ་ཞིག་ཡིན་ན་སྒེར་དང་སྒེར་གདོང་གཏད་ནས་བདེན་རྫུན་དབྱེ་འབྱེད་དགོས་པ་རེད་མ་གཏོགས། གཞན་ཟེར་ཅལ་འདྲོགས་ཀྱིས་འགན་ཁུར་མེད་པའི་གཏམ་གླེང་གི་གྲོས་ཚོགས་བཙོག་པ་བཟོ་བ་ནི་ཧ་ཅང་ཐལ་དྲགས་པའི་བྱ་སྤྱོད་ལས་མ་འདས་སོ། །
ལྐོག་ས་རུལ་སུངས་དང་ཉེས་ཅན་པ་ཚོའི་རྒྱབ་རྩ་བྱེད་མཁན་ཚོས་ངོས་ནས་ཆོལ་ཁའི་རྩོད་རྙོག་ཞིག་ལ་སྒྱུར་ཐབས་མ་བྱེད་ན་ཡག་གི་རེད་འདོད། སྤྱི་རྒྱུ་སྒེར་བདག ལྐོག་ཟ་རུལ་སུངས། མི་གསོད་ཁྲག་སྦྱར་གྱི་རྩོད་རྙོག་ཡིན་པ་ལས་ཆོལ་ཁའི་བར་གྱི་རྩོད་རྙོག་མ་རེད། མི་རེ་གཉིས་ཀྱི་རྩོད་རྙོག་དེ་ཆོལ་ཁའི་ཐོག་ཏུ་འཐེན་གང་ཐུབ་བྱས་ནས་སྐྱོབ་ཐབས་བྱེད་པ་འདི་ལུགས་མཐུན་མ་རེད།
ལྐོག་ས་རུལ་སུངས་ཚོ་ནི་ཉམ་ཐག་པའི་བཙན་བྱོལ་གཞུང་གི་རྒྱུ་བཟའ་མཁན་དང་བོད་མི་རིགས་ཀྱི་ཁྲག་འཇིབ་མཁན་རེད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དགྲ་བོ་ངོ་མ་རེད། བོད་སྤྱིའི་ཁེ་ཕན་ལ་བསམ་བློ་ཐོངས།
ཆོས་རྒྱུད་སྤྱི་འཐུས་ཟེར་ཡག་ཅིག་མེད་ན་ཆེས་བཟང་།
ཆོས་ལྡན་རྒྱལ་ཁབ་འཇིག་རྟེན་ཀུན་ལ་ཡོད།།
ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར།།
ཆོས་ལྡན་ཙམ་གྱི་རྒྱལ་སྲིད་མ་ཉམས་ཀྱང་།།
ཟུང་དུ་འབྲེལ་བས་གཉིས་ཀའི་ནུས་པ་ཤོར།།
ཟེར་བ་དེ་ཅིས་མི་བདེན། དངོས་གནས་བཤད་ན་སེར་གོས་གྱོན་མཁན་དག་་་་
སྲིད་ཀྱི་ར་བའི་ནང་དུ་འཛུགས་ཞུགས་བྱེད་པའི་ཐོབ་ཐང་སུས་སྤྲད་པ་རེད། སྟོན་པ་སངས་རྒྱས་དང་རྗེས་འཇུག་མཁས་གྲུབ་སུས་ཀྱང་སྤྲད་མེད། ལུགས་གཉིས་གང་ལ་མི་འཚམས་པའི་ལས་ཀ་བྱས་བསྡད་སྟབས་མཇུག་འབྲས་འདི་འདྲ་མི་ཡོང་ན་ཅི་ཡོང་།
ལྐོག་ཟ་རུལ་སུངས་དང་སྤྱི་རྒྱུ་སྒེར་བདག་དང་ཐད་ཀར་འབྲེལ་བ་ཡོད་མཁན་གྲོས་ཚོགས་སུ་བྱུང་བ་གསལ་པོ་རེད། མི་གསོད་ལག་དམར་དང་འབྲེལ་བ་ཡོད་མཁན་གྲོས་ཚོགས་སུ་ཡོད་བཤད་པ་དེར་ཞིབ་འཇུག་ནན་མོ་དགོས་རྒྱུ་རེད། གནས་ཚུལ་གསལ་པོ་བྱུང་མཚམས་སུ་ཆོལ་ཁ་དང་ཆོས་ལུགས། ལོང་ཚན་དང་མི་སྒེར་གང་གིས་ཕྱོགས་ལྷོང་དང་སྤྱི་སེམས་དྲང་ཚུབ་ཅན་སུ་ཡིན་གསལ་ཡོང་གི་རེད། དེ་དུས་ཉེན་པ་སུ་ལ་བབ་མིན་བཤད་ན་ལེགས།
དེ་སྔོན་དང་མི་འདྲ་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འབྱོར་རྣམས་ལ་ཡག་པོ་གནང་འདུག་ཐུགས་རྗེ་ཆེ།