སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་དང་པོ། Posted on 2015-09-152015-09-16 By ཁ་བརྡ 16 Comments on སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་དང་པོ། ༢༽ https://www.youtube.com/watch?v=1XDng90u6Wo ༣༽ https://www.youtube.com/watch?v=NEWd0fVq9Zo ༤༽ https://www.youtube.com/watch?v=N6GQx6mP3xk གློག་བརྙན་།
ད་རེབ་ཀྱི་གྲོས་ཚོགས་ཚོགས་དུས་ཐོག་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང་། སྒྲོལ་དཀར་སྐྱབས་གཉིས་ཀྱིས་ཚོགས་དུས་ཧྲིལ་པོར་དགོངས་པ་ཞུས་འདུག་པ་དང་། ས་སྐྱའི་སྤྱི་འཐུས་ག་ཟི་ཚེ་རིང་པོ་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕྱིན་ཡོད་སྐད་འདུག་པས། ལོ་རེའི་ནང་དུ་ཚོགས་ཐེངས་གཉིས་ལས་མེད་པའི་བོད་སྤྱི་དོན་གྱི་ཚོགས་འདུ་གལ་ཆེན་འདི་ལྷག་གི་གཞུང་འབྲེལ་ལས་དོན་ཞིག་གོང་གསལ་སྤྱི་འཐུས་དེ་ཚོ་ལ་ཟུར་དུ་ཡོད་པ་ཡིན་ནམ། ལྷག་པར་དུ་གོང་གསལ་མདོ་སྨད་སྤྱི་འཐུས་དེ་གཉིས་ལ་ཚོགས་དུས་ཧྲིལ་བོར་དགོངས་པ་ཞུ་དགོས་པའི་ལས་དོན་ག་རེ་བྱུང་བ་ཡིན་ནམ། “དགོས་སར་ཆད། མི་དགོས་སར་ལྷག” ཞེས་པ་ཡང་བྱེད་སྟངས་དེ་འདྲ་ལ་བརྟེན་ནས་བྱུང་བ་ཡིན་པ་ཤེས་རྟོགས་ཡོད་ལོས་ཆེ།
བཀུར་འོས་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ནས་བཀའ་མོལ་གནད་ལ་སྨིན་པ་ཞིག་དང་། དགོས་ངེས་ཀྱི་དགོངས་ཚུལ་གསུང་འདུག་པར་དགའ་བསུ་ཞུ། ག་ཟི་ཚེ་རིང་ཁོང་རྒྱལ་བ་ཇོ་ནང་པར་གཡོལ་ཡིན་ཤས་ཆེ། ཐུབ་བསྟན་ལུང་རིག་ཤར་ཕྱོགས་ཁུག་རྟའི་མགྲོན་འབོད་གདན་འདྲེན་ཞུས་ཡིན་འགྲོ།
ཚོགས་གཙོ་དང་འཐུས་མི་༥/༦མ་གཏོགས་སྤྱི་འཐུས་གཞན་ཚོས་བོད་ཀྱི་རྒྱལ་གླུ་ཡང་ཤེས་ཀྱི་མེད་པ་འདྲ། ཆ་ཚང་གི་ཁ་བསྡམ་ནས་འགུལ་ཙམ་ཡང་བྱེད་ཀྱི་མི་འདུག རྒྱལ་གླུ་ཡང་མི་ཤེས་པའི་འཐུས་མི་དག་རྒྱང་ཕུད་དུ་བཏང་བཞག་ན་ཡག་ས་རེད། གཞན་མྱ་ངན་གྲོས་ཆོད་ནང་མི་གཉིས་ཀྱི་ལོ་རྒྱུས་དང་ཕྱག་རྗེས་སོགས་་གསུང་སོང་། ཡིན་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་མཛད་རྗེས་དྭ་ཕྲུག་ཚོར་སློབ་གྲྭ་བཙུགས་དང་རྒན་གསོ་ཁང་བཙུགས་པའི་མཛད་རྗེས་ཚིག་ཟུར་ཙམ་ཡང་གླེང་གི་མི་འདུག གང་ལྟར་བོད་ནང་གི་མི་དེ་ཚོའི་མཛད་རྗེས་གྲོས་ཚོགས་ནང་གླེང་མ་ཆོག་པ་ཡིན་ནམ།
དགེ་ཤེས་སྨོན་མཐར་ལགས་ཀྱིས་དགོངས་ཚུལ་ཡག་པོ་གསུངས་སོང་། གངས་སྐྱིད་ཀྱི་དད་པ་ལོག་སྤྱོད་པའི་ཤོག་ཁག་ལང་ཤོར་ལ་གཏོང་མི་ཉེན་པ་ནི་གྲོས་ཚོགས་ནང་གླེང་དགོས་པའི་གནས་དོན་གལ་ཆེན་ཞིག་ཆགས་ཡོད། འདི་ཚོས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་རྨ་ཁ་བཟོ་བ་མ་ཟད་ཆིག་སྒྲིལ་གྱི་ནུས་པ་རྩ་བརླག་ཏུ་གཏོང་རྒྱུ་གདོན་མི་ཟ་བས་སོ།
མི་མངོན་པའི་བྲན་གཡོག་ཚོའི་གཏམ་བཤད་ཚང་མར་ཉོན་ཡོད། ་བརྒྱ་ཤ་དཀར་པོའི་བདེ་ཡི་ཐོག་ཏུ་ངར་སྐད་མང་པོར་སྒྲོགས་སོང་། ཡིན་ཀྱང་ངར་ངར་རྫིག་རྫིག་ག་ཚོད་བྱས་ན་རང་དབང་མེད་པའི་མི་མངོན་པའི་བྲན་གཡོག་གི་ངར་སྐད་ཙམ་ལས་དོན་གྱི་དཔའ་སྐད་ཤིག་མཐོང་མ་བྱུང་། ཡེ་ཤེས་དབྱིངས་དཔྱོད་བྱས་ནས་གཏན་འབེབས་བྱས་པའི་དབུ་མའི་ལམ་ལ་རྒྱ་གཞུང་གིས་སྔ་ཕྱི་བར་གསུམ་དུ་ངོས་ལེན་མེད་ཅེས་ཁ་གསལ་གཏིང་གསལ་བྱས་ཡོད་རེད། དབུ་མའི་ལམ་ལ་འགྲོ་ལམ་མེད་པ་འདྲ་པོ་ཆགས་ཚར་བ་རེད། ཡིན་ཀྱང་རང་དབང་གཙང་མ་ཞིག་མེད་པའི་མི་མངོན་པའི་བྲན་གཡོག་ཚོས་ངོས་ནས་རྒྱ་གཞུང་གི་དབུ་མའི་ལམ་ལ་ངོས་ལེན་མ་བྱས་ན་མ་འོངས་པར་འདི་དང་དེ་བྱེད་དགོས་རེད་ཅེས་བཤད་ཕོད་མཁན་མི་འདུག་ག འདིས་ཁྱོད་རང་ཚོ་བྲན་གཡོག་ལྟ་བུ་ཡིན་པའི་རྟགས་སྟོན་པ་རེད། དེ་ལས་ལྡོག་ཏེ་རྒྱ་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་ཟེར་བ་དེ་ཡང་རྫུན་བཤད་ཀྱི་ཡོད་མདོག་མདོག་བཤད་མཁན་འདུག དོན་དངོས་པོའི་ཐོག་ནས་དབུ་མའི་ལམ་ལ་ངོས་ལེན་ཡོང་མདོག་མདོག་བཤད་ཀྱི་འདུག འདི་ནི་རང་མགོ་རང་གིས་སྐོར་ཟེར་ནའང་རེད། མི་དམངས་མགོ་སྐོར་བཏང་ཟེར་ནའང་ཆོག་པ་རེད། རྒྱ་གཞུང་གིས་དབུ་མའི་ལམ་ལ་སྔ་ཡང་ངོས་ལེན་བྱས་མེད་ཅེས་བཤད་པ་རེད། བདེན་གཏམ་ཡང་རེད། ལོ་དེ་དག་གི་རིང་དུ་འབད་བརྩོན་བྱས་ཀྱང་ངོས་ལེན་བྱས་མེད་པར་ཚང་མས་མཐོང་ཡོད། ད་ལྟ་ཡང་ངོས་ལེན་བྱེད་བཞིན་མེད་ཟེར་ཡོད་རེད། བདེན་པ་རེད། དེང་སང་དབུ་མའ་ལམ་ལ་ངོས་ལེན་བྱེད་བཞིན་མེད་པར་ཚང་མས་མཐོང་ས་རེད། མ་འོངས་པ་ལ་ཡང་ངོས་ལེན་བྱ་མི་སྲིད་བཤད་ཡོད་རེད། འདི་གཅིག་པོ་རྫུན་གཏམ་ཡིན་སྲིད་པ་རེད། མ་འོངས་པར་ངོས་ལེན་བྱ་སྲིད་པ་ཡང་རེད། མི་སྲིད་པ་རེད། ཡིན་ཀྱང་བརྒྱ་ཆ་བྱས་ན་འདས་པ་དང་ད་ལྟ་གཉིས་ཀ་ལ་ངོས་ལེན་བྱས་མེད་པ་བདེན་པ་རེད། བདེན་གཏམ་གྱི་བརྒྱ་ཆ་མང་བ་འདུག དངོས་གནས་བྱས་ན་དབུ་མའི་ལམ་ལ་འདས་མ་ད་གསུམ་ལ་ངོས་ལེན་མེད་ཟེར་འོང་དུས་ངོས་ལེན་མེད་ན་འདི་དང་དེ་བྱེད་དགོས་རེད་ཅེས་ཐབས་ཇུས་བཏོན་དགོས་པ་རེད། མ་གཏོགས་མུ་མཐུད་ནས་རེ་བ་རྒྱབ་ན་བྱབ་ཆུང་རེད། བོད་རེ་བས་ཕུངས་འགྲོ་གི་རེད།་་་་གཅིག་རེད། གཉིས་པ། མངོན་པའི་བྲན་གཡོག་ཚོས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རེ་འདུན་གྱི་ཐོག་ཏུ་སྐད་ཆ་དྲང་པོ་བཤད་མ་སོང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་རང་བཙན་སྐད་འབོད་བྱེད་ཞོར་རང་ལུས་མེ་སྲེག་བྱས་པ་རེད། འགའ་རེས་རང་ལུས་ཐོག་ཏུ་རང་བཙན་ཞེས་བྲིས། དེའི་ཐོག་ཏུ་ས་སྣམ་བླུགས་ནས་རང་ལུས་མེ་སྲེག་བྱས་པ་རེད། འདིར་འཛམ་གླིང་ཡོངས་ཀྱི་མིག་མདུན་དུ་རེད། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རེ་འདུན་དང་འབོད་སྒྲ་ལ་ལོག་འགྲེལ་བརྒྱབ། དྲང་པོ་མ་བཤད། འདིས་ག་རེ་མཚོན་པ་རེད་ཟེར་ན་མི་མངོན་པའི་བྲན་གཡོག་ཁྱོད་ཚོ་ལས་རྒྱུ་འབྲས་ལ་མི་བརྩི་མཁན་དང་། མིའི་ཚེ་སྲོག་གི་འཐབ་རྩོད་ལ་མཐོང་ཆུང་བཏང་མཁན་ཞིག་ཡིན་པར་གསལ་བསྟན་བྱས་པ་རེད། གཅིག་བྱས་ན་རང་དབང་མེད་པའི་བྲན་གཡོག་གི་སྐད་ཆ་ཡིན་དུས་དེ་འདྲ་མི་བཤད་ཀ་མེད་ཡིན་སྲིད་པ་རེད། མདོ་དོན་བོད་རང་བཙན་གྱི་རེ་འདུན་དེར་མི་གཅིག་གིས་ཀྱང་གླེང་མ་སོང་། བློ་ཕམ་ཡོད། གསུམ་པ། གྲོས་ཚོགས་ནང་དུ་ག་དུས་ཡིན་ནའང་བོད་ནང་གི་ཛ་དྲག་གི་གནས་སྟངས་ཟེར་ནས་བཤད་ཀྱི་འདུག གྲོས་ཚོགས་ནང་གི་ཛ་དྲག་གི་གནས་སྟངས་དེར་ངོ་ཤེས་ཀྱི་མི་འདུག་ལ་ཧ་གོ་ཡི་ཡང་མེད་པའི་ཟོལ་འདུག དམངས་གཙོའི་ཀ་བ་གསུམ་གྱི་ནང་དུ་་་་རང་དབང། ཁྲིམས་ཞིབ། འཛིན་སྐྱོང་གསུམ་རེད། གྲོས་ཚོགས་འདི་རང་དབང་ཡིན་དགོས་རེད། རང་དབང་མེད་པའི་བྲན་གཡོག་འཚོགས་ས་མ་རེད། འགའ་རེས་བསམ་མ་ཕོད། འགའ་རེས་སེམས་ལ་བསམས་ཀྱང་ཁ་ནས་བཤད་མ་ཕོད། འདི་འདྲ་བའི་བྲན་གཡོག་གོམས་གཤིས་འདི་མེད་པ་བཟོ་མ་ཐུབ་ན་བཀའ་བཀོད་རྒྱུ་འཛིན་གྱི་དམངས་གཙོ་ལ་ལོངས་སྤྱོད་ཀྱི་མ་གཏོགས་ཡང་དག་པའི་དམངས་གཙོ་ཞིག་ལ་ལོངས་སྤྱོད་ཐུབ་མི་སྲིད་པ་རེད། དཔའ་སྤོབས་མཐོ་ཙམ་བྱས་ནས་བྲན་གཡོག་གོམས་གཤིས་དོར་ཐབས་གནང་དགོས་ངེས་རེད།
མི་མངོན་པའི་བྲན་་གཡོག་ཟེར་ན་སུ་རེད། ཁྱེད་རང་ནི་མི་མངོན་པའི་བྲན་གཡོག་རེད། ཁྱེད་ཀྱིས་བཤད་པ་ལྟར་ཁོ་ཚོ་མི་མངོན་པའི་བྲན་གཡོག་ཡིན་ནའང་དེ་ནི་བོད་མི་རིགས་ཀྱི་དཔའ་རྒོད་ཅིག་གི་བྲན་གཡོག་རེད། ཨ་མདོ་ལྷ་མོ་དོན་འགྲུབ་ཀྱི་བྲན་གཡོག་ཡིན་རྒྱུ་རེད། རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བྲན་གཡོག་ཡིན་རྒྱུ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་བྲན་གཡོག་ཡིན་རྒྱུ་རེད། བསླུ་བྲིད་ཀྱིས་དབེན་པའི་བྲན་གཡོག་ཅིག་ཡིན་རྒྱུ་རེད། དང་བླང་གི་བྲན་གཡོག་ཞིག་ཀྱང་ཡིན་རྒྱུ་རེད། ཁྱེད་ཉིད་སུའི་བྲན་གཡོག་ཡིན། ཁ་རྒྱབ་ལྟོ་གོས་ཀྱིས་དེད་ནས་བྲན་གཡོག་ཏུ་གྱུར་སོང་ངམ། ཁ་རྗེ་དབང་ཐང་གིས་གཙེས་ནས་བྲན་གཡོག་ཏུ་གྱུར་སོང་། གཞན་དབང་གི་བྲན་གཡོག བསླུ་བྲིད་ཀྱི་བྲན་གཡོག བྲན་གཡོག་དམར་པོ་ལགས་ཁྱོད་ཀྱིས་བོད་མི་རིགས་ཀྱི་ལས་དབང་གླེང་གི་ཡིན་ཟེར་ན། དེ་ནི་གཡོག་པོའི་བུས་སྡེ་དོན་གླེང་བ་རང་རེད། མི་མངོན་པའི་བྲན་གཡོག་ཁྱེད་རང་གི་ཀླད་པ་དམར་པོ་རེད།
ཧ་ཧ་་་གཡོག་པོའི་བུ་ཡིས་སྡེ་དོན་གླེང་ཆོག་པ་དང་སྒྲུབ་ཆོག་པ་དེ་ལ་དམངས་གཙོའི་ལུགས་སྲོལ་ཟེར་བ་རེད། མི་ཆེན་བླ་ཆེན་ཁོ་ནས་མ་གཏོགས་སྡེ་དོན་གླེང་མི་ཆོག་པ་དེ་ལ་སྲིད་དབང་སྒེར་གཅོད་པའི་ལུགས་སྲོལ་ཟེར་གྱི་རེད། དེར་ཤེས་པར་བྱོས། གནད་དོན་དེ་ཙམ་ཤེས་སོང་ན་དེ་ནས་ཅིག་གླེང་ཨེ་ཤེས་ལྟོས་དང་དགའ་གི་རེད།
གཞན་ཐག་རིང་པོ་བལྟ་མ་ཤེས་ནའང་རྒྱ་གར་བའི་སྲིད་འཛིན་མུ་ཏིག་ལགས་མེ་འཁོར་བབ་ཚུགས་དུ་ཇ་ཚོང་བའི་གཡོག་ཕྲུག་ཆུང་ཆུང་བྱས་ནས་ད་ལྟ་སྲིད་འཛིན་ཆགས་བསྡད་ཡོད་པ་འདི་དམངས་གཙོའི་ལུགས་སྲོལ་ནས་བྱུང་བ་རེད་ད། མ་ཟད་ཁྱོད་ཀྱིས་ཁ་ཡར་གྲགས་འོང་དུས་དད་པ་ལོག་སྤྱོད་བྱེད་ཀྱི་འགོ་འཛུགས་འོང་བཞིན་འདུག་ག
གལ་སྲིད་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བྲན་གཡོག་བྱས་ཀྱི་ཡོད་ཟེར་ན་༧གོང་ས་ཏྭ་ལའི་བླ་མའི་བཀའ་དགོངས་དང་ཡོངས་སུ་འགལ་བ་རེད། དམངས་གཙོ་གསོལ་རས་གནང་པ་དེ་ལེན་མ་ཤེས་པ་རེད། ༧གོང་ས་ཏྭ་ལའི་བླ་མའི་བཀའ་དགོངས་ཡང་དག་ཞིག་བསྒྲུབ་མཁན་ཡིན་ན་བྲན་གཡོག་གཤིས་ཀ་དོར་ནས་ཡང་དག་པའི་དམངས་གཙོའི་ལམ་དུ་བསྐྱོད་དགོས་ངེས་རེད། དེ་འདྲ་བྱས་ན་དམངས་གཙོ་གསོལ་རས་གནང་མཁན་གྱི་གནང་གོ་ཆོད་པ་དང་། དམངས་གཙོ་གསོལ་རས་ལེན་མཁན་གྱི་ལེན་གོ་ཆོད་པ་རེད། ༧གོང་ས་ཏྭ་ལའི་བླ་མ་དང་བོད་མི་དམངས་ཀྱི་བར་དུ་དད་པ་ལོག་སྤྱོད་པ་ཚོས་སྲིད་དབང་སྒེར་གཅོད་བྱེད་བཞིན་ཡོད། གྲོས་ཚོགས་ནང་གི་སྤྱི་འཐུས་ཚོ་ལ་སོ་སོའི་སེམས་ནས་བསམས་པའི་སྐད་ཆ་བཤད་དབང་མེད་པ་བཟོ་ཡི་ཡོད། ཁ་ཡར་གྲགས་འོང་དུས་ནས་༧གོང་ས་ཏྭ་ལའི་བླ་མའི་བཀའ་དགོངས་དང་འགལ་སོང་ཟེར་ནས་སྒེར་གཅོད་ཁོ་ན་བྱས་ཀྱི་ཡོད། དམངས་གཙོ་ཞིག་གསོལ་རས་གནང་བ་དེ་ལ་ལོངས་སྤྱོད་བཅུག་གི་མེད། དད་པ་དམ་ཚིག་གི་དར་ཆ་ཕྱར་ནས་སྒེར་གཅོད་བྱེད་ཀྱི་ཡོད། དེ་འདྲ་བའི་དད་པ་ལོག་སྤྱོད་པ་དག་གིས་༧གོང་ས་ཏྭ་ལའི་བླ་མའི་བཀའ་དགོངས་ལྟར་བོད་མི་དམངས་ལ་ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་བཅུག་གི་མེད། དང་བླང་བྲན་གཡོག་ཡིན་མདོག་མདོག་དང་། དད་པ་ཡོད་མདོག་མདོག དམ་ཚིག་ཡོད་མདོག་མདོག་ཅི་ཙམ་བྱས་ནའང་བླ་མའི་བཀའ་དགོངས་དང་འགལ་བའི་ལས་ཀ་བྱེད་བཞིན་ཡོད་རེད་དོ།།།།།།། ཁྱོད་ཚོ་ལ་༧གོང་ས་ཏྭ་ལའི་བླ་མས་ཁོང་གི་བྲན་གཡོག་བྱེད་དགོས་གསུངས་ཀྱི་འདུག་གམ་ཁོང་གི་བྲན་གཡོག་བྱེད་མི་དགོས་གསུངས་ཀྱི་འདུག ༧གོང་ས་ཏྭ་ལའི་བླ་མས་ཁོང་གི་བྲན་གཡོག་བྱེད་མི་དགོས་པར་ཡང་དག་པའི་དམངས་གཙོའི་རང་དབང་ལ་ལོངས་སྤྱོད་གསུངས་པ་མ་རེད་པེ། ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་མི་བཅུག་མཁན་གྱི་དད་པ་ལོག་སྤྱོད་པ་ཚོས་༧རྒྱལ་བའི་བཀའ་དགོངས་ལ་རྡོག་རོལ་བཏང་བ་མ་རེད་པེ།་་་་་ཧཧཧ འཁོར་གསུམ།
༧རྒྱལ་བའི་བཀའ་དགོངས་ཀྱི་ཐོག་ཏུ་བོད་མི་དམངས་ཤར་སྐྱོད་བྱེད་དགོས་པ་འདི་༧རྒྱལ་བ་རིན་པོ་ཆེན་གྱི་ཐུགས་འདོད་རེད་དམ་དད་པ་ལོག་སྤྱོད་ཚོའི་སྒེར་གཅོད་རེད། དྲི་བ་འདི་ལ་ལན་རེ་ཡོད་ན་ཉོན་འདོད་ཆེན་པོ་ཡོད།
ཇོ་རུ་ཉི་མ་xxxཉོན་ཞིག ཆོས་མི་ཤེས། འཇིག་རྟེན་མི་ཤེས རྒྱལ་ཁབ་མི་དགོས། མི་རིགས་མི་དགོས། ཁྱེད་ལ་ཇི་མ་ཉན་པ་རེད། དྲིན་ཆེན་ལ་དྲིན་ལོག་ལྟ་མཁན། ཕ་དང་མ་ཡང་བསད་བྱར་རུང་བར་འདོད་མཁན་གྱི་མ་སྐྱེས་དགྲ་གཉིས་པ་ལགས། དད་པ་ཞེས་པའི་གོ་དོན་ནི་འཁྲུལ་བ་མེད་པའམ་ཡང་དག་པའི་རྟེན་གནས་གང་ཞིག་ལ་བཅོས་མ་མ་ཡིན་པའི་ཡིད་ཆེས་དང་འདུན་པའི་རྟེན་བྱེད་པ་ཁོ་ན་ཞིག་ལ་ཟེར་ཞིང་། དགེ་བའི་སེམས་བྱུང་བཅུ་གཅིག་གི་ཡ་གྱལ་ཞིག་ཏུའང་གོ་ཆོག་གི་རེད། ང་ཚོས་རྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་པ་ནི་སོ་སོ་མྱ་ངན་མཐའ་དག་ལས་སྒྲོལ་ཕྱིར་སྒེར་དོན་འབའ་ཞིག་ཡིད་ལ་ཉར་ཏེ། རང་ཉིད་རྔ་ལམ་དུ་གྱུར་པའི་ཉིན་མོར་གཤིན་རྗེ་ཆོས་རྒྱལ་གྱི་ཁ་རྩ་ནས་ཚ་དམྱལ་བརྒྱད་དང་། གྲང་དམྱལ་བརྒྱད། ཡང་ན་ངན་སོང་མནར་མེད་དང་བཅས་པའི་སྡུག་བསྔལ་བའི་གནས་བཅོ་བརྒྱད་པོ་འགྲིམས་འདོད་མེད་པར་། གཞན་རྟེན་ཁོ་ནས་འདུ་ཤེས་དྲག་པོ་དེ་༸གོང་ས་མཆོག་གི་སྙིང་རྗེའི་ལྕགས་ཀྱུར་འཁྱུལ་ནས་ཐར་པ་དང་ཐམས་བཅད་མཁྱེན་པའི་གོ་འཕངས་ལ་བསྙེག་འདོད་མཁན་ཤ་སྟག་མ་རེད་ལ། ཀླད་དམར་ཁྱེད་དང་ཀླད་ལྗང་ཁོ་ལྟ་བུ་འང་མ་རེད། ང་ཚོས་རྒྱལ་བ་རིན་པོ་ཆེར་དད་པ་བྱེད་པ་ནི་བརྟན་ཞིང་བརླིང་བའི་དཔའ་བོ་བསླུ་བ་མེད་པ་ཞིག་ལ་ངོས་འཛིན་ཡང་དག་བྱས་ཏེ་ཁོང་གི་དྲིན་ཚོར་བའི་སྟེང་ནས། ཁོང་ལ་ཡིད་ཆོས་འཕེར་གྱི་ཡོད། ཁོང་ལ་ཆེ་མཐོང་སྤྲོད་ཀྱི་ཡོད། ཁོང་ལ་དགའ་ཞེན་བྱེད་ཀྱི་ཡོད། མུག་བུ་ཁྱེད་དང་ཁྱེད་ལྟ་བུའི་འབྱུང་བྱ་ཚོ་ཉིན་མོར་ལོང་བར་གྱུར་དོན་ནི་རྒྱུ་འབྲས་བསླུ་མེད་ཀྱིས་བསྐྱེད་པའི་ལེ་ལན་མཇུག་ཟློག་མེད་དེ་ཡིན་པས། དུས་ནམ་ཡང་མུན་ཁྲོད་ནས་རང་གཟུགས་སྟོན་པ་ཙམ་ལས་འཛམ་གླིང་གི་ཉི་མ་འོད་པོ་ཆེའི་གཟི་བྱིན་ཇི་ལྟར་མཐོང་། མི་མཐོང་ངོ།། མ་གཞི་ཁེྱད་ལྟ་བུའི་ཅོལ་ཆུང་དག་ལ་ཁ་ཤག་འཐབ་འདོད་ཡེ་ནས་མེད་མོད། བོད་མི་རིགས་ཀྱི་དཔའ་བོ་ཆེན་པོར་མངོན་ལྐོག་རྒྱུད་གསུམ་ནས་སྨད་ཚིག་གི་དུག་ཆུ་བར་མེད་དུ་གཏོར་ཡོང་བ་མཐོང་ཡོང་དུས་རང་བཞིན་གྱིས་འབྱུང་བཞི་འཁྲིག་ཡོང་གིན་འདུག མ་གཞི་བར་དོ་བ་ཚོས་རང་ཉིད་ཀྱི་གྲིབ་གཟིགས་མི་མཐོང་བ་མ་གཏོགས་རང་ཉིད་ལ་ནུས་སྟོབས་ཤིག་འདུག་ཨ་བསམ་པའི་འཕྲུལ་སྣང་ཞིག་རྒྱ་ཡན་དུ་བཏང་ཡོད་པར་ཧང་སང་བ་གང་ཡང་མིན། ཟོམ་ཁོག་སྟོང་ལ་སྒྲ་ཆེན་པོ་གྲགས་པ་ནི་ཆོས་ཉིད་རེད།
ཨེ་་་དམག་དཔོན། ཁྱོད་ཀྱིས་ག་རེ་བཤད་ཀྱི་ཡོད་ཨ། དད་པ་ཡོད་མེད་ཟེར་བ་དེ་སྐྱེ་བོ་སྒེར་གྱི་ཐོང་ཐང་རེད། གཞན་གྱི་དད་པའི་རང་དབང་ལ་བཀག་འགོག་བྱས་ན་ཁྲིམས་འགལ་རེད་ད། ཁྱོད་རང་དད་པ་ལོག་སྤྱོད་པ་ངོ་མ་ཞིག་རེད་འདུག་ག་་་་ཧཧཧ ངས་དྲིས་པའི་དྲི་བ་ལ་ལན་མེད་པེ། ཧཧ ལན་མེད་པ་ནི་ཕམ་པའི་མཐའ་མ་རེད་ཟེར་བ་རེད་ད། གཅིག་བྱས་ན་མ་མཐོང་བ་ཡིན་སྲིད་པ་རེད། ཡང་བསྐྱར་གཅིག་འདྲི་ཡི་ཡིན། ༧རྒྱལ་བའི་བཀའ་དགོངས་ཀྱི་ཐོག་ཏུ་བོད་མི་དམངས་ཤར་སྐྱོད་བྱེད་དགོས་པ་འདི་༧རྒྱལ་བ་རིན་པོ་ཆེན་གྱི་ཐུགས་འདོད་རེད་དམ་དད་པ་ལོག་སྤྱོད་པ་ཚོའི་སྒེར་གཅོད་རེད། དྲི་བ་འདི་ལ་ལན་རེ་ཡོད་ན་ཉོན་འདོད་ཆེན་པོ་ཡོད???
གསལ་ཆེན་ཉི་མ་ཤར་བའི་ཚེ་འབྱུང་པོའི་བྱ་དེ་ལོང་བ་རེད། མུན་པ་ནག་པོ་འཐིབས་པའི་ཚེ་འགྲོ་བ་མི་དེ་ལོང་བ་རེད། མི་ཡི་མིག་དང་འུག་པའི་མིག་བཟང་ངན་དབྱེ་བ་ཇི་ལྟར་འབྱེད། སྐྱེས་སྟོབས་ཤེས་རབ་ཁ་ཁར་རེད་མཐོང་སྟོབས་ནུས་པ་སོ་སོར་རེད།།། རྨོངས་དད་མུན་ནག་འཐིབས་པའི་ཚེ་དད་པའི་བུ་དེ་ལོང་བ་རེད། དམྱལ་བ་ཡོད་མེད་མ་ཤེས་བར་འཇིགས་སྐྲག་ཅན་དེ་སྡར་མ་རེད། ལྷ་ཡུལ་ཡོད་མེད་མ་ཤེས་བར་འགྲོ་འདོད་ཅན་དེ་བླུན་པོ་རེད། མ་ཤེས་རྨོངས་པའི་ཡུལ་ཁམས་ལ་རེ་དོགས་སྐྱེས་ན་མཁས་པ་མིན།་་་་་་ཧཧཧ
རང་གི་བླ་མ་ལ་དད་པ་དང་དཔོན་པོ་ལ་བཀུར་བ་ནི་འཇིག་རྟེན་མིའི་བཟང་སྤྱོད་རེད། འདི་དག་དྲན་གཤིས་རེད་ཟེར་མཁན་དག་ནི་བཟང་སྤྱོད་ཀྱིས་ཕོངས་པའི་དམར་ལྟ་ཅན་ཚོ་རེད། ཁོ་ཚོ་ནི་སངས་རྒྱས་ནམ་མཁའ་ལ་འཕུར་ཡང་དད་པ་མེད་ཅིང་། སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་མེད་པའི་མི་ས་རྡོ་ལྟ་བུ་དག་རེད། ཁོ་ཚོས་ནམ་ཡང་མི་གཞན་གྱི་སྐྱོན་མཐོང་བ་ལས་ཡོན་ཏན་མཐོང་གི་མ་རེད་ལ། སྐྱོན་གླེང་འདོད་པ་ལས་ཡོན་ཏན་གླེང་འདོད་ཡོད་མ་རེད། མདོར་ན་ཁོ་ཚོ་ནི་ཀླད་པ་ཕྱེད་ཀ་ལ་ཆུ་འཛུལ་ཛིན་པའི་མི་རེད།
བླ་མ་དང་དཔོན་པོ་ལ་གུས་བཀུར་མ་བྱེད་སུས་ལབ་ཀྱི་འདུག་གམ། ཁས་ལེན་མེད་ས་ལ་དགག་ལན་འཕེན་སྟངས་འདི་ལུག་གི་རྟོག་པའི་ཁྱད་ཆོས་ཨེ་རེད། བླ་མ་དང་དཔོན་པོ་མི་དགོས་ཉམ་ཆུང་མི་དམངས་ལ་ཡང་གུས་བཀུར་བྱེད་དགོས་པར་ཡ་རབས་བཟང་སྤྱོད་རེད་ད། ཉམ་ཆུང་མི་དམངས་ལ་གཉའ་གནོན་དང་མི་ཆེན་བླ་ཆེན་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་དེ་ཡ་རབས་བཟང་སྤྱོད་མ་རེད་ད། མི་ངན་ཐ་ཤལ་བའི་སྤྱོད་པ་རེད་དོ། ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་རིགས་ལ་ཡ་རབས་སྤྱོད་བཤད་པའི་ཐོང་ཐང་ཅང་ལྷག་མེད་པྭ། མཚན་གྲགས་དང་ལྟོ་གོ་གནས་ཀྱི་ཆེད་དུ་བླ་དཔོན་རྣམས་ལ་ངོ་དགའ་སྤེལ་ལད་འཁྲབ་བསྡད་པ་དེ་དག་མ་རབས་ཐ་ཤལ་བའི་སྤྱོད་པ་རེད་ད། ཉམ་ཆུང་གཉའ་ནས་གནོན་མཁན་གྱི་མི་ངན་ཞིག་ལ་ཡ་རབས་བཟང་སྤྱོད་བཤད་ཆོག་པའི་ཐོབ་ཐང་ག་ནས་རག་པ་རེད་དམ།
མི་ཆེན་བླ་ཆེན་ལ་གུས་སྐུར་བྱེད་ཚད་ངོ་རྒ་སྤྲེལ་ལད་རེད་ཟེར་ན་དེ་ནི་གནས་ལུགས་གང་ཡང་མེད་པའི་སྐྱག་བཤད་རེད། མི་ཆེན་བླ་ཆེན་ཚོའི་ཁྲོད་ན་མི་ཡོན་ཏན་ཅན་དང་འཇོན་ཐང་ཅན་མང་པོ་ཡོད་པ་རེད། དེ་དག་ལ་གུས་བཀུར་བྱེད་ཚད་ངོ་རྒ་སྤྲེལ་ལད་ཡིན་པའི་རྒྱུ་མཚན་ཅི་ཡོད། ཁྱོད་རང་ཡང་མཐར་ལྷུང་བ་ཞིག་ལས་དྲང་བདེན་ཅན་ཞིིག་གཏན་ནས་མ་རེད། དངོས་གནས་གཟུ་བོར་གནས་མཁན་ཞིག་ཡིན་ན་མི་མཐོ་དམན་སུ་ཡིན་ཡང་འདྲ། སྐུར་འོས་པའི་མི་ཞིག་ཡིན་ན་སྐུར་དགོས་པ་རེད་ལ་སྐུར་མི་འོས་པ་ཞིག་ཡིན་ན་མི་སུ་ཡིན་ཡང་སྐུར་མི་ཉན་པ་རེད། ཁྱོད་ལྟར་དུ་མི་ཆེན་བླ་ཆེན་ཚང་མ་སྡུག་པོ་ཡིན་པ་དང་དེ་དག་ལ་གུས་བཀུར་བྱེད་ཚད་སྤྲེལ་ལད་ལ་ངོས་འཛིན་པ་ནི་ཕྲག་དོག་ཅན་ཞིག་ཡིན་པའི་མངོན་རྟགས་སྟན་པ་རེད། ལྐོག་ཟ་རུལ་སུང་སུས་བྱས་སོང་ཁྱོད་ལ་འདི་དང་འདི་ཞེས་ཁུང་ལུང་སྟན་རྒྱུ་ཨེ་ཡོད། ངས་སྐུར་འོས་པའི་རང་གི་བླ་དཔོན་དག་ལ་སྐུར་གྱི་ཡོད་ལ་སྐུར་མི་འོས་པ་དག་ལ་སྐུར་གྱི་མེད། ཉམ་ཆུང་མི་མང་སུ་ལ་ཡང་གཉའ་གནོན་བྱེད་མྱོང་མེད།
ད་རེབ་ཀྱི་གྲོས་ཚོགས་ཚོགས་དུས་ཐོག་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང་། སྒྲོལ་དཀར་སྐྱབས་གཉིས་ཀྱིས་ཚོགས་དུས་ཧྲིལ་པོར་དགོངས་པ་ཞུས་འདུག་པ་དང་།
ས་སྐྱའི་སྤྱི་འཐུས་ག་ཟི་ཚེ་རིང་པོ་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕྱིན་ཡོད་སྐད་འདུག་པས། ལོ་རེའི་ནང་དུ་ཚོགས་ཐེངས་གཉིས་ལས་མེད་པའི་བོད་སྤྱི་དོན་གྱི་ཚོགས་འདུ་གལ་ཆེན་འདི་ལྷག་གི་གཞུང་འབྲེལ་ལས་དོན་ཞིག་གོང་གསལ་སྤྱི་འཐུས་དེ་ཚོ་ལ་ཟུར་དུ་ཡོད་པ་ཡིན་ནམ།
ལྷག་པར་དུ་གོང་གསལ་མདོ་སྨད་སྤྱི་འཐུས་དེ་གཉིས་ལ་ཚོགས་དུས་ཧྲིལ་བོར་དགོངས་པ་ཞུ་དགོས་པའི་ལས་དོན་ག་རེ་བྱུང་བ་ཡིན་ནམ། “དགོས་སར་ཆད། མི་དགོས་སར་ལྷག” ཞེས་པ་ཡང་བྱེད་སྟངས་དེ་འདྲ་ལ་བརྟེན་ནས་བྱུང་བ་ཡིན་པ་ཤེས་རྟོགས་ཡོད་ལོས་ཆེ།
བཀུར་འོས་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ནས་བཀའ་མོལ་གནད་ལ་སྨིན་པ་ཞིག་དང་། དགོས་ངེས་ཀྱི་དགོངས་ཚུལ་གསུང་འདུག་པར་དགའ་བསུ་ཞུ། ག་ཟི་ཚེ་རིང་ཁོང་རྒྱལ་བ་ཇོ་ནང་པར་གཡོལ་ཡིན་ཤས་ཆེ། ཐུབ་བསྟན་ལུང་རིག་ཤར་ཕྱོགས་ཁུག་རྟའི་མགྲོན་འབོད་གདན་འདྲེན་ཞུས་ཡིན་འགྲོ།
ཚོགས་གཙོ་དང་འཐུས་མི་༥/༦མ་གཏོགས་སྤྱི་འཐུས་གཞན་ཚོས་བོད་ཀྱི་རྒྱལ་གླུ་ཡང་ཤེས་ཀྱི་མེད་པ་འདྲ།
ཆ་ཚང་གི་ཁ་བསྡམ་ནས་འགུལ་ཙམ་ཡང་བྱེད་ཀྱི་མི་འདུག རྒྱལ་གླུ་ཡང་མི་ཤེས་པའི་འཐུས་མི་དག་རྒྱང་ཕུད་དུ་བཏང་བཞག་ན་ཡག་ས་རེད། གཞན་མྱ་ངན་གྲོས་ཆོད་ནང་མི་གཉིས་ཀྱི་ལོ་རྒྱུས་དང་ཕྱག་རྗེས་སོགས་་གསུང་སོང་། ཡིན་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་མཛད་རྗེས་དྭ་ཕྲུག་ཚོར་སློབ་གྲྭ་བཙུགས་དང་རྒན་གསོ་ཁང་བཙུགས་པའི་མཛད་རྗེས་ཚིག་ཟུར་ཙམ་ཡང་གླེང་གི་མི་འདུག གང་ལྟར་བོད་ནང་གི་མི་དེ་ཚོའི་མཛད་རྗེས་གྲོས་ཚོགས་ནང་གླེང་མ་ཆོག་པ་ཡིན་ནམ།
དགེ་ཤེས་སྨོན་མཐར་ལགས་ཀྱིས་དགོངས་ཚུལ་ཡག་པོ་གསུངས་སོང་། གངས་སྐྱིད་ཀྱི་དད་པ་ལོག་སྤྱོད་པའི་ཤོག་ཁག་ལང་ཤོར་ལ་གཏོང་མི་ཉེན་པ་ནི་གྲོས་ཚོགས་ནང་གླེང་དགོས་པའི་གནས་དོན་གལ་ཆེན་ཞིག་ཆགས་ཡོད། འདི་ཚོས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་རྨ་ཁ་བཟོ་བ་མ་ཟད་ཆིག་སྒྲིལ་གྱི་ནུས་པ་རྩ་བརླག་ཏུ་གཏོང་རྒྱུ་གདོན་མི་ཟ་བས་སོ།
མི་མངོན་པའི་བྲན་གཡོག་ཚོའི་གཏམ་བཤད་ཚང་མར་ཉོན་ཡོད། ་བརྒྱ་ཤ་དཀར་པོའི་བདེ་ཡི་ཐོག་ཏུ་ངར་སྐད་མང་པོར་སྒྲོགས་སོང་། ཡིན་ཀྱང་ངར་ངར་རྫིག་རྫིག་ག་ཚོད་བྱས་ན་རང་དབང་མེད་པའི་མི་མངོན་པའི་བྲན་གཡོག་གི་ངར་སྐད་ཙམ་ལས་དོན་གྱི་དཔའ་སྐད་ཤིག་མཐོང་མ་བྱུང་།
ཡེ་ཤེས་དབྱིངས་དཔྱོད་བྱས་ནས་གཏན་འབེབས་བྱས་པའི་དབུ་མའི་ལམ་ལ་རྒྱ་གཞུང་གིས་སྔ་ཕྱི་བར་གསུམ་དུ་ངོས་ལེན་མེད་ཅེས་ཁ་གསལ་གཏིང་གསལ་བྱས་ཡོད་རེད། དབུ་མའི་ལམ་ལ་འགྲོ་ལམ་མེད་པ་འདྲ་པོ་ཆགས་ཚར་བ་རེད། ཡིན་ཀྱང་རང་དབང་གཙང་མ་ཞིག་མེད་པའི་མི་མངོན་པའི་བྲན་གཡོག་ཚོས་ངོས་ནས་རྒྱ་གཞུང་གི་དབུ་མའི་ལམ་ལ་ངོས་ལེན་མ་བྱས་ན་མ་འོངས་པར་འདི་དང་དེ་བྱེད་དགོས་རེད་ཅེས་བཤད་ཕོད་མཁན་མི་འདུག་ག འདིས་ཁྱོད་རང་ཚོ་བྲན་གཡོག་ལྟ་བུ་ཡིན་པའི་རྟགས་སྟོན་པ་རེད།
དེ་ལས་ལྡོག་ཏེ་རྒྱ་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་ཟེར་བ་དེ་ཡང་རྫུན་བཤད་ཀྱི་ཡོད་མདོག་མདོག་བཤད་མཁན་འདུག དོན་དངོས་པོའི་ཐོག་ནས་དབུ་མའི་ལམ་ལ་ངོས་ལེན་ཡོང་མདོག་མདོག་བཤད་ཀྱི་འདུག འདི་ནི་རང་མགོ་རང་གིས་སྐོར་ཟེར་ནའང་རེད། མི་དམངས་མགོ་སྐོར་བཏང་ཟེར་ནའང་ཆོག་པ་རེད།
རྒྱ་གཞུང་གིས་དབུ་མའི་ལམ་ལ་སྔ་ཡང་ངོས་ལེན་བྱས་མེད་ཅེས་བཤད་པ་རེད། བདེན་གཏམ་ཡང་རེད། ལོ་དེ་དག་གི་རིང་དུ་འབད་བརྩོན་བྱས་ཀྱང་ངོས་ལེན་བྱས་མེད་པར་ཚང་མས་མཐོང་ཡོད། ད་ལྟ་ཡང་ངོས་ལེན་བྱེད་བཞིན་མེད་ཟེར་ཡོད་རེད། བདེན་པ་རེད། དེང་སང་དབུ་མའ་ལམ་ལ་ངོས་ལེན་བྱེད་བཞིན་མེད་པར་ཚང་མས་མཐོང་ས་རེད། མ་འོངས་པ་ལ་ཡང་ངོས་ལེན་བྱ་མི་སྲིད་བཤད་ཡོད་རེད། འདི་གཅིག་པོ་རྫུན་གཏམ་ཡིན་སྲིད་པ་རེད། མ་འོངས་པར་ངོས་ལེན་བྱ་སྲིད་པ་ཡང་རེད། མི་སྲིད་པ་རེད།
ཡིན་ཀྱང་བརྒྱ་ཆ་བྱས་ན་འདས་པ་དང་ད་ལྟ་གཉིས་ཀ་ལ་ངོས་ལེན་བྱས་མེད་པ་བདེན་པ་རེད། བདེན་གཏམ་གྱི་བརྒྱ་ཆ་མང་བ་འདུག དངོས་གནས་བྱས་ན་དབུ་མའི་ལམ་ལ་འདས་མ་ད་གསུམ་ལ་ངོས་ལེན་མེད་ཟེར་འོང་དུས་ངོས་ལེན་མེད་ན་འདི་དང་དེ་བྱེད་དགོས་རེད་ཅེས་ཐབས་ཇུས་བཏོན་དགོས་པ་རེད། མ་གཏོགས་མུ་མཐུད་ནས་རེ་བ་རྒྱབ་ན་བྱབ་ཆུང་རེད། བོད་རེ་བས་ཕུངས་འགྲོ་གི་རེད།་་་་གཅིག་རེད།
གཉིས་པ། མངོན་པའི་བྲན་གཡོག་ཚོས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རེ་འདུན་གྱི་ཐོག་ཏུ་སྐད་ཆ་དྲང་པོ་བཤད་མ་སོང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་རང་བཙན་སྐད་འབོད་བྱེད་ཞོར་རང་ལུས་མེ་སྲེག་བྱས་པ་རེད། འགའ་རེས་རང་ལུས་ཐོག་ཏུ་རང་བཙན་ཞེས་བྲིས། དེའི་ཐོག་ཏུ་ས་སྣམ་བླུགས་ནས་རང་ལུས་མེ་སྲེག་བྱས་པ་རེད། འདིར་འཛམ་གླིང་ཡོངས་ཀྱི་མིག་མདུན་དུ་རེད།
བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རེ་འདུན་དང་འབོད་སྒྲ་ལ་ལོག་འགྲེལ་བརྒྱབ། དྲང་པོ་མ་བཤད། འདིས་ག་རེ་མཚོན་པ་རེད་ཟེར་ན་མི་མངོན་པའི་བྲན་གཡོག་ཁྱོད་ཚོ་ལས་རྒྱུ་འབྲས་ལ་མི་བརྩི་མཁན་དང་། མིའི་ཚེ་སྲོག་གི་འཐབ་རྩོད་ལ་མཐོང་ཆུང་བཏང་མཁན་ཞིག་ཡིན་པར་གསལ་བསྟན་བྱས་པ་རེད། གཅིག་བྱས་ན་རང་དབང་མེད་པའི་བྲན་གཡོག་གི་སྐད་ཆ་ཡིན་དུས་དེ་འདྲ་མི་བཤད་ཀ་མེད་ཡིན་སྲིད་པ་རེད། མདོ་དོན་བོད་རང་བཙན་གྱི་རེ་འདུན་དེར་མི་གཅིག་གིས་ཀྱང་གླེང་མ་སོང་། བློ་ཕམ་ཡོད།
གསུམ་པ། གྲོས་ཚོགས་ནང་དུ་ག་དུས་ཡིན་ནའང་བོད་ནང་གི་ཛ་དྲག་གི་གནས་སྟངས་ཟེར་ནས་བཤད་ཀྱི་འདུག གྲོས་ཚོགས་ནང་གི་ཛ་དྲག་གི་གནས་སྟངས་དེར་ངོ་ཤེས་ཀྱི་མི་འདུག་ལ་ཧ་གོ་ཡི་ཡང་མེད་པའི་ཟོལ་འདུག དམངས་གཙོའི་ཀ་བ་གསུམ་གྱི་ནང་དུ་་་་རང་དབང། ཁྲིམས་ཞིབ། འཛིན་སྐྱོང་གསུམ་རེད། གྲོས་ཚོགས་འདི་རང་དབང་ཡིན་དགོས་རེད། རང་དབང་མེད་པའི་བྲན་གཡོག་འཚོགས་ས་མ་རེད། འགའ་རེས་བསམ་མ་ཕོད། འགའ་རེས་སེམས་ལ་བསམས་ཀྱང་ཁ་ནས་བཤད་མ་ཕོད། འདི་འདྲ་བའི་བྲན་གཡོག་གོམས་གཤིས་འདི་མེད་པ་བཟོ་མ་ཐུབ་ན་བཀའ་བཀོད་རྒྱུ་འཛིན་གྱི་དམངས་གཙོ་ལ་ལོངས་སྤྱོད་ཀྱི་མ་གཏོགས་ཡང་དག་པའི་དམངས་གཙོ་ཞིག་ལ་ལོངས་སྤྱོད་ཐུབ་མི་སྲིད་པ་རེད། དཔའ་སྤོབས་མཐོ་ཙམ་བྱས་ནས་བྲན་གཡོག་གོམས་གཤིས་དོར་ཐབས་གནང་དགོས་ངེས་རེད།
མི་མངོན་པའི་བྲན་་གཡོག་ཟེར་ན་སུ་རེད། ཁྱེད་རང་ནི་མི་མངོན་པའི་བྲན་གཡོག་རེད། ཁྱེད་ཀྱིས་བཤད་པ་ལྟར་ཁོ་ཚོ་མི་མངོན་པའི་བྲན་གཡོག་ཡིན་ནའང་དེ་ནི་བོད་མི་རིགས་ཀྱི་དཔའ་རྒོད་ཅིག་གི་བྲན་གཡོག་རེད། ཨ་མདོ་ལྷ་མོ་དོན་འགྲུབ་ཀྱི་བྲན་གཡོག་ཡིན་རྒྱུ་རེད། རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བྲན་གཡོག་ཡིན་རྒྱུ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་བྲན་གཡོག་ཡིན་རྒྱུ་རེད། བསླུ་བྲིད་ཀྱིས་དབེན་པའི་བྲན་གཡོག་ཅིག་ཡིན་རྒྱུ་རེད། དང་བླང་གི་བྲན་གཡོག་ཞིག་ཀྱང་ཡིན་རྒྱུ་རེད།
ཁྱེད་ཉིད་སུའི་བྲན་གཡོག་ཡིན། ཁ་རྒྱབ་ལྟོ་གོས་ཀྱིས་དེད་ནས་བྲན་གཡོག་ཏུ་གྱུར་སོང་ངམ། ཁ་རྗེ་དབང་ཐང་གིས་གཙེས་ནས་བྲན་གཡོག་ཏུ་གྱུར་སོང་། གཞན་དབང་གི་བྲན་གཡོག བསླུ་བྲིད་ཀྱི་བྲན་གཡོག བྲན་གཡོག་དམར་པོ་ལགས་ཁྱོད་ཀྱིས་བོད་མི་རིགས་ཀྱི་ལས་དབང་གླེང་གི་ཡིན་ཟེར་ན། དེ་ནི་གཡོག་པོའི་བུས་སྡེ་དོན་གླེང་བ་རང་རེད། མི་མངོན་པའི་བྲན་གཡོག་ཁྱེད་རང་གི་ཀླད་པ་དམར་པོ་རེད།
ཧ་ཧ་་་གཡོག་པོའི་བུ་ཡིས་སྡེ་དོན་གླེང་ཆོག་པ་དང་སྒྲུབ་ཆོག་པ་དེ་ལ་དམངས་གཙོའི་ལུགས་སྲོལ་ཟེར་བ་རེད། མི་ཆེན་བླ་ཆེན་ཁོ་ནས་མ་གཏོགས་སྡེ་དོན་གླེང་མི་ཆོག་པ་དེ་ལ་སྲིད་དབང་སྒེར་གཅོད་པའི་ལུགས་སྲོལ་ཟེར་གྱི་རེད། དེར་ཤེས་པར་བྱོས། གནད་དོན་དེ་ཙམ་ཤེས་སོང་ན་དེ་ནས་ཅིག་གླེང་ཨེ་ཤེས་ལྟོས་དང་དགའ་གི་རེད།
གཞན་ཐག་རིང་པོ་བལྟ་མ་ཤེས་ནའང་རྒྱ་གར་བའི་སྲིད་འཛིན་མུ་ཏིག་ལགས་མེ་འཁོར་བབ་ཚུགས་དུ་ཇ་ཚོང་བའི་གཡོག་ཕྲུག་ཆུང་ཆུང་བྱས་ནས་ད་ལྟ་སྲིད་འཛིན་ཆགས་བསྡད་ཡོད་པ་འདི་དམངས་གཙོའི་ལུགས་སྲོལ་ནས་བྱུང་བ་རེད་ད། མ་ཟད་ཁྱོད་ཀྱིས་ཁ་ཡར་གྲགས་འོང་དུས་དད་པ་ལོག་སྤྱོད་བྱེད་ཀྱི་འགོ་འཛུགས་འོང་བཞིན་འདུག་ག
གལ་སྲིད་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བྲན་གཡོག་བྱས་ཀྱི་ཡོད་ཟེར་ན་༧གོང་ས་ཏྭ་ལའི་བླ་མའི་བཀའ་དགོངས་དང་ཡོངས་སུ་འགལ་བ་རེད། དམངས་གཙོ་གསོལ་རས་གནང་པ་དེ་ལེན་མ་ཤེས་པ་རེད། ༧གོང་ས་ཏྭ་ལའི་བླ་མའི་བཀའ་དགོངས་ཡང་དག་ཞིག་བསྒྲུབ་མཁན་ཡིན་ན་བྲན་གཡོག་གཤིས་ཀ་དོར་ནས་ཡང་དག་པའི་དམངས་གཙོའི་ལམ་དུ་བསྐྱོད་དགོས་ངེས་རེད། དེ་འདྲ་བྱས་ན་དམངས་གཙོ་གསོལ་རས་གནང་མཁན་གྱི་གནང་གོ་ཆོད་པ་དང་། དམངས་གཙོ་གསོལ་རས་ལེན་མཁན་གྱི་ལེན་གོ་ཆོད་པ་རེད།
༧གོང་ས་ཏྭ་ལའི་བླ་མ་དང་བོད་མི་དམངས་ཀྱི་བར་དུ་དད་པ་ལོག་སྤྱོད་པ་ཚོས་སྲིད་དབང་སྒེར་གཅོད་བྱེད་བཞིན་ཡོད། གྲོས་ཚོགས་ནང་གི་སྤྱི་འཐུས་ཚོ་ལ་སོ་སོའི་སེམས་ནས་བསམས་པའི་སྐད་ཆ་བཤད་དབང་མེད་པ་བཟོ་ཡི་ཡོད། ཁ་ཡར་གྲགས་འོང་དུས་ནས་༧གོང་ས་ཏྭ་ལའི་བླ་མའི་བཀའ་དགོངས་དང་འགལ་སོང་ཟེར་ནས་སྒེར་གཅོད་ཁོ་ན་བྱས་ཀྱི་ཡོད།
དམངས་གཙོ་ཞིག་གསོལ་རས་གནང་བ་དེ་ལ་ལོངས་སྤྱོད་བཅུག་གི་མེད། དད་པ་དམ་ཚིག་གི་དར་ཆ་ཕྱར་ནས་སྒེར་གཅོད་བྱེད་ཀྱི་ཡོད། དེ་འདྲ་བའི་དད་པ་ལོག་སྤྱོད་པ་དག་གིས་༧གོང་ས་ཏྭ་ལའི་བླ་མའི་བཀའ་དགོངས་ལྟར་བོད་མི་དམངས་ལ་ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་བཅུག་གི་མེད། དང་བླང་བྲན་གཡོག་ཡིན་མདོག་མདོག་དང་། དད་པ་ཡོད་མདོག་མདོག དམ་ཚིག་ཡོད་མདོག་མདོག་ཅི་ཙམ་བྱས་ནའང་བླ་མའི་བཀའ་དགོངས་དང་འགལ་བའི་ལས་ཀ་བྱེད་བཞིན་ཡོད་རེད་དོ།།།།།།།
ཁྱོད་ཚོ་ལ་༧གོང་ས་ཏྭ་ལའི་བླ་མས་ཁོང་གི་བྲན་གཡོག་བྱེད་དགོས་གསུངས་ཀྱི་འདུག་གམ་ཁོང་གི་བྲན་གཡོག་བྱེད་མི་དགོས་གསུངས་ཀྱི་འདུག ༧གོང་ས་ཏྭ་ལའི་བླ་མས་ཁོང་གི་བྲན་གཡོག་བྱེད་མི་དགོས་པར་ཡང་དག་པའི་དམངས་གཙོའི་རང་དབང་ལ་ལོངས་སྤྱོད་གསུངས་པ་མ་རེད་པེ། ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་མི་བཅུག་མཁན་གྱི་དད་པ་ལོག་སྤྱོད་པ་ཚོས་༧རྒྱལ་བའི་བཀའ་དགོངས་ལ་རྡོག་རོལ་བཏང་བ་མ་རེད་པེ།་་་་་ཧཧཧ འཁོར་གསུམ།
༧རྒྱལ་བའི་བཀའ་དགོངས་ཀྱི་ཐོག་ཏུ་བོད་མི་དམངས་ཤར་སྐྱོད་བྱེད་དགོས་པ་འདི་༧རྒྱལ་བ་རིན་པོ་ཆེན་གྱི་ཐུགས་འདོད་རེད་དམ་དད་པ་ལོག་སྤྱོད་ཚོའི་སྒེར་གཅོད་རེད། དྲི་བ་འདི་ལ་ལན་རེ་ཡོད་ན་ཉོན་འདོད་ཆེན་པོ་ཡོད།
ཇོ་རུ་ཉི་མ་xxxཉོན་ཞིག
ཆོས་མི་ཤེས། འཇིག་རྟེན་མི་ཤེས རྒྱལ་ཁབ་མི་དགོས། མི་རིགས་མི་དགོས། ཁྱེད་ལ་ཇི་མ་ཉན་པ་རེད།
དྲིན་ཆེན་ལ་དྲིན་ལོག་ལྟ་མཁན། ཕ་དང་མ་ཡང་བསད་བྱར་རུང་བར་འདོད་མཁན་གྱི་མ་སྐྱེས་དགྲ་གཉིས་པ་ལགས། དད་པ་ཞེས་པའི་གོ་དོན་ནི་འཁྲུལ་བ་མེད་པའམ་ཡང་དག་པའི་རྟེན་གནས་གང་ཞིག་ལ་བཅོས་མ་མ་ཡིན་པའི་ཡིད་ཆེས་དང་འདུན་པའི་རྟེན་བྱེད་པ་ཁོ་ན་ཞིག་ལ་ཟེར་ཞིང་། དགེ་བའི་སེམས་བྱུང་བཅུ་གཅིག་གི་ཡ་གྱལ་ཞིག་ཏུའང་གོ་ཆོག་གི་རེད། ང་ཚོས་རྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་པ་ནི་སོ་སོ་མྱ་ངན་མཐའ་དག་ལས་སྒྲོལ་ཕྱིར་སྒེར་དོན་འབའ་ཞིག་ཡིད་ལ་ཉར་ཏེ། རང་ཉིད་རྔ་ལམ་དུ་གྱུར་པའི་ཉིན་མོར་གཤིན་རྗེ་ཆོས་རྒྱལ་གྱི་ཁ་རྩ་ནས་ཚ་དམྱལ་བརྒྱད་དང་། གྲང་དམྱལ་བརྒྱད། ཡང་ན་ངན་སོང་མནར་མེད་དང་བཅས་པའི་སྡུག་བསྔལ་བའི་གནས་བཅོ་བརྒྱད་པོ་འགྲིམས་འདོད་མེད་པར་། གཞན་རྟེན་ཁོ་ནས་འདུ་ཤེས་དྲག་པོ་དེ་༸གོང་ས་མཆོག་གི་སྙིང་རྗེའི་ལྕགས་ཀྱུར་འཁྱུལ་ནས་ཐར་པ་དང་ཐམས་བཅད་མཁྱེན་པའི་གོ་འཕངས་ལ་བསྙེག་འདོད་མཁན་ཤ་སྟག་མ་རེད་ལ། ཀླད་དམར་ཁྱེད་དང་ཀླད་ལྗང་ཁོ་ལྟ་བུ་འང་མ་རེད། ང་ཚོས་རྒྱལ་བ་རིན་པོ་ཆེར་དད་པ་བྱེད་པ་ནི་བརྟན་ཞིང་བརླིང་བའི་དཔའ་བོ་བསླུ་བ་མེད་པ་ཞིག་ལ་ངོས་འཛིན་ཡང་དག་བྱས་ཏེ་ཁོང་གི་དྲིན་ཚོར་བའི་སྟེང་ནས། ཁོང་ལ་ཡིད་ཆོས་འཕེར་གྱི་ཡོད། ཁོང་ལ་ཆེ་མཐོང་སྤྲོད་ཀྱི་ཡོད། ཁོང་ལ་དགའ་ཞེན་བྱེད་ཀྱི་ཡོད།
མུག་བུ་ཁྱེད་དང་ཁྱེད་ལྟ་བུའི་འབྱུང་བྱ་ཚོ་ཉིན་མོར་ལོང་བར་གྱུར་དོན་ནི་རྒྱུ་འབྲས་བསླུ་མེད་ཀྱིས་བསྐྱེད་པའི་ལེ་ལན་མཇུག་ཟློག་མེད་དེ་ཡིན་པས། དུས་ནམ་ཡང་མུན་ཁྲོད་ནས་རང་གཟུགས་སྟོན་པ་ཙམ་ལས་འཛམ་གླིང་གི་ཉི་མ་འོད་པོ་ཆེའི་གཟི་བྱིན་ཇི་ལྟར་མཐོང་། མི་མཐོང་ངོ།། མ་གཞི་ཁེྱད་ལྟ་བུའི་ཅོལ་ཆུང་དག་ལ་ཁ་ཤག་འཐབ་འདོད་ཡེ་ནས་མེད་མོད། བོད་མི་རིགས་ཀྱི་དཔའ་བོ་ཆེན་པོར་མངོན་ལྐོག་རྒྱུད་གསུམ་ནས་སྨད་ཚིག་གི་དུག་ཆུ་བར་མེད་དུ་གཏོར་ཡོང་བ་མཐོང་ཡོང་དུས་རང་བཞིན་གྱིས་འབྱུང་བཞི་འཁྲིག་ཡོང་གིན་འདུག མ་གཞི་བར་དོ་བ་ཚོས་རང་ཉིད་ཀྱི་གྲིབ་གཟིགས་མི་མཐོང་བ་མ་གཏོགས་རང་ཉིད་ལ་ནུས་སྟོབས་ཤིག་འདུག་ཨ་བསམ་པའི་འཕྲུལ་སྣང་ཞིག་རྒྱ་ཡན་དུ་བཏང་ཡོད་པར་ཧང་སང་བ་གང་ཡང་མིན། ཟོམ་ཁོག་སྟོང་ལ་སྒྲ་ཆེན་པོ་གྲགས་པ་ནི་ཆོས་ཉིད་རེད།
ཨེ་་་དམག་དཔོན། ཁྱོད་ཀྱིས་ག་རེ་བཤད་ཀྱི་ཡོད་ཨ། དད་པ་ཡོད་མེད་ཟེར་བ་དེ་སྐྱེ་བོ་སྒེར་གྱི་ཐོང་ཐང་རེད། གཞན་གྱི་དད་པའི་རང་དབང་ལ་བཀག་འགོག་བྱས་ན་ཁྲིམས་འགལ་རེད་ད། ཁྱོད་རང་དད་པ་ལོག་སྤྱོད་པ་ངོ་མ་ཞིག་རེད་འདུག་ག་་་་ཧཧཧ
ངས་དྲིས་པའི་དྲི་བ་ལ་ལན་མེད་པེ། ཧཧ ལན་མེད་པ་ནི་ཕམ་པའི་མཐའ་མ་རེད་ཟེར་བ་རེད་ད། གཅིག་བྱས་ན་མ་མཐོང་བ་ཡིན་སྲིད་པ་རེད། ཡང་བསྐྱར་གཅིག་འདྲི་ཡི་ཡིན།
༧རྒྱལ་བའི་བཀའ་དགོངས་ཀྱི་ཐོག་ཏུ་བོད་མི་དམངས་ཤར་སྐྱོད་བྱེད་དགོས་པ་འདི་༧རྒྱལ་བ་རིན་པོ་ཆེན་གྱི་ཐུགས་འདོད་རེད་དམ་དད་པ་ལོག་སྤྱོད་པ་ཚོའི་སྒེར་གཅོད་རེད། དྲི་བ་འདི་ལ་ལན་རེ་ཡོད་ན་ཉོན་འདོད་ཆེན་པོ་ཡོད???
གསལ་ཆེན་ཉི་མ་ཤར་བའི་ཚེ་འབྱུང་པོའི་བྱ་དེ་ལོང་བ་རེད།
མུན་པ་ནག་པོ་འཐིབས་པའི་ཚེ་འགྲོ་བ་མི་དེ་ལོང་བ་རེད།
མི་ཡི་མིག་དང་འུག་པའི་མིག་བཟང་ངན་དབྱེ་བ་ཇི་ལྟར་འབྱེད།
སྐྱེས་སྟོབས་ཤེས་རབ་ཁ་ཁར་རེད་མཐོང་སྟོབས་ནུས་པ་སོ་སོར་རེད།།།
རྨོངས་དད་མུན་ནག་འཐིབས་པའི་ཚེ་དད་པའི་བུ་དེ་ལོང་བ་རེད།
དམྱལ་བ་ཡོད་མེད་མ་ཤེས་བར་འཇིགས་སྐྲག་ཅན་དེ་སྡར་མ་རེད།
ལྷ་ཡུལ་ཡོད་མེད་མ་ཤེས་བར་འགྲོ་འདོད་ཅན་དེ་བླུན་པོ་རེད།
མ་ཤེས་རྨོངས་པའི་ཡུལ་ཁམས་ལ་རེ་དོགས་སྐྱེས་ན་མཁས་པ་མིན།་་་་་་ཧཧཧ
རང་གི་བླ་མ་ལ་དད་པ་དང་དཔོན་པོ་ལ་བཀུར་བ་ནི་འཇིག་རྟེན་མིའི་བཟང་སྤྱོད་རེད། འདི་དག་དྲན་གཤིས་རེད་ཟེར་མཁན་དག་ནི་བཟང་སྤྱོད་ཀྱིས་ཕོངས་པའི་དམར་ལྟ་ཅན་ཚོ་རེད། ཁོ་ཚོ་ནི་སངས་རྒྱས་ནམ་མཁའ་ལ་འཕུར་ཡང་དད་པ་མེད་ཅིང་། སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་མེད་པའི་མི་ས་རྡོ་ལྟ་བུ་དག་རེད། ཁོ་ཚོས་ནམ་ཡང་མི་གཞན་གྱི་སྐྱོན་མཐོང་བ་ལས་ཡོན་ཏན་མཐོང་གི་མ་རེད་ལ། སྐྱོན་གླེང་འདོད་པ་ལས་ཡོན་ཏན་གླེང་འདོད་ཡོད་མ་རེད། མདོར་ན་ཁོ་ཚོ་ནི་ཀླད་པ་ཕྱེད་ཀ་ལ་ཆུ་འཛུལ་ཛིན་པའི་མི་རེད།
བླ་མ་དང་དཔོན་པོ་ལ་གུས་བཀུར་མ་བྱེད་སུས་ལབ་ཀྱི་འདུག་གམ། ཁས་ལེན་མེད་ས་ལ་དགག་ལན་འཕེན་སྟངས་འདི་ལུག་གི་རྟོག་པའི་ཁྱད་ཆོས་ཨེ་རེད། བླ་མ་དང་དཔོན་པོ་མི་དགོས་ཉམ་ཆུང་མི་དམངས་ལ་ཡང་གུས་བཀུར་བྱེད་དགོས་པར་ཡ་རབས་བཟང་སྤྱོད་རེད་ད།
ཉམ་ཆུང་མི་དམངས་ལ་གཉའ་གནོན་དང་མི་ཆེན་བླ་ཆེན་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་དེ་ཡ་རབས་བཟང་སྤྱོད་མ་རེད་ད། མི་ངན་ཐ་ཤལ་བའི་སྤྱོད་པ་རེད་དོ། ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་རིགས་ལ་ཡ་རབས་སྤྱོད་བཤད་པའི་ཐོང་ཐང་ཅང་ལྷག་མེད་པྭ།
མཚན་གྲགས་དང་ལྟོ་གོ་གནས་ཀྱི་ཆེད་དུ་བླ་དཔོན་རྣམས་ལ་ངོ་དགའ་སྤེལ་ལད་འཁྲབ་བསྡད་པ་དེ་དག་མ་རབས་ཐ་ཤལ་བའི་སྤྱོད་པ་རེད་ད། ཉམ་ཆུང་གཉའ་ནས་གནོན་མཁན་གྱི་མི་ངན་ཞིག་ལ་ཡ་རབས་བཟང་སྤྱོད་བཤད་ཆོག་པའི་ཐོབ་ཐང་ག་ནས་རག་པ་རེད་དམ།
མི་ཆེན་བླ་ཆེན་ལ་གུས་སྐུར་བྱེད་ཚད་ངོ་རྒ་སྤྲེལ་ལད་རེད་ཟེར་ན་དེ་ནི་གནས་ལུགས་གང་ཡང་མེད་པའི་སྐྱག་བཤད་རེད། མི་ཆེན་བླ་ཆེན་ཚོའི་ཁྲོད་ན་མི་ཡོན་ཏན་ཅན་དང་འཇོན་ཐང་ཅན་མང་པོ་ཡོད་པ་རེད། དེ་དག་ལ་གུས་བཀུར་བྱེད་ཚད་ངོ་རྒ་སྤྲེལ་ལད་ཡིན་པའི་རྒྱུ་མཚན་ཅི་ཡོད། ཁྱོད་རང་ཡང་མཐར་ལྷུང་བ་ཞིག་ལས་དྲང་བདེན་ཅན་ཞིིག་གཏན་ནས་མ་རེད། དངོས་གནས་གཟུ་བོར་གནས་མཁན་ཞིག་ཡིན་ན་མི་མཐོ་དམན་སུ་ཡིན་ཡང་འདྲ། སྐུར་འོས་པའི་མི་ཞིག་ཡིན་ན་སྐུར་དགོས་པ་རེད་ལ་སྐུར་མི་འོས་པ་ཞིག་ཡིན་ན་མི་སུ་ཡིན་ཡང་སྐུར་མི་ཉན་པ་རེད། ཁྱོད་ལྟར་དུ་མི་ཆེན་བླ་ཆེན་ཚང་མ་སྡུག་པོ་ཡིན་པ་དང་དེ་དག་ལ་གུས་བཀུར་བྱེད་ཚད་སྤྲེལ་ལད་ལ་ངོས་འཛིན་པ་ནི་ཕྲག་དོག་ཅན་ཞིག་ཡིན་པའི་མངོན་རྟགས་སྟན་པ་རེད། ལྐོག་ཟ་རུལ་སུང་སུས་བྱས་སོང་ཁྱོད་ལ་འདི་དང་འདི་ཞེས་ཁུང་ལུང་སྟན་རྒྱུ་ཨེ་ཡོད། ངས་སྐུར་འོས་པའི་རང་གི་བླ་དཔོན་དག་ལ་སྐུར་གྱི་ཡོད་ལ་སྐུར་མི་འོས་པ་དག་ལ་སྐུར་གྱི་མེད། ཉམ་ཆུང་མི་མང་སུ་ལ་ཡང་གཉའ་གནོན་བྱེད་མྱོང་མེད།